རྔ་རྒོད།
སྤྱིར་ན་དགེ་སྡིག་གི་ཁྱད་པར་དང་སྡིག་པ་ཆེ་ཆུང་གི་སྐོར་དེ་ཧ་ཅང་མ་གླེང་བར། གཙོ་བོར་འབྲོག་པ་དང་མང་ཚོགས་ཀྱི་འཚོ་བསྟེན་ལ་རྟ་ནོར་ལུག་གསུམ་པོ་མེད་དུ་མི་རུང་ཞིག་ཡིན་སྟབས། དེ་ཚོ་ཚང་མ་བོ་ཚེ་ཐར་ལ་གཏོང་དགོས་ན་དམངས་ཚོགས་ཀྱི་འཚོ་བསྟེན་ལ་དཀའ་ཁག་དང་གནོད་པ་ཅུང་ཡོད་པའི་བསམ་ཚུལ་འགའ་གསུང་མཁན་རྣམས་སྐབས་འདིའི་དགག་བྱ་གཙོ་བོར་མིན་ལ་ལྷག་པར་སྙན་ངག་ལ་སྦྱར་བའི་རྩོམ་” ལུག་བསད་པ་ནི་སྡིག་པ་ཡིན་ལ། སྤྱང་ཀི་བསད་པ་ནི་དགེ་བ་ཡིན” ཡང་ན་རྡུང་ལེན། རི་དྭགས་སྐྱོབ་གླུ་སོགས་དེ་ལས་ཀྱང་འདིར་དགག་འདོད་མེད།
འོན་ཀྱང་སེམས་ཅན་ཐམས་ཅད་པོ་དེ་བདེ་བར་བསྐུལ་བའི་སྐྱབས་འགྲོ་དང་། འཚེ་བ་མེད་པ་དེ་ནང་བསྟན་གྱི་ཡང་སྙིང་གཙོ་བོར་ཁས་ལེན་པའི་ནང་བའི་དགེ་སློང་ཞིག་གི་དངོས་ནས་བལྟས་ཏེ་བསྙད་ན། སྤྱིར་ན་ཐ་མག་ཐེངས་གཅིག་ཙམ་འཐེན་པའི་སྡིག་པ་དེ་ལ་མྱི་རྟ་༡༦༢ བསད་པའི་ཉེས་དམིགས་སམ་རྩ་ལྟུང་ཡོད་རབས་འཆད་ཞོར་དུ་མི་དགོས་བཞིན་ཏུ་གཡག་གཅིག་བསད་ན་གོང་གི་དེ་དང་བསྡུར་ན་ཧ་ཅང་གི་སྡིག་པ་ཆུང་ཆུང་རེད་ཅེས་ཡ་མཚན་དང་མཁས་པའི་སྒམ་མདོག་ངང་གཡག་གཅིག་བསད་ན་ད་དུང་མདོ་སྔགས་གང་གི་ནང་དུ་རྩ་ལྟུང་འབྱུང་བའི་ལོ་རྒྱུས་མེད་པའི་ཧམ་ཤོད་མཁན་ཚོའི་ཆེད་དུ་བསྐུར་བའོ།།
གང་ལྟར་མདོ་རྩ་བཤད་ན། ལུང་ཙམ་ལ་བརྟེན་ནས་བསྙད་ན། གཡག་བསད་པ་དེ་ལ་སྡིག་པ་ཕལ་ཞོག་དགེ་བའང་ཡོད་ཀྱང་སྲིད་དེ། དཔེར་ན་མི་གསོད་ཀྱི་ལག་དམར་དེ་སངས་རྒྱས་ངོས་ཡིན་པར་བསྒྲུབས་པའི་ལུང་འཆར་སྡོམ་པོ་འགའ་བསྟན་རྒྱུ་ཡོད་པས་སོ།། དེའི་ཕྱིར། ལུང་ཙམ་གྱིས་བརྗོད་བྱ་དེ་ལ་ང་ཚོས་ཡིད་རྟོན་གཏན་ནས་བྱ་མི་འོས་སོ།། སྤྱིར་ན། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ལ་བལྟས་ཏེ་དགེ་སྡིག་གི་ཁྱད་པར་འབྱེད་དགོས་སྙམ།
