ཨ་ཚོགས་ཀླུ་མཁར་བྱམས།
བླ་མའི་མཛད་པ་མཛད་སྒོའི་བསྟོད་རྒྱུ་གཅིག་པུ་ཡིན་མིན་གང་ལྟར། བོད་ནང་དུ་རྒྱ་མིས་མེ་མདའི་ཁ་འོག་ན་གོང་ས་མཆོག་གི་གྱ་སྟོན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་པ་ནི་ངོ་མ་བློ་ཁོག་རང་རེད། ཡིན་ན་ཡང་། གོས་ས་མཆོག་སྐུ་སྒེར་ལ་མཚོན་ན་བརྟན་བཞུགས་དང་ཆེ་བསྟོད་ཀྱི་བྱེད་སྒོ་སྣ་ཚོགས་མང་སྐྱོན་མེད་ཀྱང་ཉུང་དྲགས་མེད་པ་ཁོང་གིས་ཡང་ཡང་གསུངས་ཡོད་་་་་་་
ཁ་ཉིན་ཟླ་༦ ཚེས་༢༡-༢༣ བར་བཞུགས་སྒར་རྡ་སར་གཞུང་སྒེར་ཚོགས་པ་ཁག་མཉམ་འབྲེལ་གྱིས་གོང་ས་མཆོག་གི་གྱ་སྟོན་འཚོགས། ཁོང་གི་སྙན་གྲགས་དང་འབྲེལ་ནས་རྡ་རམ་ས་ལའི་(ལྷ་ས་ཆུང་བ)རི་སྒང་སྤུག་སུག་དོག་པོ་འདིར། བོས་དང་མ་བོས་ཀྱི་སྟོན་འཛིན་པ་ཁ་བ་འབབ་འབབ། བསུས་དང་མ་བསུས་ཀྱི་སྐུ་མགྲོན་བྱ་རྒོད་ཐེལ་ལ་འཁོར་འཁོར་བྱས་ཡོད། འདི་དག་ཚང་མ་རྒྱུས་ཡོད་ཞིག་ལ་མཚོན་ན་གསར་བ་ཅང་མ་རེད། ལོ་འདི་གཅིག་པོར་ཨ་རི་དང་། ཡུ་ཡོབ། ཉི་ཧོང་སོགས་རྒྱལ་ཁབ་དང་། ཡུལ་ལུང་འདྲ་མིན་ནས་གྱ་སྟོན་གྱི་བྱེད་སྒོ་སྣ་ཚོགས་གོ་སྒྲིག་བྱེད་བཞིན་པ་དང་། རྡ་སར་ཆོས་དཔོན་ཊི་ཊི་སྒེར་གྱིས་གོ་སྒྲིག་གནང་པའི་གྱ་སྟོན་འཚོགས་ཚར་མ་ཐག་རེད།
ད་རེབ་ཅུང་མ་འདྲ་ས་ཞིག་ཡོད་དབང་བྱས་ན། གྱ་སྟོན་ཐོག་གོང་ས་མཆོག་གིས་ཨ་རི་ན་ཅལ་གྱི་མངའ་སྡེ་སྲིད་སྐྱོང་ལ་”མོན་ཆང་ཞིམ་པོ་ཞིག་བཏུང་ཆེད། ང་སང་ལོ་རྟ་དབང་ལ་ཡོང་གི་ཡིན། ས་གནས་ཡུལ་མི་ཚོར་ལན་དེ་འཕྲོད་པ་གྱིས”ཞེས་བཞད་མོ་དང་བཅས་ལྗགས་ལན་བསྐུར་བ་འདི་ཡིན། དེ་མུར་ངའི་སེམས་སུ་ཚངས་མགུར་ནང་གི་”བྱ་ཏེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །ཐག་རིང་གཞན་ལ་མི་འགྲོ། །ལི་ཐང་བསྐོར་ནས་སླེབས་ཡོང་། །”ཞེས་པའི་ཚན་པ་འདི་ཡིད་ལ་དྲན་དུ་བཅུག མགུར་གླུ་ཚན་པ་འདི་རང་ག་བ་ཞིག་མིན། རྒྱལ་དབང་དྲུག་པས་གང་གི་ཡང་སྲིད་ཁམས་ལི་ཐང་ནས་འཁྲུངས་རྒྱུའི་མངོན་ཤེས་གསུང་བར་བཤད། དེ་ན་ཏཱ་ལའི་བླ་མས་མོན་ཆང་ཞིམ་པོ་ཞིག་བཏུང་ཆེད། སང་ལོ་རྟ་དབང་ལ་ཕེབས་འཆར་འདི་ཡང་བརྡ་མཚོན་ཞིག་ཡིན་ཆོག
རྒྱལ་སྤྱིའི་ཐོག་གྱ་སྟོན་དང་འབྲེལ་ནས་གྱ་ཚོམ་ཀྱི་གླེང་གཞི་ཞིག་ཡོང་བཞིན་པ་ནི་ཡང་སྲིད་སྐོར་རེད། དེ་བཞིན་ལོ་འགའ་ཤོས་གོང་ནས་རྡ་སར་གནས་མཇལ་དུ་ཡོང་བ་ཡིན་ཟེར་མཁན་གྱི་རྒྱ་མི་ཁྲ་ཁྲ་རིག་རིག་ཚོ། ད་དུང་བོད་དོན་ལ་ཤ་ཚ་ཡོད་མདོག་སྟོན་མཁན་ཕྱི་བསྡོད་རྒྱ་རིགས་ཚོའི་ནང་། བོད་དོན་དང་འབྲེལ་ནས་མི་དོན་རྒྱུ་ཆ་( human resource )ཞིག་མངོན་ལྐོག་གཉིས་ན་འཚོལ་བཞིན་པ་ནི། ཏཱ་ལའི་བླ་མའི་སྐུའི་འཕྲོད་བབ་དང་། ཉིན་རེར་ཞལ་ལག་བཞེས་ཚད། སྨན་ཁང་ནས་བརྟག་དཔྱད་བྱས་པའི་མཇུག་འབྲས་སོགས་རེད། གནས་ཚུལ་དེ་དག་གི་རྐྱེན་པས་གོང་མཆོག་གིས་ཀྱང་ད་རེབ་ཆེད་དུ་དམིགས་ཏེ། གང་གི་སྐུ་གཟུགས་བདེ་ཐང་ཡིན་པ་དང་། (གྱ་སྟོན) རྗེས་ནས་(གོ་སྟོན་)ཡོད་པའི་སྐོར་མང་ཚོགས་ལ་སེམས་གསོ་གནང་དགོས་ཐུག་ཡོད།
ཁ་ཉིན་སྲིད་བློན་མའོ་ཏེ་རྒྱ་ནག་ལ་ཕེབས་སྐབས་དང་བསྟུན། རྒྱ་གཞུང་གིས་བོད་ཐོག<<རྒྱབ་ཤ་དཀར་པོའི་དེབ་>>ཟེར་བ་བཏོན་པའི་ནང་། ཁོ་ཚོས་རྒྱ་ནག་ནང་ན་ཡོད་པའི་གནམ་བདག་ཆོས་ཁང་ཁག་གི་དབུ་བླ་ཝེ་ཊི་ཀན་(Vatican )ནས་བསྐོ་མི་ཆོག་ལུགས་བཙན་བཀའ་གཏོང་བཞིན་པ་ལྟར། ཏཱ་ལའི་ཡང་སྲིད་ཀྱང་རྒྱ་ནག་གི་བདག་དབང་དང་འབྲེལ་བ་ཡོད་ཙང་། ཡང་སྲིད་རྗེས་མ་དེ་གང་ནས་འཁྲུངས་མིན། ཡང་སྲིད་མ་གཞི་ནས་སྲིད་པའི་ཁམས་ལ་ཕེབས་དགོས་མིན། ད་དུང་སྡུག་ས་ནས་བཤད་ན་(ཁོང་ཚང་མི་ཡུལ་ནས་ག་ཚོད་ཅིག་ལ་བཞུགས་ཆོག་མིན་) ཏང་གིས་ཐག་གཅོད་རྒྱུ་ལས། ཏཱ་ལ་ཁོ་རང་ལ་དབང་ཚད་མེད་ལུགས་ཉ་ཉོག་ལུང་པ་གང་བཤད་ཡོད་ལ། ང་ཚོས་གནད་དོན་འདི་ལས་པེ་ཅིན་ལ་ཡང་སྲིད་ཐད་བྲེལ་བ་ལངས་བཞིན་པ་རྟོགས་ཐུབ།
གང་ལྟར་གནས་ཚུལ་ཞིག་ལྷགས་པའི་ཉིན། སྐུ་ཞབས་ཝང་ལི་ཞུང་གི་སྔོན་དཔག་བརྩམས་སྒྲུང་ནང་བཀོད་པ་ལྟར། རྒྱ་གཞུང་གི་ཧུར་བརྩོན་དང་སྐུ་སྒེར་ཡིག་ཚང་གི་ནང་རུལ་གཉིས་བསྡུར་ན། ཏཱ་ལའི་སྐུ་གཤེགས་པའི་གསར་འགྱུར་དང་པོ་ཕྱི་ལ་བསྒྲགས་མཁན་ཡང་པེ་ཅིན་ཡིན་སྲིད་པ་ཁོང་ལ་སེམས་ཁྲལ་བྱུང་འདུག་ལ། ངས་བསམ་ན་དེ་ནི་གཞི་མེད་ཀྱི་སེམས་ཁྲལ་ཞིག་མིན། བཤད་ཚོད་ལ་<<མི་མང་ཉིན་རེ་ཚགས་པར་>>ཁང་གིས་【ཏཱ་ལའི་ནོངས་འགྱོད་ངང་ཡུལ་བྱོལ་ནས་གཤེགས་པའི་】 སྐོར་གསར་འགྱུར་ཡན་ཆད་བྲིས་ནས། ཟླ་ཚེས་གཅིག་པོ་ཁ་སྐོང་བྱ་རྒྱུར་དུས་ཚོད་ཅིག་ལ་བསྒུག་ནས་བསྡད་ཡོད།
ཞི་ཅིན་ཕེན་ཡར་ལ་སླེབས་པ་ནས། ཁོ་དང་ཁོའི་ལས་རོགས་ཚོས་(པེ་ཅིན་པཎ་ཆེན) ལག་སྣེར་མངོན་གསལ་གྱིས་དེད་ཡོང་གི་ཡོད་ཁར། ཉིན་ཤས་གོང་ཞི་པཎ་གཉིས་ཀྱིས་ཐུག་འཕྲད་བྱས་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་པ་སོགས་ལ་གཞིགས་ན། ཞི་ཅིན་ཕེན་གཞུང་གིས་ཏཱ་ལའི་བླ་མ་ཁོང་གི་ལས་རྒྱུན་དང་པོའི་རིང་དག་ཞིང་ལ་ཕེབས་རྒྱུར་གཅིག་གྱུར་ཐོག་ཚོད་བསྒམ་བྱས་ཡོད་པ་བདེན་ཤོས་ཆེ་ལ། དེ་འདྲར་སོང་ཏཱ་ལའི་ཡང་སྲིད་རྒྱ་གར་ནས་འཁྲུངས་འཇུག་མིན་སྐོར། མའོ་ཏེས་རྒྱ་ནག་ལ་གཟིགས་སྐོར་སྐབས་སྔོན་འགྲོའི་ཆ་རྐྱེན་གྱི་ཚུལ་དུ་བཏོན་ནས། ཆབ་སྲིད་ཀྱི་ལྐོག་ཚོང་ཡིད་ཚིམ་པ་ཞིག་བརྒྱགས་དགོས་བསམ་མེད་དམ་སྙམ་ནས་ང་ལ་དོགས་པ་བྱུང་།
