ཀུན་ཕན་ཚང་།
ཟླ་གཉིས་པའི་ཚེས་ཉེར་དྲུག་གི་དགོང་མོ་དུས་ཚོད་དྲུག་པ་ནས་དགུ་བ་བར། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་མདོ་དབུས་ཁམས་གསུམ་གྱི་མོ་མོ་ཟས་སྦྱོར་བ་མཁས་པ་དུ་མས་མོག་མོག་སྣ་འཛོམས་ཀྱི་སྟོན་མོ་ཞིག་བཤམ་གྱི་ཡོད། དེའི་ནང་དུ་དབུས་གཙང་གི་ཤ་མོག་དང་། ཨ་མདོ་ཡི་ཀྱོའུ་ཚའེ་ཡི་མོག་མོག ཆུ་ར་དང་པ་ལག་གི་མོག་མོག མར་ཆུར་བསྲེས་མའི་མོག་མོག་སོགས་བོད་ཀྱི་ཡུལ་ཁམས་མང་པོའི་མོག་མོག་སྣ་ཚོགས་ཀྱི་ཟས་སྟོན་བཤམ་གྱི་ཡོད། དུས་གཅིག་ལ་བོད་གྱི་ཡུལ་ཁམས་མང་པོའི་མོག་མོག་གི་བྲོ་བ་མྱོང་ཐུབ་པའི་སྟོན་མོ་འདི་ལ་ཕེབས་འདོད་པ་རྣམས་ཀྱིས་ང་ཚོར་
ཁ་པར་ཨང་གྲངས་ 212-367-7380 ext. 38 or 40, ཡིག་ཟམ་ events@trace.org བརྒྱུད་ནས་འབྲེལ་གཏུགས་གནང་རོགས།
མོག་མོག་གི་མིང་གི་རྣམ་གྲངས། མོག་མོག ཚོད་མ། ཚོམ་མ། ཁོན། ཕོ་ལོག
ཁ་ནང་ལ་མཆིལ་བ་འཁྱིལ་སོང་། ཀྱིག་ཚེ་་་་་ཀུན་དོང་།
ཧཧཧཧ་””” མོ་མོ་ཟས་སྦྱོར་བ་མཁས་པ་དུ་མས”””” རྨོ་རྨོ་ཟས་སྦྱོར་བ་མཁས་པ་དུ་མ་འཛོམས་ཡོད་ས་རེད།། མོག་མོག་ནི་རྒྱ་སྐད་རེད་བོད་སྐད་མ་རེད།
ང་ཆུང་དུས་སུ་ངའི་ཕ་རྒན་དེས། མངའ་རིས་འབྲོག་པའི་མོག་མོག་ཡིན་པ་འདྲ། མོག་མོག་ཆེ་ཐག་ཆོད་ཡིན་པ་དང་། མོག་མོག་གསུམ་ཙམ་ཟ་དུས་གྲོད་ཁོག་རྒྱགས་འགྲོ་བ་འདུག་སྙམ་པ་ཅིག་དྲན།
དེ་ལྟ་བུའི་མོག་མོག་ཆ་ེཆུང་དེ་ཙམ་བྱས་པ་ཐེངས་འགའ་ང་གར་ཞྭར་དགེ་རྒན་བྱེད་དུས་ང་རང་གཅིག་པུས། བཟོས་ནས་ཟས་པ་ཡིན། མོག་ཕྲུ་ཆེ་ཆུང་འབྲིང་ཙམ་ཡིན་པའི་ཚགས་གཅིག་ནང་ལ། མོག་མོག་འཚོད་དུས་གསུམ་ལྷག་མི་གཤོངས།
དིང་སང་འོས་དུས་ཚོད་ཡིན་ཙང་། མོག་མོག་ཆེན་པོ་རྒྱལ་འགྱུར་ཅིག། །།ཧ་ཧ་།། །།
ཚང་མས་རྨོག་རྨོག་ཟོས་ཨ།
ངའི་ཕ་ཡུལ་དུ་ཀེའུ་ཟེར།
ཀེའུ་ཚོད་ཟེར། ལ་ཕུག་གི་ལ་ཚོད།
ཤ་ཚོད་སོགས་རིགས་མང་།
དག་ཡིག་གསར་བསྒྲིགས་དུ་ཡང་ཀེའུ་བྲིས་ཡོད་སྙམ།
ཀྱིག་ཚེ་ནི་རྒྱ་ནག་གི་སྐད་ཡིན་ནམ་སྙམ།
རྒྱ་ནག་གི་ས་ཆ་ལ་ལར་ཀྱིག་ཚལ་ཟེར།
ཀྱོའི་ཚའུ་བྲིས་པ་ད་སྔ་མཐོང་མ་མྱོང་།
མོག་མོག་དང་རྨོག་རྨོག་གང་ཡིན་ཡང་རྒྱ་ནག་གི་སྐད་ཟུར་ཆག་པ་འདྲ།
བོད་པའི་སྤྱི་སྐད་དུ། མོག་མོག་ཟེར་བ་དང་། མོག་མོག་བྲིས་པ་ལས། རྨོག་རྨོག་ཅེས་མི་ཟེར་ཞིང་མི་འབྲི་ལགས།
མོག་མོག མོག་ཕྲུ། མོག་ཚགས། ཀྲིང་མོག ཤ་མོག་མོག སྔོ་ཚོད་མོག་མོག་ལ་སོགས་སོ།། །།
ཨ་མདོའི་ཀྱོའུ་ཚའེ་མོག་མོག་ཨེ། ཧཧཧཧཧ། རྒྱ་ནག་གི་ཅུའུ་ཚའེ་སྤོའུ་རྩི་ཡིན་ནི་རེད། ཟིན་རྒྱ་ཚོས་དེར་དགའ་པོ་བྱེད་ཀྱི་རེད། སྒོག་པའི་དྲི་ངན་ལས་སྡུག།