ཡོང་ཁུངས། བོད་ཀྱི་བང་ཆེན།
ཟླ་འདིའི་ཚེས་༡༣ དགོང་མོའི་ཆུ་ཚོད་༡༠ ཙམ་ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་གཞིས་ཆགས་ཀྱི་གྲོང་སྡེ་༡ པོའི་བརྒྱ་དཔོན་རང་ཤི་བརྒྱབ་ཡོད་པའི་གནས་ཚུལ་བྱུང་ཡོད་ནའང་། ད་ལྟའི་ཆར་དོན་རྐྱེན་གང་ཡིན་གསལ་པོ་མེད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཉེན་རྟོག་པས་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། ཁོང་གིས་ཤུལ་དུ་ཡི་གེ་ཞིག་བཞག་ཡོད་འདུག་ཀྱང་། ཡི་གེའི་ནང་གནས་ཚུལ་གང་ཡིན་ད་དུང་ཤེས་རྟོགས་ཐུབ་མ་སོང་། སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་ཀྱི་དཀའ་ངལ་ཞིག་དང་འབྲེལ་བ་ཡོད་སྐོར་གླེང་འདུག་ལ། ༢༠༡༥ ལོའི་ཕྱི་ཟླ་༡༠ ཚེས་༡༨ ཉིན་བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས། བརྒྱ་དཔོན་དེ་ས་གནས་འོས་བསྡུའི་ཚོགས་མིའི་ནང་ཡོད་པ་དང་། འོས་འཕེན་པ་གྲྭ་པ་ཞིག་དང་ཁོང་གཉིས་བར་རྩོད་གླེང་བྱུང་ཡོད་ནའང་། རྗེས་སུ་གནས་ཚུལ་དེ་ཐག་གཅོད་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༡༥ ཉིན་མོན་གྷོ་ས་གནས་འགོ་འཛིན་ལས་ཁང་ལ་ཁ་པར་བཏང་སྟེ་འབྲེལ་བ་བྱས་ཀྱང་། སྐབས་དེར་ས་གནས་འགོ་འཛིན་བཞུགས་མེད་པས། གནས་ཚུལ་རྩད་ཞིབ་ཐུབ་མ་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
འོས་བསྡུའི་སྐབས་ཀྱི་གནས་ཚུལ། http://bangchen.net/སྲིད་སྐྱོང་འོས་བསྡུའི་/
ཞིབ་འཇུག་མཐིལ་ཕྱིན་གནང་རོགས། ངོ་དེབ་ལས་མཐོང་པ་ལྟར་ན་བཤད་ཚུལ་མང་པོ་འདུག འོས་བསྡུའི་ཡར་སྔོན་གསལ་པོ་དག་པོ་བཟོ་དགོས་པ་ཆགས་འདུག ཀ་སྟག་སྤྲུལ་སྐུ་ནང་བཞིན་བླ་མ་ཡིན་པའི་རིན་ཐང་གཞན་གྱིས་མ་ཤེས། མི་རྟག་འཆི་བ་ཇི་ལྟར་ཡོང་པ་རང་གིས་མ་ཤེས་པ་ཞིག་ཏུ་འགྱུར་མི་རུང་།
གནས་ཚུལ་ཆ་ཚང་ཤེས་ནས་གསར་ཤོག་སྟེང་
བཀོད་ཐུབ་ན་དགེ་ཕན་ལས་དེ་མིན་དཀྲོགས་གཏམ་ལ་ཁྱབ་སྲིད་པ་བཅས་འགན་ཡོད་ཚོའི་ཐུགས་ཞིབ་ནན་པོ་གནང་རོགས་གནང་།
གྲྭ་པ་དང་བླ་མ་རྒྱབ་ལ་ཁུར་ཏེ་མི་མང་དང་ཆབ་སྲིད་ལ་གནོན་ཤུགས་སྤྲོད་པ་དེ་ནི་ལྟས་ངན་རང་རེད། ཆོས་ལུགས་རྒྱས་སྐྱེད་ཀྱི་ཆེད་དུ་མི་རིགས་རྩ་མེད་མ་བཟོ་ན་ལེགས། གྲྭ་པ་དང་བླ་མ་རྣམས་ཆབ་སྲིད་ལ་དབང་ཆ་ལེན་པ་དེ་ནི། སོ་སོའི་རྒྱལ་ཁབ་དང་མི་རིགས་རྩ་མེད་བཟོ་སྟེ་ཆོས་ལུགས་དར་སྤེལ་ཀྱི་ཆེད་དུ་ཡིན་པ་ཧ་གོ་དོན་གསལ་རེད།
