རང་བྱུང་གནོད་འཚེའི་འོག་ནས་འདས་གྲོངས་སུ་གྱུར་པ་རྣམས་ལ་མྱ་ངན་དང་། རྨས་སྐྱོན་ཕོག་པའི་སྤུན་ཟླ་ཕོ་མོ་ཡོངས་ལ་མཛའ་བརྩེའི་སེམས་གསོ་བྱེད་པ་ནི། གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མཚོན་སྟངས་ཤིག་ཡིན་སྟབས། ད་རེས་འདིར། ངེད་ཁ་བརྡ་དྲ་དེབ་རྩོམ་སྒྲིག་ཚོགས་ཆུང་ནས་དྲ་དེབ་འདི་སྟེང་མྱ་ངན་ཞུ་ཚིག་དང་སེམས་གསོ་ཞུ་ཚིག་ཆེད་བསྒྲིགས་ཀྱི་ས་ཁོད་ཅིག་གཉེར་ནས། སེམས་པ་མང་པོ་ལྷན་སྦྲེལ་འདུ་ར་ཞིག་གཉེར་འབྲེལ། ཐུན་མོང་གི་སེམས་ཚོར་གཞི་གཅིག་ཏུ་བསྐྱིལ་བ་ཞིག་ཞུ་འདུན་ལགས་ན། རྒྱ་ཆེའི་སྨྱུག་འཛིན་པ་ལྷན་རྒྱས་ནས་འདིའི་གཤམ་ལ་རང་རང་གི་སེམས་ཚོར་སྤེལ་གནང་ཡོང་བ་ཞུ།
ཁ་བརྡ་དྲ་དེབ་རྩོམ་སྒྲིག་ཚོགས་ཆུང་གིས།
ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་བོ་སྟོང་།།
སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་།།
གང་ལ་གང་འདུལ་དེ་ལ་དེར་སྟོན་པ།།
བཙུན་པ་སྤྱན་རས་གཟིགས་མགོན་བོད་འབངས་སྐྱོབས།།
བར་དོའི་སྣང་བ་ཤར་བར་གྱུར་མ་ཐག།
རྒྱལ་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་དེ།།
བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་བ་ཡིས།།
མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག།
དུས་མིན་འཆི་བའི་མཚན་མ་མཐོང་བ་ན།།
དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ།།
གསལ་བར་མཐོང་ནས་འཆི་བདག་དཔལ་བཅོམ་ནས།།
འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག།
འཇིག་རྟེན་སྐྱོང་བ་སྡེ་དཔོན་བཅས་པས་ཀྱང་།།
སྔོན་ཚེ་སྟོན་པའི་སྤྱན་སྔར་ཞལ་བཞེས་བཞིན།།
དགྲ་དང་གནོད་པ་ནད་རིམས་བཟློག་པ་དང་།།
འཐབ་རྩོད་ཀུན་ཞི་ལུས་སེམས་བདེ་བ་རྒྱས།།
ལོངས་སྤྱོད་དབང་ཕྱུག་ནོར་འབྲུ་ཚེ་འཕེལ་ཞིང་།
བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་པ་དང་།།
རྟག་ཏུ་བསྲུང་སྐྱོབ་གཡེལ་བ་མེད་པར་མཛོད།།
འདས་པོ་རྣམས་ལ་སྨོན་ལམ་དང་། མྱ་ངན་གུས་དུད། གསོན་ལྷག་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་འཁྱེར་ཡོད།
ཚེ་གླིང་ཡོངས་འཛིན་རིན་པོ་ཆེའི་བར་དོར་ཆེད་དམིགས་གསོལ་འདེབས་ལས།
ཆ་མེད་ཡུལ་དུ་གྲོགས་མེད་གཅིག་པུར་འཁྱམས། །
འཇིགས་སྐྲག་འཁྲུལ་བའིསྣང་བ་ཆུ་ལྟར་འཁྲུགས། །
གར་སྐྱེ་གདེང་མེད་བར་དོའི་འགྲོ་ཀུན་གྱི། །
སྐྱབས་མགོན་མཛོད་ཅིག་བླ་མ་ཡི་དམ་ལྷ། །
དེ་དེ་བཞིན་དུ་དལ་འགྲོའི་རྟེན་བཟང་མྱུར་ཐོབ་ཤོག །
ས་འགུལ་ངན་པ་འདིས་སྲོག་འཕྲོག་པའི་མི་རྣམས་ལ་མྱ་ངན་དང་། རྗེས་ལུས་སྤུན་ཟླ་ལྷན་རྒྱས་ལ་སེམས་གསོ་ཞུ། ས་ཡོམ་འདི་ནི་ངེད་ཚོ་བོད་སྤྱིའི་ལས་དབང་དང་འདྲ་བར་སྟེང་ལྷ་ཡིས་སྐྱོབ་མི་ཐུབ་པ། འོག་ཀླུ་ཡིས་མི་འཚོར་བ། བར་མི་ཡིས་མ་ཐུབ་པར། ངའི་སྤུན་ཟླ་རྣམས་མགོན་མེད་སྐྱབས་མེད་འཁེར་རྐྱང་དུ་སྡུག་བསྔལ་བློ་ལ་འཆར་མི་ཐུབ་པ་ཞིག་དང་། མ་འོངས་པར་ངེས་པ་དང་བློ་བཅོལ་ས་ཅི་ཡང་མེད་པའི་མྱང་ངམ་ཐང་ཞིག་ལ་གཡུགས།
ང་ཚོ་བོད་ལ་མཚོན་ན་ལྷ་དང་བླ་མ་ཟེར་ཁ་ཕྱེ་བ་འདོན་གྱི་ཡོད། ཡིན་ནའི། སྐྱོ་ཐོག་ལ་སྡུག་བསྔལ་དང་ཉམས་ཆུང་ལ་ཆག་སྒོ་ཟེར་བའི་དཔེ་བཞིན། ལྷ་བླ་མ་དང་ཆོས་ལ་ཇི་ཙམ་དད་པ་ཆེ་བའི་མི་རིགས་དེ་ལ་ཆག་སྒོ་དེ་ཙམ་ཆེ་བ་ཡོང་བ་འདི་ཆོས་ཉིད་ལ་སོང་འདུག
ད་ལྷ་དང་བླ་མ་ལ་སྐྱབས་མ་བཅོལ་བར སྟོབས་གསར་པ་ཞིག་ལ་འཚོལ་བའི་དུས་ལ་འབབ།
ད་ས་ཡོམ་དེས་ངེད་ཚོ་བོད་མིའི་ཀླད་པ་དཀྲུག་པར་སོམས།
ཚངས་དབྱངས་ལགས།
ད་ག་རེད་བྱས་བསམ་གིན་འདུག།གསར་བརྗེ་བྱེད་བསམ་གིན་འདུག་གམ་།དུས་སྐབས་འདི་འདྲ་ཞིག་ལ་དམར་སྲུང་དམག་གི་ལྟ་བ་དེ་འདོར་ཐུབ་གྱིན་མི་འདུག་གམ།ལྷ་དང་བླ་མ་དོར་ན་ས་འགུལ་དོར་སོགས་ཀྱི་གནོད་འཚེ་དོར་ཐུབ་བམ།
མི་འདོད་རྐྱེན་ངན་དྲག་པོས་འགྲོ་རྣམས་མནར།།
