ཉག་རོང་དོན་གྲུབ།
ཁ་རྩང་ནེའུ་ཡོག་གྲོང་ཁྱེར་ཁེན་སུ་ས་གནས་ལ། བོད་རིགས་དང་བོད་རིགས་སུ་གཏོགས་པ་ཧི་མ་ལ་ཡའི་ཟས་མཆོག ལོ་འཁོར་མོག་མོག་གོག་རྐྱལ་ཟེར་བའི་ཟས་བཟང་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་སོང་། ལས་འགུལ་འདི་ལོ་ལྔ་ཡི་གོང་རོལ་ལ། ཇེ་ཧྥིར་ཨོ་ལིག་ཟེར་བས་ཁོང་དང་གྲོགས་པོ་སུམ་ཅུ་སྐོར་མཉན་དུ་གནང་པ་ཞིག་རེད། ཉིས་སྟོང་བཅོ་ལྔ་ལོར་མཉམ་ཞུགས་པ་གཅིག་སྟོང་ཙམ་བྱུང་སྐད་འདུག རིམ་བཞིན་ཨ་མདོ་ཐབ་ཁང་དང་། ལྷ་ས་མགྱོག་ཟས། ཕ་ཡུལ་ཟ་ཁང་སོགས་ཀྱི་མོག་མོག་ལ་དགའ་རྟགས་ཐོབ་སྤྲད་པ་རེད། ད་ལོར་༢༠༡༦ ལོར་བོད་ཆུང་ཆུང་Little Tibetཟ་ཁང་ལ་མོག་མོག་གོག་རྐྱལ་གྱི་དགའ་རྟགས་ཐོབ་འདུག
མགོ་སེར་ཚོ་ལ་མཚོན་ན། མོ་མོའི་བྲོ་བ་ཚད་ལྡན་ཞིག་མྱོང་ཤེས་མིན་ཐེ་ཚོམ་རེད། ཡིན་ནའང་། ང་ཚོ་ཆུང་དུས་ནས་ཨ་མའི་མོག་མོག་བཟས་ཏེ་མཚར་ལངས་བྱུང་པ་ཞིག་ལ་མཚོན་ན། ཆོལ་གསུམ་མོག་མོག་བྲོ་བ་ཞིམ་པོ་དེ་འདྲ་བ། བོད་དང་། བལ་ཡུལ། རྒྱ་གར་ནང་གི་བོད་ཟས་སུ་ལའང་མེད།
འོ་རེད། མཚམས་འདི་ནས་ངས་དྲན་སོས་པ་ཞིག་ལ། ཁེ་སྔོན་རྒྱ་གར་ནས་སྐུ་མགྲོན་ཁ་ཤས་འདིར་ཕེབས་པ་རེད། སྐབས་དེར་གྲོགས་པོ་ཞིག་གི་ནང་ལ་འཛོམས་པ་ཡིན། ཁོང་གིས་ཆོལ་གསུམ་མོག་མོག་མངགས་ཉོ་གནང་འདུག སྐུ་མགྲོན་རྣམས་ཆོལ་གསུམ་མོག་མོག་གི་བྲོ་བར་ཧ་ལས་སོང་། འདི་འདྲའི་མོག་མོག་ཞིམ་པོ་ཞིག་ཟ་ཁང་ནང་བཟའ་ཡ་ཡོད་པ་དཔེ་རེད་ཟེར། སྐུ་མགྲོན་རྣམས་རྗེས་མ་ཆོལ་གསུམ་ནང་འཚངས་ནས་ཕྱི་ལོགས་ལ་ཕེབས་རོགས་གནང་གི་མི་འདུག
ཆོལ་གསུམ་ནང་ན་མོག་མག་གཅིག་པོའི་བྲོ་བས་ག་ལ་ཚད། ད་དུང་གཞན་སུ་ལའང་མེད་པའི་ལག་བསྙལ་ཞོ་མངར་ཞིམ་པོ་ཞིག་ཡོད། ཕ་ཡུལ་ནས་མ་གཏོགས་ངས་ཞོ་ཞིམ་པོ་འདི་འདྲ་བ་ཅིག་ཕྱི་ལོགས་ནས་རེག་མྱོང་མེད། ཟ་ཁང་འདིའི་ཟ་མ་ལ་བྲོ་བཅུད་ལྡན་པ་དང་། གཙང་སྦྲ་ཆེ་བ། ཟ་མ་གསར་པ་ཡིན་པས། འཕྲོད་རྟེན་བཟང་བ་ཡོད། ཟ་ཁང་མང་ཆེ་བས་མོག་མོག་འཁྱག་སྒམ་ནང་འཁྱགས་རོམ་བྱས་ཏེ། མངགས་ཉོ་བྱེད་སྐབས་གཟོད་བཙོས་ནས་སྤྲད་ཀྱི་ཡོད། ཆོལ་གསུམ་ཚང་གིས་ཁ་ཐུག་ལ་མོག་མོག་བཟོ་བཞིན་སྤྲད་བཞིན་བྱེད་ཀྱི་འདུག
