མཇེ་ཕྲུག་ནས།
ས་སྐྱིད་པོ་མོན་པའི་ལུང་པ་ལ།།
སྐྱེས་ངོ་གཟུགས་ཡག་པའི་མཛེས་མ་ཞིག །
བློ་བཅོས་མིན་སེམས་ཀྱི་དུང་གཏམ་དེ།།
ཁྱེད་མ་གཏོགས་གཞན་ལ་བཤད་འདོད་མེད།།
སྔོན་ཚངས་དབྱངས་རྒྱ་མཚོའི་ཕ་ཡུ་ལ།།
སྨན་བུ་མོ་ལྷ་མོ་འདྲ་བ་མང་།།
ང་རྒྱལ་ཁམས་འགྲིམས་མཁན་མགྲོན་པ་ང་།།
ཞག་གཅིག་ལ་གནས་ཚང་གཡར་རོགས་བྱོས།།
ཉིན་ཡ་བཟུང་ཁྱོད་སར་འདུག་འདོད་ཀྱང་།།
ང་མ་འགྲོ་ཀ་མེད་ལས་དབང་རེད།།
ཁྱོད་ངེད་གཉིས་སེམས་གཉིས་མཐུན་སོང་ན།།
ང་མི་འགྲོ་ཕྱིར་འཁོར་རྒྱག་ངེས་ཡིན།།
བཞིན་བཟང་པོ་དུང་ཟླ་འདྲ་བ་དང་།།
སྐུ་ལྡེམ་པ་ཉ་མོའི་འགྲོས་དང་ལྡན།།
སེམས་གཙང་བ་རྫ་ཆབ་བསིལ་མ་འདྲ།།
ཁྱོད་འདྲ་ཞིག་གཏན་གྲོགས་བྱུང་ན་བསམ།།
ང་དུས་རྒྱུན་རྒྱལ་ཁམས་འགྲིམས་དུས་སུ།།
སྨན་བུད་མེད་མང་པོ་རིག་བྱུང་སྟེ།།
ཁྱོད་འདྲ་བའི་ན་གཞོན་དཔལ་མོ་ཞིག །
དུས་ད་ལྟ་བར་དུ་འཕྲད་མ་མྱོང་།།
ཁྱོད་འདུག་ས་མོན་ཡུལ་སྐྱིད་གཞུང་རེད།།
ང་འགྲོ་ས་ངེས་མེད་ཡུལ་ཁམས་རེད།།
ལས་བསོད་ནམས་ད་ལན་མ་འགྲིག་ན།།
དུས་ཕྱི་མ་ཡང་སྐྱར་མཇལ་ཐབས་མེད།།
རྒྱུས་མེད་པའི་ཁོ་བོར་ཡིད་ཆེས་ཤིག །
ཐོགས་དང་པོར་ཡོང་བར་དཀའ་ན་ཡང་།།
ཕོ་སྐྱེས་པའི་ལུས་ལ་ལེན་ནས་བཟུང་།།
སྨན་མཛེས་མར་མགོ་བོ་གཡོགས་མྱོང་མེད།།
ཁྱོད་ང་ལ་མོས་པའི་ངོ་འཛུམ་ཞིག །
ཁྱོད་ངེད་གཉིས་ཐུག་འཕྲལ་མཐོང་སོང་སྟེ།།
ཁ་གསང་བར་སེམས་ལ་དངངས་འཚབ་ཅིག
སྨན་བུ་མོའི་བློ་ལ་ཡོད་ངེས་རེད།།
ཁྱོད་ངེད་གཉིས་ཡོང་ས་མི་གཅིག་ཀྱང་།།
ཚེ་གཅིག་གི་རོགས་ལོར་གྱུར་སོང་ན།།
ས་གང་སྐྱིད་གང་དགར་མཉམ་དུ་འགྲོ །
ལས་འཚོ་བའི་བྲོ་བ་མཉམ་མྱོང་ཡིན།།
ཁྱོད་ངེད་གཉིས་ནང་སེམས་མ་མཐུན་ན།།
ངའི་ལུས་པོ་རྒྱང་ལ་ཆས་དགོས་ཀྱང་།།
སེམས་བསམ་པའི་རྣམ་ཤེས་ཕྲ་མོ་འདི།།
ཁྱོད་མ་གཏོགས་འཁོར་ས་གཞན་ཞིག་མེད།།
ང་གསོན་དུས་བློ་ལ་ཁྱོད་རང་སྒོམ།།
ང་འཆི་དུས་རྣམ་ཤེས་ཁྱོད་ལ་ཆག །
ང་འཆི་གསོན་ཅི་ཞིག་བྱུང་ན་ཡང་།།
ང་དགའ་ས་མོན་ཡུལ་བུ་མོ་ཡིན།།
༄༅། ང་དགའ་ས་མོན་ཡུལ་ལུང་པ་ཡིན།།
ང་དགའ་ས་མོན་ཡུལ་བོུ་ཡིན།།
རྗེ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་རེད།།
ང་འཆི་གསོན་ཅི་ཞིག་བྱུང་ན་ཡང།།
གནས་དེ་ལ་ཐེངས་གཅིག་འགྲོ་འདོད་ཡོད།།
མོན་པའི་ཡུལ་དང་འབྲུག་གི་ཡུལ། །
འབྲས་ལྗོངས་ཡུལ་དང་ལ་དྭགས་ཡུལ། །
གར་ཞ་སྤི་ཏི་བལ་ཡུལ་ནང་། །
ད་ལྟ་བོད་ཆོས་ག་འདྲ་འདུག །
མངའ་རིས་ཕྱོགས་དང་དབུས་གཙང་ཕྱོགས། །
ཁམས་ཀྱི་ཕྱོགས་དང་ཨ་མདོའི་ཕྱོགས། །
སོག་པོ་ནང་སོག་ཕྱི་སོག་ནང་། །
ད་ལྟ་བོད་ཆོས་ག་འདྲ་འདུག །
དྷ་རམ་ས་དང་རྡེ་ར་དུན། །
མ་ན་ལི་དང་སིམ་ལའི་ས། །
ལྷོ་ཕྱོགས་སྦིལ་ཀོབ་མོན་གྷོ་ཊར། །
ད་ལྟ་བོད་ཆོས་ག་འདྲ་དར། །
ཨ་རིའི་ཡུལ་དང་ཁ་ན་ཌ། །
ནུབ་ཕྱོགས་ཡུ་རོབ་ཡུལ་ཁག་དང་། །
ཤར་ཕྱོགས་ཐེ་ཝན་སིངྒ་པུར། །
ད་ལྟ་བོད་ཆོས་ག་འདྲ་དར། །