དེའི་ཕྱིར། ལུས་ངག་ཡིད་གསུམ་གྱི་བྱ་བ་དང་སྤྱོད་པ་དེ་ཞི་བའི་ངོ་བོར་ཡོད་པ་དེ་ལ་དགེ་བ་དང་གཞན་དེའི་ཟློག་ཕྱོགས་ཀྱི་བྱ་བ་དང་སྤྱོད་པ་ལ་མི་དགེ་བའམ་སྡིག་པར་བརྗོད། འོན་ཀྱང་ཁོ་བོས་དགེ་སྡིག་གི་རྣམ་བཞག་ཕྲ་བའི་སྐོར་དེ་ཤེས་ཀྱིན་མེད།
སྐབས་དོན། རྩྭ་ཕྱེ་སྣ་ཐལ་དེ་དང་ཐ་མག་གཉིས་པོ་གང་ཟ་འཐེན་བྱས་ན་རེད། དེ་ལ་ཉེས་སྡིག་གི་སྐྱོན་ཡོད་དེ། དེ་ནི་ཧ་ཅང་རང་གི་འཕྲོད་བསྟེན་དེ་ལ་གནོད་ཀྱིན་ཡོད་ལ་གཞན་གྱི་འཕྲོད་བསྟེན་དང་ཁོར་ཡུག་སོགས་ལའང་གནོད་པར་མ་ཟད་མཐའ་ན་ཐ་མག་མང་བོ་འཐེན་པའི་རྐྱེན་བྱས་ཏེ་རང་སྟེང་ན་ནད་ངན་འབྲས་སྐྲན་དེའང་ཡོད་གི་ཡོད། དེ་བཞིན་དམར་ཟས་ཤ་དེ་ཟོས་ནའང་རང་གི་འཕྲོད་བསྟེན་ལ་ཕན་པ་ལས་གནོད་ལ་ལྷག་པར་གཞན་གྱི་ཚེ་སྲོག་འདི་ལ་དངོས་སུ་གནོད་ཀྱིན་ཡོད། ད་དུང་དེས་རང་གི་རིག་པ་དང་ཁྲག་སོགས་དྭངས་པར་ཡ་མཚན་གནོད་ཀྱིན་ཡོད།
གང་ལྟར་བོད་པའི་བཤད་སྲོལ་ལྟར་དབྱེ་ན། ཐ་མག་དེ་དཀར་ཟས་ཀྱི་རིགས་སུ་གཏོགས་ལ། ཤ་དེ་དམར་ཟས་ངོ་མ་རེད། སྤྱིར་ན་དཀར་ཟས་པའམ་ཤ་མི་བཞེས་མཁན་དག་ལ་འདིར་ཕྱི་རྒྱལ་ཚོས་ངོས་འཛིན་སྟངས་རིགས་མི་འདྲ་བ་གསུམ་ཡོད། དང་བོར། ཉྭ་ཤ་མ་གཏོགས་ཤ་རིགས་གཞན་མི་བཟའ་མཁན་དང་། གཉིས་པར། ཤའི་རིགས་སུ་གཏོགས་པ་གང་ཡང་མི་བཞེས་མཁན། གསུམ་པར། ཤ་རིགས་ཕར་ཞོག་མཐའ་ན་འོ་མ་དང་མར་སོགས་ཀྱང་མི་བཞེས་པའི་དམ་པ་དག་གོ།
འདི་ལ་དབྱིན་སྐད་དུ་ Vegan ཞེས་མཚན་གསོལ་ཡང་དེའི་གོ་དོན་དེ་ད་དུང་བོད་ཡིག་ཐོག་ཏུ་བསྒྱུར་མེད་པ་འདྲ། ཁོ་བོས་འདིར། ༼དཀར་ཟས་ཁོ་ན་བཞེས་མཁན་༽ ཞེས་ཚིག་རིང་འདི་མ་གཏོགས། སྟབས་བདེའི་ཚིག་ཐུང་དོན་ལྡན། དཔེར་ན། བླ་མ། མཁན་པོ། དགེ་བཤེས་ལྟ་བུའི་མིང་ཞིག་མ་རྙེད་དོ།། སྤྱིར་ན་ཐ་མག་དེ་ནང་བ་ཙམ་མ་ཡིན་པར་ཁ་ཆེའི་ཆོས་གཞུང་དུའང་བཀག་ཡོད། འོན་ཀྱང་། ཉི་ཧོང་ནང་བའི་གྲྭ་བ་ཕལ་མོ་ཆེས་ཐ་མག་དེ་སྤྱོད་ཀྱིན་འདུག གཞན་རྒྱ་གར་ཧིན་སྡིའི་ལྷ་ཁང་ཡོངས་ཀྱི་ནང་དུ་ལྷ་དབང་ཕྱག་གི་ལངྒ་དེ་གྱེན་ཏུ་ལངས་པའི་མདུན་ན་ཐ་མག་ནག་པོ་དེ་དུས་རྟག་ཏུ་མཆོད་འབུལ་བྱེད་ཀྱིན་པ་ནི་རང་རེའི་བོད་དགོན་ཚོ་ནང་དུ་མཆོད་མེ་དང་སྤོས་འབུལ་བ་དང་ཧ་ལམ་མཚུངས་སོ།།
དེའི་ཕྱིར། ཉེ་བའི་ཆར། རྡོ་གདན་བྱང་ཆུབ་ཆོས་ཚོགས་དང་རྒྱ་གར་ཁྱབ་འཇུག་ཆོས་ཚོགས་གཉིས་ཀྱིས་ཕྱི་ནང་གཉིས་གྱི་ལྟ་གྲུབ་ལ་ཆོས་ཅན་མཐུན་སྣང་བ་དུ་མ་ཞིག་ཡོད་པའི་ནང་ནས་དམིགས་བསལ་ཤ་དང་ཆང་གཉིས་དེ་འགོག་དགོས་ཞེས་སྙན་ཞུ་དེ་བྷི་ཧར་ཁུལ་གཞུང་ལ་ཕུལ་བ་རེད། ཁོང་ཚོས་བཤད་རྒྱུར། རྡོ་གཏན་བྷིར་ཧར་མངའ་སྡེ་ཁུལ་གྱི་མགྲོན་ཁང་དང་ཟ་ཁང་གི་ཡོང་སྒོ་ནི་སྟོན་པ་བཀའ་དྲིན་གྱི་མཚན་བཙོང་ནས་འོང་གི་ཡོད་པས། སངས་རྒྱས་ཀྱིས་གསུངས་པའི་སྲོག་གཅོད་འཚེ་བ་མེད་པ་བརྩི་སྲུང་ཆེད་ཡིན།ཞེས་ཞིག་ཕྲ་དེ་བོད་ཀྱི་དུས་བབ་ནང་གསལ་བས་དེར་ལྟོས། དུས་དེར་ཐ་མག་དེ་མ་བཀག་པ་ནི་ཧིན་སྡི་ལྷ་ཁང་གི་མཆོད་འབུལ་བྱེད་སྟངས་ཀྱི་གནད་དོན་དེ་དང་འབྲེལ་སྙམ་མོ།།
གོང་འཕྲོས་ལྟར་སྲོག་གཅོད་པའི་སྡིག་པ་ཆེ་ཆུང་གི་ཚད་དེ་འདི་ཆུང་གི་འདི་ཆེའོ་ཞེས་གོང་དུ་བརྗོད་པར་ལྟར་ང་ལ་མཚོན་ན་ཧ་ཅང་བཤད་ཁག་པོ་ཞིག་རེད། ཁ་ཅིག་གིས། གང་ཟག་གང་ཞིག