དོན་གྲུབ་རྡོ་རྗེ།
ལྷུན་པོ་གངས་རིའི་དབུ་རྩེ་མཁའ་ལ་བསྙེགས།།
སེང་གེ་དཀར་མོའི་རྩལ་ཆེན་འདེཊ་པའི་གཞིས།།
ཕ་ཡུལ་བསིལ་ལྡན་རི་བོའི་འདས་དོན་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
བྱམས་སེམས་བརྩེ་བ་ལྷན་སྐྱེས་མི་ཡི་གཤིས།།
ཡ་རབས་སྤྱོད་པ་རིགས་བཟང་ལྷ་ཡི་རྒྱུད།།
གདོང་དྲུག་རུས་ཀྱི་མཆེད་ཁུངས་ཡབ་ཡུམ་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
པོ་ཏ་ལ་རིའི་དབུ་འཕང་དགུང་ལས་མཐོ།།
རྒྱ་ཕིབས་སེར་བོའི་གསེར་འོད་གླིང་བཞིར་འཕྲོས།།
མི་དབང་སྲོང་བཙན་རྒྱལ་པོའི་མཛད་འཕྲིན་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
བསྟན་པ་རིན་ཆེན་ཆོས་ཀྱི་སྒོ་མོ་ཕྱེས།།
བཅུ་ཕྲག་རིག་པའི་བང་མཛོད་བོད་དུ་འབྱེད།།
མེས་དབོན་དམ་པའི་བཀའ་དྲིན་སྙིང་ནས་དྲན།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
དྭངས་གཙང་ས་གཞི་ལྷ་ཡི་ཞིང་ཁམས་ཆེ།།
གངས་ཆབ་བསིལ་མ་ལྷང་ལྷང་འབབ་པའི་ཡུལ།།
ཁ་བ་གངས་ཅན་རང་གི་ཕ་ཡུལ་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
དངོས་གནས་དོན་སྙིང་ལྡན་ཞིག་རེད་སྙམ་ཧ་ཅང་ཡག་པོ་འདུག་གྲོགས་ལགས་མུ་མཐུད་བཞིན་ཏུ་ཤུགས་སྣོན་ཡིན་ད་་་་་་་་
དོན་གྲུབ་རྡོ་རྗེ་ལགས་ཀྱི་མེས་པོ་དྲན་གླུ་འདི་ལ་ཁ་བསྒྱུར་ཞིག་བྱས་ཡོད་པས་དགོངས་འགལ་མེད་པ་ཞུ།
ལྷུན་པོ་གངས་རིའི་དབུ་རྩེ་མཁའ་ལ་བསྙེགས།།
སེང་གེ་དཀར་མོའི་རྩལ་ཆེན་འདེཊ་པའི་གཞིས།།
ཕ་ཡུལ་བསིལ་ལྡན་རི་བོའི་འདས་དོན་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
བྱམས་སེམས་བརྩེ་བ་ལྷན་སྐྱེས་བོད་མིའི་གཤིས།།
ཡ་རབས་སྤྱོད་པ་རིགས་བཟང་ལྷ་ཡི་རྒྱུད།།
གདུང་དྲུག་རུས་ཀྱི་མཆེད་ཁུངས་ཡབ་ཡུམ་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
ཕྱིང་བ་སྟག་རྩེའི་དབུ་འཕང་དགུང་ལས་མཐོ།།
བོད་ཡུལ་རང་བཙན་རྒྱལ་ཁབ་ཐོག་མར་བཀྲུན།།
མི་དབང་གཉའ་ཁྲི་བཙན་པོའི་མཛད་འཕྲིན་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
བསྟན་པ་རིན་ཆེན་བོན་གྱི་སྒོ་མོ་ཕྱེས།།
བཅུ་ཕྲག་རིག་པའི་བང་མཛོད་བོད་དུ་འབྱེད།།
ཤེས་ཅན་བཅུ་གཉིས་བཀའ་དྲིན་སྙིང་ནས་དྲན།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
དྭངས་གཙང་སྨན་ལྗོངས་ལྷ་ཡི་ཞིང་ཁམས་ཆེ།།
གངས་ཆབ་བསིལ་མ་ལྷང་ལྷང་འབབ་པའི་ཡུལ།།
ཁ་བ་གངས་ཅན་ང་ཚོའི་ཕ་ཡུལ་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
མེས་པོའི་ཆོས་ཀྱི་བཀའ་དྲིན།
ཆོས་རྒྱལ་གཉའ་ཁྲིས་བོད་ཆོས་སྤེལ་ནས་ཆིག་སྒྲིལ་མཛད། །
ཆོས་རྒྱལ་སྲོང་བཙན་ནང་ཆོས་སྤེལ་ནས་གཅིག་སྡུད་མཛད། །
ཆོས་དཔོན་༸ལྔ་པས་ས་དགེ་བཀའ་རྙིང་བོན་འབངས་བསྐྱངས། །
ཆོས་སྲིད་སྐྱོང་མཁས་༸བཅུ་བཞི་པ་ཡིས་རྒྱལ་ཡོངས་བསྐྱངས། །
གངས་དཀར་ཏི་སེའི་དབུ་རྩེ་མཁའ་ལ་བསྙེགས།།
