མཁོ་གཏོང་བ། ལྷ་སྡེ་གནམ་ལོ་ཡག
ཚིག སློབ་དཔོན་ཡཱན་ཧོང་པེན།
དབྱངས། དབྱངས་རྩོམ་མཁན་དང་གླུ་རུ་ལེན་མཁན་བྱུང་ན་དགའ་བསུ་ཡོད་ལ། ཆོག་མཆན་ཞུ་མི་དགོས།
བོད་འགྱུར། ལྷ་སྡེ་གནམ་ལོ་ཡག
མེར་མཆོད་ཀྱི་གླུ
རླུང་བུ་དང་འགྲོགས་ནས་འབར་བྱུང་། ཚ་ཤུགས་ལ་བསྡོངས་ནས་འཁྲབ་བྱུང་།
མར་མེ་རྐོང་བུ་གང་གངས་རིའི་ཡང་སྟེང་དུ་བསྒྲོན།
རང་དབང་གི་དཔལ་འབར་ལེབ་མོ་ཞིག་ནམ་མཁའི་མཐོངས་སུ་བསྲིངས།
མེ་ཡིས་འཚིག་ཀྱིན་པ་ནི། འཆི་བའི་མགོ་འཛུགས་ཡིན།
འབར་ནས་ཐལ་བར་གྱུར་པ་ནི། སེམས་ཀྱི་ལོག་ཕེབས་ཡིན།
མེ་རླབས་ཁྲོད་མེས་པོའི་གཟི་བརྗིད་ཡོད།
མེ་རླབས་ཁྲོད་རང་དབང་གི་ང་རྒྱལ་ཡོད།
བྲོ་སེར་ལ་ཞུགས་པའི་དགོད་འཛུམ་གངས་ལྗོངས་ཀྱི་སྟག་ཤར་ཚོའི་གདོང་ལ་དཔྱངས།
མེ་ཁྲོད་ཀྱི་གླུ་སྐད་དྭངས་མོ་མཐོ་སྒང་གི་མཛེས་མ་ཚོའི་ངག་ལས་འཐོར།
ཉི་མ་ངུས་བྱུང་། ཡར་ཀླུང་གཙང་བོ་ནི་འཛད་མེད་ཀྱི་མིག་ཆུ་རེད།
ནམ་མཁའ་ངུས་བྱུང་། ཆར་རླུང་གི་དྲག་ཉམས་ནི་སྐྱོ་གདུང་གི་ཕྱིར་མངོན་རེད།
ཨ། ང་རང་ངུས་བྱུང་། འབར་བཞིན་པའི་སེམས་པ་ནི་བསྔོ་སྨོན་གྱི་དབྱངས་རྟ་རེད།
ངའི་སེམས་ན་སོང་།
_____ཚེ་སྲོག་མེ་རླབས་ཁྲོད་དུར་སྦས་གནང་བའི་བོད་མི་ཚོར་ཕུལ།
ངའི་སེམས་ན་སོང་། ངས་མེར་མཆོད་པ་སྙན་ངག་ལ་འབྲི་བཞིན། སེམས་ཁོང་གི་གླུ་རུ་བཞེངས་ཡོད།
ངའི་སེམས་ན་སོང་། ང་མེ་རླབས་ཀྱི་ཁྲུས་ལ་ཞུགས་ཀྱིན། སེམས་ནང་གི་སྡུག་བསྔལ་བཀྲུས་ཡོད།
ངའི་སེམས་ན་སོང་། ངས་མེ་ཁྲོད་ཀྱི་འབོད་སྐད་ལ་འོ་རེ་བྱེད་ཀྱིན། ཀེང་རུས་ཀྱི་རྨས་ཤུལ་ལ་བྱིལ་བྱིལ་བཏང་ཡོད།
ངའི་སེམས་ན་སོང་། འོད་དུ་འབར་བའི་ན་ཟུག་རང་དབང་གི་དགའ་མར་ཕུལ་ཡོད། མེ་རུ་འབར་བའི་ཁ་བའང་ཕུལ་ཡོད།
ངའི་སེམས་ན་སོང་། བཟོད་གླགས་བྲལ་བའི་ན་ཟུག་གིས་མཐོ་སྒང་གི་རླུང་བུ་འཚིག་རོགས། ཐང་སྟོང་གི་ཆར་བའང་འཚིག་རོགས།
ངའི་སེམས་ན་སོང་། ངའི་སེམས་ཁོང་གི་ཟུག་གཟེར་ཡོད་ཚད་དཔའ་རྒོད་ཚོ་གཟིམ་མལ་གྱི་དུར་སར་འགྱུར་རོགས།
༢༠༡༣ལོའི་ཟླ ༢ཚེས ༡༩ཉིན་བོད་འགྱུར་གྲུབ།
༢༠༡༣ལོའི་ཟླ ༧ཚེས ༢༢ཉིན་ཞུ་དག་གྲུབ།
