རྔ་བ་རྒྱལ་ཁམས་པ།
==========
སྦྲང་རྩིའི་བློ་གྲོས་དང་ཁ་ཆེས་ཆོས་ལུགས།
ཁ་ཆེའི་སྟོན་པ་སྦྲང་རྩིའི་བློ་གྲོས་སམ། ཡོངས་གྲགས་ལ་མོ་ཧམ་མོ་སྒྲི་ཞེས་འབོད་པ་དེ་ཉིད་ནི། སྤྱི་ལོ་༥༧༠ལོར་ད་ལྟ་ཨ་རབ་རྒྱལ་ཁབ་ཀྱི་བྱེ་གླིང་གྲོང་ཁྱེར་མེག་ཁ་ཞེས་པར་ཨ་བྷིར་ཧམ་གྱི་བུ་རྒན་པ་ཨ་ཤ་མལ་གྱི་རྒྱུད་པ་ཕྱི་མ་ཞིག་ཏུ་སྐུ་འཁྲུངས་ཤིང་། མི་རབས་དེར་ལུང་བསྟན་དང་མངོན་ཤེས་ཤོད་མཁན་མང་བོ་ཞིག་བྱུང་མྱོང་བར་བཤད། ཁོང་ལོ་ན་ཆུང་ངུའི་དུས་ནས་ཕ་མ་གཉིས་སྐུ་གྲོངས་སྟབས། རང་ཉིད་ཀྱི་ཞང་བོ་སྡེ་དཔོན་གྱི་གོ་ས་ཅན་ཞིག་གིས་གསོ་སྐྱོང་གནང་སྟེ་ལག་ཆགས། མོ་ཧམ་མོ་སྒྲི་མཆོག་གིས་ཚེ་སྟོད་ལོ་མང་རིང་རྔ་ལུག་གི་རྫི་བོ་གནང་ཞིང་། དེ་རྗེས་ཁ་སྒྲིས་རྒྱ་ཞེས་འབོད་པའི་བུད་མེད་འབྱོར་ལྡན། ཁྱོ་ག་དང་ཁ་གྱེས་པ་ཞིག་ལ་ཕྱག་ལས་གནང་ཞིང་། ཡུན་རིང་མ་འགོར་བར་ཁོང་གཉིས་གཉེན་སྒྲིག་ཞུས་འདུག སྐབས་དེ་ཤེད་ན་ཨ་རབ་ཀྱི་མི་ཚོས་དཀོན་མཆོག་གི་རིགས་མི་འདྲ་བ་མང་བོ་ཞིག་ལ་མཆོད་གསོལ་ཞུ་བཞིན་ཡོད་ཚོད་ལ། ཁོང་དགུང་གྲངས་༤༠ཡས་མས་ཤིག་གི་ཐོག་མཁའ་འགྲོའི་གཙོ་མོ་དགབ་རེལ་ཞུ་བ་ཞིག་མཐོང་སྣང་ལ་ཤར་ཏེ། མཁའ་འགྲོའི་གཙོ་མོ་དེས། ཁྱེད་རང་གིས་ཆོས་དང་གདམས་པ་སྟོན་ལ་དཀོན་མཆོག་གཅིག་ལས་གཉིས་མེད་སྐོར་རྩལ་དུ་བཏོན་ཅིག དཀོན་མཆོག་དེ་ཉིད་ཀྱི་མིང་ལ་ཨ་ལ་ཞེས་འབོད་ཅིང་། ཨ་ལ་ནི་ཆོས་ཀྱི་སྙིང་བོ་ཡིན་ནོ་ཞེས་བཤད་པར་བརྟེན། ཁོང་དགུང་གྲངས་༤༠ཐོག་གྲོང་ཁྱེར་མེ་ཁ་རང་ནས་ཆོས་བཤད། མི་མང་ཚོས་ཆོས་ལུགས་གསར་བ་དེས་ནི། ཁོང་ཚོའི་དཀོན་མཆོག་རྙིང་བ་དེ་ལ་བརྩི་མེད་སྡིགས་ར་སྤྲོད་ཀྱིན་ཡོད་པར་ཧ་གོ་སྟེ། ཆོས་ལུགས་གསར་བ་དེའི་འོག་ཏུ་མ་འདུས་པར་གྱེན་ལོག་བྱས་སྟབས། སྤྱི་ལོ༦༢༢ལོར་མོ་ཧམ་མོ་སྒྲི་མཆོག་གིས་རང་ཉིད་ཀྱི་རྗེས་འབྲངས་བ་ཁག་ཅིག་ཁྲིད་ནས། མེག་ཁ་དང་ས་ཁད་ཉེ་བོ་ཧེ་དགུ་ར་ཞེས་པའི་གྲོང་སྡེ་མེ་སྒྲིས་ན་ཞེས་པར་བྲོས་བྱོལ་དུ་སོང་བ་རེད། འགྲུལ་ཐུང་དེ་ཉིད་ལ་གཞི་བཅོལ་ནས་ཁ་ཆེའི་ལུགས་ཀྱི་ལོ་ཐོ་བརྩི་འགོ་ཚུགས་འདུག དགེ་སློབ་མཉམ་འབྲེལ་ཐོག་ཁ་ཆེའི་ཆོས་ལུགས་ཀྱི་ཞིངཆེན་དང་། ལྷ་ཁང་ཐོག་མ་དེ་གསར་བཞེངས་མཛད། ཁོང་གིས་མང་ཚོགས་ལ་དཀྱུས་མའི་ཁ་ཏོན་དང་། རང་ཉིད་ཀྱི་གཟུགས་གཞིའི་ཐོག་གི་མི་གཙང་བ་། ཟས་རིགས་ཁ་ཤས་བཅས་ལས་གཡོལ་བ་ཡིན་ན་འཇིགས་པ་ལས་སྐྱོབ་ནུས་ཚུལ་གྱི་སློབ་སྟོན་པྱས་ཤིང་། དེ་དང་ཆབས་ཅིག་མ་འོངས་མངོན་ཤེས་དང་ལུང་བསྟན་གྱི་སྐོར་ཡང་བཤད་པ། ཁ་ཆེ་ཚོས་ཟིན་བྲིས་བཏབ་པ་ནི། ཁ་ཆེའི་ཆོས་གཞུང་ཁོ་རན་ཞུ་བ་དེ་ཡིན་ལ། དེ་ནི་མོ་ཧམ་མོ་སྒྲིས་ཨ་ལ་མཆོག་གི་གསུང་ཁོ་རང་བརྒྱུད་ནས་བཤད་པ་ཞིག་ཡིན་ཞེས་ཟེར་རོ།། མོ་ཧམ་མོ་སྒྲི་གྲོང་ཁྱེར་མེ་སྒྲི་ནར་བཞུགས་རྒྱུན་རིང་། སྐབས་དེའི་ཨ་རབ་ཀྱི་སྤྱི་ཚོགས་གནས་སྟངས་དང་མི་རྣམས་ཀྱི་ཤེས་ཚད་ཧ་ཅིང་སྐྱོ་བོ་ཡིན་སྟབས། ཁོང་གི་བཀའ་མཆིད་དེ་དག་ལས་ཁོང་ཚོར་རླབས་ཆེན་གྱི་མ་འོངས་པ་དང་། ཁམས་གཙང་གི་སྤྱི་ཚོགས་ཤིག་འབྱུང་ངེས་ཡིན་པར་ཡིད་ཆེས་དང་། རེ་བས་ཁེངས་པའི་རྗེས་འབྲངས་སློབ་མ་ཧ་ཅང་གི་མང་བོ་ཞིག་བྱུང་འདུག སྤྱི་ལོ༦༣༠ལོར་མོ་ཧམ་མོ་སྒྲི་མཆོག་གིས་གྲོང་ཁྱེར་མེག་ཁ་བདག་བཟུང་གིས་ཁོང་དེ་གའི་རྒྱལ་བོར་ཆགས་ཤིང་། རང་ལ་ཡིད་ཆེས་མི་བྱེད་མཁན་དང་། ཁ་ཆེ་མིན་པ་ཚང་མ་གྲོང་ཁྱེར་ནས་རྒྱང་ཕུད་བྱས