མ་བུ་ཁ་བྲལ་སྡུག་བསྔལ་ལྷག་ཏུ་ལྕི།།
ཤི་རྨས་སྐྱེ་འགྲོའི་གྲངས་ཀ་མང་དུ་འཕེལ།།
བརྩེ་བའི་སྤྱན་ཞིག་ཡོད་ན་འདི་རུ་གཟིགས།།
རྒྱ་ནག་དམར་པོས་ང་ཡི་མེས་པོ་བསད།།
རྒྱ་ཁྱི་ཁྲམ་པས་ང་ཡི་རྒྱུ་ནོར་འཕྲོགས།།
མི་འདོད་རང་བྱུང་འཇིག་པས་ང་ཅག་བཙེས།།
ང་ཡི་རིགས་འདིའི་ལས་དབང་སྐྱོ་ཞིང་མནར།།
གཞན་གྱི་གཉའ་གནོན་ཆེ་བའི་སྡུག་བསྔལ་གཅིག།
རང་བྱུང་གནོད་པའི་འཁྱེར་བའི་སྡུག་བསྔལ་གཉིས།།
སྡུག་བསྔལ་གཅིག་བརྩེགས་སྒང་ལ་ཉིས་བརྩེགས་འདིས།།
ང་ཡི་སེམས་ལ་སྡུག་གི་མཆི་མ་བསྐྱིལ།།
ང་ཚོ་རྒྱ་ནག་གི་གཡོ་འོག་ལ་མ་ཚུད་བ་བྱེད་དགོས།
ས་ཡོམ་དེ་དམར་པོའི་འདོད་རྔམ་ལས་བྱུང་བ་རེད། རང་བཞིན་གྱི་འཁོར་ཡུག་ལ་འགྱུར་བ་ཟོས།
རང་བཞིན་དུ་འབབ་པའི་ཆུ་བོ་ཁ་བསྒྱུར་དཀྱིལ་བཀག་བྱས་ནས་སའི་གོ་ལ་ཆ་མ་གཉོམ་ནས་འགུལ་བ་རེད་
རང་བཞིན་གྱི་འབྱུང་བ་བཀོལ་སྤྱོད་ཆེ་གྲགས་ནས་་འབྱུང་བ་ཙ་གྲངས་ཆ་མ་གཉོམས་པ་ལས་བྱུང་བ་རེད། དེ་ནི་ཕྱི་ཚན་རིག་པས་ཤེས་ཐུབ། དེ་ཡང་རྩ་བ་ནང་ཉོན་མོང་འདོད་རྔམ་ལས་བྱུང། དེར་རྟེན་རྩ་བ་རྒྱ་དམར་འདི་ལ་ཐུག་པ་ཤེས་ནས་གཡོ་འོག་ལ་མ་ཚུད་བ་བྱེད་དགོས།
གཞིས་གྲོང་སྐྱེ་དགུ་མདོར་སྙིང་ནས་བརྩེ་ཞིང་ འཚོ་ཞིང་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་པར་ད་ལྟ་ཁྱེད་རྣམས་པར་རང་བྱུང་འཁོར་ཡུག་གི་གོད་ཆགས་འོག་བློ་བུར་དུ་དཀའ་སྡུགས་ཚད་མེད་མྱོང་བཞིན་པ་དེར་ བོད་ཕྱི་ནང་གཉིས་སུ་ བོད་མིའི་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་སྐྱེད་ཞུ་བ་དང་
འཚོ་ཞིང་མ་བཞུགས་པའི་སྤུན་ཟླ་རྣམས་ཀྱི་ཆེད་
འདི་ནས་ཚེ་འཕོས་གྱུར་མ་ཐག་།
དགའ་ལྡན་སྐྱེ་གནས་ཡི་དགའ་བར་།
མྱུར་དུ་ཇམ་མགོན་ཐོབ་བྱས་ནས་།
བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག་། ཞེས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྨོན་ལམ་གསོལ་འདེབས་ཞུ་
བོད་ལུས་སྤུན་ཟླ་ཁྱེདརྣམས་པའི་དཀའ་སྡུག་ཚད་མེད་འདིར་ང་ཚོ་བོད་ཕྱིར་ཡོད་པའི་བོད་རིགས་རྣམས་ནས་བློ་ཕམ་ཚད་ལས་འདས་ཞིང་ ད་ལམ་གྱི་བར་ཆད་དེ་དག་མཐོས་མ་ཐག་ རང་རེ་བོད་གཞིས་བྱེས་གཉིས་ཀྱི་འདི་ཕྱིའི་སྐྱབས་གནས་དམ་པ་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ དཔལ་རྒྱལ་པ་ཀརྨ་པ་རིན་པོ་ཆེ་མཆོག་ དཔལ་ས་སྐྱ་འཁྲི་འཛིན་རིན་པོ་ཆེ་རྣམས་པའི་དབུས་རྒྱ་གར་སོགས་འཛམ་གླིང་ནང་་བོད་རིགས་སེར་སྐྱ་མང་ཚོགས་ནས་སྨོན་ལམ་གསོལ་འདེབས་ཞུ་བཞིན་ཡོད་ གཞུང་སྒེར་ཚོགས་ཁག་སོགས་ནས་ཛ་དྲགས་གིས་ཞལ་འདེབས་བསྡུ་བསྐོང་གི་ལས་གཞི་སྤེལ་ཏེ་གང་ཐུབ་ཀྱི་རོགས་རམ་འབུལ་ཐུབ་ཐབས་ མ་ཟད་རྒྱ་གཞུང་ནས་བཀག་གསྡོམས་མ་བྱུང་ཚེ་རང་ཉིད་མི་འགྲོ་དངས་བསླངས་ཐོག་བོད་ལུས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་ལ་རོགས་ཕན་ཞབས་ཞུར་ཡོངས་ཐུབ་ཐབས་ཀྱི་འབད་བརྩོན་ཞུ་གི་ཡིན་ གཙོ་པོ་ཁྱེད་རྣམས་པའི་ཡིད་གདུང་གསེལ་ཆེད་ཁ་སང་ ༧གོས་ས་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དང་ རྒྱལ་བ་ཀརྨ་པ་རིན་པོ་ཆེ་རྣམས་གཉིས་ནས་བཀའ་སློབས་གསུངས་གི་བསྡུད་བརྩི་་སྩལ་གནང་ཡོད་པ་དེ་དག་དགོངས་དབྱིངས་སུ་མངའ་བ་ཞུ་གལ་ཆེ་། གོད་ཆགས་འདི་ཡིས་བོད་དོན་བདེན་པའི་འཐབ་བརྩོད་ཀྱི་བར་བཅད་ཟློག་གྱུར་ཅིག་།།
སེམས་གསོའི་འཕྲིན་པ་དཀར་པོ།
ལུས་སེམས་གཉིས་ཀ་རྒྱ་ཡིས་བསྡམས་དེ་ཡོད།།
མི་རིགས་ལས་ངན་འདི་ཡི་༧སྐྱབས་མགོན་ཡང་།།
རང་སར་མེད་པའི་སྔ་གཞུག་ཐམས་ཅད་ལ།།
གཞིས་ལུས་བོད་མི་བསམ་དུས་སེམས་པ་སྡུག།
ལྷག་དུ་ད་རེབས་འབྱུང་བའི་གནོད་སྐྱོན་ཁྲོད།།
ཉེས་མེད་བརྒྱ་ཕྲག་འགའ་ཡི་ཚེ་སྲོག་འཕྲོག།
སྐྱེ་སྔོན་ལས་ངན་བསགས་པའི་སྡུག་སྒྲིབ་དག།
ད་རེབས་འདི་ནས་དག་པར་དཀོན་མཆོག་མཁྱེན།།