དོགས་གཞི་འདིའི་ཁུངས་སྣེ་བཙལ་ན། རྒྱ་གར་ནག་གི་སྲིད་དོན་ཚོང་པ་ཚོས། བོད་ཀྱི་ཏཱ་ལའི་བླ་མ་སྟེ(རྒྱ་གར་ཤར་ལིའི་སྐུ་འདྲ་)རྩ་ཆེན་འདིར་གོང་ཚད་གཅོད་སྐབས། རང་སྟངས་ཀྱི་རིན་ཐང་དང་། དད་དམ་ཙམ་ལས་ལྷག་པའི་ཁྱད་པར་བ་ཞིག་ལ་མཐོང་གི་ཡོད་ལ། དེ་ནི་སྲིད་དོན་ཚན་རིག་གི་བརྡ་སྐད་གསར་བ་འཇམ་པའི་སྟོབས་ཤུགས་(soft power)ཀྱི་འགྲན་རྩོད་ཡིན། དེ་བས་གཞི་རིམ་མང་ཚོགས་ཁྲོད་དཔལ་ཡོན་འགྲེལ་བརྗོད་ཀྱི་འགལ་འདུར་(cultural clash)གདོང་གཏད་ནས་ཡོང་བའི་སྲིད་བློན་མའོ་ཏེས་ལགས་ཀྱིས། རང་གི་ལག་ན་ཡོད་པའི་ཏཱ་ལའི་བླ་མ་གསོན་པོ་ཞིག་དང། ཁོང་གི་ཡང་སྲིད་ཀྱི་རྣམ་ཤེས། ད་དུང་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་དགེ་རྩ་ཚོགས་པ་སོགས། རྒྱ་གར་གྱི་རྨང་གཞིའི་འཛུགས་སྐྲུན་ཆེད། རྒྱ་མིར་ལྕགས་ལམ་བཟོ་ཆེད་ཀྱི་ལྷུ་ལག་འགར་བརྗེ་མི་སྲིད་པ་ང་ལ་ཡིད་ཆེས་ཡོད། གནད་དོན་འདིས་ཐད་ཞི་ཅིན་ཕེན་ཡང་སྲིད་ལ་རྔམ་ནས་མའོ་ཏེར་ཉམས་ཚོད་ལེན་རྒྱུ་དམའ་དྲགས་སོང་།
ཏཱ་ལའི་བླ་མའི་གང་གི་ཡང་སྲིད་ཐད་བཀའ་མོལ་གོ་རྒྱུ་ཅན་ཞིག་གནང་པ་ནི། ཁོང་གིས་”གལ་སྲིད་ངོས་ཀྱི་ཡང་སྲིད་སླར་ཡང་སྲིད་པའི་ཁམས་འདིར་བྱོན་དགོས་ན། ཡང་སྲིད་བྱོན་པའི་དམིགས་ཡིད་སྐུ་གོང་མའི་མཛད་པ་འཕྲོ་ཅན་སྐྱོངས་ཆེད་ཡིན་སྟབས། རྒྱ་དམར་ལག་འོག་ནས་སྐྱེས་ན་དེ་ལྟར་འགྲུབ་རེ་མེད་ཙང་། རང་དབང་ལུང་པ་ཞིག་ནས་ཡང་སྲིད་སྐྱེས་དགོས་པ་ཕྱི་རྐྱེན་གྱིས་ཐག་བཅད་པ་རེད་”ཅེས་སྔ་ས་ནས་གསུངས་ཡོད་ལ། སྐབས་འདིས་རང་དབང་ལུང་པ་གསུང་བ་ཤེས་རིག་གི་རྒྱབ་ལྗོངས་དང་། ས་ཁམས་ཆབ་སྲིད་(Geopolitic)གང་ཐད་ནས་བཤད་ན། ཧི་མ་ལ་ཡའི་རི་ཁུལ་ཞིག་ལ་དམིགས་པ་གཏད་ཡོད་པ་གསལ་བོ་རེད།
གཞན་ཡང་ཕྱི་ལོ་༢༠༡༡ ལ་གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲད་ནས་བགྲེས་ཡོལ་ལ་ཕེབས་མ་ཐག ཁོང་གི་སྐུ་འཁོར་ནང་མ་ཚོས་བྲེལ་ཟིང་ངང་ལས་དོན་གཞན་ཞིག་སྒྲུབ་པ་ནི། དེ་སྔར་བོད་གཞུང་གི་དཀོར་མཛོད་དང་ངོ་བོ་དབྱེར་མེད་ཡིན་པའི་སྐུ་སྒེར་ཡིག་ཚང་དེ། ཟུར་དུ་བླ་བྲང་དགའ་ལྡན་ཕོ་བྲང་གི་མིང་ཐོག་ནས་(ཐེབ་རྩ་ཚོགས་པ་)ཞིག་ལ་བསྒྱུར་བ་དང་། ཚོགས་གཙོ་ཟམ་གདོང་གིས་གནང་གི་ཡོད་ཚོད་རེད་ལ། ཁོ་ཚོས་ཚོགས་པ་དེ་བཞིན་རྒྱ་གར་གྱི་ཁེ་མེད་མཐུན་ཚོགས་ཁུངས་དེབ་སྐྱེལ་བྱས་པ་འདི་ཡིན། དེ་བས་རྒྱ་གར་ནག་གཉིས་ཀྱི་རྒྱལ་དོན་གྲོས་མོལ་ནང་། ཞི་ཅིན་ཕེན་གྱིས་ཏཱ་ལའི་ཡང་སྲིད་ཀྱི་ཚོང་རྟགས་ཁ་དབང་(trade mark)ཐད་ཚིག་འགོ་གླེང་མ་ཐག ཚོང་ལ་དབྱིངས་ཡོད་པའི་མའོ་ཏེས་སེམས་ཁུངས་ནས་གད་མོ་འཆོར་རྒྱུ་ཉག་གཅིག་རེད།
དེས་ཀྱང་ག་ལ་ཚད། ཏཱ་ལའི་བླ་མས་རང་གི་སྐུ་ཚེ་གང་བོར་བོད་རྒྱལ་ཁབ་སླར་གསོ་མ་ཐུབ་རུང་། རྡ་སའི་རི་སྒང་ལ་ཆགས་པའི་བླ་བྲང་ཆུང་ཆུང་འདི་ཚང་། ནང་བསྟན་ཡོངས་ཀྱི་ཝེ་ཊི་ཀན་(Vatican)ཞིག་ཆགས་ན་བསམ་པའི་རྨི་ལམ་སྔོན་ནས་གཏོང་མྱོང་ལ། གོང་ས་སྐུ་ཕྲེང་བཅུ་གསུམ་པས་ཀྱང་དེ་ལྟར་ཐུགས་རེ་འཆང་མྱོང་བ་ཡིག་ལམ་ཁག་ན་མཐོང་རྒྱུ་འདུག སྐུ་ཕྲེང་བཅུ་བཞི་པའི་གནད་དོན་འདིར་དམིགས་བསལ་དོ་ཁུར་བྱས་ཡོད་ལ། ཁོང་གི་ཕྱག་གཡས་པ་དང་གཡོན་པར་བཤད་པའི་བླ་མ་ཟམ་གདོང་གིས། “ནང་བསྟན་དར་སྤེལ་ཐུབ་ཚེ་བོད་མི་རིགས་ཉམས་རྒུད་ཕྱིན་ཡང་སྐྱོན་མེད་”ལུགས་ཁ་བསང་མྱོང་།
ད་ལྟའི་ཆར་ཏཱ་ལའི་བླ་མའི་རྒྱལ་སྤྱིའི་ཤུགས་རྐྱེན་དང་སྙན་གྲགས་ཐད་ནས་བཤད་ན། རི་ངོགས་ཀྱི་ཕོ་བྲང་ཆུང་ཆུང་འདི་ལ་ནང་པའི་ཝེ་ཊི་ཀན་ཞིག་གི་དབང་ཚད་ཡོད་མེད་གང་ལྟར། དེ་འདྲ་ཞིག་གི་ཤུགས་རྐྱེན་ལས་ཡོངས་སུ་བརྒལ་ཡོད། དེ་ན་རྒྱ་གར་ནག་གཉིས་ཀྱི་འཇམ་པའི་སྟོབས་ཤུགས་འགྲན་རྩོད་ཁྲོད། རང་གི་མངའ་ཞབས་ན་ནང་པའི་ཝེ་ཊི་ཀན་ཞིག་ཡོད་ཚེ། དེ་ལ་ནང་པ་ཚོ་ཁ་ལོ་བསྒྱུར་རྒྱུ་ཙམ་ལས་བརྒལ་བའི་ཤུགས་རྐྱེན་ལྡན་ཡོད།
ཡང་ཏཱ་ལའི་བླ་མས་ཝེ་ཊི་ཀན་དང་འབྲེལ་ནས་ནང་པའི་འཇམ་པོའི་སྟོབས་ཤུགས་བཤད་ན། རྒྱ་གར་ནི་ནང་བའི་མགོ་ཁུངས་ཡིན་ཙང་། སྤྱིའི་ཆ་ནས་སྨྲ་སྤོབས་(ultimate authority )ཆེ་བ་ཡོད་པ་བཤད་མ་དགོས་མོད། རྒྱ་ནག་ཡང་ནང་པ་དང་། སྒོས་སུ་བོད་བརྒྱུད་ནང་བསྟན་གྱི་འདུལ་ཞིང་ཆེ་ཤོས་ལ་སོང་། ཞི་ཅིན་ཕེན་གྱི་ཀྲུང་ཧྥ་བསྐྱར་དར་(中华复兴)ལ་ནང་པའི་ཕྱི་ཐིམ་མ་གཡོག་རང་གཡོག་ཡིན་ན། ཁོ་ཚོས་རྒྱལ་ཁབ་ཀྱི་བདག་དབང་ལ་ཁ་གཡར་སྟེ། ཏཱ་ལའི་རྣམ་ཤེས་རྒྱ་འོག་ལ་བཙན་ཁྲིད་བྱ་འཆར་གྱི་གྲབས་གཤོམ་པ་ནི། ཕྱི་ལོག་ན་བོད་ཀྱི་འཐབ་རྩོད་ལ་གསོན་ཤུགས་ལྷག་མ་ཞིག་ཡོད་པ་འདི་རྩ་མེད་གཏོང་རྒྱུ་ཁོ་ནར་དམིགས་པ་མ་ཡིན་པར། ཏཱ་ལའི་ཡང་སྲིད་ལ་བརྟེན་ནས་རྒྱ་ནག་ལ་ནང་པའི་འཇམ་པའི་སྟོབས་ཤུགས་སྤེལ་རྒྱུའི་དམིགས་ཚད་རིང་པོ་ཞིག་ཡོད་ཀྱང་ཆོག
དེ་བས་ཀྱང་གླེང་རིན་ཡོད་པ་ཞིག་ནི། ལོ་འགའ་ཤོས་གོང་ནས་བཟུང་རྒྱ་གཞུང་གིས་ཏཱ་ལའི་བླ་མ་(ཞི་འགུག)བྱ་རྒྱུའི་ཆ་རྐྱེན་ཁུངས་སུ། གལ་སྲིད་ཁོང་གིས་ཕྱི་ལོག་ནས་ཁ་བྲལ་ལས་འགུལ་སྤེལ་ནས་མ་བཞུགས་པར། སྐུ་ཚེ་ལྷག་འཕྲོར་ཏང་དང་རྒྱལ་ཁབ་ཀྱི་ཁ་ལ་ཉན་ཏེ་(མེས་རྒྱལ)བསྐྱར་དར་ལ་ལེགས་སྐྱེས་འབུལ་ཐུབ་ན། བོད་ཀྱི་ཕོ་བྲང་པོ་ཏཱ་ལ། རྒྱ་ནག་གི་རི་བོ་རྩེ་ལྔ། པེ་ཅིན་ན་ཡོད་པའི་འདུ་ཁང་དམར་པོ་སོགས། སྐུ་སྒེར་ཡིག་ཚང་ངམ་(དགའ་ལྡན་ཕོ་བྲང་) ལ་མཆོད་རྒྱུན་དུ་སྦྱར་ཆོག་སྐོར་ནང་ཚགས་ཡིན་མདོག་གིས་ཚུར་བཤད་ཡོད་པའི་བཟོ་འདུག་ལ། ངས་རིག་འདེད་བྱས་ན་རྒྱ་མིས་འདོད་རྔམ་སློང་སྟངས་དེས། བོད་ཀྱི་ཝེ་ཊི་ཀན་གྱི་སྤུག་ན་བཞུགས་པའི་(ཆོས་དར་ན་བོད་མི་དགོས་)གསུངས་མཁན་ཚོ་འགྲམ་ཆུ་ལྡང་རྒྱུ་ངེས་གཏན་རེད། རིམ་པ་འདི་ནས་བཤད་ན། རྒྱ་གར་ནག་གཉིས་ཀྱི་འཇམ་པའི་སྟོབས་ཤུགས་འཕྲོག་རྩོད་ཁྲོད། (ནང་པའི་དགེ་སློང་དཀྱིས་མ) བོད་ཀྱི་ཏཱ་ལའི་བླ་མ་འདི་བ་ཨ་ཅང་ཅང་། གང་གི་ཡང་སྲིད་རིན་པོ་ཆེ་ལའང་ཡུལ་དུས་ལས་བརྒལ་བའི་ནུས་བ་ཁྱད་པར་བ་ཞིག་ཡོད་པ་བཤད་ག་ལ་དགོས།