སྟག་སེང་ཁྱུང་འབྲུག་རྩལ་ཆེན་ངོམ་པའི་གཞིས།།
ཕ་ཡུལ་བསིལ་ལྡན་མ་མའི་འདས་དོན་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
བྱམས་སེམས་བརྩེ་བ་ལྷན་སྐྱེས་བོད་མིའི་གཤིས།།
ཡ་རབས་སྤྱོད་པ་རིགས་བཟང་ལྷ་ཡི་རྒྱུད།།
གདུང་དྲུག་རུས་ཀྱི་མཆེད་ཁུངས་ཡབ་ཡུམ་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
ཕྱིང་བ་སྟག་རྩེའི་དབུ་འཕང་དགུང་ལས་མཐོ།།
བོད་ཡུལ་རང་བཙན་རྒྱལ་ཁབ་ཐོག་མར་བཀྲུན།།
མི་དབང་གཉའ་ཁྲི་བཙན་པོའི་མཛད་འཕྲིན་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
བསྟན་པ་རིན་ཆེན་བོན་གྱི་སྒོ་མོ་ཕྱེས།།
བཅུ་ཕྲག་རིག་པའི་བང་མཛོད་བོད་དུ་འབྱེད།།
ཤེས་ཅན་བཅུ་གཉིས་བཀའ་དྲིན་སྙིང་ནས་དྲན།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
དྭངས་གཙང་སྨན་ལྗོངས་ལྷ་ཡི་ཞིང་ཁམས་ཆེ།།
གངས་ཆབ་བསིལ་མ་ལྷང་ལྷང་འབབ་པའི་ཡུལ།།
ཁ་བ་གངས་ཅན་ང་ཚོའི་ཕ་ཡུལ་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
བོན་གྱི་སྙན་རྩོམ་དེ་ཡག་པོ་འདུག
བོན་པོའི་སྙན་རྩོམ་སྙན་པ་བྱུང་།
ཕྱིང་བ་སྟག་རྩེའི་དབུ་འཕང་དགུང་ལས་མཐོ།།
བོད་ཡུལ་རང་བཙན་རྒྱལ་ཁབ་ཐོག་མར་བཀྲུན།།
ཚིག་རྐང་འདི་གཉིས་ཡག
བོན་པོ་འདི་ཁ་བསྒྱུར་བྱེད་མཁན་བཟང་།་ཧཧཧཧཧ
གངས་དཀར་ཏི་སེའི་དབུ་རྩེ་གནམ་ལ་བསྙེགས།།
སྟག་སེང་ཁྱུང་འབྲུག་རྩལ་ཆེན་ངོམ་པའི་གཞིས།།
ཕ་ཡུལ་བསིལ་ལྡན་མ་མའི་འདས་དོན་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
བྱམས་སེམས་བརྩེ་བ་ལྷན་སྐྱེས་བོད་མིའི་གཤིས།།
ཡ་རབས་སྤྱོད་པ་རིགས་བཟང་ལྷ་ཡི་རྒྱུད།།
གདུང་དྲུག་རུས་ཀྱི་མཆེད་ཁུངས་ཡབ་ཡུམ་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
ཕྱིང་བ་སྟག་རྩེའི་གཟི་བརྗིད་དགུང་ལས་མཐོ།།
བོད་ཡུལ་རང་བཙན་རྒྱལ་ཁབ་ཐོག་མར་བཀྲུན།།
མི་དབང་གཉའ་ཁྲི་བཙན་པོའི་མཛད་འཕྲིན་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
བསྟན་པ་རིན་ཆེན་བོན་གྱི་སྒོ་མོ་ཕྱེས།།
བཅུ་ཕྲག་རིག་པའི་བང་མཛོད་བོད་དུ་འབྱེད།།
ཤེས་ཅན་བཅུ་གཉིས་བཀའ་དྲིན་སྙིང་ནས་དྲན།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
དྭངས་གཙང་སྨན་ལྗོངས་ལྷ་ཡི་ཞིང་ཁམས་ཆེ།།
ཡར་རྨ་འབྲི་གསུམ་ལྷུང་ལྷུང་འབབ་པའི་ཡུལ།།
ཁ་བ་གངས་ཅན་ང་ཚོའི་ཕ་ཡུལ་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
ཁ་བསྒྱུར་ཟེར་ན་ཡག་ཐག་ཆོད་ཅིག་བྱས་ཡོད་དོ། །
དོན་གྲུབ་རྡོ་རྗེ་ནི་ཁམས་སྡེ་དགེ་རྫོགས་ཆེན་འབྲོག་རུ་སྡེ་བ་ནས་བྱུང་བའི་སྙན་ངག་པ་ཞིག་རེད།
རང་ལུས་མེ་སྲེག་མ་གཏོང་། །ཆོལ་གསུམ་བོད་རིགས་སྤུན་ཟླས། །ལང་ཕྱོགས་གཅིག་གི་སྟེང་ནས། །ཚང་མ་མཉམ་རུབ་བྱས་ནས། །ལས་འགུལ་འདྲ་མིན་སྣ་ཚོགས། །བདེན་པའི་འཐབ་རྩོད་གྱིས་དང་། །འུ་ཚོའི་འདོད་དོན་འགྲུབ་ཡོང་། །