ཤུལ་ལུས་སྟོང་ཕྲག་མང་བོས་འོ་འབོད་ཀྱིས།།
དཔག་ཚད་ཁྲི་མ་འབུམ་གྱི་ཡུལ་གྲུ་ཀུན།།
བསྐྱལ་ནས་རེ་ས་གཞན་ལས་མེད་པ་ཡི།།
རྒྱུ་འབྲས་ཚུལ་བཞིན་སྲུང་ལ་བརྡ་ཞིག་བསྐྲུན།།
མ་ཎི་ཡི་གེ་དྲུག་མའི་ཞལ་འདེབས་དང་།།
སེམས་དང་བསམ་པ་དྲང་མོའི་བསྔོ་སྨོན་སོགས།།
འཛམ་གླིང་ཡུལ་གྲུ་ཀུན་གྱི་བོད་རིགས་ཚོས།།
འཕོངས་པ་མེད་པར་གནས་དེར་ཆར་བཞིན་ཕབ།།
ད་ནི་རིག་དྲུག་གང་དུ་སྐྱེ་ན་ཡང་།།
སྐྱེ་རྒ་ན་འཆི་རང་ལག་མེད་པ་དེར།།
བསམ་བློ་ཞིབ་དུ་བཏང་ནས་ཤུལ་ལུས་ཚོས།།
སེམས་ཀྱི་རེ་བ་མ་བརླག་འབད་པར་ཞུ།།
རྒྱུ་ཡོད་རྣམས་ཀྱིས་ཞལ་འདེབས་འབྱོར་ངེས་ཡིན།།
རྒྱུ་མེད་རྣམས་ཀྱིས་སྐྱབས་འཇུག་ཞུ་ངེས་ཡིན།།
འགྱུར་མེད་དད་པ་བརྟན་པོས་གསོལ་བ་ཐོབས།།
རྩ་བའི་བླ་མའི་ཐུགས་ལ་ཉེ་རིང་མེད།།
ངའི་སེམས་རྩེ་གཅིག་གིས་སྨོན་ལམ་དྭངས་མོ།
ཤ་མཆིན་པས་བར་གྱི་ཚོར་བ་དྲོད་མོ་།
ཁྱོད་ཚོའི་ཚེ་འདི་་ཕྱི་གཉིས་ནས་འགྲོ་རོགས་དང་འདུག་རོགས་ཡིན།
སྙིང་རྗེ་མེད་པས་ས་ལྒང་འདི་རྒྱབ་ལོགས་ནས་མིག་ཆུ་གྲངས་མོ་ཁོག་ལ་འདྲེན་བཞིན ལོ་ལོན་གྱིས།
ངའི་སེམས་རྩེ་གཅིག་གིས་སྨོན་ལམ་དྭངས་མོ།
ཤ་མཆིན་པས་བར་གྱི་ཚོར་བ་དྲོད་མོ་།
ཁྱོད་ཚོའི་ཚེ་འདི་་ཕྱི་གཉིས་ནས་འགྲོ་རོགས་དང་འདུག་རོགས་ཡིན།
སྙིང་རྗེ་མེད་པས་ས་ལྒང་འདི་རྒྱབ་ལོགས་ནས་མིག་ཆུ་གྲངས་མོ་ཁོག་ལ་འདྲེན་བཞིན ལོ་ལོན་གྱིས།
ཕ་མས་བུ་ཕྲུག་བརླགས་པའི་སྡུག་བསྔལ་གྱིས།།
རང་གི་བྲང་ཁ་རྔ་བོ་ཆེ་བཞིན་རྡུང་།།
བྱིས་པས་ཕ་མ་ལྟོར་བའི་སྡུག་བསྔལ་གྱིས།།
ཕ་འབོད་མ་འབོད་བྲག་གི་ངོས་སུ་བརྡབ།།
ཕ་རོལ་བྲག་ལ་སེམས་པ་མེད་ན་ཡང་།།
སྐམ་པོ་བྲག་ནས་བྲག་ཆའི་སྐྱོ་གླུ་ལེན།།
སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩལ་རྫོགས་པ།།
ཅི་ལགས་མི་གཟིགས་བོད་འབངས་ཉམས་ཐག་ལ།།
རྒས་ཤིང་འཁོགས་པར་གྱུར་བའི་རྒན་པོ་དག།
མགོ་བོ་འདར་སིག་བྱེད་ཅིང་མིག་གི་མཐར།།
མཆི་མའི་འོད་དང་རེ་བའི་མདངས་བཟུང་ནས།།
སྡུག་བསྔལ་ས་རྡུལ་ཁོག་པའི་ནང་དུ་མིད།།
ཚུལ་དེ་མ་བཟོད་ནམ་མཁའི་ཆུ་འཛིན་ཡང་།།
ཁོག་པའི་མཆི་མ་ཕྱི་ལ་གཏོར་བྱེད་ན།།
མཐུ་སྟོབས་རྫོགས་པ་བོད་སྐྱོང་སྲུང་མ་རྣམས།།
ཁ་གདངས་མཆེ་བ་གཙིགས་ནས་སུ་ལ་གཟིགས།།
རང་མཐུ་ཟད་ན་གཞན་ལ་རེ་འབོད་དགོས། ། སྨོན་པས་མི་ཆོག་འཇུག་པ་ལག་ལེན་གྱིས། ། རྒྱུན་དུ་ཤ་ཁྲག་གཅིག་པའི་བོད་མི་ཞེས། ། སྟོང་ཚིག་གྲངས་ལ་མཆེལ་བ་དོན་ལྡན་མཛོད། ། མཆོག་གསུམ་བདེན་བསྐུལ་བསམ་པའི་སློབ་གསོ་དང་། ། རྒྱུ་ནོར་རོགས་སྐྱོར་དངོས་འབྱོར་མཆོད་སྦྱིན་དང་། ། དྭ་ཕྲུག་གཅེས་སྐྱོང་མི་རིགས་དར་སྤེལ་སོགས། ། གང་དགོས་ཅི་འཇོན་ལག་ལེན་མཐར་འཁྱོལ་བྱ། །
ཤི་བོ་རྣམས་ཀྱི་རྣམ་ཤེས་དག་པའི་ཞིང་ཁམས་ནས་སྐྱེས་བར་ཤོག
རྨས་དང་ཤུལ་དུ་ལྷག་པ་རྣམས་ལ་དགོས་ངེས་ཀྱི་རོགས་སྐྱོར་འཐོབ་པར་ཤོག
བོད་གངས་ཅན་ལྗོངས་ཀྱི་བོད་མི་རྣམས་སྡུག་གི་མུན་པ་ལས་གྲོལ་བར་ཤོག
ས་ཡོམ་གོད་ཆག་ཁྲོད་ཀྱི་འདས་གསོན་སྤུན་ཟླ་ཕོ་མོ་ཚོར་མྱ་ངན་ཞུ་བ།
བོད་ཁ་བ་རི་པའི་ལས་ངན་ལ་བསམ་ཚེ།།
དུས་དེ་རིང་དྭངས་ཡང་སང་ཉིན་དེ་འཐིབས་འོང་།།
སྐྱབས་མགོན་མེད་གཞིས་བཞུགས་བོད་མི་ལ་བསམ་ཚེ།།
དུས་འབྱུང་བཞི་རབ་འཁྲུག་བར་ཆད་ཀྱིས་ཟིན་འདུག།
གནམ་སྔོན་པོ་ཡར་ལ་ལྷ་བླ་ཞིག་མཆིས་ཚེ།།
ངའི་རིགས་མཐུན་སྤུན་ཟླར་དགོངས་བཞེས་རེ་གནང་ནས།།
ཚེ་འཆི་ཁའི་ལམ་ནས་ལག་གདང་གིས་འདྲེན་རོགས།།
དམུ་ཐག་པས་འཐེན་ནས་ཐར་ལམ་ལ་འཁྲིད་རོགས།།
མ་ཨ་ཕ་བྲལ་བའི་བོད་ཕྲུག་ལ་བསམ་ཚེ།།
རང་གློ་སྙིང་བྲང་གསུམ་ན་ཟུག་དེ་ཆེ་ཡང་།།
རྐྱེན་གེགས་བར་ཞི་བའི་སྨོན་ལམ་གྱི་ཞལ་འདེབས།།
ཡུལ་འཕགས་ཡུལ་གླིང་ནས་ཕུལ་བ་དེ་སྒྲུབ་ཤོག།
ནག་སྐྲ་ལོ་ཁ་བས་གཡོགས་པ་ཚོར་བསམ་ཚེ།།
སྡུག་མ་མྱངས་དགུ་མྱངས་ཚེ་མཇུག་དེར་མྱངས་འདུག།
གཉེན་བུ་ཕྲུག་བྲལ་བའི་གཅོང་སེམས་ཀྱི་ནད་གཞི།།