རེད་དེ། བོད་ཀྱི་སྲིད་དོན་རྐྱང་བ་ནས་བཤད་ན། གང་གི་ཐུགས་སྨོན་ལྟར་”སྙན་གྲགས་ཆེ་བའི་ཏཱ་ལའི་བླ་མ་འདི་ཚང་ཏཱ་ལའི་མཐའ་མ་”དེ་ཡིན་ཐུབ་ན་ཅི་མ་རུང་། མ་གཏོགས་མ་འོངས་པར་རྒྱ་དམར་གཞུང་གིས་(པེ་ཅིན་པཎ་ཆེན་)ལ་གཅུང་བོ་ཏཱ་ལའི་ཟེར་བའི་ཕྲུ་གུ་རྒྱ་མ་བོད་ཞིག་ཁྲིད་ཕྱིན་ཚེ། བཙན་འཛུལ་གྱི་ཐོན་དངོས་ནི་བོད་ཀྱི་དད་བརྟེན་ལ་མི་རུང་ཁར། མི་རིགས་གཉིས་བར་གྱི་འགལ་བའི་མེ་དཔུང་སྒང་སྣུམ་བླུགས་པ་ལས་མ་མཆིས། ཡང་རྒྱ་གར་གཞུང་གི་གཞོགས་འདེགས་འོག རྒྱལ་དབང་དྲུག་པའི་ཕྱག་ཡུལ་མོལ་རྟ་དབང་ནས་ངོ་མཚར་གྱི་ལྟས་དང་བཅས་ཡང་སྲིད་འཁྲུལ་བྲལ་ཞིག་བྱོན་པར་ཆ་བཞག ས་བབ་མི་གཤིས་གང་ཐད་ནས་མོན་ཕྲུག་(ཁ་སེར) ཞིག་གིས་ཞལ་བོད་ལ་ཕྱོགས་ནས་ཆབ་སྲིད་ཀྱི་མཛད་པ་སྐྱོང་རྒྱུར་དེ་ཙམ་ཡིད་ཆེས་དཀའ།
ད་དུང་ཁོང་གིས་སྐུ་གོང་མའི་འོས་འགན་ལྟར་༼འགྲོ་བ་མིའི་བདེ་སྡུག་དང་པོར་བཞགས། ཆོས་ལུགས་ལས་དོན་གཉིས་པ་བྱས། བོད་དོན་ཨང་གསུམ་པར་འཇོག་༽ པའི་སྲོལ་ལྟར། ཚིག་རྐང་མཐའ་མར་བཟོ་བཅོས་ཅུང་བརྒྱབས་ནས། ངོས་རང་རྒྱ་གར་གྱི་མི་སེར་ཡིན་པའི་ཆ་ནས་(རྒྱ་གར་མི་མང་) གི་བདེ་སྡུག་ཨང་གསུམ་པར་བཞགས་ནས་མཛད་པ་སྐྱོང་གི་ཡིན་གསུང་ན། དེ་དུས་བོད་པ་ཚོ་མ་དགའ་རུང་སྡུག་གྱོང་རེད། གཞན་ཡང་། དགེ་ལུགས་ཚང་གི་ནང་ཁུལ་འཐེན་འཁྱེར་ལ་བལྟས་ན་ཡང་སྤྲུལ་གཉིས་གསུམ་ཞིག་གི་རྒྱུ་ཚོགས་བསྐྲུན་ཡོད་ལ། ཉི་མ་དེར་ཡང་སྲིད་ཀྱི་རྐྱེན་པས་སྤྱི་ཚོགས་ཆུང་ཆུང་འདི་ཁ་ཆགས་སྒང་ལ་སྣ་རལ་མི་བཟོ་པའི་ངེས་པ་མེད། སོང་ཙང་གོང་ས་མཆོག་གིས་གང་ཉིད་ཏཱ་ལའི་བླ་མ་མཐའ་མ་དེ་ཡིན་ཆོག་ན་སྙན་པའི་ཐུགས་རེ་འཆང་བ་གསལ་བོ་རེད།
ཆབ་སྲིད་རྐྱང་བ་སྒྲ་དོག་འཇུག་གི་དབང་དུ་བྱས་ན། ང་ཚོས་ཉེན་ཁ་ཞིག་མཐོང་བ་ནི། གོང་ས་ཏཱ་ལའི་བླ་མ་འདི་ཚང་ཅི་ཙམ་ཆེན་པོ་ཆགས་པ་དེ་ཙམ་ཀྱིས། གང་གི་དགོངས་གཞི་(ལམ་དབུ་མ) ངང་ངམ་ཤུགས་ཀྱིས་ས་བསྒྲགས་གནམ་བསྒྲགས་ལ་འགྲོ་གི་ཡོད་ཙང་། གནད་དོན་དེར་བརྟེན་ནས་བོད་རང་བཙན་ཁྲིམས་ཐོག་ལ་དག་འབུལ་བྱ་རྒྱུར་མཐུན་རྐྱེན་ལས་འགོག་རྐྱེན་ཆགས་བཞིན་པ་འདི་ཡིན། གཞན་རྒྱ་གར་ནག་གཉིས་ཀྱིས་ནང་བསྟན་ཤེས་རིག་གི་གཟི་བྱིན་དང་། བླ་མའི་ཡང་སྲིད་ཀྱི་ཆོ་འཕྲུལ། ནང་པའི་ཝེ་ཊི་ཀན་གྱི་དབང་ཤུགས་ལ་བརྟེན་ནས། རྒྱལ་ཁོངས་སོ་སོའི་འཇམ་པའི་སྟོབས་ཤུགས་འགྲན་རྩོད་གནང་གི་ཡིན་ཟེར་ན། ང་ཚོ་མོན་ཆང་ཞིམ་པོ་རེ་བཏུང་ཞོར་ཟུར་དཔང་པ་ཞིག་གི་ངོ་བོ་ནས་དཔྱད་འདེམས་བྱས་ཆོག མ་གཏོགས་ང་ཚོ་འཐབ་རྩོད་དེས་ཁྲོད་ལ་དངོས་སུ་ཞུགས་རྒྱུ་མིན། གང་ཡིན་ཟེར་ན་བོད་མི་རིགས་འདི་བླ་མའི་ཆབ་སྲིད་ཀྱི་ཆོས་སྲིད་ཟུང་འབྲེལ་འོག་འདུག་ཡུན་རིང་དྲགས་སོང་། ད་ནི་ང་ཚོ་བོད་པ་རང་གི་སུང་ཀྲོང་ཧྲན་དང་། ངྒན་དྷི། ནན་ཟིན་མན་ཏི་ལ་སོགས་གསར་བརྗེ་བ་རྣལ་མ་རེ་འཚོལ་བར་འགྲོ་རན་ཡོད།
མཐའ་དོན། གོང་ས་ཏཱ་ལའི་བླ་མས་བོད་མི་རིགས་ཡར་ལ་ལངས་དགོས་ན། ང་མེད་པ་ནང་བཞིན་བསམ་བློ་ཐོངས་ཞེས་ཡང་ཡང་གདམས་མྱོང་། ང་ཚོར་བླ་མས་དབུ་ཁྲིད་མེད་ན་རྒྱ་ཤོར་དམངས་སྡུག་གི་ཁ་མཚམས་འདིར་འགྱེལ་ས་ནས་ལངས་མི་ཐུབ་ཟེར་མཁན་དང་། ཁ་མེད་མུག་ལ་གོམས་པའི་མི་སྐོར་ཞིག་གིས་ཏཱ་ལའི་བླ་མ་མེད་ན་བོད་དོན་ངང་གིས་རྫོགས་འགྲོ་བ་རེད་ཟེར་མཁན་ཡང་ཡོད་ལ། གང་ལྟར་དུས་རབས་འདིའི་བོད་དང་བོད་མིའི་སྣང་ངོར་ཏཱ་ལའི་བླ་མ་ཡལ་བ་མེད་པར་གནས་ཡོད་པ་དེར་རྩོད་གཞི་མེད་ཙང་། ང་ཚོས་ཀྱང་་ཨོ་ལོ་མ་ངུ་གཉིད་ལ་བསྡོད། གྱ་སྟོན་རྗེས་ན་གོ་སྟོན་ཡོད་ཅེས་སྨོན་པའི་རེ་ཁ་རླུང་ལ་སྐུར་ཞོར། མ་འོངས་ལས་དོན་བྱ་ཕྱོགས་ཐད་སྔ་ས་ནས་ཏཱ་ལའི་བླ་མ་མེད་པ་ནང་བཞིན་བསམ་བློ་གཏོང་མཁན་མི་སྐོར་ལོག་རེ་འགའ་ཡོད་པའི་དབང་དུ་བྱས་ན། ང་རང་ཡང་དེ་ཚོའི་ནང་གི་གཅིག་ཡིན།།
༢༠༡༥/༦/༢༨ལ་རྡ་ས་ནས་བྲིས།
རྩོམ་པ་པོའི་ཟུར་མཆན: [རྒྱ་གར་མཁས་པའི་གླེང་སྟེགས་ <> Where Will The Dalai Lama Reincarnate? ཞེས་པའི་དུས་དེབ་ངོས་ནས། གྱ་སྟོན་སྐོར་ལ་ཆེད་རྩོམ་ཞིག་འབྲི་རྒྱུར་སྐུལ་མ་གནང་བ་ལྟར། ཉིན་ཤས་རིང་རྩོམ་ཡིག་འདི་བམ་འབྲི་བྱས་པ་དང་། སྐུ་ཞབས་ཉིད་བྱེད་ལགས་ཀྱིས་བསྒྱུར་ནས་གོང་གསལ་དུས་དེབ་དང་དྲ་གནས་ཐོག་བཏོན། འོན་ཀྱང་། ཤོངས་ཚད་དབང་གིས་རྒྱས་བསྡུས་འཚམས་པ་ཞིག་དགོས་ཁར། ཕྱི་མི་ཀློག་པ་པོ་དག་ལ་ནང་གནས་མང་པོ་བཤད་ན་དང་པོ་ནས་ཉོབ་འགྲོ་བར་བསྟེན། དབྱིན་འགྱུར་དེ་མ་རྩོམ་འདི་བཞིན་ཞིབ་པ་དང་རྒྱས་བ་བྱུང་མེད་ལ། དབྱིན་རྩོམ་སྤེལ་མཚམས་བོད་ཡིག་ཐོག་འདོན་རྒྱུར་དོ་སྣང་ཅན་འགས་རེ་སྐུལ་བྱུང་བས། དབྱིན་རྩོམ་ནང་གི་བོད་ལ་རྒྱས་བཤད་མ་དགོས་པའི་གནད་དོན་ཁག་ཅིག་ཉུང་འཕྲི་བྱས་ཐོག བོད་པའི་ཁམས་དང་མོས་པར་བརྟེན་ནས་བྲོ་སྨན་དང་སྐེག་ཚོས་ཅུང་བྱུགས་ཏེ་བསྐྱར་བསྒྲིག་བྱས་ཡོད]
ཨ་ཚོགས་ཀླུ་མཁར་གྱི་རྩོམ་ལ་ངོ་མ་རིན་ཐང་ཡོད་འདུག བོད་པ་ཚང་ལ་འདི་ལྟ་བུ་གྲ་སྒྲིག་དགོས།
བསམ་གཞིགས་བྱས་པའི་སྐད་ཆ་རེད་མོད་་་་ཟམ་གདོང་བ་འཁོར་བཅས་ལ་དེ་ཙམ་མི་འཕྲོད་ན་ཐང་་་་
ཨ་ཚོགས་ཀླུ་སྒར་རང་རེད་། མོན་ཡུལ་གྱི་ཆང་ལ་རྔམ་ནས་གྱ་སྟོན་དང་དགུ་སྟོན་འདྲ་བཤད་ནས་སྡོད་། གོང་ས་མཆོག་གི་ཡང་སྲིད་སྐོར་ལ་ང་ཚོ་མི་ལས་ལྷག་པའི་སེམས་ཁྲལ་ལྷ་ལ་ཡོད་རེད་། འོན་ཁོང་འཕགས་པ་སྤྱན་རས་གཟིགས་མིའི་ཤ་ཚུགས་སུ་ཕེབས་ཙང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་མདུན་དུ་དམ་བཅའ་བ་དེ་དག་གི་གྱ་ལས་མ་འགལ་བའི་འགན་དེ་གོང་ས་མཆོག་གི་བཞེས་དགོས་པ་བོདམི་རིགས་དང་ནང་པ་ཡོངས་ནས་ལས་རྒྱུ་དང་བྱེད་རྒྱུ་ཡོད་པ་ཁྱེད་ཀྱི་སྟོན་རྒྱུ་ཡོན་ན་ད་སྟོན་དགོས་པའི་དུས་ལ་སླེབ་མེད་པ་ཡིན་ནམ་།
ངོ་མ་ཡག་པོ་བྲིས་གདའ་ཐུགས་རྗེ་ཆེ།
༼“ནང་བསྟན་དར་སྤེལ་ཐུབ་ཚེ་བོད་མི་རིགས་ཉམས་རྒུད་ཕྱིན་ཡང་སྐྱོན་མེད་”ལུགས་ཁ་བསང་མྱོང་།༽
ངོ་མ་དུས་སྐབས་འདི་འདྲའི་གཉན་འཕྲང་གི་སྐབས་སུ་རྩོམ་པ་པོ་འདི་འདྲ་བ་ཞིག་ཡོད་ཀྱང་ནོར་བུ་རང་ལག་ཏུ་ཡོད་ཀྱང་ནོར་ཉམས་མ་ཆོད་ཅེས་པ་ལྟར་བོད་མི་ཚོས་ཀླུ་མཁར་བྱམས་སྨྱོན་པ་རེད་ལྟ་ལོག་རེད་དམར་ཤོག་རེད་ཅེས་ཟེར་ནས་དམོད་ནས་མཐུ་བཟློག་བྱེད་ཀྱི་རེད། གོང་གསལ་གསུང་དེ་ངོ་མ་ལག་ལེན་དུ་བསྟར་ཡོང་གི་འདུག ནང་བསྟན་འཛམ་གླིང་གང་སར་དར་ན་བོད་དོན་མེད་ཀྱང་འགྱོད་སེམས་མེད་པའི་ལྟ་ཚུལ་ཞིག་གཏན་གཏན་འདུག བཙན་བྱོལ་སྒྲིག་འཛུགས་ཀྱིས་འགྲོ་གྲོན་མང་ཤོས་གཏོང་ས་དེ་ཡང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་རེད། དཔེར་ན། དགེ་སློང་མ་ཡི་སྐོར་གཅིག་པོར་ཚོགས་ཆུང་ཟུར་འཛུགས་ཀྱིས་མི་ལོ་མང་པོའི་རིང་ལ་ཉམས་ཞིབ་ཀྱིས་འགྲོ་གྲོན་ཕངས་མེད་བཏང་ཡོད། བོད་དོན་ཆབ་སྲིད་ཀྱི་སྐོར་ལ་ལས་རིམ་དེ་འདྲ་བྱས་པ་གོ་ཐོས་ཀྱང་དཀོན་ལོར་གྱུར་ཡོད། ངོ་མ་བྱས་ན་བོད་དོན་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འདོད་དོན་ཞིག་ཡིན་ཅིང། ནང་བསྟན་ནི་བོད་མི་ནང་བསྟན་རྗེས་འཇུག་པའི་གནད་དོན་ཞིག་ལས་ནང་པ་མིན་པའི་བོད་མི་འབུམ་ཕྲག་མང་པོའི་གནད་དོན་ཞིག་ཆགས་མེད། ང་ཚོས་བོད་མི་ཐམས་ཅད་ནང་པ་ཡིན་པའི་བསམ་བློ་འཁྱེར་ནས་མགོ་དབུ་ཁྲིད་ནས་འཇུག་ཇ་མ་ཡན་གྱིས་མ་ཎི་འདོན་མཁན་ཐམས་ཅད་ཀྱི་དོན་དུ་ཞེས་པ་ལས། བོད་མི་ཙམ་ཟན་ཐམས་ཅད་ཀྱི་དོན་དུ་ཞེས་པའི་ཚིག་འདི་བེད་སྤྱོད་བྱེད་ཀྱི་མེད། ཀླུ་མཁར་བྱམས་ཁྱེད་ལྟ་བུ་ཞིག་བོད་མིའི་མགོ་ཁྲིད་ཅིག་ཏུ་མགྱོགས་མྱུར་འབྱུང་བའི་སྨོན་ལམ་དང་རེ་བ་ཞུ་གི་ཡོད།
རྒྱུ་མཚན་དང་གནས་ལུགས་འཚོལ་བའི་མི་བུ་རང་ཚུགས་ཅན་གྱི་ངར་སྐད་ཞིག་གོ ། །
ཀླུ་མཁར་བྱམས་ལ་མངོན་པར་བསྟོད། རྡ་སའི་རི་ངོགས་ན་བོད་ཀྱི་མི་ལོ་སུམ་བཞི་བརྒྱར་ཉེ་བའི་རིང་ག་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་འདས་པའི་ལོ་རྒྱུས་དང་མ་འོངས་པའི་མདུན་ལམ་གླེང་བའི་རྩོམ་ཡིག་འདི་འདྲ་འབྲི་ཐུབ་པའི་ཁོར་ཡུག་ཡོད་པ་ལས་སྤྱིར་བོད་མི་མང་གི་གུ་ཡངས་དཀྱེལ་ཆེའི་རང་གཤིས་མཚོན་གྱིན་འདུག ཉེ་སྔོན་ ladyboy མ་རི་ཁོའི་སེམས་ཚོར་འཛེམས་མེད་དུ་གླེང་བ་སོགས་ཀྱང་ང་ཚོའི་མི་མང་གི་བསམ་བློ་གུ་ཡངས་དཀྱེལ་ཆེར་འགྱུར་བཞན་ཡོད་པའི་མཚོན་རྟགས་བླ་ན་མེད་པ་ཞིག་རེད་བསམ་གི་འདུག པེ་ཅིང་གཞུང་གིས་ལས་སྟངས་བྱ་སྟངས་མང་པོ་ཞིག་ཏཱ་ལའི་བླ་མ་ལ་མིག་དཔེ་ལྟ་གི་འདུག ཏཱ་ལའི་བླ་མ་པོ་ཏཱ་ལ་དང་ཁ་བྲལ་ནས་མི་ལོ་ལྔ་བཅུ་ལྷག་འདས་ན་ཡང་ཏཱ་ལའི་བླ་མའི་ནུས་ཤུགས་དེ་དཔེ་མི་སྲིད་པ་ཞིག་འདུག བོད་མི་མང་རྒྱལ་གྱུར་ཅིག ཏཱ་ལའི་བླ་མ་རྒྱལ་གྱུར་ཅིག ཀླུ་མཁར་བྱམས་རྒྱལ་གྱུར་ཅིག
ཕྱོགས་གཏོགས་པ་ཚོའི་གླུ་མཁར་བྱམས་ལ་སྟོད་ནས་འཆན་འདེབས་གནང་བར་ཐུགས་རྗེ་ཆེ། གོང་ས་མཆོག་གི་ཡང་སྲིད་དེ་གང་དུ་ཕེབས་དགོས་མིན་དང་ག་འདྲ་ཞིག་ལ་ཕེབས་དགོས་་མིན་དང་ཕོ་མོ་གང་ལ་ཕེབས་དགོས་མིན་དང་གནས་དང་ཡུལ་གང་དུ་ཕེབས་དགོས་མིན་མི་རིགས་ག་འདྲ་ཞིག་ཏུ་ཕེབས་དགོས་མིན་དང་འགྲོ་དོན་གང་འདྲ་བྶ་ནས་སྐྱོང་དགོས་མིན་སོགས་གོང་ས་མཆོག་གི་གཟིགས་དགོས་པ་ལས་སུ་གཅིག་གི་ལུང་བསྟན་གནང་མི་ཐུབ་ན་སྨྱོ་ལབ་རྒྱབ་ནས་དུས་ཚོད་མ་སྐྱལ་རོགས་།
ཞབས་ནས་འབང་དད་གུས་མི་སེར་མེད་ན་སྤྲུལ་སྐུ་ཟེར་བ་དེ་ཕ་རིའི་སྤང་རྒྱན་རེད།། གོང་ས་མཆོག་ནས་ཀྱང་བོད་མིར་དགོས་པ་ཡོད་ན་མུ་འཐུད་ནས་ཡང་སྲིད་འབྱོན་གྱི་རེད་ཅེས་གསུངས་ཡོད།
ཡང་སྲིད་ཟེར་བའི་ལམ་ལུགས་འདི་ཆབ་སྲིད་ཀྱི་དགོས་མཁོ་འབའ་ཞིག་ཡིན་པ་རྩོམ་ཡིག་འདི་དང་མཆན་དེ་དག་ལས་ཀྱང་གསལ་པོ་མངོན་ཐུབ་ཀྱི་འདུག ད་གང་དྲགས། བོད་ཟེར་བའི་དད་པ་ཅན་འདི་ནམ་ཞིག་རྨི་ལམ་ཟ་ཟི་འདི་ལས་སད་ཐུབ་བམ།
མཁས་དབང་ཀླུ་མཁར་བྱམས་ཀྱིས་“ཏཱ་ལའི་བླ་མས་རང་གི་སྐུ་ཚེ་གང་བོར་བོད་རྒྱལ་ཁབ་སླར་གསོ་མ་ཐུབ་རུང་། རྡ་སའི་རི་སྒང་ལ་ཆགས་པའི་བླ་བྲང་ཆུང་ཆུང་འདི་ཚང་། ནང་བསྟན་ཡོངས་ཀྱི་ཝེ་ཊི་ཀན་(Vatican)ཞིག་ཆགས་ན་བསམ་པའི་རྨི་ལམ་སྔོན་ནས་གཏོང་མྱོང་ལ།”ཞེས་གསུངས་འདུག་མོད།༧སྐྱབས་མགོན་རིན་པོ་ཆེ་དེ་འདྲ་ཁ་ཁོག་མི་མཚུངས་པའི་མི་ཧམ་ཆེན་དེ་འདྲ་ད་ཨེ་ཡིན་ནམ།
དེ་ནས་ཡང་མཁས་དབང་ཁོང་གིས་“གོང་ས་སྐུ་ཕྲེང་བཅུ་གསུམ་པས་ཀྱང་དེ་ལྟར་ཐུགས་རེ་འཆང་མྱོང་བ་ཡིག་ལམ་ཁག་ན་མཐོང་རྒྱུ་འདུག”ཅེས་གསུངས་འདུག་པས།ལོ་རྒྱུས་གང་གི་ནང་གསུང་འདུག་ངེས་པར་དུ་དེབ་དང་ཤོག་ངོས་དང་བཅས་པ་བསྟན་རོགས་ཞུ་མ་གཏོགས།ད་བར་མཁས་དབང་ཁྱེད་ནས་ཁུངས་ལུང་གཏན་ནས་མེད་པ་ཇ་ཁ་ཆང་ཁའི་དཀྲོག་གཏམ་དང་འཆལ་གཏམ།ཡིག་རྫོབ་ཆེ་ལ་དག་ཆ་མེད་པ།ཚིག་སྦྱོར་ནི་བོད་གོས་གྱོན་པའི་རྒྱ་མི་གུང་བྲན་པ་འདྲ་བོ་ཞེ་གཅིག་སྤེལ་སོང་བས།ཉིད་ཀྱི་བཀའ་སློབ་དེ་ཚོར་ཡིད་ཆེས་རྒྱུ་ཧ་ཅང་དཀའ་ལགས།།
རྩོམ་ཡིག་འདིའི་ནང་དོན་ཧྲིལ་གྱིས་བསྒྲིལ་ན་ཧ་མི་གོ་རྒྱུ་དེ་ཙམ་མི་འདུག།༧རྒྱལ་བ་རིན་པོ་ཆེས་སྐུ་རྩེད་ཙམ་གནང་བར་ཁ་གཡར་ཏེ་༧སྐུ་མདུན་ཞིང་ལ་ཕེབས་དགོས་རེད་མདོག་མདོག་ལབ་འདུག་ག།དྲ་འབུ་ཁ་ཤས་ཀྱིས་དེ་ཙམ་ཡང་ཧ་མ་གོ་བར་ཕ་མགོ་དྲུང་ནས་བཅད་ཀྱང་འབུ་ནག་གར་ཁྲབ་ཀྱིས་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་འདྲ་མྱོང་གིན་གདའ།