མ་གཞི་ཆོལ་གསུམ་ཟ་ཁང་གི་མ་བྱན་དང་སྦྱིན་བདག་མི་གཅིག་ཡིན་པས། གཞན་ལ་གླ་ཆ་སྤྲད་ནས་བཟོ་བཅུག་པ་ལྟ་བུ། ཨ་ལ་པ་ལ་མི་བྱེད་པའི་རྒྱུ་མཚན་གཅིག་དེ་ཡིན་པ་འདྲ།
ཆོལ་གསུམ་ཟ་ཁང་ནི། དངོས་གནས་མིང་དོན་མཚུངས་པའི་ཆོལ་གསུམ་སྤུན་ཟླའི་ཟ་ཁང་ཞིག་ཡིན། ཁྱོད་དང་ང་། ཁ་དང་སྣ་ཟེར་ནས་མི་རྩོད་ཅིང་། ཆོལ་གསུམ་གཞིས་བྱེས་ཀུན་ལ་འཆམ་མཐུན་ཆེ་ཞིང་། ཆོལ་གསུམ་མོ་མོའི་བྲོ་བ་ནང་བཞིན། ཡ་རབ་བཟང་སྤྱོད་ཀྱི་བྲོ་བ་ལྡན་པའི་དོ་བདག་བསྟན་འཕེལ་ལགས་ནི། ང་ཚོ་ཚང་མས་མིག་དཔེ་བལྟ་འོས་པའི་མི་ཞིག་རེད། ང་ཚོ་ཆོལ་གསུམ་ནང་ལ་འགྲོ ཆོལ་གསུམ་མོ་མོའི་བྲོ་བ་མྱོང་དུ་འགྲོ
-11/07/2016 ཉག་རོང་དོན་གྲུབ་ནས།
བདེན་པ་འདུག་ཆོལ་གསུམ་མོག་མོག་འདྲ་བོ་ནེའུ་ཡོག་གྲོང་ཁྱེར་ནང་ཆོལ་གསུམ་ལས་ལྷག་ཙམ་ཡོད་འདོག་ཁ་བོ་མ་རེད་། གཞན་གྱི་ཟ་ཁང་ལས་རིམ་གོང་ཆུང་བ་དང་། མོག་མོག་ཆེ་ལ་དྲོ་བ་ཞིམ་པ། ངོ་མ་ཧ་ལས་པ་རེད་།
ཁ་རྩང་ལས། མདང་འདི་དག་པར་མཐོང་།
་་་་་་ཕྱི་ལོགས་ནས་རེག་མྱོང་མེད། ་་་་་་
འདི།
ཕྱི་ལོགས་ནས་རག་མྱོང་མེད།
འགྲེང་པོ་མ་བརྒྱབས་ན་ལེགས།
འ་ལ་པ་ལ་ཟེར་ན་ག་རེ་རེད་དམ།
ཚིག་འགའ་ལས་མེད་ན་ཡང་དེའི་ནང་དུ་ཆོལ་གསུམ་གྱི་མཐུན་ལམ་བཤད་དགོས་པ་ནི་ད་ལྟའི་ཕྱི་སྡོད་བོད་མིའི་ན་ཚ་ཞིག་རེད། ཕྱོགས་གཞན་ཞིག་ནས་བཤད་ན་ངོ་ཚ་ཞིག་ཀྱང་རེད། འོན་ཀྱང་བཤད་མཁན་དག་གིས་ལྷག་བསམ་ལ་རྗེས་སུ་ཡི་རངས་ཡོད།
༅༅། མོལ་གསུམ་ཟ་ཁང་གསར་འཛུགས་གནང་བར་བཅོས་མིན་གྱི་བཀྲིས་བདེ་ལེགས་ཡོད།
མོག་མོག་དངོས་སུ་ཟ་བའི་གོ་སྐབས་མ་བྱུང་ཡང་་་་པར་མཐོང་བ་ཙམ་གྱི་དྲི་ཞིབ་དྲི་མ་དྲོ་བྱུང།
ཉིན་གཅིག་ནིའུ་ཡོག་ཏུ་འབྱོར་དུས་ངེས་པར་མོག་མོག་ཟ་བར་འགྲོ་རྒྱུའི་སེམས་ནང་དམ་བཅའ་
བཞག་ཡིན།
་་་་་བཀྲིས་བདེ་ལེགས་་་་་
འདི་།
བཀྲ་ཤིས་བདེ་ལེགས།
ཞེས་འབྲི་དགོས།