རྗེ་ལྷ་རྗེ་ཡོད་ན་མྱུར་དུ་རང་བཅོས་རོགས།།
ཕ་ས་ཁང་བརླག་པའི་སྤུན་ཟླ་ཚོར་བསམ་ཚེ།།
མལ་དྲོན་པོ་ཟ་བཏུང་བཀོལ་སྤྱོད་དེ་བོར་བའི།།
སེམས་དུ་ཁས་མནར་བའི་མྱ་ངན་གྱི་སྨུག་པ།།
དུས་སྐད་ཅིག་ཉིད་ལ་ལྷ་སྲུང་གིས་སེལ་རོགས།།
གྲང་ལྟོགས་སྐོམ་འཁྱག་གསུམ་བཟོད་མེད་ཀྱི་དཀའ་ཚེགས།།
དུས་ད་ལྟ་སེལ་ནས་དགའ་སྐྱིད་ཀྱི་དཔལ་ཡོན།།
སྡུག་ཁུར་པོས་གནོན་པའི་སྤུན་ཟླ་དེ་རྣམས་ལ།།
ཤར་ཉི་གཞོན་བཞིན་དུ་ལ་མོ་རུ་འཆར་ཤོག།
སྙིང་དམར་ཆུང་བྱུ་རུའི་གུར་ཁང་ལས་ཆས་པའི།།
སེམས་བཅོས་མེད་སྨོན་ལམ་དྭངས་མ་ཡི་འབྲས་བུ།།
ཁྱེད་སྤུན་ཟླའི་དཔག་བསམ་ལྗོན་ཤིང་གི་རྩེར་མོར།།
དུས་མི་རིང་སྨིན་ལ་ལྷ་ཚོགས་ཀྱིས་གཟིགས་རོགས།།
ཡུལ་ས་མཐའ་འགྲིམ་མཁན་བུ་མོ་ངས་ད་བར།།
ལས་བཟང་པོའི་དགེ་བ་ཅི་བསགས་ཀྱི་འབྲས་བུ།།
རིགས་རུས་རྒྱུད་གཅིག་པའི་སྤུན་ཟླ་ཡི་ཚོགས་ཀྱི།།
དོན་བར་ཆད་ཞི་བའི་གསོལ་འདེབས་སུ་བརྫངས་སོ།།
ངས་གོང་གི་ཚིགས་བཅད་འདི་དག་ཡིད་མ་སྐྱིད་པའི་ཚོེར་སེམས་ཐད་ཀར་བྲིས་པ་ཡིན་པས། ཚིག་སྦྱོར་དང་རྒྱན་སྦྱོར་ལ་སྙན་ཆ་བྱུང་མ་སོང་ཡང་། སེམས་ཀྱི་སྨོན་ཚིག་འདི་སྤེལ་ནས་ས་ཡོམ་གོད་ཆག་ཁྲོད་ཀྱི་འདས་གསོན་སྤུན་ཟླ་ཕོ་མོ་ཚོར་མྱ་ངན་ཞུ་བ་ཡིན།
དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་སྐྱེ་སྐུ་མདོར་ས་ཡོམ་གྱི་ཆག་སྒོ་བྱུང་བར་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན།
དེ་རིང་ཞོགས་པ་མཚོ་སྔོན་ཡུལ་ཤུལ་ཁུལ་དུ་ས་ཡོམ་གྱིས་རྐྱེན་པས་མི་ཤི་རྐྱེན་ཆག་ཚབས་ཆེན་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་དོན་ལ་ཡིད་སྐྱོ་བ་ཚད་མེད་པ་བྱུང། འདི་ནས་ཁོ་བོ་རང་ཉིད་གཙོ་བོར་གྱུར་པའི་རྒྱ་བལ་འབྲུག་སོགས་སུ་ཡོད་པའི་བཀའ་བརྒྱུད་པའི་དགོན་སྡེ་རྣམས་ཀྱི་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་སྐྱེ་འཆི་བར་དོའི་འཇིགས་སྐྲག་ཞི་བའི་བསྔོ་སྨོན་དང་ཚོགས་གསོག་བྱ་མུས་ཡིན་ལ། ཆོས་བརྒྱུད་རིས་མེད་ཀྱི་སྐྱེས་བུ་དམ་པ་རྣམས་ལའང་སྐྱབས་བསྔོ་འབུལ་བཞིན་ཡོད། ཤུལ་དུ་ལུས་པ་རྣམས་ཀྱང་རྨས་རྐྱེན་གེགས་གསུམ་ལས་མྱུར་དུ་ཐར་ཞིང་འཁོར་བའི་རང་བཞིན་མཐོང་བའི་སྒོ་ནས་སེམས་རྒྱ་བསྐྱེད་དེ་ཤི་གསོན་གཉིས་ཀར་སྨན་པའི་དོན་ལྡན་གྱི་བྱ་བར་འབད་འབུངས་ཀྱིས། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ་ཡུན་རིང་དུ་མི་མྱོང་བའི་སྨོན་འདུན་ཤུགས་དྲག་བཅས། ཀརྨ་པར་འབོད་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་༢༠༡༠ ཟླ་ ༤ ཚེས་༡༤ ཉིན་ཕུལ།།
hguygft
ཡ་དྲ་གྲོགས་རྣམ་པ། བལྟོས་དང་ད་ང་ཚོ་བོད་འདི་ལ།
འགྱེལ་པའི་ཐོག་ལ། ལྡོག་རྫེས་ཞེས་པ་བཞིན་ཕྱིའི་འབྱུང་བཞིས་ཀྱང་ང་ཚོ་ལ་
རྐང་བཙུགས་ནས་ཐུབ་ཚོད་བཏང་པ་འདྲ། གོད་ཆག་འདི་འདྲ་ཞིག་ང་ཚོའི་སྟེང་དུ་
སླེབ་ཚར་ནས་ད་ང་ཚོས་སྙིང་ཁོང་རུས་བའི་གསེབ་ནས་གདུང་སེམས་མཉམ་སྐྱེད་
བྱེད་པ་ལས་ཕན་གང་ཐོག།
མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས།
སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང།
ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།
འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ།།
སྨོན་ལམ་འདི་དག་གང་གིས་མཐོང་ངམ་ཐོས།
ཡིད་ལ་དྲན་པར་བྱེད་པ་དེ་དག་ཀྱང།
རྒྱལ་སྲས་རྣམས་ཀྱིས་སྨོན་ལམ་རླབས་པོ་ཆེ།
མ་ལས་སྒྲུབ་ལ་ཞུམ་པ་མེད་པར་ཤོག།།
དེང་དུས་ཀྱི་བརྩོམ་མམ་རང་མོས་སྙན་ངག་ལ་ན་ཁྲིམས་མེད་ལུང་མེད་རོ་བཅུ་མ་མཆིས་པའི་སྣ་བོའི་མཁས་དབང་རིམས་འབྱོན་ཀྱི་འཇག་བརྕོམ་དག་མེ་ཆུ་རླུང་གསུམ་ལ་བསྐྱུར་དུ་བཅུག་མཁན་ཤ་དག་ཡིན་པ་ཁོ་བོར་མཚོར་བ་དྲག་པོ་བྱུང་།
I am very sorry for this news, I am praying me self for them.