༢༠༡༡ལོར་ཆོས་ཚོགས་སྐབས་སུ་༧གོང་ས་ཆེན་པོས་ཡང་སྲིད་སྐོར་ལ་ག་དུས་སེམས་ཁྲལ་བྱེད་དགོས་མིན་གསལ་ཐག་ཆོད་གསུངས་སོང་ང་།ཁོང་གིས་“ད་ལྟའི་གནས་སྐབས་སུ་ཡང་སྲིད་སྐོར་ལ་སེམས་ཁྲལ་བྱེད་དགོས་མ་རེད།མ་འོངས་པར་༧ངོས་རང་༧རྗེ་དགེ་འདུན་གྲུབ་ཀྱི་དགུང་ནའི་བབས་ལ་སླེབས་དུས།ཡང་སྲིད་གང་འདྲ་དགོས་མིན་ཡོངས་གྲགས་ཐག་གཅོད་ཅིག་བྱེད་ཆོག་གི་རེད་གསུངས་སོང་།༧རྗེ་དགེ་འདུན་གྲུབ་དགུང་ལོ་༨༤ལ་བཞུགས་ཡོད་པ་རེད་མོད།ང་ཚོའི་སྤྱི་ཚོགས་ནང་གི་ང་མཁས་དབང་མང་པོ་དེ་ཙམ་ལའང་འཁྲུག་ཐེབས་ཏེ་དགུང་ལོ་༨༠ནོར་མཁན་མང་བས།གཅིག་བྱས་ན་ཀླུ་མཁར་ཀྱང་དེ་འདྲས་འདྲོགས་འགོ་ལངས་པ་ཡིན་སྲིད་སྙིང་རྗེ།
ཀླུ་མཁར་ལགས་ང་ཚོས་༸གོང་ས་མཆོག་གིས་ང་མེད་པ་ནང་བཞིན་བསམ་བློ་ཐོངས་ཞེས་ཡང་ཡང་གདམས་མྱོང་བས་ང་ཚོས་ཀྱང་དེ་ལྟར་བྱེད་དགོས་པའི་བསམ་ཚུལ་གསུངས་པར་ཐུགས་རྗེ་དང་རྒྱབས་སྐྱོར་ཡོད་་་འོན་ཀྱང་རང་གི་འགོ་འཁྲིད་དང་སྒྲིག་འཛུགས་དེ་བཞིན་དགའ་ལྡན་ཕོ་བྲང་སོགས་ལ་མི་འདོད་པའི་དོན་མེད་བཀའ་མོལ་མང་པ་མ་གསུང་ན་ཟངས་བ་མེད་དམ་་་་་་་་་་གལ་སྲིད་སྐུ་སྒེར་ཡིག་ཚང་དང་སྒྲིག་འཛུགས་སོགས་ནང་སྐྱིན་བྱེད་མཁསན་ཡོད་ན་ཁ་ཐུག་མིང་བཏོན་ནས་གསུང་དང་སྤྱི་སྒེར་ཚང་མར་ཕན་ཐོག་ཆེ་་་་་ཡིན་ནའང་ང་མི་ཧ་ཅང་དོག་པ་ཚ་པོའི་སྐད་ཆ་ལ་དེ་ཙམ་ཡིད་ཆེས་ཀྱང་བྱེད་ཀྱི་མེད་དགོངས་པ་མ་ཚོམས་་་་
སྐུ་རྩེད་དང་། དངོས་གནས་གཉིས་གོ་ནོར་ཐེབས་པའི་གཏམ་འཆལ་རེད་འདུག
ཁྲི་རལ་བ་ཅན་གྱིས་རྩོམ་ཡིག་འདིའི་བསྟན་དོན་དང་། དེ་ལས་འཕྲི་བའི་ལམ་ལས་ལྡོག་སྟེ་ལམ་སེང་རྩོམ་པ་བོའི་སྒང་ལ་ནག་ཉེས་འཛུགས་ཐབས་དང་རུལ་དྲི་ཁ་བའི་བསམ་ཚུལ་དེ་འདྲའི་སུ་གང་ཕན་མེད་པ་ཤེས་རན་རེད།
ཆབ་སྲིད་པའི་དཔྱད་རྩོམ་དང་། ཆོས་ལུགས་པའི་མཆོད་བསྟོད་གཉིས་སོ་སོར་དབྱེ་ཤེས་ན་སྤྱི་ཚོགས་དང་བསྟུན་ཤེས། དེ་མིན་ད་དུང་བོད་འདི་རྗེས་ལུས་ཀྱི་དབང་འོག་ཏུ་འགྲོ་སྟེ་མཐར་བོད་མི་རིགས་འདི་རྣམས། ཤར་པ་དང་། རྟ་དམག་ལྟ་བུ་མི་ཆགས་པའི་ངེས་པ་སུ་ལ་ཡོད་དམ།
ཐེངས་འདིར་ཉམས་ཞིབ་པ་ཨ་ཚོགས་གླུ་མཁར་བྱམས་སྲིད་སྐྱོང་དུ་ལངས་ནས། བཙོན་བྱོལ་བོད་མའི་གནས་བབས་ཕྱོགས་གང་སར་ཞིབ་བཤེར་ཞིག་བྱེད་ཐུབ་པའི་རེ་བ་ཡོད། དེ་མིན་སྐད་ཆ་ཚང་མ་གཅིག་པ་སྙན་པོ་བཤད་སྡོད་མཁན་རྐྱང་རྐྱང་ལངས། འགྲོ་སོང་འཕྲོ་བརླགས་དང་། མི་མང་ལ་དཀའ་ལས་ལས་གཞན་མི་འདུག
http://www.tehelka.com/where-will-the-dalai-lama-reincarnate/#.VZdkpSBOTwI.facebook
ོབོད་མི་རིགས་མེད་ན་ནང་བསྟན་ཇི་ཙམ་དར་ཀྱང་དངུལ་བཟོ་ཐུབ་ཙམ་ལས་གཞན་གང་ཡང་མི་ཡོང་། ནང་བསྟན་དར་རྒྱས་ཡུ་གནས་ཐུབ་པ་ལ་བོད་མི་རིགས་འཚོ་དགོས་པ་དང་བོད་མི་རིགས་འཚོ་ཐུབ་པ་ལ་རང་ས་རང་སྲུང་དེ་གལ་ཆེན་ཡིན་པ་ནམ་ཡང་བརྗེད་མི་ཉན་།
མཁས་དབང་ཀླུ་མཁར་བྱམས་ཀྱི་དཔྱད་རྩོམ་དེ་རང་མིང་གྲགས་རྒྱུའི་རྩོམ་ཡིག་ཙམ་ལས་ཆོས་སྲིད་ལ་གོ་རྟོགས་ཐུབ་པའི་ཁྱད་ཆོས་དང་ནུས་པ་གང་ཡང་མཐོང་མ་སོང་།
བླ་མ་ཟམ་གདོང་གིས། “ནང་བསྟན་དར་སྤེལ་ཐུབ་ཚེ་བོད་མི་རིགས་ཉམས་རྒུད་ཕྱིན་ཡང་སྐྱོན་མེད་”ལུགས་ཁ་ བསང་མྱོང་།
སྲིད་སྐྱོང་ལ་བཞེངས་པར་བྱེད་པ་ལ་ཆ་རྐྱེན་ཁ་ཤས་དགོས་ཀྱི་རེད་བསམ། ༡༽ མགོ་གཉིས་ལྕེ་གཉིས་འཁྲབ་ཐུབ་པ། ༢༽ བོད་དོན་ལས་ཆོས་ལུགས་རྨོངས་དད་ལ་དགའ་ཞེན་ཆེ་བ།༣༽ བོད་མི་རིགས་ཀྱི་གནས་བབ་ལས་ནང་བསྟན་དར་སྤེལ་ལ་བརྩིགས་ཆེར་འཛིན་པ།༤༽ ༧ གོང་ས་མཆོག་གིས་བཀའ་གང་གནང་ལ་བཤར་བསྐྱོད་བྱེད་ཐུབ་པའི་ཁས་ལེན།༥༽ རང་བཙན་ལྟར་བཟུང་ལ་དགྲར་ལྟས་ནས་དབུ་མའི་ལམ་ལ་མོས་འདུན་ཡོད་པ།༦༽ བོད་མི་རིགས་ལས་རྒྱ་མི་རིགས་ལ་མཛའ་འབྲེལ་ཆེར་འཛིན། ཆ་རྐྱེན་དེའི་རིགས་མ་ཚང་ན་སྲིད་སྐྱོངས་ཀྱི་འོས་མིར་བཞེངས་ཀྱང་འགྲོ་སོང་ཆུད་ཟོས་སུ་འགྲོ་རྒྱུར་ངེས་པ་རེད།
ཨ་ཚོགས་ལགས་ཀྱི་སྐོར་སྔར་ནས་ཐོས་མྱོང་རུང་། མི་གཤིས་དང་བསམ་ཕྱོགས་ཇི་ཡིན་དོ་སྣང་དེ་ཙམ་མ་བྱུང་ལ། མང་པོ་ཞིག་གིས་ཨ་ཚོགས་ལགས་སེམས་པ་ཐང་ཐང་མིན་པ་དང་། ལྟ་ལོག་ཡིན་པའི་འགྲེལ་བརྗོད་སྣ་ཚོགས་ཤིག་འདུག་ཀྱང་། ཚོགས་པ་ག་གེ་མོའི་ལས་སྣེ་གལ་ཆེའི་གྲལ་དུ་ཡོད་པའང་གོ་མྱོང་། དེས་ན་མི་ཐང་ཐང་མེད་པ་ཞིག་ཚོགས་པ་ཞིག་གི་ལས་སྣེར་ཇི་ལྟར་སླེབས་པར་བློ་རྩེ་གཉིས་སུ་འགྱུར་བ་དེ། ད་ཐེངས་ཀྱི་དཔྱད་རྩོམ་ཡ་མཚན་པ་འདིས་དྭོགས་པ་ཡོངས་བསལ་བར་གྱུར། བགྱི་ན་བ་ཁ་བརྡ་ཚང་ལ་ཞུགས་པ་ནས་རྩོམ་ཡིག་གང་རུང་ཨ་ཚོགས་ཀྱི་དཔྱད་རྩོམ་འདི་བ་མ་གཏོགས་ཚར་གཉིས་ཀློག་དགོས་མ་བྱུང་། ཨ་ཚོགས་ཐང་ཐང་མེད་པ་དང་ལྟ་ལོག་ཡིན་པའི་སྒྲུབ་བྱེད་དུ། བོད་དོན་ཐད་༸གོང་ས་མཆོག་གི་དགོངས་གཞི་དང་མ་མཐུན་པ་ཙམ་དུ་ཟད། དེས་ན་༸མགོ་གཉིས་མ་དང་། ཐ་ན་༸གོང་ས་མཆོག་གི་༸སྐུ་ཕྱྭར་བདོ་བ་དག་ས་གང་ན་འཇོག་གམ་སྙམ་པ་ཨ་ཚོགས་ལགས་ཀྱི་བསམ་བློར་རྒྱབ་སྐྱོར་གྱི་ཚུལ་དུ་ཡིན། འོན་ཀྱང་ཨ་ཚོགས་ལགས་སུ་ཞུ་འདོད་པ་ནི། ༸སྐུའི་ཡང་སྲིད་དགོས་དབང་གིས་རྒྱ་ནག་དང་རྒྱ་གར་ཁོངས་ཧི་མ་ཡ་ལའི་རི་རྒྱུད། བལ་ཡུལ། ཡོ་རོབ། ཨ་རི་སོགས་གང་དུའང་འཁྲུངས་སྲིད་ཅིང་འཁྲུངས་ཆོག་ལ། ཡུལ་ལུང་དེ་དག་ཏུ་འཁྲུངས་ཀྱང་གང་གི་གདུལ་ཞིང་མི་འདོར་བ་ནི། ༸གོང་ས་སྐུ་ཕྲེང་བཞི་པ་མཆོག་ལྟ་བུ་ཡིན་ལ། གལ་ཏེ་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་ཟད་དེ། བོད་དོན་བདེན་མཐའ་མི་གསལ་བར་༸གོང་ས་མཆོག་དགོངས་པ་གཞན་དོན་དུ་གཏད་དེ། མོན་རྟ་དབང་གཙོས་ཧི་མ་ལ་ཡའི་རི་རྒྱུད་དུ་༸སྐུ་བལྟམས་དབང་དུ་བྱས་ནའང་། ཡུལ་དེ་དག་ཏུ་བཞུགས་པའི་བོད་མིའི་གཤའ་མའི་ཁྱིམ་དུ་འཁྲུངས་ཆོག་ལ། ཡིན་གཅིག་རྒྱ་གར་མི་སེར་ཡིན་མི་དགོས་ཁར། བོད་མིའི་གཞིས་ཆགས་ཁག་ཏུའང་འཁྲུངས་སྲིད་པས། དེར་དོགས་སློང་དང་ཐེ་ཚོམས། སེམས་ཁྲལ་དགོས་གལ་ཆེར་མ་མཐོང་ཡང་། བོད་ཀྱི་བདེན་དོན་༸གོང་ས་མཆོག་༸སྐུ་སྒེར་གྱི་གནད་དོན་མིན་པར་ར་སྤྲོད་ཐུབ་མཁན་གྱི་མི་འཇོན་པོ་སྐོར་ཞིག་གོ་ལའི་སྲིད་སྟེགས་ཐོག་ཐོན་པ་ཡིན་ན། གུང་ཁྲན་ཏང་གིས་༸སྐུའི་ཡང་སྲིད་རྩོད་མི་སྲིད་ལ། ༸གོང་ས་མཆོག་གི་ཐུགས་བཞེད་ཀྱང་དེ་ཡིན་ཕྱིར། ལོ་རྒྱུས་ལྡན་པའི་སྲིད་དབང་མི་མང་ལ་གསོལ་སྩལ་བཀའ་དྲིན་ཆེ་བ་དེ་ཡིན་ནོ། །