བདག་གིས་ཀྱང་གཅིག་བྲིས་ཡོད་པ་གཤམ་གསལ།
ཡང་། ཡིད་དུ་འོང་བའི་མེ་ཏོག་ཅིག་འཚིགས་སོང་།
ང་ཡི་སེམས་པ་སྐྱོ་བ་ལ།
ཡང་། སྙིང་ཉེ་བའི་འཐབ་གྲོགས་ཤིག་འགྱེལ་སོང་།
ང་ཡི་སེམས་པ་སྐྱོ་བ་ལ།
ཀྱེ་ཀྱེ།
ཆོལ་གསུམ་གྱི་བོད་རིགས་རྣམས།
ཁོང་ཚོ་བརྗེད་མི་ཉན་ཡ།
ཁོང་ཚོའི་མཛད་པ་རེ་རེས།
མི་རིགས་འདིའི་མདུན་ལམ་བསྒྱུར་ཡོད་ལ་སྒྱུར་བཞིན་ཡོད།
ཀ་ཡེ།
ཡ་ང་བའི་ངག་བཅད་དང་།
དཔའ་ཞུམ་པའི་ཁུ་སིམ་བྱེད་མི་ཉན་ཡ།
མི་རིགས་ཤིག་འཇིག་འགྲོ་བའི་སྔ་བལྟས་ནི།
སྡར་མའི་ངག་བཅད་དང་ཁ་ཁུ་སིམ་པ་དེ་ཡིན།
དེའི་ཕྱིར།
མ་ཎི་འབྲུག་ལྟར་སྒྲོགས།
སེང་གེའི་ང་རོ་ངོམས།
ཆེས་ཉམ་ང་བའི་ཕ་རོལ་ན།
ཆེས་གསོན་ཉམས་ལྡན་པའི་ཞིང་ས་ཡོད།
ཅོག་མྱི་ལགས་ཕེབས་ནས་སྙན་ངག་གིས་གཏམ་སྒོ་འབྱེད་པར་དགའ་བསུ་ཡོད། དེ་ནས་གྲོགས་པོ་ཡོངས་ནས་གླུ་ཚིག་འདི་གཉིས་ཀྱི་འགྱུར་ཡིག་བོད་རང་སྐད་དུ་ཡོང་ཡོད་མེད་དང་། འགྱུར་བཅོས་གཏོང་ཐབས། དེ་བཞིན་དབྱངས་རྩོམ་མཁན་ཞིག་བོད་ཕྱི་ནང་གཉིས་གང་རུང་ནས་བརྙེད་ཐུབ་མིན་ཐད་བགྲོ་གླེང་གནང་རོགས།
སྐུ་ཉིད་ཀྱིས་ཁོང་གི་རྒྱ་ཡིག་འཁྲབ་གཞུང་དེ་གློག་བརྙན་ཞིག་བཟོ་འདོད་པའི་ཆེད་དུ་དབྱངས་དང་གཞས་པ་འཚོལ་བཞིན་པ་ཨེ་རེད།
རྩོམ་པ་པོ་ལྷ་སྡེ་གནམ་པོ་ཡག་ལགས། སློབ་དཔོན་ཡན་ཧོང་པེ་ཞེས་པ་དེ་ངོ་སྤྲོད་ཅིག་གནང་ཐུབ་ས་རེད་དམ། ཁོང་གི་མཚན་དེ་ན་ནིང་ནས་གོ་སོང་མོད་མི་སུ་ཞིག་ཡིིན་པ་མ་ཤེས་ཐོག་རྒྱ་རིགས་བོད་རིགས་གང་ཡིན་ཡང་ཤེས་མེད། གང་ལྟར་གླུ་ཚིག་འདི་བརྩམས་པར་ཐུགས་རྗེ་ཆེ་ཞུ་རོགས།་དེ་བཞིན་ཁྱེད་སྒྱུར་བ་པོ་དང་མཁོ་སྤྲོད་པ་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།
ཡན་ཧོང་པེན་ནི་རིགས་རྒྱུད་སོག་པོ་ཡིན་ཡང་རྒྱ་མིང་ཁྱེར་ནས་རྒྱ་ཡིག་ཐོག་རྩོམ་ཡིག་སྤེལ་མཁན་ཞིག་ཡིན་ཚོད་འདུག