I would like to donate for those,
ང་ཚོས་སྙིང་ཁོང་རུས་བའི་གསེབ་ནས་རང་བྱུང་གནོད་འཚེའི་འོག་ནས་འདས་གྲོངས་སུ་གྱུར་པ་རྣམས་ལ་མྱ་ངན་གྱིས་གདུང་སེམས་མཉམ་སྐྱེད་བྱེད་པ་དང་། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྨོན་ལམ་གསོལ་འདེབས་ཞུ་བཞིན་ཡོད་ལ། རྨས་སྐྱོན་ཕོག་པའི་བོད་རིགས་སྤུན་ཟླ་རྣམས་གྱི་ཆེད་གང་འགྱོགས་མཐུན་རྐྱེན་འབྱོར་བའི་སྨོན་ལམ་ཡོད།
དཀའ་བས་བརྩིགས་པའི་ཁང་ཁྱིམ་རྣམས་ནི་རང་སྲོག་གཅོད་པའི་དགྲ་རུ་གྱུར།
འབད་པས་བསགས་པའི་ནོར་རྫས་རྣམས་ནི་མི་འདོད་བཞིན་དུ་ཤུལ་དུ་ལུས།
གཅེས་པས་སྐྱོང་བའི་གཉེན་བཤེས་རྣམས་ནི་རང་དབང་མེད་པར་ཕན་ཚུན་བྲལ།
དགའ་བས་བསྟེན་པའི་འཇིག་རྟེན་ཆོས་ནི་མ་བརྟགས་ཉམས་དགའ་ཙམ་དུ་ཟད།
ལས་སྨོན་བྱམས་བརྩེའི་སྲོག་གིས་འབྲེལ་བའི་བོད་འབངས་ཚོ། མི་ཚེ་གཅིག་ལ་སྐྱིད་སྡུག་སྣ་ཚོགས་ཡོང་སྲིད་པས།
སྐྱིད་དུས་ང་རྒྱལ་མ་བྱེད་བོད་ཀྱི་སྤྱི་དོན་སྒྲུབས། སྡུག་དུས་སེམས་ཕམ་མ་བྱེད་གཅིག་ཕན་གཅིག་རོགས་བྱོས།
རྐྱེན་ཆག་སྒོ་བྱུང་བའི་ཛ་དྲག་དུས། སེམས་སྐྱོ་བ་ཙམ་ཀྱིས་མི་ཕན་པས།
བློ་རིག་པའི་ཐབས་ཇུས་གྲོས་བྱས་ནས། ལས་དེ་འདྲ་མི་བྱེད་འདི་འདྲ་བྱེད།
ཚེ་འདས་རྣམས་ལ་ཕན་པའི་ཕྱིར། སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས།
བདུན་ཕྲག་བདུན་ཀྱི་དུས་ཡུན་ལ། ཆོས་ལ་ཐོས་བསམ་སྒོམ་པར་མཛོད།
གསོན་པོ་རྣམས་ལ་ཕན་པའི་ཕྱིར། སོ་སོའི་རང་ནུས་གང་ཡོད་ཀྱིས།
དངོས་པོའི་ཞབས་འདེགས་འབུལ་བའམ། ལུས་ངག་ཡིད་ཀྱིས་འབད་པར་འཚལ།
ཤུལ་ལུས་དྭ་ཕྲུག་སྐྱབས་མེད་རྣམས། ཐབས་དང་ཇུས་ཀྱིས་མ་སྐྱབས་ན།
བོད་ཕྲུག་རྒྱ་ལ་བསྒྱུར་ངེས་པས། ས་ཡོམ་ངན་འབྲས་ཅི་བས་སྡུག
རྒྱ་མིའི་གཡོ་འཕྲུལ་བྱམས་ན་ཡང་། དེ་ལ་བློ་གཏད་བྱེད་མི་རུང་།
ཤིན་ཏུ་ཉམ་ཐག་གྱུར་ན་ཡང་། རང་དབང་རྩོད་ལེན་བརྗེད་མི་རུང་།
༄༅། །སྐྱོ་གདུང་གི་མྱ་ངན། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ཀྱེ་མ་ཀྱེ་ཧུད་བདག་ཅག་སྐལ་བ་ལ། །
དམ་པའི་སྐྱེས་བུ་མྱང་འདས་ཞིང་དུ་གཤེགས། །
ས་གཡོས་འཇིག་པས་རང་ཡུལ་ཐལ་བ་གཏོར། །
སྡུག་བསྔལ་འདི་འདྲ་སུ་ཡིས་བཟོད་ནུས་སམ། །
རིན་ཆེན་ནོར་བུའི་རིན་ཐང་མ་ཤེས་པས། །
བདེན་པའི་ལུང་ལ་རྫུན་གྱི་འཁོར་ལོ་བསྐོར། །
གནམ་རྒན་ཤོབ་ལ་ཆོས་ཀྱི་དྭངས་མ་བརྩིས། །
ས་གཞིས་མ་ཐེག་གད་པའི་ཐན་རྟགས་འདིས། །
མཛའ་བཤེས་ཁ་བྲལ་གཏོང་བར་ཨེ་བདེན་ནམ། །
ཀྱེ་ཧོ་དགོངས་ཤིག་མགོན་པོ་སྤྱན་རས་གཟིགས། །
དཀོན་མཆོག་ཀུན་འདུས་ཁྱེད་ཉིད་གང་དུ་བཞུགས། །
གཞིས་ཕྱིས་བསྐལ་བའི་གདུང་བ་ཁྱེད་ལ་ཕྱོགས། །
སྐྱེ་རྒུའི་བླ་སྲོག་ཤོར་བ་མཐོང་ལགས་སམ། །
རྒན་པ་བྲོས་པའི་གོམས་པ་ཤིན་ཏུ་དལ། །
གཞོན་པ་བརྩེ་བའི་གདུང་སེམས་གཉེན་ལ་འཁྲིས། །
བྱིས་པ་ན་ཚོད་མ་སྨིན་སྲོག་དང་བྲལ། །
གཤིན་ཐང་སྐྱ་མོ་འདི་འདྲ་སྲིད་ན་དཀོན། །
ཁ་སང་བགོད་པའི་སྒྲ་དབྱངས་ལྷང་ལྷང་སྒྲ། །
དེ་རིང་ངུ་ཅོ་འུར་འུར་སྨྲེ་ངག་སྐད། །
མི་རྟག་སྒྱུ་མའི་གྲོང་གི་གཤིས་ར་འདི། །
ཁྲེལ་མེད་འཇིག་རྟེན་བྱེད་པོ་སུ་ཡིས་བྱས། །
དགོན་སྡེའི་མཛེས་ཆོས་ས་རྡུལ་ཕུང་པོས་གཡོགས། །
གཅེས་པའི་སྒྱུ་ལུས་མི་འདོད་ཤུལ་དུ་བཞག །
བསགས་པའི་དངོས་ཆས་རལ་བའི་ཚོར་བ་འདིས། །
ནོར་གྱིས་ཉོས་པའི་སྤྲུལ་རྫུན་གྱེས་བརྡ་སྟོན། །
བརྩེ་གདུང་སྲོག་ལས་གཅེས་པའི་ཕུ་ནུ་དང་། །
ཚེ་གང་དཀའ་བས་སྒྲུབ་པའི་ནོར་རྫས་ཀུན། །
དབང་མེད་བྲལ་ནས་ཕྱི་མའི་ཕྲེང་ལ་འགྲིམས། །
ཉམས་རྒུད་ཕྱི་སྣོད་གཉིས་ཀར་སྙིང་རེ་རྗེ། །
སྙིང་གྲོགས་བྲལ་བའི་སེམས་ཀྱི་སྡུག་བསྔལ་གཅིག །
དངོས་འབྱོར་བརླགས་པའི་ཡིད་ཀྱི་སྐྱོ་གདུང་གཉིས། །
རང་ཡུལ་བསྐལ་བའི་བློ་ཡི་འགྱོད་པ་གསུམ། །
མི་འདོད་སྙིང་གི་ན་ཚ་ལྷག་པར་འཕེལ། །
རང་མགོ་རང་མྱིས་སྐོར་བའི་ལས་ངན་གྱིས། །
ཕྱོགས་ཞེན་སྨོན་ལམ་འཚོགས་པའི་གྲུབ་འབྲས་ཞིག །
ལས་ཉོན་སྤྲུལ་བ་མོད་པའི་བྱ་བྱེད་འདིས། །
འབྱུང་བས་མ་ཐེག་གཡོ་བ་ཀྱེ་མ་ཧུད། །
སློབ་ཆུང་བྱིས་པའི་ཁང་ཆེན་གོད་ཆགས་འོག །
ན་ཆུང་ཚེ་སྲོག་ཤོར་བའི་ཕུང་པོ་དག །
མཐོང་ཚེ་དབང་མེད་ཡིད་ཀྱི་མཆི་མ་བཀུ། །
ལས་ཉོན་སྡིག་སྒྲིབ་དག་པའི་སྨོན་ལམ་འདེབས། །
དབང་མེད་ལས་ཀྱི་གྲུ་ཁ་ཆེན་པོ་འདིར། །