ཁོང་གི་ཁྲིམས་ལུང་གི་དབང་སྒྱུར་འོག ཁ་ཆེའི་ཆོས་ལུགས་ཀྱིས་ཨ་རབ་ཀྱི་ཕྱེད་གླིང་ཙམ་མངའ་འོག་ཏུ་བཅུག ཁོང་གིས་ནམ་རྒྱུན་ཆོས་ཤོད་སྐབས་གདོང་ཁེབ་གྱོན་བཞིན་ཡོད་པར་བརྟེན། ཁ་ཆེའི་ལུགས་སྲོལ་ལ་ཁོང་གི་བྲིས་ཐང་དང་། པར་ཚང་མའི་ནང་ཞལ་ཁེབ་གཡོག་ཡོད་པ་ཤ་སྟག་བྲིས་ཤིང་། ཕྱི་རབས་ཀྱི་སྒྱུ་རྩལ་བ་དག་ལའང་ཁོང་གི་གདོང་སྟོན་རྒྱུ་བཀག་སྡོམ་བྱས་འདུག སྤྱི་ལོ་༦༣༢ནང་ཁོང་སྐུ་གཤེགས་རྗེས། ཁ་ཆེའི་དམག་གིས་རང་ཉིད་ཀྱི་ཆོས་བརྒྱུད་དར་སྤེལ་གྱི་མགོ་བརྩམས་ཏེ། སྤྱི་ལོ་༦༣༣ལོར་ཁོང་ཚོ་བྱང་རྒྱུད་བྷེས་ཟེན་ཁྲོན་དང་ས་སི་ནིས་ཡན་རྒྱལ་ཁམས་ཀྱི་ཕྱོགས་སུ་དམག་ཤུགས་སྤོས་ཤིང་། བྷེས་ཟིན་ཁྲོན་གྱི་རྒྱལ་ཁབ་དེ་བཞིན་སྟོབས་འབྱོར་ཧ་ཅང་ཆེ་སྟབས། དམག་གི་འགྲོ་གྲོན་ཁྱོན་ཆེ་བཏང་སྟེ་ས་སི་ནིས་ཡན་གྱི་རྒྱལ་ཁབ་དབང་དུ་བསྡུས། སྤྱི་ལོ༦༣༤ལོར་ཁ་ཆེའི་མགོ་ཁྲིད་ཨ་བྷོས་བྷག་ཏུ་འབོད་པས་༼ལྗེས་ཧ་སྒྲིའམ༽ ((Jehad)༼དམ་པའི་གཡུལ་འཁྲུག༽(Holy War)ཏུ་གྲགས་པའི་ཚོགས་སྡེ་རྩ་འཛུགས་བྱས་ཏེ། དབུས་དཀྱིལ་སིར་ཡ་དང་པ་ལི་སི་གྲན་གཉིས་དབང་དུ་བསྡུས། སྤྱི་ལོ༦༣༦ལོར་ཡར་མོག་གཙངབོ་ཞེས་པའི་ཆུ་འགྲམ་དུ་གོང་སྨོས་བྷིས་ཟ་ན་ཁྲེན་གྱི་གྱེན་ལོག་དམག་དཔུང་༥༠༠༠༠ལྷག་ཅིག་དང་འཐབ་པས་དེ་ཉིད་ཕམ་ཏེ་མངའ་ཞབས་སུ་བཅུགས། མདོར་ན། ཨ་རབ་ཁ་ཆེའི་དམག་དཔུང་གིས་དྲག་པོ་གཡུལ་གྱི་ལས་ལུགས་ལ་བརྟེན་ནས། དབུས་དཀྱིལ་གྱི་རྒྱལ་ཁབ་ཕལ་ཆེར་དང་། ཤར་ངོས་ཨ་སྤི་སྒ་ནིས་སི་གྲན་ནས་རྒྱ་གར་དང་ཨེ་ལྗབ། སི་པན་དག་ཀྱང་རིམ་པས་མངའ་འོག་ཏུ་བཅུགས། དུས་རབས་བདུན་པའི་སྟོད་ཙམ་ན་ཡོ་རོབ་ཕྱོགས་སུའང་དཔུང་འཇུག་གི་མགོ་ཞིག་བརྩམས་འདུག་ཀྱང་། ཕམ་ཉེས་བྱུང་སྟེ་དབང་དུ་བསྡུ་མ་ཐུབ། ཁོང་ཚོས་དབང་སྒྱུར་བྱས་པའི་ལུང་བ་དག་ཏུ་ཁ་ཆེའི་ཆོས་ལུགས་དང་། ཨ་རབ་ཀྱི་སྐད་ཡིག་གཉིས་གཙོ་བོར་འཇོག་དགོས་སྟབས། རྒྱལ་ཁབ་བམ་ལུང་བ་དེ་དག་གི་མི་རིགས་ཕལ་ཆེ་བ་ཁ་ཆེར་གྱུར། ལག་བསྟར་དེས་ནི་ལུང་བ་གཅིག་ནས་གཅིག་དང་། མི་རིགས་གཅིག་གིས་གཅིག་དབང་དུ་བསྒྱུར་སླ་བའི་ཐབས་ཤེས་ཡག་ཤོས་ཤིག་མཛུབ་སྟོན་བྱས་འདུག་གོ།
ཟུར་གསལ། ངས་གོ་ཐོས་ཤིག་ལ། མོ་ཧམ་མོ་སྒྲི་མེག་ཁ་གྲོང་ཁྱེར་ནས་ཡ་ཐི་རེབ་ཅེས་པར་བྲོས་བྱོལ་དུ་ཕེབས་སྐབས། ཆུ་ཆེན་ཞིག་གིས་ལམ་བཀག་ནས་འགྲོ་ཐབས་བྲལ་བ་ན། གློ་བུར་ཕག་པ་ཆེན་པོ་ཞིག་ཡོང་ནས་ཁོང་ཁུར་ཏེ་ཆུ་བོའི་ཕ་རོལ་དུ་སྐྱེལ་ནས་འཇིགས་པ་ལས་བསྒྲལ་བས། དེ་ཉིད་ཀྱི་དྲིན་ལན་གསོབ་ཆེད་ཁ་ཆེ་ཚོས་ཕག་ཤ་ཟ་རྒྱུ་བཀག་སྡོམ་བྱས་པ་ཡིན་ཞེས་ཟེར་སྲོལ་ཞིག་དང་། ཡང་། ༼འཛམ་གླིང་ལོ་རྒྱུས་ཀྱི་ཡི་གེ༽ཞེསཔར། མོ་ཧམ་མོ་སྒྲི་གྲོང་ཁྱེར་མེག་ཁ་ནས་མེ་སྒྲི་ན་ཅེས་པར་བྲོས་བྱོལ་དུ་ཕེབས་སྐབས། ཁོང་ཕུག་པ་ཆེན་པོ་ཞིག་གི་ནང་འཛུལ་ནས་ཡིབ་པར། སྡོམ་ཆེན་པོ་ཞིག་གིས་ཕུག་པའི་སྒོར་སྡོམ་གྱི་དྲ་བ་འཁར་ཏེ་གཡོག་པས། རྗེས་འདེད་མཁན་ཚོས་ཕུག་སྒོར་སྡོམ་གྱི་དྲ་བས་གཡོག་འདུག་པ་མཐོང་བས། ཁོ་ཕུག་པ་དེར་སོང་མི་འདུག