༄༅། ། དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་རྡ་ས་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱིས་ཟླ་འདིའི་ཕྱི་ཚེས ༡༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད ༢ ནས་མེག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་༼ མེར་སྲེག་ལས་འགུལ་གླེང་བ་༽ཞེས་པའི་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་ཡིན། བརྗོད་གཞི་དང་གསུང་བཤད་གནང་མཁན་གཤམ་འཁོད་ལྟར་ཡིན།
༼ མེར་སྲེག་ལས་འགུལ་བྱུང་རྗེས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བལྟ་བ། ༽
ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས།
༼ མེར་སྲེག་ལས་འགུལ་ཐད་རྒྱ་ནག་ཤེས་ཡོན་ཅན་ཚོས་ལྟ་སྟངས། ༽
ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས།
༼ ཁྲུན་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་པའོ་ཞི་ལེ་ཡི་གནད་དོན་ནས་རྒྱ་ནག་དབུས་གཞུང་ལ་བལྟ་བ། ༽
རྒྱ་ནག་ཉམས་ཞིབ་པ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས།
ཚོགས་ཡུལ། མེག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང།
ཚོགས་ཚེས། ཕྱི་ཟླ ༥ ཚེས ༡༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད ༢ །
དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གིས་མིང་དོན་མཚུངས་པའི་ལས་འགུལ་དེ་འདྲ་སྤེལ་བར་ཡི་རངས་ཞུ།མུ་མཐུད་ནས་དེ་ལྟའི་ལས་འགུལ་རིགས་གང་མང་སྤེལ་རོགས་ཞུ།
ཉིན་དེར་དབུ་མའི་ལམ་ལས་འགུལ་ཁང་གིས་རྒྱའི་དར་དམར་སྒྲེང་འཛུགས་བྱོས་ཨང་། ལྟ་རུ་ཡོང་གི་ཡིན།
ངོ་མ་དེ་བདེན་པ་རེད་ཉིན་དེ་ནས་བཟུང་དབུ་མའི་ལས་འགུལ་ཁང་གི་ཁང་ཐོག་དུ་རྒྱའི་དར་མར་ངས་པར་དུ་སྒྲེང་དགོས་ནི་རེད། དེ་མ་བྱས་ན་ཁོང་ཚོའི་ཁ་བཤད་མ་སྟོགས་ལག་ལེན་མེད་པའི་སྟག་རེད་ཡ།
ཤར་ཕྱོགས་རྒྱ་དམར་གི་འགུག་རྟས་དེའི་ཉིན་རྒྱ་དམར་དར་ཆ་ཁོ་རང་གི་སྐེ་ལ་གཅིག་འགུལ་ཡོད་རྒྱུ་རེད། དེ་མ་བྱས་ན་ཁོང་མ་བུ་གསུམ་ལ་ངན་བསྐུལ་གི་རྒྱུ་འབྲས་རང་ལ་སྨིན་རྒྱུ་རེད།
ད་དུང་མའོ་སོགས་དབུ་ཁྲིད་བཞིའི་དཔར་ཡང་བཤམས་དགོས་རྒྱུ་རེད།
རྒྱ་མི་ཡག་པོ་ཡོད་མེད་དང
སྐུ་ལས་མེ་ལ་སྒྲོན་པ་འཚེ་བ་ཡིན་མིན།
དེ་ཆོས་ལ་མཐུན་མིན།
འཛམ་གླིང་དང་རྒྱ་ནག་གི་ལྟ་ཚུལ་གྱི་དབྱེ་བ་སོགས།
གླེང་ནས་ཉི་མ་སྟོང་ཟད་མི་བྱེད་པར་མཁྱེན།
ང་ཚོའི་དཔའ་བོ་ཚོས་ལུས་མེ་ལ་མཆོན་པའི་འཐབ་རྩོད་འདིའི་མཇུག་ང་ཚོས་འདི་ལྟར་སྐྱོང་རྒྱུ་ཡིན་པའི་ལས་དོན་གྱི་ལམ་སྣ་ཡོད་པའི་ཐག་གཅོད་ཞིག་ཡོད་པའི་རེ་བ་ཡོད།
དྲིན་ཆེད་ཆ་བོ།
གོང་གི་བརྗོད་གཞི་དེ་ཚོ་གསར་འགྱུར་གྱི་ངོ་བོ་ཙམ་ངོ་སྤྲོད་ལས་ཡོང་རྒྱུ་མེད་པ་འདྲ་བོ་མཐོང་སོང་།
རྒྱ་སྒྱུར་བའི་ཐབས་ཇུས་མེད་པར་རྒྱ་འགྱུར་འགྲོ་བའི་རེ་བས་མི་ལོ་ལྔ་བཅུ་ལྷག་ལ་ཕུང་ཚར་བ་ཤེས་བར་ཆོས།