ཆ་མེད་ཡུལ་དུ་གྲོགས་མེད་གཅིག་པུར་འཁྱམས། །
འཇིགས་སྐྲག་འཁྲུལ་བའི་གནས་ལ་བྱིང་བ་དག །
རྒྱལ་དང་རྒྱལ་བའི་སྲས་ཀྱིས་ལམ་སྣ་དྲོངས། །
བརྒྱ་ཕྲག་ཤི་བའི་སྡུག་བསྔལ་བརྗོད་པར་དཀའ། །
སྟོང་ཕྲག་ན་བའི་ཟུག་གཟེར་དེ་ལས་ཆེ། །
ཁྲི་ཕྲག་གཉེན་བཤེས་བྲལ་བའི་སྐྱོ་གདུང་འདིས། །
འབུམ་ཕྲག་འགྲོ་བའི་སེམས་པར་སྡུག་ལ་སྦྱར། །
བྱམས་བརྩེའི་རྒན་པ་མ་དབང་གཤིན་ཡུལ་འགྲིམས། །
སྙིང་རྗེའི་དྭ་ཕྲུག་ཟུག་ངུས་སྐྱོ་བས་གདུང་། །
དགའ་བའི་སྙིང་གྲོགས་འབྲལ་བའི་སེམས་ནད་འདི། །
འགྲོ་བ་ཀུན་གྱིས་མྱོང་བར་མ་གྱུར་ཅིག །
བདེ་སྡུག་ལས་ཀྱི་འབྲས་བུ་བསུབ་ཐབས་མེད། །
ཆགས་སྡང་དགྲ་གཉེན་འཛིན་པ་བྲལ་ཐབས་དཀའ། །
ཤ་རུས་བོད་ལས་མཆེད་པའི་དགའ་ཞེན་འདིས། །
མ་ལུས་འགྲོ་བའི་སྡུག་བསྔལ་བསལ་ནུས་ཤོག །
རྒྱལ་བས་བདེན་གསུང་བདེན་བཞིའི་ལམ་སྟོན་ཡང་། །
འཁོར་བ་རྫུན་པའི་འཁྲུལ་བ་གཏིང་ཟབ་པས། །
བསགས་བསྲུང་བརླགས་པའི་སྡུག་བསྔལ་མྱོང་བ་ཚོར། །
མི་རྟག་རྣལ་མ་རྒྱུད་ལ་སྐྱེ་བར་སྨོན། །
དགོན་གྲོང་བ་གམ་འཇིག་པའི་མི་རྟག་གཅིག །
དངོས་ཆས་ཡོ་བྱད་ཆག་པའི་མི་རྟག་གཉིས། །
རྒན་བྱིས་ན་གཞོན་འཆི་བའི་མི་རྟག་གསུམ། །
ཡང་ཡང་བསམ་ཚེ་མི་རྟག་བསྐུལ་མ་ལགས། །
བཀའ་དྲིན་མཉམ་མེད་སྟོན་པ་མཆོག་གིས་ཀྱང་། །
འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་བ། །
ཆོས་ཀུན་སྟོང་པ་མྱང་འདས་ཞི་བདེ་ཞེས། །
གསུངས་པའི་དོན་བཞིན་ཀུན་གྱིས་རྟོགས་གྱུར་ཅིག །
མི་རྟག་སྒྱུ་མའི་འཕྲུལ་གྱིས་བསྐུལ་མ་འདིས། །
དལ་འབྱོར་རྟེན་ལ་སྙིང་པོར་རྟག་བརྩོན་པའི། །
སྐལ་བཟང་སྐྱེ་བོ་ས་ཆེན་འདི་འགེངས་ནས། །
ཞི་བདེའི་དམ་ཆོས་སྣང་བས་ཁྱབ་གྱུར་ཅིག །
འདི་ཕྱི་བར་དོའི་ཡུལ་གྱི་སྡུག་བསལ་ཀུན། །
ཞི་བྱེད་སྨན་མཆོག་རྒྱལ་པོ་རྫོགས་པ་ཆེའི། །
སྨིན་གྲོལ་གདམས་པའི་སྣོད་དུ་ལེགས་གྱུར་ནས། །
འགྲོ་ཀུན་ཚེ་འདིར་སངས་རྒྱས་མྱུར་ཐོབ་ཤོག །
ཅེས་པ་འང་རང་ཡུལ་ཁུལ་དུ་ས་འགུལ་གྱིས་གནོད་པའི་སྡུག་བསྔལ་མཐོང་བ་ལ་རྐྱེན་བྱས་ནས་
ཅི་དྲན་དུ་༢༠༡༠ ༤ ༡༤ ལ་དཔལ་དགྱེས་པ་རྡོ་རྗེས་བུདྡྷ་ཛྙྰ་ནའི་ཆོས་ཚོགས་ཁང་ནས་བྲིས་པ་དགེའོ། །
པར་རིས་དང་གསར་འཕྲིན་ལ་ཅེར་ནས་ཅི་ཡང་བྱེད་མི་ཐུབ་པ་འདིའང་ང་རང་ཚོའི་ལས་དབང་ཞིག་མ་ཡིན་ནམ།
མྱ་ངན་ཞུ་བ་ལས་ཐབས་ཤེས་གཅིག་ཀྱང་མི་འདུག
i am very sad this news.
གཟུང་འཛིན་རྣམ་རྟོག་འཁྲུལ་བའི་གྲོང་ཁྱེར་དུ། །
མི་གཙང་འབྱུང་བཞི་སྒྱུ་མའི་ཕུང་པོ་དང། །
རྣམ་ཤེས་འབྲལ་ཁའི་འཆི་རྐྱེན་སྣ་ཚོགས་པས། །
མནར་གཅོད་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །
གུས་པའི་རྣ་བར་གནས་ཚུལ་དེ་ལྟ་བུ་ཐོས་ཕྲལ་རང་ཉིད་ཀྱི་སེམས་ལ་ནམ་རྒྱུན་དང་མི་འདྲ་བའི་སྐྱོ་སེམས་དྲག་པོའི་འཚོར་བ་ཞིག་ངང་གིས་འཕེལ་ཞིང་རང་ཉིད་ཀྱི་ངོས་ནས་ཁོང་རྣམས་ཀྱི་སླད་དུ་སྨོན་ལམ་ཞིག་འདེབས་ཐུབ་ཚེ་དེ་ཡིས་ཕན་ཐོགས་ངེས་ཅན་ཞིག་ཡོང་བར་སྙམ་མོ་
བདེ་ཆེན་མཆོག་ལ་ནམ་ཞིག་ཁོ་བོའི་ཁྱོད་ཀྱི་བཞིན་མདངས་མཐོང་བ་ནས་བཟུང་ཁོ་བོའི་ཡིད་ལ་སྔར་མེད་ཀྱི་ཚོར་བ་དྲག་པོ་ཞིག་བྱུང།
དྷེར་རྡུན་མངའ་ཁུལ་དུ་ཡོད་པའི་ས་དགོན་ཁག་དང་བཙུན་དགོན་རིན་ཆེན་ཆོས་གླིང་བཅས་སོ་སོས་ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་ཕྲལ་ཞབས་རིམ་དང་སྨོན་ལམ་ཚོགས་བཞིན་པ་རེད་འདུག
དེ་རིང་ཞོགས་པར་བོད་ནང་ལོག་གི་འབྱུང་བཞིའི་གནོད་པའི་འོག་བོད་མི་བརྒྱ་ཕྲག་ཁ་ཤས་ཚེ་སྲོག་ཤོར་བས་ཡིད་སྐྱོ་བའི་གནས་ཚུལ་ཐོས་མ་ཐག་འདི་གར་བྱེས་ཀྱི་གདན་ས་དཔལ་ས་སྐྱའི་ཆོས་སྒར་དུ་ས་སྐྱའི་སྒྲོལ་མ་ཕོ་བྲང་གི་སྐྱབས་རྗེ་༧གོང་མ་འཁོན་གདུང་སྐུ་བགྲེས་གཞོན་རྣམ་གཉིས་དབུ་བཞུགས་ཐོག་བླ་སྤྲུལ་དགེ་འདུན་སུམ་བརྒྱ་ལྔ་བཅུ་ལྷག་གིས་སྨོན་ལམ་གསུང་སོང་། སྐབས་དེར་སྐྱབས་རྗེ་༧གོང་མ་འཁོན་གདུང་སྐུ་བགྲེས་རིན་པོ་ཆེས་ཐུགས་ཕམ་དང་བཅས་བཀའ་སྩལ་དོན། དེ་རིང་སྔ་དྲོ་ཁམས་སྐྱེ་དགུ་མདོར་འབྱུང་བཞིའི་གནོད་འཚེ་འོག་མི་བརྒྱ་ཕྲག་མང་པོ་ཚེ་སྲོག་ཤོར་ཡོད་རེད། དེར་བརྟེན་དགེ་འདུན་པ་ཚང་མས་དམིགས་པ་སྒྲིམ་སྟེ་འདས་པོ་དེ་རྣམས་ཀྱིས་ཚེ་རབས་ནས་བྱས་བསགས་སྡིགས་ལྟུང་ཐམས་ཅད་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་ཕང་རིན་པོ་ཆེ་འཐོབ་ཐུབ་པའི་ཐུགས་སྨོན་གནང་རོགས་གནོང་ཞིག་ཅེས་བཀའ་བསྩལ་སོང་། དེ་བཞིན་དུ་དྷེར་རྡུན་མངའ་ཁུལ་དུ་ཡོད་པའི་ས་དགོན་ཁག་དང་བཙུན་དགོན་རིན་ཆེན་ཆོས་གླིང་བཅས་སོ་སོར་ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་ཕྲལ་ཞབས་རིམ་དང་སྨོན་ལམ་ཚོགས་བཞིན་རེད་འདུག