གལ་སྲིད་སོང་ཡོད་ན་སྡོམ་ཐག་རལ་དགོས་རྒྱུ་ལ་དྲལ་མི་འདུག་ཅེས་ལོག་ཕྱིན་པས། ཁོང་སྲོག་ཉེན་ལས་ཐར་བ་རེད་ཅེས་བཤད་འདུག་པ་འདི་གཉིས་གོང་བསྒྲིགས་ན། ཧ་ལམ་འདྲ་བོ་འདུག་ཀྱང་དེ་གཉིས་གཅིག་ཡིན་མིན་ཁ་ཚོན་མ་ཆོད། རྒྱུ་མཚན་ནི། ཁ་ཆེའི་ཆོས་ལའང་གསར་རྙིང་ཡོད་པ་དང་། དེ་དག་ལ་བཤད་སྲོལ་མི་འདྲ་བ་རེ་བྱུང་བ་ཨེ་ཡིན་སྙམ་མོ།།
མ་དྷི་མ་ཏི་སྟེ་སྦྲང་རྩིའི་བློ་གྲོས་ཞེས་བྲིས་ཡོད་པ་རེ་ཟུང་མཐོང་ཡང་མིང་དངོས་དེ་མ་ཧྰ་མ་ཏི་སྟེ་བློ་གྲོས་ཆེན་པོ་ཡིན་པ་འདྲ།
དགེ་ཆོས་ཀྱིས་ཁ་ཆེའི་སྟོན་པའི་མིང་ལ་མོ་ཧ་མད་ཅེས་པ་དེ་ཨ་རབ་ཀླ་ཀློའི་སྐད་ཅིག་ཡིན་པ་ལས་མདྷིམཏི་ལྟ་བུའི་རྒྱ་གར་གྱི་སྐད་ཅི་ཡང་མ་རེད་གསུངས་འདུག་པས་དེ་བདེན་པར་སེམས་ཏེ། དེང་སང་གི་ཁ་ཆེ་བ་ཚོའི་མིང་ལ་མོ་ཧ་མད་ཅིག་ཅིག་མུག་མུག་ཟེར་བ་ཤིན་ཏུ་མང་ཞིང་། དེ་ཐམས་ཅད་ཀྱིས་རྒྱ་གར་སྐད་བེད་སྤྱོད་གཏོང་དགོས་དོན་ཅི་ཡང་མ་མཐོང་།
མགོན་པོ་ཕྱག་གཉིས་པ་ལགས།
སྦྲང་རྩིའི་བློ་གྲོས་ཞེས་བྲི་འདོད་ན། ༼མ་དྷུ་མ་ཏི༽ཞེས་འབྲི་དགོས་རེད།
मधु མ་དྷུ་ཞེས་པ་རྒྱ་གར་ཡུལ་སྐད་ལའང་སྦྲང་རྩི་དང་མངར་བ་བཅས་ཀྱི་མིང་རེད།
༼མོ་ཧ་མད༽ལ་“མ་ཧཱ་མ་ཏི”ཞེས་པ་ཁྱེད་ཀྱིས་མུན་ནག་འདོམ་འཇལ་གནང་འདུག
༼མོ་ཧ་མད༽ཅེས་པ་ཨ་རབ་ཀྱི་སྐད་དུ་༼བསྟོད་པར་འོས་པ༽ཞེས་པའི་དོན་ཡིན་པར་བཤད།
རེད། ཁྱེད་རང་གི་དེ་ངོ་མ་རེད། དང་པོ་དེའི་དག་ཆ་ནོར་ཤག མ་ཧྰ་མ་ཏི་ཡང་འདོམ་འཇལ་བྱས་པ་མིན། གཞན་བསྟོད་པར་འོས་པ་དང་ཆེས་བསྟོད་པར་འོས་པ་ཟེར་བ་དེ་ཚོ་ཡང་མཐོང་ཡོད་དེ་ད་རུང་ཞིབ་ཚགས་པོ་ཞིག་ངོ་མ་འཕྲོད་པར་བསྡད་ཡོད། དབྱིན་ཡིག་གི་འགྲེལ་ལ་བལྟས་ན་དེ་འདྲ་ཞིག་རེད་དེ། དེ་ཇི་མ་ཇི་བཞིན་བསྒྱུར་བ་ཞིག་ཡིན་དང་ཡང་ན་དོན་བསྒྱུར་བྱས་པ་ཞིག་ཡིན། དེ་ཚོར་ཡང་ད་རུང་ཡག་པོ་ཞིག་མ་བརྟག། མ་དཔྱད། མ་དྲིས་པར་ཧ་གོ་གི་མི་འདུག