དཔེར་ན། མི་ཞིག་ལ་མཚོན་ན། མི་དེའི་མདོག་ཡག་སྡུག་དང་དེ་ལ་ཤེས་ཡོན་ཡོད་མེད། དེ་ལ་རིན་གོང་ཡོད་མེད། གཞན་ཡང་དེའི་གཟུགས་ཆེ་ཆུང་སོགས་ཀྱིས་སྒོ་ནས་སྡིག་པ་ཆེ་ཆུང་དབྱེ་བ་ནི་ལུང་ཙམ་ལས་རིག་པ་ཡང་དག་ཅིག་བརྟེན་ས་མེད། རྒྱུ་མཚན། དཔེར་ན། རྗེས་ལུས་མི་རིགས་གཅིག་བསད་པ་དང་སྔོན་ཐོན་མི་རིགས་གཅིག་བསད་པ་གཉིས་བསྡུར་ན་དེ་ལ་སྡིག་པ་ཆེ་ཆུང་ཞིག་མེད་པས་གཞན་དག་ལ་རིགས་བསྒྲེས་དགོས།
ཁོ་བོས་འདིར་འདིའི་སྐོར་ལ་ཚོད་དཔག་དང་རགས་བཤད་ཙམ་ཞིག་བསྙད་ན། བསད་པའི་གང་ཟག་དེའི་ཤ་དང་ཁྲག་སོགས་ལ་བསྟེན་ནས་གཞན་སྲོག་ལྡན་གང་མང་ཞིག་འཆི་དགོས་མིན་གྱིས་གྲངས་ཀ་ལ་བལྟས་ཏེ་སྡིག་པ་ཆེ་ཆུང་ཞིག་བཤད་ན་ཅུང་ལེགས་སྙམ་མོ།། བསམ་ཚུལ་འདི་ཆོས་གཞུང་དུ་ཡོད་ཀྱང་སྲིད་ལ་མེད་ཀྱང་ཆོག གནས་ལུགས་དང་གཏན་ཚིགས་ཤིག་ཡོད།
མཇུག་གཏམ་གཉིས། རང་སྐྱོན་ངས་སྤྱི་བཏང་གི་ཐ་མག་དང་དུད་ནག་ཡང་ན་ཉལ་ཐལ་དཀར་བོ་སོགས་ལ་ཚོད་ལྟ་རེ་བྱས་མྱོང་མོད། དེའི་དགེ་མཚན་སོགས་མི་གཞན་ལ་གཏན་ནས་བསྒྲགས་མེད། འོན་ཀྱང་དེང་སང་རང་གི་འཕྲོད་བསྟེན་གྱི་དབང་གིས་ཐ་མག་རིགས་གང་ཡང་འཐེན་གྱིན་མེད། གཞན་ད་དུང་མ་རུང་བའི་ཤ་ཟ་བཞིན་ཡོད་མོད། སྔོན་མ་དང་བསྡུར་ན་ཅུང་ཉུང་དུ་བཏང་ཡོད། དེ་ཡག་རྟགས་ཤིག་ཡིན།
གཉིས་པ། ང་རང་ལ་མཚོན་ན། རྒྱུ་ཆེན་གྱི་བླ་མ་དང་སྤྲུལ་སྐུ་འདི་ཚོ་ཟེར་ནས་ངན་པ་ངན་རྐྱང་དུ་བརྩི་བཞིན་མེད་ལ། ཆོས་ཀྱི་རྣམ་གྲངས་ལ་མཁས་པའི་དགེ་བཤེས་དང་མཁན་པོ་ཚོ་ཞེས་གནམ་ལ་འཇོག་རྐྱང་གི་གོམས་སྲོལ་དེ་ཡང་མེད། གཞན་རྒྱུ་མེད་ཀྱི་གྲྭ་རྐྱང་རེད་ཅེས་བཀུར་རྐྱང་བྱེད་འདོད་དེ་ཡང་མེད།