ཡན་ཧོང་པེན་འདི་རྒྱ་ནག་པེ་ཅིན་སློབ་གྲ་ཆེན་མོའི་ཁྲིམས་ལུགས་ཀྱི་དགེ་རྒན་ཆེན་པོ་ཞིག་རེད། དུས་ཕྱིས་ཨོ་སི་ཁྲོ་ལེ་ཡར་བཙན་བྱོལ་ལ་སོང་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་འགོ་བརྩམས། ལོ་འགའ་ཤས་རིང་གི་སྔོན་ལ་བོད་ཀྱི་སྐྱབས་བཅོལ་བ་ཧི་མ་ལ་ཡ་བརྒལ་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་འགྲོ་བ་དང་སོང་བའི་སྐོར་ལ་འཁྲབ་གཞུང་ཞིག་བྲིས་ནས་༧གོང་སུ་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ཕུལ་རབས་ཡོད། Hollywoodཡི་རྒྱ་སྒོ་བོད་དོན་ཀྱིས་རྡུང་རྒྱུ་ཟེར་མཁན་ཞིག་ཡིན་ས་རེད།
སློབ་དཔོན་ཡཱན་ཧོང་པེན་ལགས་ཀྱིས་སྔ་རྗེས་སུ་བོད་དོན་ཐད་དེབ་གསུམ། ཐའེ་ཝན་ཐད་དེབ་བཞི། རྒྱ་ནག་ཐད་དེབ་གཅིག་དང་མཚན་ཉིད་རིག་པ། ཁྲིམས་ལུགས་བཅས་ཀྱི་ཐད་དེབ་བཞི་ལྷག་སྤེལ་ཡོད་པས། ཕྱི་སྡོད་རྒྱ་རིགས་མཁས་པའི་ཁྲོད་ཀྱི་སྐད་གྲགས་ཆེས་ཤོས་དང་ཤུགས་རྐྱེ་ཆེས་ཤོས་ཀྱི་མི་སྣར་གྱུར་ཡོད། དཔེར་ན། ན་ནིང་ཐའེ་ཝན་ནས་རྒྱ་ནག་གི་ནའོ་པེལ་རྩོམ་རིག་རྟགས་མ་བཞེས་མཁན་མི་དེའི་དེབ་ཁྲི ༢ དཔར་ཡོད་པ་དང་། ཡོན་གྱི་དེབ་ཁྲི ༢ བཙོང་ཐུབ་ཡོད། དེའང་བདུན་ཕྲག་གཅིག་གི་ནང་དུ་བྱུང་བའི་དོན་དག་ཅིག་རེད། དེ་མིན་གོང་དུ་བཀོད་ཡོད་པ་ལྟར་རེད།
གང་ལྟར་གླུ་ཚིག་འདི་གཉིས་བོད་དོན་གྱི་ཆ་ཤས་ཤིག་དང་བོད་མིར་གདུང་སེམས་མཚོན་ཆེད་དུ་ཕུལ་བ་ཡིན་པས། དབྱངས་ལ་བོད་ཀྱི་ཁྱད་ཆོས་ཡོད་འོས་པའི་ཁར། བོད་པ་ཞིག་གིས་དབྱངས་བརྩམ་ཐུབ་པ་བྱུང་ན། སེམས་ཀྱི་ཚོར་བ་ངོ་མ་དེར་འགྱུར་ཐུབ་པར་བོད་དཔག་བྱེད་ཀྱིན་འདུག་པས། ལྷན་རྒྱས་ནས་བོད་པ་དབྱངས་རྩོམ་མཁན་ཞིག་ངོ་སྤྲོད་བྱེད་ཐུབ་བམ།
ངས་བལྟས་ན་བ་ཡེ་མ་གཅིག་གཅོད་པ་ཐར་གྱི་ཡན་ཞིག་ཡོད་ཀྱི་མ་རེད། གང་ཡིན་ཞེ་ན་ཁོ་་རྒྱ་ཡིག་དང་རྒྱ་དབྱངས་ལ་མཁས་པ་མ་ཟད་རྒྱ་ནག་ལ་ཕ་བསད་ཀྱི་དགྲ་ལྟ་བུའི་སྡང་ཐུགས་ལྡན་པས། མེར་མཆོད་ཀྱི་དབྱངས་ལྷ་འདྲེ་ངུ་བར་བྱེད་པ་ཞིག་ཁོང་གི་རྩོམ་ངེས།
སློབ་དཔོན་ཡན་ཧོང་པེན་ཁོང་རྒྱ་ཡུལ་ལ་བཞུགས་མི་ཐུབ་དོན་ཅི་ཞིག་མ་འགྲིགས་པ་རེད།
ཡ་ཡ་ཅོག་མྱི། བཀའ་དྲིན་ཆེ། ཡིན་ནའང་། ད་ལྟ་རྒན་གཅོད་པ་ཐར་མཆོག་གིས་དབྱངས་རྩོམ་གྱི་མེད་ཚུལ་ཞིག་གོ་སོང་།
རྒན་ཡོན་དོན་དག་གཉིས་ལ་བརྟེན་ནས་སྐྱབས་བཅོལ་ཞུ་དགོས་པ་རེད།