ང་ཚོར་ཁོང་ལྟ་བའི་སྲིད་སྐྱོང་དགོས་ངེས།
གོང་ས་མཆོག་གི་ཡང་སྲིད་སྐོར་ལ་གོང་ས་མཆོག་
ནས་དུས་ཚོད་སྨིན་མཚམས་བཀའ་གསལ་པོ་ཕེབས་
སྲིད་པ་ལས་སུ་གཅིག་གི་མ་འོང་ལུང་བསྟན་གནང་
མི་ཐུབ་པ་ངའིཚིག་ཐག་བཅད་ནས་བཤད་ཐུབ་།
དུས་ཚོད་མི་འཁྱོལ་བའི་དྲ་འབུ་ཚོ་སྨྱོ་ལབ་རྒྱབ་ནས་
དུས་ཚོད་འཕྲོ་རླག་མ་བཏང་ན་ཡག་གི་མ་རེད་དམ་།
ཡང་ཨ་ཚོགས་ཀླུ་གར་བྱམས་སྨྱིང་འདུག ཞོར་ལ་ཚད་ལྡན་གྱི་སློབ་གསོ་ཐོབ་མ་མྱོང་ཞིང་སྐད་ཡིག་མི་ཤེས་པའི་ཨ་མདོའི་གྲ་བ་དང་གྲ་ལོག་སྐོར་ཞིག་སྨྱོས་འདུག འདི་དག་ལ་གསལ་བཤད་གོ་བསྐོན་ལས་ཁྱི་ཕག་སྤྱོད་པའི་དབྱུག་པ་མི་དྲག་གམ།
རྨོངས་གཉིད་ལས་མ་སད་པའི་མི་ཚོས་དུས་རབས་དང་མཐུན་པའི་ལྟ་བ་གསར་པ་སྤྱོད་པ་གསར་པ་ལམ་བུ་གསར་པ་མདོར
ན་ལུགས་སྲོལ་ཞེས་རྙིང་པ་ཐམས་ཅད་ཡག་དག་གསར་པ་ཐམས་ཅད་ནོར་བར་བརྩིས་ནས་་་་་བོད་མི་བསམ་བློ་བ་རྩོམ་པ་པོ་སྲིད་དོན་པ་མང་པོ་ཞིག་ལ་སྨྱོན་པ། རྒྱ་དམར་རྒྱུགས་ཁྱི། ལྟ་ལོག་པ། རྩ་མ་ཚང་བ། ལས་སོགས་ཀྱིས་མིང་ངན་འདྲ་མིན་བཏགས་ནས་སྤྱི་ཚོགས་ནས་རྒྱང་འབུད་བཏང་ནས་སྔ་དུས་སུ་ཟླ་བ་ནོར་བུ་དང། ད་དུས་སུ་འཇམ་དབྱངས་ནོར་བུ་དང་ཀླུ་མཁར་འབྱམས་ལས་སོགས་སྨྱོན་པར་བཟོས་པ་དང་ད་དུང་བཟོ་རྩིས་བྱེད་པ་འདི་ངོ་མ་ཡིད་སྐྱོ་བ་ཞིག་རེད། སྔ་དུས་སུ་བོད་མི་བསམ་ཡོད་ཅན་འགས་བོད་ལ་དེང་རབས་ཀྱི་འཕྲུལ་ཆས་དང་སློབ་གྲ་འཛུགས་རྒྱུ་བརྩམས་པར་ཁོང་ཚོར་ལྟ་ལོག་དང་དབྱིན་འཇིའི་སོ་པ་ལས་སོགས་མིང་འདྲ་མིན་བཏགས་ནས་བོད་འདི་ཤོར་དུ་བཅུག་ཡོད། ད་དུང་རྨོངས་གཉིད་ལས་སད་མེད་པ་འདི་ལ་ངོ་མ་ཡ་རེ་ང་ཡོང་གི་འདུག
སྲིད་སྐྱོང་བྱེད་འདོད་ན་་་ཁ་དབུ་ལམ་དང་་་་་ཁ་དོན་མི་མཚུངས་བའི་དད་འདུན་ཡོད་མདོག་་་་་ཡོད་ཚད་ཡེ་ཤེས་དབྱིངས་དཔྱད་ལ་རེ་བ་བཅོལ་ནས་་་དོན་མེད་ལྷ་འདྲེས་འཐབ་རྩོད་་་དབུ་རང་འཐབ་རྩོད་ག་ཚོད་སློང་ཐུབ་ན་་་སྲིད་སྐྱོང་ཐོབ་ངེས་་་་་་དེས་ནང་མི་བསད་ལག་དམར་བ་་་་དེ་འདྲ་ལ་ཡང་ཐོབ་ངེས་་
ཁ་བའི་འདབ་མ་སྐྱག་ལབ་མ་རྒྱགས། དབྱུག་པ་ཨ་མདོའི་མི་ལ་རྡུང་རྒྱུ་ལས་དགྲ་བོ་རྒྱ་ལ་རྡུང་ཐུབ་ན་མི་བཟང་ངམ།
ཨ་ཚོགས་ལགས། ཞེ་ཐག་ནས་བཀའ་དྲིན་ཆེ། རྩོམ་ཡིག་འདི་ཐེངས་གསུམ་ཙམ་བཀླགས་དགོས་བྱུང་སོང་། དངོས་གནས་བློ་བསྐྱེད་སོགས་མང་པོ་ཞིག་ཐོབ་སོང་། བསྐྱར་དུ་བཀའ་དྲིན་ཆེ་ཞུ། བོད་མི་རིགས་ལ་སེམས་གཏིང་ནས་ཤ་ཞེན་དང་ལ་རྒྱ་ཡོད་པ་མཚོན་ཐུབ། མ་ཟད་ཁྱེད་ཀྱིས་མ་འོངས་སྔོན་དཔག་གི་ཐ་ཚིག་དེ་ཚོ་ལུང་བསྟན་ལྟ་བུ་རང་རེད།
དེ་མིན་ཨ་མདོ་ཁ་ཤས་ནས་རྒྱལ་བ་རིན་པོ་ཆེ་ཞེས་ས་མཆོང་གནམ་མཆོང་བྱེད་པ་དེ་དེ་ཙམ་རེད། ཕྱོགས་རིས་བྱེད་ན་བྱེད་སྟངས་མ་ཤེས་པ་རེད། རང་ལ་དད་པ་མི་འདུག་ལབ་ན་ལབ། ལྟ་ལོག་ཟེར་ན་ཟེར། ཁྱོད་རང་དོན་གྱི་བུ་རྒོད་པོ་ཞིག་དང་ཤེས་ཡོན་པ་རྡོག་པོ་ཞིག་རེད། ཨ་ཕའི་ལས་སྟངས་མ་ཡོང་ན་བུ་ཡིས་སྡུག་སྐད་ལོས་ཤོར། ཨ་མ་ཚ་ན་ཚ་གོ་ཆོད་འདུག
དེ་མིན་ཟམ་གདོང་བླ་རྒན་གྱིས་དེང་སང་ཕོ་བྲང་ཆུང་ཆུང་དེ་དབང་བསྒྱུར་བསྡད་ཡོད་པ་ཡང་བདེན་པ་རེད། བླ་རྒན་དེ་མ་ཤི་ན་འདུག་ཐུབ་ཀི་མརེད། བླ་རྒན་དེས་སྐད་ཆ་དག་གོ་ན་སྐྱུར་ལོག་དང་ཞེ་མེར་ལངས་ཀི་་་་
ཁ་བའི་འདབ་དང་། ཁྲི་རལ་བ་ཅན་གཉིས་ལ་ངས་ཀྱང་ཨམ་སྐད་ཀྱིས་སྐྱག་ལབ་མ་རྒྱག་ཟེར་ཆོག་པ་ཞུ། ཁོང་གི་རྩོམ་ཡིག་ལ་ཞིབ་ཏུ་གཟིགས། བསམ་བློ་ཞིག་ཏུ་ཐོངས། རྩོམ་ཡིག་འདིའི་བསྟན་དོན་དང་ཚིག་སྦྱོར་གང་འཐད་ནས་ཞིབ། དེ་ནས་སྐྱག་ལབ་ཟེར་བ་དེ་རྒྱབ་ན་འོ་ཟིག་རེད།
འོ་་་་ཁ་བའི་འདབ་མ་ལགས།
རྡ་རམ་ས་ལའི་(ལྷ་ས་ཆུང་བ)རི་སྒང་སྤུག་སུག་དོག་པོ་དེར་༧གོང་ས་མཆོག་གི་བཀའ་སློབ་ལ་ཉན་ཤེས་མཁན། དེའི་ནང་དོན་ལ་གོ་བ་ལེན་ཤེས་མཁན།་དེ་ལ་དཔྱད་ཞིབ་དང་དབྱེ་ཞིབ་བྱེད་ཤེས་མཁན། ཨ་ཚོགས་ལྟ་བུ་ག་ཚོད་ཙམ་ཡོད་པ་ཡང་ཤེས་པར་གྱིས་ཤིག
ཨ་ཚོགས་ལ་སྐད་འདི་མི་མཛའ་གི
མདོ་སྨད་གྲྭ་བ་གྲྭ་ལོག་ཚོའི་གྲས་ནས་ཀླུ་མཁར་བྱམས་རྣ་བ་མི་འགྲོ་བ་དེ་ཤེས་སླ། མདོ་སྨད་མང་བོ་ཞིག་སྤེན་ཚེ་ཡིས་ག་བར་ཁྲིད་ཁྲིད་རེད། སྔོན་མ་གྲོས་ཚོགས་ཀྱི་ཚོགས་གཙོའི་སྡིང་ཆ་སྒེར་བེད་སྤྱད་ནས་སྤེན་ཚེ་ཡིས་༧རྒྱལ་བ་རིན་པོ་ཆེ་སྤྱིར་དགུང་ལོ་༡༡༣བཞུགས་འཆར་ཡོད་ཀྱང་། རང་བཙན་རྩོད་མཁན་གྱི་མི་ཁ་ཤས་ཀྱིས་བློ་ཕམ་བཟོས་པ་ལ་ལྟོས་ནས་དགུང་ལོ་༡༠༨ མ་གཏོགས་བཞུགས་མི་ཐུབ་ཞེས། ༧ རྒྱལ་བའི་བཀའ་ཡིན་ཞེས་བཤད་ནས་རྗེས་སུ་༧གོང་ས་མཆོག་གིས་ཁྱེད་ཚོ་འཁྲུགས་ཐེབས་འདུག་ལབ་ནས་བཀའ་བཀྱོན་གནང་ཡོད། ཉེ་སྔོན་ཡང་ཀིརྟི་ཚོགས་ཁང་དུ་མདོ་སྨད་ཚོགས་ཆེན་སར་ཉིན་ཞིག་ལ་༧རྒྱལ་བ་རིན་པོ་ཆེས་རྡ་རམ་ས་ལ་འདི་དམ་ཉམས་ཆགས་ཀྱི་འདུག་ཞེས་ང་ལ་གསུངས་བྱུང་ཞེས་༧ གོང་ས་མཆོག་ཐད་གར་བཙོངས་མཁས་ཀྱི་སྐབས་འཚོལ་བ་འདི་ཚོ་ལ་ད་དུང་མཁས་དབང་དང་སྐུ་ངོ་ཞེས་མགོ་ལ་བཀུར་མཁན་གྱི་མི་ལུག་འདྲ་ཚོས་ཀླུ་མཁར་བྱམས་ཀྱི་དྲང་བདེན་མཐོང་དཀའ།
ཨ་ཚོགས་ཀྱིས་ངོ་མ་བྲིས་ཡོད་ཀི་ཐུགས་རྗེ་ཆེ། དྲྭ་འབུ་ཚོ་ཆོལ་ག་དང་ཆོས་ལུགས་ཀྱི་ན་ཚ་སྤོངས། ཆོ་མེད་ཀྱི་སྐད་ཆ་བཤད་མ་ཡོང་།