དགོས་པའི་དུས་ནང་ས་གནས་འགོ་འཛིན་ལས་ཁང་ནང་བཞུགས་མེད་པ་དེ་འདྲ་གང་ཡིན་ནམ། འོས་བསྡུ་ནང་ཆ་ཤས་ལེན་མཁན་ནི་མ་རེད་པས་རང་སྲོག་བཅད་དགོས་དོན་གང་ཡིན་ནམ། ཁ་ཆེམ་ནང་གང་བྲིས་ཡོད་གསལ་པོ་སྟོན་ཐུབ་ན་གནས་ཚུལ་ཁ་གསལ་ཤེས་སམ།
གནས་ཚུལ་འདི་ལྟ་བུ་གསལ་བོར་མ་ཆག་གོང་ཁ་ནས་གང་བྱུང་བཤད་རྐྱང་མ་བྱས་ན་བཟང་མ་གཏོགས་རྗེས་མ་ཆགས་རྒོ་རང་གི་མགོ་ཐོག་ཏུ་བབ་ཡོང་། དེ་དུས་ངོ་འདོམ་གང་འདྲ་ཞིག་དྲུད་ནས་སྤྱི་ཚོགས་ཀྱི་མདུན་དུ་མྱིག་སྟོན་བྱས་ཀྱང་ངས་ནི་མི་སྐྱོབ་ཁོ་ཐག་ཡིན།
གཏམ་ངན་ཞིག་ཡོད་དུས་དྲ་ཐོག་ན་འཚང་ཁ་རེད།
ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱིས།
ཀླུ་བྱམས་ལ་རྒྱབ་སྐྱོར་དང་། སྤེན་ཚེ་ལ་ངོ་རྒོལ་བྱས་པ།
https://www.facebook.com/tsring.degotsang/videos/10205877135267416/
བརྒྱ་དཔོན་ཞིག་གིས་རང་ཤི་བརྒྱབ་པ།
http://tibettimes.net/%E0%BD%96%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%91%E0%BD%94%E0%BD%BC%E0%BD%93%E0%BC%8B%E0%BD%9E%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BD%A6%E0%BC%8B%E0%BD%A2%E0%BD%84%E0%BC%8B%E0%BD%A4/
@ཀརྨ་བློ་གསལ་/ ལགས། གཏམ་དང་དངོས་དོན་ཁ་ལོ་བསྒྱུར་ཏེ་སྤྱི་ཚོགས་དཀྲུགས་རྩིས་མ་རྒྱག་རོགས་ཚེ་རིང། ཁྱེད་དང་ཁྱེད་འདྲ་བ་མི་རེ་ཟུང་ནས་སྤྱི་ཚོགས་ཁྲག་རྣག་བཞིན་དཀྲུགས་པ་ལན་གྲངས་རེ་གཉིས་མིན། ད་ཚད་ཟིན་ན་དགའ།
དངོས་ཡོད་གནས་ཚུལ་ནི་མོན་གྷོ་ས་གནས་འོས་བསྡུ་སྐབས་xxxxxསྲིད་སྐྱིང་གི་འོས་ཤོག་བཙན་འཕྲོག་བྱས་ཏེ་མི་རེ་ནས་xxxxxxརྙོག་གླེང་བྱུང་སྟེ་གྲ་བ་རེས་འགས་འོས་བསྡུ་ལས་བྱེད་བུད་མེད་ལ་སྡིགས་ར་བསྐུལ་བ་དང་ཉེས་བརྡུང་བཏང་བར་བརྟེན་སྐོར་སྲུང་བས་གྲ་བ་བཙོན་པ་བཅུག་པ་སོགས་ཀྱི་གནས་ཚུལ་དེ་བརྙན་ལམ་དུ་མཐོང་རྒྱུ་ཡོད་པ་དེ་རེད། དེའི་རྗེས་གནད་དོན་དེར་ས་གནས་འགོ་འཛིན་དངxxxདྲང་བདེན་ལ་རྒྱབ་སྐྱོར་མ་བྱུང་བའི་ཉེར་ལེན་གྱིས་རང་སྲོག་གཅོད་དགོས་བྱུང་བ་དེ་རེད། ཁ་ཆེམས་ཧིན་རྡི་དང་དབྱིན་ཡིག་གཉིས་ཀྱི་སྟེང་ཡོད་པ་ཉིན་ཤས་ནས་སྤྱི་ཚོགས་སྟེང་ཐོན་ཡོང་གི་རེད།
