ཐོག་ལྕེ།
ཞིང་ཁམས་དམྱལ་བ་ཡིན་པའི་གླུ་པ་ཞིག།
ལག་པ་གཡས་པའི་སྤྲང་རྒྱུག་པི་ཝང་ཐོགས།།
གཡོན་པས་དུག་ཆང་ནག་པོ་ཁ་ལ་བཤོལ།།
བར་དོའི་འཕྲང་ལམ་ནང་དུ་གར་ལ་ཞུགས།།
མྱི་ཡི་རུས་པ་འཐོར་བའི་དུར་ཁྲོད་དུ།།
པི་ཝང་འབྲུག་མགོ་ཅན་ཞིག་ཁེ་རུ་ལུས།།
དབྱངས་ཀྱི་ཞྭ་མོ་ཐོགས་པའི་གླུ་པ་འགའ།།
ཐབས་ཟད་མགོ་བོ་རུམ་དེ་གཅོང་སྐད་སྨྲ།།
གཉེན་དང་ཁང་ཁྱིམ་དག་དང་གྱེས་བའི་ཉིན།།
བསྟོད་གླུ་གཞུག་ནས་བླངས་པ་བོད་པའི་གཤིས།།
ཆང་དང་ཉིན་མཚན་སྦྲེལ་བའི་ལོ་དུས་ལ།།
ར་བཟི་འདི་ལ་གཉེན་གྲོགས་མེད་དོན་ཅི།།
དབྱངས་དང་སྒོར་མོ་བརྗེས་ཏེ་མི་ཚེ་རྫོགས།།
མཆིན་པའི་མནར་གཅོད་མྱོང་དུས་སློང་མོ་རྒྱག།
གྲགས་ཅན་གླུ་པ་ཞིག་གི་སྐྱོ་གདུང་འདི།།
གངས་རིའི་གླུ་པ་སུ་ལའང་མེད་པའི་སྨོན།།
ཆེ་བ་བཞི།
དཔའ་བོ་དུས་སུ་སྐྱེས་པ་ཕན་ཐོགས་ཆེ། །
སྒྱུ་རྩལ་དུས་སུ་སྤེལ་བ་བཀའ་དྲིན་ཆེ། །
གླུ་སྙན་བོད་དུ་བླངས་པ་དོན་གནད་ཆེ། །
གླུ་པ་ཞེ་དགུར་ཕེབས་པ་བློ་ཕམ་ཆེ། །
ཁ་བརྡ་སྨྲེ་སྔགས་འདོན་པའི་དྲ་རྒྱ་ལ།།
མི་བུ་རང་གིས་སྲི་ཞུ་ཅུང་ཟད་བསྒྲུབ།།
འདི་ཡང་སྤྱི་དོན་སླད་དུ་ཡིན་པ་ལས།།
སྒེར་དོན་ཆེད་དུ་མིན་པ་ཤེས་པར་བྱ།།
ནེ་པ་ལི་དང་། རྒྱ་ནག་ལི་སྐོར་ལ། ཧཧཧ།།
https://www.facebook.com/khabarsangalo.kr/videos/1662689267324673/