འོ་ད་ཡིན་ན། དྲ་འབུ་འདི་ཚོ་ཡིན་ན། ཀླེན་ལྐུགས་རྐྱང་རྐྱང་རེད་འདུག འདི་ཚོ་རྗེ་ཙོང་ཁ་པ་འཁྲུངས་ཡུལ་དང་༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་འཁྲུངས་ཡུལ་ནས་རེད་ཟེར་ན་ཇི་ལྟར་འགྲེལ་དགོས་རེད། འོ་རུའི་གྲོགས་པོ་ཨ་མདོ་བ་ཞིག་གིས་བཤད་པ་ལྟར་ན་དེ་ཚོ་ཚང་མ་ཨ་ཚོགས་ཀླུ་གར་དང་། གནམ་ལོ་གཡག དཔལ་འབྱོར་ཚེ་རིང་བཅས་སྐྱེས་ས་ཡར་མར་ཙམ་རེད་ཟེར། རིག་འཚོ་མ་ཟིན་པ་རྐྱང་རེད་ཞའ།
ཨ་ཚོགས་ཟེར་བ་འདི་དངོས་གནས་བསམ་བློ་བ་ཞིག་རེད། ཁོང་གིས་བྱ་དེ་ཁྲུང་ཁྲུང་དཀར་མོ་ལ་གོ་བ་ལེན་སྟངས་དེ་དངོས་གནས་ཧང་སངས་དགོས་པ་ཞིག་རེད། ཁྱེད་ཀྱི་བཀའ་རྩོམ་འདི་དག་མ་འོངས་སྔོན་དཔག་རེད། ཆོས་པ་ཚོས་བཤད་ན་ལུང་བསྟན་ཟེར་བ་དེ་ཡིན་རྒྱུ་རེད། ཁྱོད་ངོ་སོ་བསྟོད།
ཁ་བ་འདབ་མ་ཟེར་བ་དེས་སྙིང་རྗེ་ཡི་གེ་བརྡ་འཕྲོད་པ་ཙམ་ཡང་ཤེས་ཀྱི་མེད་པ་འདྲ། ད་རུང་དྲ་ཐོག་ནས་ཕྱོགས་འཛིན་འདྲ་བྱེད་ཀྱི་འདུག མ་རྩ་མེད་པ་ཚོང་ལ་འགྲོ་བ་དང་གཅིག་པ་བྱོས།
ཁ་བའི་འདབ་མ་ཚང་རྗེ་རིན་པོ་ཆེ་དང་༧ གོང་ས་མཆོག་གི་རྐང་འདྲེན་པ་ཞིག་ཡིན་པའི་སྐད་ཆ་བཤད་ཀི་འདུག ཁོང་ཨ་མདོ་རེད་ལབ་ནས་སྟོང་བཤད་བརྒྱབ་ན་ཁོང་གཉིས་ཀྱི་དགོངས་པ་མ་རེད་ལ། ཁོང་གཉིས་ལ་ཕན་ཐོག་ལས་གནོད་སྐྱལ་བ་རེད། བཤད་ཕྱོགས་འདི་ནི་རྒྱ་དམར་དང་དོལ་རྒྱལ་བའི་སྐད་ཆ་རེེད། ཉིན་སྔོན་གྱ་སྟོན་སྐབས་སུ་༧ གོང་ས་མཆོག་གིས་ངོས་ནི་འཛམ་གླིང་མི་གྲངས་དུང་ཕྱུར་བདུན་བཅུ་ལ་བསམ་བློ་གཏོང་ནས་འགྲོ་ཀི་ཡོད་གསུངས་པ་གོ་མེད་འདྲ་རེད། བྱབ་ཆུང་ལུག་འདྲ་བོ་ཁྱེད་ཚོས་༧གོང་ས་མཆོག་སྐྱོབ་ཐུབ་ཀི་མ་རེད་ལ། ཨ་ཚོགས་ཀླུ་མཁར་དང་གནམ་ལོ་ཡག་འདྲའི་རྒྱལ་གཅེས་པ་རྣམས་གཡུག་ཐུབ་ཀི་མ་རེད་ལོ། དཔལ་འབྱོར་ཚེ་རིང་དང་ཁྱེད་གཉིས་ཀྱི་ལས་ཀ་གཅིག་རང་རེད་འདུག
ཀླུ་བྱམས་ཀྱིས་སྐད་ཆ་ཚིག་གཅིག་ལས་མ་བཤད་ཀྱང་གོང་ས་མཆོག་ལ་ཟུར་ཟ་ཞིག་མ་གཏོགས་ཅང་ཡོད་ནི་མ་རེད། མི་འདི་རིགས་ལ་ངོ་མ་སུན་ནས་ཡོད།
ཀླུ་མཁར་བྱམས་ལགས་ཀྱིས་བསམ་བློ་གཏོང་དགོས་པའི་རྩོམ་ཡིག་གནད་འགག་ཅན་ཞིག་བྲིས་འདུག བཀའ་དྲིན་ཆེ། ཀློག་ཤེས། གོ་བ་ལེན་ཤེས་ན། འདིའི་ནང་ལ་༧གོང་ས་མཆོག་ལ་སྐྱོན་འཛུགས་ཀྱི་ཆ་ཡོད་པའི་དོགས་པ་གང་ཡང་མི་འདུག་སྙམ། དཀའ་ངལ་ཡོད་པ་ནི། རྩོམ་པ་པོའི་བསམ་བློ་གཏིང་ཟབ་དྲགས། ཀློག་པ་པོ་རྣམས་ཅུང་སྐྱོ་དྲགས་པ་དེ་རེད།
ཨ་ཚོགས་ཟེར་བའི་ཚོ་མིང་དེ་ཀླུ་མཁར་བྱམས་ཀྱི་མིང་མགོར་མ་སྦྱོར་རོགས། ཡུལ་ཕྱོགས་དེ་སྙིང་རེ་རྗེ།
༼ད་རེབ་ཅུང་མ་འདྲ་ས་ཞིག་ཡོད་དབང་བྱས་ན། གྱ་སྟོན་ཐོག་གོང་ས་མཆོག་གིས་ཨ་རི་ན་ཅལ་གྱི་མངའ་སྡེ་སྲིད་སྐྱོང་ལ་”མོན་ཆང་ཞིམ་པོ་ཞིག་བཏུང་ཆེད། ང་སང་ལོ་རྟ་དབང་ལ་ཡོང་གི་ཡིན། ས་གནས་ཡུལ་མི་ཚོར་ལན་དེ་འཕྲོད་པ་གྱིས”ཞེས་བཞད་མོ་དང་བཅས་ལྗགས་ལན་བསྐུར་བ་འདི་ཡིན། དེ་མུར་ངའི་སེམས་སུ་ཚངས་མགུར་ནང་གི་”བྱ་ཏེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །ཐག་རིང་གཞན་ལ་མི་འགྲོ། །ལི་ཐང་བསྐོར་ནས་སླེབས་ཡོང་། །”ཞེས་པའི་ཚན་པ་འདི་ཡིད་ལ་དྲན་དུ་བཅུག མགུར་གླུ་ཚན་པ་འདི་རང་ག་བ་ཞིག་མིན། རྒྱལ་དབང་དྲུག་པས་གང་གི་ཡང་སྲིད་ཁམས་ལི་ཐང་ནས་འཁྲུངས་རྒྱུའི་མངོན་ཤེས་གསུང་བར་བཤད། དེ་ན་ཏཱ་ལའི་བླ་མས་མོན་ཆང་ཞིམ་པོ་ཞིག་བཏུང་ཆེད། སང་ལོ་རྟ་དབང་ལ་ཕེབས་འཆར་འདི་ཡང་བརྡ་མཚོན་ཞིག་ཡིན་ཆོག༽
གདོན་ཁྱི་འདིར་དབྱིག་རྡུང་མ་བྱས་ན་ཁྱི་ཕྲུག་ཚོ་མང་དུ་འཕེལ་གྱིན་འདུག་ག
ཀླུ་མཁར་བྱམས་ཀྱི་ཡུལ་མི་དེ་ཚོས་རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པའི་སྨོན་འདུན་ཁ་སང་བཏང་སོང་། ཁྱི་ཕྲུག་འདིས་སྐུ་མདུན་སང་ལོ་གྲོངས་བའི་རེ་བ་བྱེད་ཀྱི་འདུག ལྟ་མི་བཟོད་པ་ཞིག་རེད།
ཀླུ་བྱམས་ལགས། སྐད་ཆ་ཅི་ཞིག་བཤད་མིན་ཁྱོད་ཀྱི་སྨྲ་བརྗོད་རང་དབང་རེད། ཡིན་ཡང་སྐད་ཆ་ཅི་ཞིག་བཤད་ན་དེའི་འགན་རང་གིས་འཁུར་དགོས་པ་དེ་ཡང་དེ་བཞིན་རེད། གོང་ན་ཁྱོད་ཀྱིས་བཤད་པ་ལྟར་ན་སྐུ་སྒེར་ཡིག་ཚང་དུ་ནང་རུལ་བ་ཡོད་ཟེར་གྱི་འདུག་གཱ སྐད་ཆ་འདིའི་འགན་ཁྱོད་ཀྱིས་འཁྱེར་དགོས་པ་རེད། འདི་རང་འགར་འཇོག་ས་ག་ནས་འགྲོ།
སྨྲ་བརྗོད་རང་དབང་ལ་ཚད་ཡོད་དགོས་པ་རེད་བསམ། ཀླུ་གར་བྱམས་དང་ཡུལ་ཕྱོགས་གཅིག་པ་ཡིན་མིན་གང་ལྟར་སྒོ་མང་གྲྭ་ཚང་གི་གྲ་བ་ལོག་མ་ལོག་སྐོར་ཞིག་གིས་ཡིད་བཞིན་ནོར་བུ་སང་ལོ་སྐུ་ཞིང་ལ་ཕེབས་པའི་རེ་བ་བྱེད་གྱི་འདུག སྐུ་སྒེར་ཡིག་ཚང་ནང་རུལ་དང་རྒྱལ་ཚོང་བར་བརྩི་བཞིན་འདུག ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་བོད་མི་རིགས་དང་བོད་ཀྱི་རྩ་དོན་ལ་གནོད་སྐྱེལ་མཁན་ཞིག་ལ་བསྒྲུབས་བཞིན་འདུག ད་འདི་དག་ལ་འགྲེལ་བརྗོད་དང་གོ་བསྐོན་ཞིག་བྱེད་ས་འདུག་གམ།
ངོ་མ་གནས་ལུགས་དང་དངོས་ཡོད་མིག་མདུན་ན་བཞག་པ་མི་མཐོང་པའི་བསམ་བློ་ཅན་དུ་རློམ་པ་འདི་ཚོ་སྙིང་རེ་རྗེ། ༧ གོང་ས་མཆོག་བོད་ཀྱི་འགག་རྡོ་རུ་མཐོང་བའི་བོད་དོན་པ་ཞིག་ཡོད་མི་སྲིད། མགོ་བོ་བཅད་པའི་ལུས་པོ་ཞིག་ལ་གསོན་ཉམས་དང་ནུས་པ་གསར་པ་ཞིག་ཡོད་ན་ནི་དེ་ལྟར་སྲིད། དེ་མིན་འུར་བཤད་དང་ཁྲེལ་བཤད་ཀྱི་ཁ་སྤོབས་ཅི་ལྟར་ཆེ་རུང་རང་མཚང་ཁོ་ན་ཡིན།