ཤེས་རྟོགས་བྱུང་བ་ལྟར་ན། ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱིས་གོ་ཆགས་ཤུགས་ཆེན་པོ་ཕོག་མ་ཐག རྡེ་ར་རྡུན་དུ་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་བྱང་ཆུབ་གླིང་དུ། འབྲི་གུང་བཀའ་བརྒྱུད་བཙུག་ལག་སློབ་གཉརེར་ཁང་དང༌། བཀའ་བརྒྱུད་ནང་བསྟན་མཐོ་སློབ། བཙུན་དགོན་བསམ་གཏན་གླིང༌། སྲོང་བཙན་དཔེ་མཛོད་ཁང་སོགས་ཀྱི་ཚོགས་མང་ལས་བྱེད་ཡོངས་ཀྱི་དབུས། འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་ཡོངས་སུ་གྲགས་པའི་འབྲི་གུང་འཕོ་བ་འཇག་ཚུགས་མ་བསྩལ་བ་དང་ཐུགས་སྨོན་རྒྱ་ཆེན་གནང་ཡོད་པའི་གནས་ཚུལ་འདུག
ཤེལ་དཀར་བློ་བཟང་།
༢༠༡༠/༠༤/༡༥ ཉིན་འདོན་སྤེལ་བྱས། ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིསཿ
སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེཿ
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཿ
ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅསཿ
འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེདཿ
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབསཿ
བོད་ཀྱི་མཛེས་མ།
༢༠༡༠/༠༤/༡༥ ཉིན་འདོན་སྤེལ་བྱས། ས་སྐྱ་གོང་མ་མཁྱེན་ནོ།
ང་ཚོ་མི་དཀྱུས་མ་ལས་བླ་ཆེན་རྣམ་པས་ཐུགས་སྨོན་ཕན་རླབས་ཆེ་བ་ཡོད།་
དེར་བརྟེན།་རིས་མེད་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པ་དང།རྒྱལ་སྲས་བླ་སྤྲུལ།བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང།་གདན་ས་གསུམ་གཙོས་པའི་ཆོས་སྡེ་ཁག་ཐུགས་སྨོན་དང་བསྔོ་སྨོན་རྒྱ་ཆེར་གསུང་རོགས་གནོང་ཞེས་གསོལ་བ་ཕུགས་ཚུགས་སུ་འདེབས་བཞིན་ཡོད།
སྐྱེ་རྒོ་མདོ་ཡི་ས་ཡོམ་གོད་ཆགས་ཁྲོད།
བོད་མི་བརྒྱ་ཕྲག་དྲག་གུ་སྲོག་ཤོར་དང།
སྟོང་ཕྲག་མང་པོར་རྨས་སྐྱོན་སྡུག་མྱོང་བ།
ཡ་ངའི་གོད་འཇིགས་འདི་ལ་སེམས་པ་སྐྱོ།
ཤཱཀྱའི་སྲས་དང་འཕགས་མཆོག་སྤྱན་རས་གཟིགས།
ཡི་དམ་ལྷ་ཚོགས་ཆོས་སྐྱོང་སྲུང་མ་ཡིས།
ཐུགས་སེམས་མ་གཡེམ་ཉམ་ཐག་བོད་མི་རྣམས།
མྱུར་ཏུ་སྐྱོབ་པའི་འཕྲིན་ལས་གདུང་གྲོགས་མཛོད།
ས་ཡོམ་གོད་ཆགས་ཁྲོད་ནས།
རྨས་དང་འདས་པོ་ཐམས་ཅད་ཀྱི།
རང་བསགས་སྡིག་པ་ཀུན་ཟད་དེ།
བདེ་བ་ཅན་དེར་སྐྱེ་བར་ཤོག།
ཨོོ་མཎི་པདྨེ་ཧོོ།
དེ་རིང་གནས་ཚུལ་གོ་གསལ་ལ། མདོ་སྨད་མཚོ་ལྷོ་ཁུལ་གྱི་སེར་སྐྱ་ཕོ་མོ་མང་པོ་ཞིག་སྐྱེ་སྐུ་མདོར་ས་ཡོམ་གྱི་ཆག་སྒོ་བྱུང་བར་ཐུགས་གསོའི་འཚམ་འདྲི་ཆེད་ཟས་གོས་གྲ་སྒྲིག་གིས་རླང་འཁོར་མང་པོ་ཞིག་རུ་སྒྲིག་ནས་འགྲོ་བཞིན་འདུག་ཅེས་གོ་བས་དགའ་བོ་བྱུང་། གཞིས་ལུས་བོད་རིགས་ཡོངས་ནས་གཅིག་ལ་གཅིག་གྲོགས་ཀྱིས་ཡ་ངའི་གོད་འཇིགས་འདི་ལ་སེམས་གསོ་དང་རོགས་ཕན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཆོལ་གསུམ་ཡོངས་ནས་རོགས་རམ་ཡོང་བའི་རེ་བ་ཡོད།།
བོད་མཆོལ་གསུམ་སྤུན་ཟླའི་མཐུན་འབྲེལ་ལ་
སྙིང་དབུས་ནས་ཐུགས་རྗེའི་དགའ་བསུས་ཏེ་
ལག་ཐལ་མོ་སྦྱར་ཏེ་ཕྱག་གསུམ་འཚལ་།
གཞི་བྱེས་བོད་མིའི་སྐྱབས་གནས་༧་གོང་ས་སྐྱབས་མགོན་ཆེན་པོ་ད་ལྟའི་གནས་བབ་འདི་འདྲ་ཞིག་ལ་སྐྱེ་རྒུ་མདོར་འདས་པོའི་ལམ་སྟོན་གསོན་པོའི་སེམས་གསོའི་ཆེད་དུ་ཞབས་སོར་བཀོད་ཐུབ་ན་ནི། གཞིའི་བྱེས་བོད་མིའི་རིང་ནས་གནག་པའི་རེ་བ་ཡིད་བཞིན་དུ་འགྲུབ་པ་ཡིན་པས་། འདས་པོའི་གླ་བདེ་གསོན་པོ་རྣམས་ཀྱི་ཡིད་སྐྱོའི་མུན་པ་བསལ་བར་སྨོས་མེད་རེད་དེ། དངོས་སུ་ད་ལྟའི་ཆར་ཡོང་རྒྱུ་ཡོད་པའི་སྐད་ཆ་ཞིག་བཤད་ན་ཤི་གསོན་གཉིས་ལ་ཕན་ཐོག་དང་། ས་ཡོམ་རྒྱེབ་སའི་གནས་བབས། རྒྱལ་ཁབ་ཀྱི་ངོས་ནས་རེ་བ་སྒྲུབ་སྲིད་པ། གཙན་བྱོལ་ངོས་ནས་ཚབ་ཆོག་པ། ས་སྐྱ་གོང་མ་རིན་པོ་ཆེ་ཕྱག་ཕེབས་གཅིག་ཐུབ་ན། ཤི་ཕོའི་གླ་བདེ། གསོན་པོའི་སྐྱོ་གདུང་སེལ་ཐུབ་པ། གོང་ས་མཆོག་ཕེབས་པ་དང་ཁྱད་པར་གང་ཡང་མེད་པ་ཞིག་ཆགས་ཐུབ་པ་གཏན་གཏན་རེད། དེས་ན་ཆབ་སྲིད་གྱི་གནས་འགག་དང་མི་འདྲེས་པའི་ཕྱི་གསལ་ནང་གསལ་བྱེད་ནས་། སྐྱབས་མགོན་གོང་མ་རིན་པོ་ཆེ་གདན་འདྲེན་་ཆིབ་བསྒྱུར་ཞིག་སྐྱོངས་བའི་ཐབས་ཤེས་ཤིག་ཕན་ཚུན་གཉིས་ཆར་གྱིས་འབད་ཐུབ་ན། ངས་རྒྱ་ངོས་ནས་ཡིན་ནའང་རེད། གཙན་བྱོལ་གྱི་ངོས་ནས་ཡིན་ནའང་རེད། ཁ་ཟེར་དོན་ལ་འདུག་ཟེར་ཞུ་རྒྱུ་ཡིན།