༡ སྔར་དྲུག་བཞིའི་དོན་རྐྱེན་ནང་དུ་པེ་ཅིན་སློབ་ཆེན་གྱི་དགེ་རྒན་རྣམས་སློབ་མའི་ལས་འགུལ་གྱི་རྒྱབ་དཔུང་དུ་རྩ་འཛུགས་བྱས་པར་བརྟེན་ནས་བཟང་བཙོན་འོག་ཀེའུ་ཀྲུའུ་ཞིང་ཆེན་ནང་རྒྱང་འཕུད་བཏང་བ་རེད།
༢ དུས་ཡུན་དེའི་རིང་གསང་བའི་ལམ་ནས་རྒྱ་བོད་སོག་གསུམ་བརྗོད་གཞི་མ་འདྲ་བར་བཟུང་བའི་བརྩམས་སྒྲུང་བཞི་བྲིས་འདུག བོད་སྐོར་ནས་༼གསེར་མདོག་གི་གནས་རི༽དང་བོད་ནང་ཐེངས་བདུན་ལ་བསྐྱོད་ཡོད་པ་དང་། གངས་རིན་པོ་ཆེ་ལ་གནས་བསྐོར་ཡང་ཐེངས་མང་བྱས་འདུག སོག་པོའི་སྐོར་ནས༼ཉི་ནུབ་འོག་གི་རང་དབང༽རེད། དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ ༡༥རྗེས་ཏེ། ༢༠༠༤ལོར་ཨོ་སི་ཁྲི་ལི་ཡར་ལྟ་སྐོར་ལ་ཡོང་བར་བསྟུན་ནས་སྐྱབས་བཅོལ་ཞུས་ཤིང་། བརྩམས་ཆོས་ཁག་ཐའེ་ཝན་ནང་དཔེ་སྐྲུན་གྱིས་འཛམ་གླིང་ལ་རྒྱ་དམར་གཞུང་གི་གདོང་རིས་ངོ་མ་དེ་གསལ་སྟོན་བྱས་པ་རེད།
ལྷན་རྒྱས་ནས་དབྱངས་རྩོམ་མཁན་གང་མང་མང་ཞིག་ངོ་སྤྲོད་གནང་རོགས་ཞུ། ཐུགས་རྗེ་ཆེ།
བཙན་བྱོལ་བོད་པའི་ཁྲོད་ནས་དབྱངས་རྩོམ་ཤེས་མཁན་ནི་ཉིན་མོའི་སྐར་མ་རེད་དོ། བོད་ནང་དུ་མང་པོ་བཞུགས་ཀྱང་རྩོམ་བདེ་མི་འདུག་ག དེ་བས། བོད་ནང་གི་སློབ་གསོའི་སྤུས་ཀ་བཙན་བྱོལ་ནང་ལས་ལྡབ་མང་པོའི་ཡག་པོ་ཡིན་པ་གསལ་ཡོད། བཙན་བྱོལ་ནང་གི་སློབ་གསོ་ནི་ཀླད་ཀོར་མིན་ཙམ་མ་རེད་དམ། ཁ་གསོན་པོ་ལག་པ་ཤི་རོ་ཚོ།
མེར་བསྲེགས་བྱ་བ་རླབས་ཆེན་གཏོང་འཕོད་རེད་།
ཀུནན་སློང་བཟང་མིན་སྨུག་ནག་ཤིན་རྗེའི་མཁྱེན་།
འཇིག་རྟེན་མི་གི་མཆོད་འབུལ་སྨོན་ལམ ་སྲུང་།
རྗེས་སུ་ཡིད་རང་མ་ཎི་གང་མང་བསོགས་།
ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་ཨོམ་མ་ཎི་པདྨེ་ཧུང་་་་་་་
གླུ་ཚིག་འདི་གཉིས་སྤེལ་ནས་ལོ་གཉིས་འགོར་ཤག ད་དུང་དབྱངས་རྩོམ་མཁན་ཞིག་བྱུང་མི་འདུག བཙན་བྱོལ་ནང་སློང་མོ་རྒྱག་མཁས་མང་ཙམ་ལས་གཞན་མི་འདུག
གླུ་ཚིག་འདི་ཐོན་ནས་ལོ་གསུམ་འགོར་ཤག བཙན་བྱོལ་ནང་ད་དུང་དབྱངས་རྩོམ་ཐུབ་མཁན་ཞིག་བྱུང་མི་འདུག བཙན་བྱོལ་པ་ཚོ་ད་ཟ་འདྲེ་རང་རེད།