ཅང་ཤེས་རྟ་མཆོག་གི་གསུངས་པ་དེ་འདྲ་ཡིན་ན། བཙན་བྱོལ་སྒྲིག་འཛུགས་འདི་ཡང་དག་པའི་དམངས་གཙོ་ལམ་ལུགས་སྲ་བརྟན་ཞིག་མ་ཆགས་གོང་དུ། བོད་མིའི་སྤྱི་ཚོགས་ནང་རྒྱ་གུང་ཁྲན་ལྟར། གཡོ་ཅན་ཁྲམ་པ་དང་། སྒེར་གཅོད་ཇག་ཚོགས་ལྟ་བུའི་སྤྱི་ཚོགས་ཀྱི་ཟུར་ཅིག་ད་ལྟ་ནས་མངོན་པ་རེད། གནད་དོན་འདིར་རེ་བ་ཆེན་པོ་དང་ཡིད་ཆེས་ཆེན་པོའི་ངང་བོད་དོན་རྒྱབ་སྐྱོར་བྱེད་མཁན་རྣམས་བློ་ཕམ་སྐྱེས་རྒྱུ་མ་ཟད། རྒྱལ་ཞེན་ཅན་གྱི་གཞིས་སྡོད་བོད་མི་རྣམས་དེ་བས་སེམས་ཤུགས་ཆག་རྐྱེན་གཙོ་བོ་ཞིག་ལ་འགྱུར་ངེས་རེད། དོ་དམ་བོད་མི་རིགས་གཅིག་གི་འདུ་ཤེས་ལྡན་ཞིང་། ཕུགས་རྒྱང་རིང་བོའི་བོད་མིའི་ལས་དབང་ལ་བསམ་ཤེས་ཡོད་མཁན་གྱི་བོད་མི་གང་ན་སུ་བཞུགས་ཚོས། ད་རེས་གནད་དོན་འདིར་དོ་ཁུར་ཆེན་པོ་བྱས་ཏེ། དྲང་བདེན་ངང་ཐག་གཅོད་བྱ་བར་འབད་བརྩོན་བགྱི་དགོས།
9 ཅང་ཤེས་རྟ་མཆོག་ལགས་ནས་མཆན་བཀོད་པ་དེ་དག་བདེན་པ་ཡིན་སོང་ན། དགེ་འདུན་པ་ནས་དེ་འདྲ་གནང་བ་ཆེས་ཞབས་འདྲེན་རེད་དོ། སྲིད་སྐྱོང་འོས་ཤོག་འཕེན་སྐབས་ཁམས་པ་དགེ་འདུན་འགའ་ཤས་ནས་འོས་སྒམ་འཁྲོག་ནས་འོས་ཤོག་བཅུ་གྲངས་བླུགས་པ་བྱུང་ཡོད་ན་ཁྲིམས་བརྒལ་ཡིན་པས་སྐབས་དེར་དབུ་འོས་བསྡུ་ལས་ཁང་ལ་སྙན་སེང་མ་ཞུས་པ་གང་ཡིན་ནམ། གང་ལྟར་དངོས་ཡོད་གནས་ཚུལ་གང་ཡིན་མིན་ཆ་མ་འཚལ་སྟབས་འདས་པོའི་ཁ་ཆེམས་ཡིག་གེ་ནང་གང་འཁོད་ཤེས་རྗེས་གསལ་པོ་ཆགས་རྒྱུ་ཡིན།
མོན་གྷོ་ས་གནས་ཀྱི་འོས་སྒམ་འཕྲོག་པའི་བདེན་དཔང་ཚད་ལྡན་ཡོད་ན་དབུས་འོས་བསྡུ་ལས་ཁང་ནས་མོན་གྷོ་ས་གནས་ཀྱི་འོས་ཤོག་ཆ་ཚང་རྩི་མེད་གཏོང་དགོས་པ་དེ་ཁྲིམས་མཐུན་མ་རེད་དམ་།
ཚོགས་གཙོ་སྤེན་ཚེ་མཆོག་ལ།
https://www.facebook.com/Sikyong2016penpatsering
https://www.facebook.com/photo.php?fbid=1721836038048635&set=p.1721836038048635&type=3&theater
ཅང་ཤེས་རྟ་མཆོག་ངོ་མ་རྟ་རང་ཡིན་པ་འདྲ་དུད་འགྲོ་ནི་དུད་འགྲོ་རང་ཡིན། སྐྱག་རྫུན་ཁུངས་མེད་དཀྲོགས་གཏམ།
གྲྭ་བ་དེ་བློ་གླིང་རོང་པོ་ཁང་ཚན་ནས་རེད་ཅེས་གོ་ཐོས་བྱུང་། གྲྭ་བ་དེ་ཁམས་པ་ཞིག་ཡིན་པའི་ཐག་གཅོད་མ་སྔ། ལར་ནས་གནས་ཚུལ་ཆུང་ཆུང་དེ་ཚོ་ཆེན་པོ་མ་བཟོ་ན་དགའ།
རང་ཤི་དང་། རུང་པོ་ཁང་ཚན་གྱི་གྲྭ་པ།
http://www.tibetanjournal.com/index.php/2016/01/15/tibetan-settlement-leader-suicides-in-mundgod/
ཝེ་མུ་ལའི་རང་ཤི་དང་། ཁ་ཆེམས་ཡི་གེ
http://scroll.in/article/802020/i-loved-science-stars-nature-suicide-by-suspended-dalit-student-sparks-nationwide-protests