གསར་འགྱུར་ཆུང་ཆུང་ཞིག
པན་ཆེན་སྐུ་གོང་མའི་སྲས་མོ་རིགས་འཛིན་དབང་མོ་ལགས་ཞུ་བ་དེ་ཁ་ས་པེ་ཅིང་ནས་འཐོན་ནས་ཡུལ་ཤུར་ཕྱོགས་ལ་ཕེབས་འདུག ཁོང་ནས་ཆུ་དང་། ཟ་བཅའ། ཉལ་ཆས་སོགས་རླངས་འཁོར་ཆེ་བ་ཁ་ཤས་ནང་ཞལ་འདེབས་འབུལ་རྒྱུ་རེད་འདུག ཡིན་ནའང་འཐབ་ཕྱོགས་གཅིག་འགྱུར་པུའུ་ནས་བཀའ་བཏང་ནས་ས་གནས་དམག་མིར་ཁོང་ཡུལ་ཤུར་ནང་གཏོང་མི་ཆོག་པའི་བཀའ་རྒྱ་འདུག་ཟེར། རིགས་འཛིན་དབང་མོ་ལགས་ཀྱི་གསུངས་ན་ཁོང་དེ་གར་ཡབ་པན་ཆེན་རིན་པོ་ཆེའི་ཞབས་ལ་སྙེག་ནས་ས་གནས་མང་ཚོགས་ལ་རོགས་རམ་བྱེད་པར་འགྲོ་མཁན་ཡིན་པ་དང་། གལ་ཏེ་དེ་ལ་བཀག་འགོག་བྱེད་མཁན་བྱུང་ན་ཟས་བཅད་ངོ་རྒོལ་བྱས་ནས་ཁོང་གི་ཞལ་འདེབས་རྣམས་མང་ཚོགས་ལ་མ་འབྱོར་བར་ས་གནས་ནས་འཐོན་གྱི་མིན་ཞེས་གསུངས་འདུག
ཟི་ལིང་འཐབ་ཕྱོགས་གཅིག་འགྱུར་པུའུ་ནས་ཁོང་ཟི་ལིང་ལ་མ་ཕེབས་རོགས་སྣེ་ལེན་ཞུ་འཁོམ་མེད་ཅེས་ཁ་པར་བཏང་འདུག ད་དུང་ཟི་ལིང་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡིས་བཤད་དོན། པན་ཆེན་རྒྱལ་མཚན་ནོར་བུས་སེམས་གསོ་དང་དངུལ་ཞལ་འདེབས་ཕུལ་ཟིན་སྟབས། བོད་མི་དམངས་རྣམས་ཐུགས་བདེ་པོ་ཡིན་ཟེར། དེ་ལ་རིགས་འཛིན་དབང་མོས། ང་རང་ཕ་དམ་པའི་ཚབ་བྱས་ནས་ཡུལ་ཤུར་མི་དམངས་ལ་དཀའ་ངལ་འཕྲད་སྐབས་རོགས་རམ་ལ་འགྲོ་གི་ཡོད། པན་ཆེན་རྒྱལ་མཚན་ནོར་བུ་དང་འབྲེལ་བ་མེད་གསུངས་སྐད།
གནས་ཚུལ་འདི་ཁ་བརྡའི་གཙོ་ངོས་ཐོག་འགོད་ཐབས་གནང་རོགས།
ཨ་རོ་དཔལ་དགྱེས་པ་རྡོ་རྗེ་ཁྱོད་སྡུག་ཚད་བཟུང་ན་དགའ་ས་རེད། གང་ཡང་མི་ཤེས་པའི་རྩོམ་ཉོབས་ལོང་བ་བྲིས་ནས་བོད་གངས་ཅན་ན་ཁྱད་དུ་འཕགས་པའི་བླ་ཆེན་ཁྲི་བ་རིན་པོ་ཆེ་ལ་ཡང་མི་དཀར་ལ་ཞ་ནག་པོ་འདྲ་གཡོག་པ་དེ་ཆེས་མི་འཚམ་པའི་བསྟན་པའི་སྐྲུག་ཤིང་གི་གཞི་རྩ་དེ་འདྲ་མ་བྱེད་རོགས། འདུལ་འཛིན་པ་དེ་ལྟ་བུ་ལ་ཁྱོད་ཀྱིས་མ་འོས་པའི་ཚིག་དེ་འདྲ་ལབ་ཐུབ་པ་དེ་ཁ་ནང་ནས་ཁྲག་སྐྱུག་པའི་རེ་བ་ཡོད། མ་རོང་བ་ཁྱོད་ངས་སྔོན་མ་ཡག་པོ་ཞིག་འདུག་བསམ་ཀྱང་ད་ང་དང་ངོས་ཀྱིས་གྲོགས་པོ་ཡོངས་ཁྱོད་ལ་ཞེན་པ་རྩ་བ་ནས་ལོག་སོང་དམ་ཉམས་ཁྱོད་ཀྱིས་སྡུག་ཚད་བཟུང་ནས་རང་ས་ནས་སྒུར་རོགས།
སྤྱིར་འཇིག་རྟེན་མི་ཡུལ་དང་ཡང་དགོས་བོད་ཁ་བ་གངས་ཅན་གྱི་ཡུལ་གྲུ་ཞིག་ལ་འདི་འདྲའི་ཆག་སྒོ་ཆེན་པོ་ཞིག་
ཡོང་བ་ནི་མིག་གིས་བལྟ་མི་བཟོད་པ་དང། རྣ་བས་ཉན་མི་བཟོད་པ་ཞིག་ཡིན་པས་ཉིན་ཤས་རིང་ཟས་བཅུད་མེད་
ལ་འོད་སྣང་ཡང་མེད། ཅི་འདྲའི་སྐྱོ་སྣང་གིས་མནར་བའི་ང་རང་གི་ཚོར་བ་ལ་གཞིགས་ན་དངོས་སུ་མྱོང་བཞིན་པའི་འདས་གསོན་རྨས་མ་
ཡོངས་ལ་ཅི་འདྲའི་མི་བཟོད་པའི་སྡུག་བསྔལ་ཞིག་ཡོང་ཡོད་ཨང་། དེ་ལྟ་ན་འདེགས་མི་ཐུབ་པའི་སྡུག་བསྔལ་དེ་
ཤུགས་ཀྱིས་འདེགས་བཞིན་པའི་མི་མང་དེ་དག་ལ་སྐྱིད་སྡུག་མཉམ་རོལ་གྱི་བོད་མི་ཡོད་དོ་ཅོག་ནས་གདུང་སེམས་
མཉམ་བསྐྱེད་བྱེད་པ་འདིས་ཁོང་ཚོའི་སེམས་ངོར་ཅུང་ཁེར་རྐྱང་མིན་པའི་ནང་བརྙན་ཞིག་བསྐྲུན་ཐུབ་པ་གདོན་
མི་ཟ་བས་གཞིས་ལུས་རྒྱ་ཆེ་མི་མང་ཡོངས་ནས་ཁོང་ཚོར་རོགས་རམ་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་
རྗེས་སུ་ཡི་རང་དང། མུ་མཐུད་དུ་ཁོང་ཚོའི་མི་ཚེའི་འཚོ་བ་སྐྱེལ་ཐབས་ལ་རོགས་ཕན་རེ་གནང་རྒྱུར་གལ་ཆེའི་ནང་
གི་དོན་ཆེན་དུ་སོང་བས་ཐབས་བརྒྱ་ཇུས་སྟོང་གིས་འབད་པར་སྙིང་ཐག་པ་ནས་རེ་སྐུལ་ཞུ་རྒྱུ་ཡིན།
ཟླ་༤་ཚེས་༢༡་ཉིན། པཎ་ཆེན་རིན་པོ་ཆེའི་སྲས་མོ་སྐྱེ་དགུ་མདོར་ཕེབས་ཤིང་དམངས་སྒོར་ཁྲི་༢༠༠་ཉིས་བརྒྱ་ལྷག་གིས་རོགས་སྐྱོར་དང་ཟས་གོས་སོགས་བསྩལ་གནང་འདུག
རྒྱ་གར་དང་བ་ཡུལ་སོགས་བོད་ཕྱི་ལ་སྡད་བཞིན་པའི་བོད་པའི་གཞོན་ནུ་རྣམས་དེང་སང་གློག་སྙན་གྱི་འཇིག་བརྟེན་ཕྱོགས་སུ་བཞུད་ནས་ཁྲ་ཁྲ་ཟིང་ཟིང་བྱེད་པ་ལས་བོད་དོན་དང་བོད་ཀྱི་ཆོས་རིག་ཐོག་བསམ་བློ་བཏང་བ་ནི་ཉིན་མོའི་སྐར་མ་དང་མཚུངས་པ་རེ་འདུག་་་་་།དེ་ལྟར་ཀུན་གྱི་བསམ་བློ་ཅུང་ཙམ་ཞིག་བཏང་ན་ལེགས་སེམས།།