སྤྱིར་བཏང་མ་ཧྰ་མ་ཏི་དེ་ཕ་མས་བཏགས་པའི་མིང་མ་རེད། དེ་ཆེ་བསྟོད་ཀྱི་མིང་རེད།
ད་རུང་དྲི་བ་ཞིག་ལ་ཁ་སང་ཁྱེད་རང་གིས་ངས་ཚང་མར་བསྐུར་བ་བཏབ་ནས་ཞེས་བྲིས་འདུག ངས་ད་བར་མཐོང་བའི་དཔེ་དེབ་ཚོའི་ནང་སྐུར་འདེབས། སྒྲོ་སྐུར་ཞེས་བྲིས་ཡོད་པ་ལས་སྔོན་འཇུག་བ་ཅན་ཞིག་རྩ་ནས་མཐོང་མ་མྱོང་ཡང་། ཁྱེད་རང་ཚིག་མཛོད་ཆེན་མོ་ཞིག་གི་བདག་པོ་དང་། ལྷག་པར་མདོ་ཕྱོགས་བཀའ་པོད་ལྔ་ཟེར་བ། སྔགས་ཕྱོགས་རྒྱུད་སྡེ་བཞི་ཟེར་བ་ལྟ་བུ་ནང་བའི་དཔེ་ཆ་མང་པོ་ཀློག་ཡོད་ངེས་པས་དེ་ལ་ཁུངས་ཤིག་ཏན་ཏན་ཡོད་རྒྱུ་རེད་སྙམ། ཁུངས་དེ་ག་བ་ཡིན།
ད་རུང་ངས་སྐུར་འདེབས་བྱས་ཟེར་བ་འདི་ལ་ཡང་རྩོད་རྒྱུ་འདུག་སྟེ། དེ་གེ་མ་རེད་གཡུགས་ཞོག
མགོན་པོ་ཕྱག་གཉིས་པ་ལགས།
༼སྐུར་བ་བཏབ༽ཅེས་པ་༼ད་ལྟ་བ༽ལ། ༼བསྐུར་བ་བཏབ༽ཅེས་༼མ་འོངས་པ༽བྲིས་པ་འདི་“མཐའ་གཅིག”ཏུ་ནོར་བའི་ངེས་པ་ཡོད་མ་རེད།
མགོན་པོ་ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པ་ལས། ༼འཆིང་བ༽བ་༼ད་ལྟ་བ༽ལ། ༼བཅིང་བ༽ཞེས་མ་འོངས་པའི་ཚིག་སྦྱར་ཡོད།
དེ་ཉིད་ལས།
༡༽ ཀྱེ་མ་སེམས་ཅན་འདི་དག་ནི་བདུད་ཀྱི་ཞགས་པའི་༼བཅིང༽བས་བཅིངས་པ་གཡོ་བ་དང༌།
༢༽ ཀྱེ་མ་སེམས་ཅན་འདི་དག་ནི་བདུད་ཀྱི་ཞགས་པའི་༼བཅིང༽བས་བཅིངས་པ་གཡོ་བ་དང༌།
༣༽ གཤེད་མས་༼བཅིང༽བ་ལྔས་དམ་པོར་བཅིངས་ནས་དུར་ཁྲོད་ཆེན་པོ།
ཞེས་གོང་གི་ཀླུ་སྒྲུབ་ཀྱི་མདོ་ཀུན་བཏུས་ཀྱི་ཚིག་དེ་དག་ནོར་བ་ཡིན་ན། ༼བསྐུར་བ༽ཞེས་པའང་ནོར་འཁྲུལ་ཡིན་པར་ངོས་འཛིན་ཞུ་ཆོག