ཀླུ་བྱམས་ལགས་ཀྱི་རྩོམ་ལ་དྲོ་བ་ཞིག་འདུག བཙན་བྱོལ་སྒྲིག་འཛུགས་ནང་གི་སྐྱོན་ཆ་རྣམས་ལེགས་བཅོས་བྱ་དགོས་ན་སྲིད་སྐྱོང་རྐུབ་སྟེགས་ཐོབ་དགོས་པ་ཡིན། དེ་ལྟར་ན་ཁྱེད་ནས་བོད་ཀྱི་རྩ་དོན་ཐད་ལས་དོན་ཇི་ལྟར་གྲུབ་མིན་མི་མང་ལ་གསལ་བཤད་ཁ་གསལ་གནང་ཐུབ་ན་འོས་ཤོག་ཐོབ་ངེས་ཡིན། ༧གོང་ས་མཆོག་ནས་ང་མེད་པ་ལྟ་བུ་ལས་ཀ་བྱེད་ཤོག་ཨ་ཞེས་ཡང་ཡང་བཀའ་གནང་ཡོད་པ་ལྟར་ཡིད་ལ་བཞག་ནས་ཕྱག་ལས་གྲུབ་དགོས་པ་ཡིན། སྲིད་སྐྱོང་དང་སྤྱི་འཐུས་འོས་མིར་ཞུགས་མཁན་རྣམས་ནས་མི་མང་ནང་བཀའ་མོལ་གནང་སྐབས་༧གོང་ས་མཆོག་གི་ཐུགས་རྗེ་བཀྲིན་ཡིན་པ་བཤད་ན་འགྲིག་འཐུས་ཀྱང་དེ་མིན་དཀའ་ངལ་གདོང་ལེན་བྱ་དགོས་བྱུང་སྐབས་ཁོང་གི་མཚན་བེད་སྤྱོད་གཏོང་བཞིན་པ་དེ་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེང་སང་བཙན་བྱོལ་སྤྱི་ཚོགས་ནང་མི་སྣ་འགས་རང་ཉིད་ཀྱི་མིང་དང་མཐོ་གོ་ས་སྲུང་སླད་༧གོང་ས་མཆོག་གི་མཚན་བདེ་སྤྱོད་ཡང་ཡང་བཏང་དང་གཏོང་མུས་ཡིན་པ་ཀུན་གྱི་མཁྱེན་གསལ་ལྟར་མི་གནང་བ་ཞུ། གཉན་འཕྲང་གི་དུས་སྐབས་འདིར་ང་ཚོའི་རྩ་དོན་སེལ་ཐབས་སླད་བོད་ཀྱི་རྩ་དོན་གྲུབ་ཐབས་སླད་ཀླད་པ་དཀྲུག་ཐུབ་མཁན་བོད་རིགས་དགོས་པ་ལས་ཉེ་དགའ་ཕྱོགས་ལྷུང་དང་ཆོས་ལུགས་དང་ཆོལ་ཁ་ཞེན་ཁོག་ཅན་མི་དགོས་པ་ཡིན། དེར་བརྟེན་མང་ཚོགས་ནས་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་འོས་མིར་ཞུགས་མཁན་ཚོའི་རྒྱབ་ལྗོངས་ལ་རྟོག་ཞིབ་ནན་མོ་གནང་ནས་འོས་འཕེན་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ང་ནི་མཆན་འབྲི་རྒྱུར་དགའ་པོ་ཞི་དྲག་མེད་པ་ནི་དོ་སྣང་དགོས་པའི་རྩོམ་ཞིག་མ་སླེབ་པ་ཡིན་སྲིད། དེ་རིང་ཀླུ་མཁར་བྱམས་ཀྱི་རྩོམ་འདི་རྨད་དུ་བྱུང་བ་ཞིག་རེད་མི་དྲན་མོད་དོགས་སློང་གྱི་རྩོམ་ཞིག་རེད་དྲན་ཀི་ཡོད། སྤྱིར་དེང་སང་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་སྨྱུག་གུ་ཞིག་གི་བརྒྱུད་བོད་མའི་ལས་དབང་ཡོངས་རྫོགས་བརྗེ་ཐུབ་རྒྱུའི་འཇོན་ཐང་ཡོད་མདོག་མདོག་བྱེད་མཁན་ཉུང་ཉུང་རྩ་བ་ནི་མ་རེད། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས།། ཕྱི་མ་གང་ཡོང་ད་ལྟའི་ལས་ལ་ལྟོས། ཞེས་པ་ལྟར་།
དགྲ་བོ་འཛམ་གླིང་འདིར་སྟོབས་ཤུགས་ཇི་ཙམ་ཆེ་ཡང་བོད་མའི་མི་རིགས་རིག་གཞུང་དང་བཅས་པ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིར་རྩ་གཏོར་བཏང་མ་ཐུབ་ནི་འུ་ཐུག་ཐབས་ཟད་ཀྱི་༧གོང་ས་མཆོག་འདས་རྗེས་མ་གཏོགས་རེ་ཟད་ནི་ངང་བསྒུག་བྱས་དགོས་པའི་རྒྱུ་མཚན་གྱི་༧གོང་ས་མཆོག་གི་མཚན་གནས་དེ་ཇི་ཙམ་བོད་མི་མངས་ལ་གལ་འགང་ཆེན་པོ་ཡིན་མིན་དེ་གནས་ལུགས་འདིས་བརྒྱུད་གསལ་པོ་ར་འཕྲོད་དགོས་ངེས་རེད། ཆོས་ལུགས་ལ་དགའ་མོས་བྱེད་མིན་ནི་རང་ཉིད་སྒེར་གྱི་ལྟ་སྟངས་ཡིན་པ་མ་ཟད་། ལྟ་སྟངས་དེ་ཡང་མ་རྟོགས་པ་དང་ལོག་རྟོགས་ཀྱི་བསྒྲིབ་ཡོད་མེད་སོ་སོ་རང་ངོས་ནས་ཐག་གཙང་མ་ཞིག་ཆོད་མེད། ད་དུང་སྤྱི་ཚོགས་ཧྲིལ་པོ་ཆོས་མེད་རིང་ལུགས་སུ་འཇུག་རྒྱུའི་སྐུལ་འདེད་དང་རེ་འདོད་ནི་ཆེས་སྡུག་ཤོས་ཀྱི་རྨོངས་དད་ཡིན་པ་མ་ཟད་སྔར་གུང་ཁྲན་རིང་ལུགས་ཀྱི་ལག་བསྟར་བྱས་ཀྱང་གྲུབ་འབྲས་མ་ཐོན་སྟེ་ཕམ་ཉེས་བྱུང་ཟིན་པས་ཆབ་སྲིད་ཀྱི་ལྟ་གྲུབ་ཕན་མེད་དེ་་རེད། མ་གཞི་ནང་ཆོས་འདི་ཉིད་རང་ཉིད་རྣམ་དཔྱོད་ཀྱི་གདེངས་ན་སྤྱིར་བཏང་ཆོས་ལུགས་དང་དེང་དུས་ཀྱི་ཚན་རིག་སོགས་ལས་ཡོངས་སུ་བརྒལ་ཏེ་ཡུལ་དུས་དང་བསྟུན་སྟེ་གསར་གཏོད་བྱེད་ཆོག་པས་སེམས་ཀྱི་ཚན་རིག་ཆེས་མཐོ་ཤོས་སུ་ངོས་འཛིན་བྱེད་དང་བྱེད་བཞིན་པ་རེད། འདི་ཁོ་ནའི་བོད་པ་འདི་རྗེས་ལུས་གཏན་ནི་མིན་པ་མཚོན་ཐུབ་པ་མ་ཟད་བོད་མི་རིགས་ད་ལྟའི་གནས་བབ་འདི་དུས་ཡུན་རིང་ཐུང་ལ་མ་ལྟོས་པ་ཐག་གཅོད་བྱེད་ཐུབ་པས་ནུས་པ་ཡོད་པའི་རེ་བ་ཞིག་མངོན་བསྡད་ཡོད། གཉན་འཕྲང་འདི་འདྲ་ཞིག་བསྐྱབས་ཐུབ་པའི་མན་ངག་འདི་གཉིས་བོད་པའི་སྤངས་བྱ་ཡིན་པ་རྟོགས་མཁན་ཡོད་ན། གནས་ལུགས་ཇི་ཙམ་བཤད་རྒྱུ་ཡོད་རུང་། སྤྱི་ཚོགས་ལ་བསམ་ཚུལ་སྤེལ་བས་ཤེས་ཚད་དེ་ད་དུང་གདེང་གི་མེད་པ་མཚོན་ཐུབ།
ཤར་སྤྲུལ་ལགས་སེམས་ཁྲུལ་མ་གནང་རོགས་། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བོད་སྤྱི་ཚོགས་ཧྲིལ་བོ་འདི་ཆོས་མེད་སྤྱི་ཚོགས་ཞིག་བྱེད་དགོས་གསུང་མི་འདུག། འདོར་བསྡུས་ན་། ཉམས་ཞུབ་པ་ཁོང་གིས་། རྒྱལ་ཁབ་ཞིག་ལ་མཚོན་ན་དད་པ་ལས་ཀྱང་གལ་ཆེ་བ་ནི་དམང་གཙོའི་ལྟ་བ་དེ་རེད། ཞེས་པ་ནི་འདོར་རྩའོ།
སྐུ་ཞབས་ཀླུ་མཁར་ལགས་ཀྱི་དཔྱད་རྩོམ་འདི་ངོ་མ་རིན་ཐང་ལྡན་པ་ཞིག་རེད། འདི་ཡོངས་རྫོགས་བདེན་དོན་རྐྱང་རྐྱང་རེད་ཟེར་བ་མིན། ང་ཚོས་འདི་འདྲའི་ལྡོག་ཕྱོགས་ཀྱི་བསམ་གཞིག་མང་པོ་བྱེད་དགོས་པ་གལ་ཆེན་པོ་རེད། ད་ཐེངས་ཁོང་གིས་ང་ཚོར་སྣེ་ཞིག་བསྟན་འདུག
ཨ་ཚོགས་སྐུ་ངོས་ལམ་སྟོན་གནང་ཤག ཁོང་ལྟ་བུའི་བསམ་བློ་བ་བཙན་བྱོལ་ནང་ཉིན་སྐར་ཙམ་རེད། རྒྱ་གར་གྱིས་ཁོང་གི་རིན་ཐང་ཤེས་ཀྱིན་པར་སྣང་། དེ་ནི་འོས་པ་ཞིག་རེད་ལ། མདོ་སྨད་ཀྱི་ཏོག་ཏུ་གྱུར་ཟིན་པའང་བསྟན་ཡོད།
བོད་མི་ཞིག་གི་འདི་འདྲའི་དཔྱད་རྩོམ་ཡག་པོ་བྲིས་པ་མཐོང་བ་ཐེངས་དང་པོ་ཡིན། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན
ཀླུ་མཁར་བྱམས་ཟེར་བའི་མིང་ཁྱད་མཚར་ཅན་འདི་ནས་འཇིག་རྟེན་འཁོར་བ་པ་ཞིག་གི་བསམ་བློའི་གནས་བབ་ནས་སྐྱེས་ཆེན་དམ་པ་ཁག་དཔྱད་བརྗོད་བྱས་པ་ནི་དུད་འགྲོ་དང་མི་མཚུངས་བསདུར་བྱས་པ་དང་ཡོངས་སུ་མཚུངས། ཀླུ་བྱམས་ཟེར་བ་ནས་བླ་མའི་ཡང་སྲིད་ཡོད་ཚད་ཚབ་སྲིད་ཀྱི་ལག་ཆར་བེད་སྤྱད་ཡིན་པར་སྟོན་པ་ནི་ཁོ་པ་ལ་ཆོས་ཀྱི་བྲོ་བ་ཞིག་རྩ་བ་མེད་པ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་བསམ་བློ་དང་། དེ་བས་རྟེན་འབྱུང་གི་སྟོང་ཉིད་ཀྱི་ལྟ་བ་གོ་བ་ནི་ཕ་རི་པང་འགལ་རེད་འདུག། དེང་སང་ཆབ་སྲིད་པས་འཇིག་རྟེན་གྱི་བསམ་བློ་ནས་ཆོས་ལ་དཔྱད་པ་བྱས་པ་ནི་འཇིག་རྟེན་མི་མཚུངས་པ་གཉིས་གཅིག་མཚུངས་སུ་ལྟ་བའི་སྐྱོན་ཁོ་ན་ཡིན།