མ་གཞི་ནས་ཁྱེད་ཀྱིས་༼རྟགས་གསལ༽ལ། ༼རྟགས་ཚ༽ཞེས་བྲིས་པ་དེ་མདོ་བསྟན་གང་ན་འདུག་སྨྲོས་ཤིག
སྤྱིར་བཏང་ཁྱེད་ཀྱི་ཡིག་ནོར་ཡོད་ཚད་ལ་ཞུ་བཅོས་བྱ་རྒྱུའི་ངལ་བ་མ་བྱས།
ངོས་ནས༼སྐུར་འདེབས༽དང་།
༼སྒྲོ་སྐུར༽ལ་བས་ཕུལ་གང་ན་བྲིས་འདུག སྟོན་ཅིག
མགོན་པོ་ཕྱག་གཉིས་པ་ལགས།
ཨ་ཚ་ཚ་ལོད་འདུག
སྐུ་རྩེད་ཡིན་ད།
དགེ་བཤེས་འདིས་ལན་ཁ་ཐུག་ཅིག་རྩ་ནས་འདེབས་ཀྱི་མི་འདུག ངས་དྲིས་པ་དེ། བསྐུར་བ་བཏབ་ཀྱི་ཁུངས་གཏུགས་ས་འདྲི་གི་ཡོད། བཅིང་བའི་ཁུངས་འདྲི་གི་མེད།
སྤྱིར་བྱ་ཚིག་གིས་གྲུབ་པའི་མིང་དེ་ཚོ་དུས་འདས་པས་གྲུབ་པ། མ་འོངས་པས་གྲུབ་པ། ད་ལྟ་བས་གྲུབ་པ་སྣ་ཚོགས་ཤིག་འདུག འགའ་རེ་ཁྱད་མེད་དུ་འབྲི་བ་དེ་འདྲ་རེད། མང་པོ་ཞིག་ལ་ང་རང་ཡང་འཐོམས་བསྡད་ཡོད། ཡིན་ན་ཡང་། སྐུར་བ་བཏབ། སྒྲོ་སྐུར་འདི་ཚོར་སྔོན་འཇུག་བ་ཡོད་པ་ཞིག་མཐོང་མ་མྱོང་། དེ་བས་ངས་ཁྱེད་ལ་དྲིས་པ་ཡིན་མ་གཏོགས་ནོར་འདུག་ལབ་མེད།
རྟགས་ཚའི་ཁུངས་གཏུགས་ས་ནི་ཁ་སྐད་ལ་རྟགས་ཚ་བཏང་འདྲ་བོ་ཞིག་ཨམ་ཅོག་ནང་གོ་གི་འདུག དེ་ངས་མ་ཤེས་པར་ནོར་བ་རེད། གྲྭ་སའི་ཐ་སྙད་དེ་ཚོའི་སྐོར་གླེང་ན་ང་ལྐུགས་པ་ལྐུགས་ནག་ཅིག་ཡིན། ཁྱེད་རང་གིས་རྟགས་གསལ་ཞེས་བྲིས་ཡོང་སྐབས་གཞི་ནས་ཨ་ལེ་བསམས་ནས་འཐོམས་སངས་སོང་། ཅིག་ནས་མཐོང་ཡང་མེད་འགྲོ་བསམ་བསམ་ཞིག་འདུག
མ་སྦྱང་པ་ལ་རྟགས་གསལ་འགོད་པ་ལས། མ་ཤེས་པ་ལ་འགྲེལ་བཤད་གནང་ན་ལེགས།
མ་བུའི་བསམ་པ་ལྟ་བུའི་མཐུན་ལམ་ནས། མ་འདྲེས་གསལ་བར་བཤད་ན་ཅིས་མི་གོ
ར྄ྔ་བ་ར྄ྒྱལ་ཁམས་པར་ཐུགས་ར྄ྗེ་ཆེ་ཞུ།