མདོར་བསྡུས་ན། ངའི་བཀུར་འོས་ཀྱི་མི་དེ་ལ་ཕྱི་ནང་དང་རིགས་རུས་ཀྱི་ཁྱད་པར་གཏན་ནས་མེད། དེའི་ཕྱིར། ཕོ་མོ་གང་དེའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་གང་དེ་ང་ལ་བལྟས་ཏེ་མཛེས་ཤིང་དུལ་བ་ཞིག་ཡིན་ཚེ་ན། མི་དེ་ངའི་སྐྱབས་གནས་སམ་གྲོགས་སུ་བསྟེན་འོས་པ་དེའོ།། མཐའ་མའི་ཆེད་ཚིག་ང་ཚོས་རང་གི་མཚན་སྙན་ནམ་རང་ཉིད་བདེན་པའི་རྟགས་སུ་དུས་རྟག་པར་༧གོང་ས་མཆོག་གི་གསུང་རེད་ཅེས་དགོས་མི་དགོས་པའི་བརྗོད་བྱ་ཀུན་ལ་༧སྐྱེས་ཆེན་ཁོང་གི་བཀའ་དྲངས་པ་ནི་འོས་པ་ཞིག་གཏན་ནས་མ་རེད།
ཅེས་རྔ་རྒོད་ཀྱིས་༢༠༡༤/༧/༢༣ དབྱིན་ཡུལ་ནས་བྲིས།
མགོ་ནས་ཐེངས་གཅིག་བཀླགས་ཀྱང་། གོ་བརྡ་གསལ་པོ་འཕྲོད་མ་སོང་།
ཞིབ་བཀླགས་བྱས་ཡོད། རྩོམ་འདི་ལུང་ཙམ་སྐྱབས་སུ་བྱས་པའི་ལུགས་ལས་བརྒལ་ཏེ་མགོ་མཇུག་གང་སར་གནས་ལུགས་ཀྱིས་བཟུང་འདུག་པས་དགའ་བསུ་ཡོད།
གླེན་བཤད་མ་བྱེད། མྱི་རྟ་(༡༦༢)བསད་པ་ལས་ཐ་མག་རྐང་གཅིག་གི་སྡིག་པ་ཆེ་ཚུལ་ཞིག་ལུང་གང་ཞིག་ན་འདུག རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་མ་བྱེད་་་་རྔ་རྒོད་ལོ་ལོ
ཁྱོད་ཀྱི་སྐྱབས་གནས་དེ་གྲོང་གསེབ་ཀྱི་བུ་མོ་མཛེས་མ་དང་གཤིས་ཀ་འཇམ་པོ་ཅན་ཞིག་ཡིན་ན་འགྲིག་གི་ཡོད་པ་འདྲ།
ཡིན་ན་ཡང་གཞན་གྱིས་དེ་ལྟར་འདོད་གི་མེད་གི
འཁོར་བ་དང་ངན་སོང་ལས་སྐྱོབ་ཐུལ་མཁན་ཞིག་ལ་འདོད་གི་ཡོད་ཐལ།
ཀུ་རེ་ཡིན།
ནང་ཆོས་ཟེར་བ་དེ་མདོར་བསྡུས་ན་གཙོ་བོ་མིའི་སེམས་ཁམས་དང་བསྟུན་ནས་གསུངས་པ་ཞིག་ཡིན་པར་བསམ་ཡོད། བསམ་ཕྱོགས་མཐུན་པའི་གདུལ་བྱ་སྐོར་ཅིག་གམ་སྤྱི་ཙམ་པ་དང་། ་ བསམ་ཕྱོགས་མི་མཐུན་པའི་གདུལ་བྱ་སོ་སོ་ལ་གནང་པ་ཆོས་ཡོད་པས་མཐའ་གཅིག་ཏུ་རྡོག་རྡོག་བཟོས་ནས་བཤད་མི་ཉན་གི དེ་འདྲ་མིན་ན་སངས་རྒྱས་གདུལ་བྱ་འདུལ་བའི་ཐབས་ལ་མི་མཁས་པའི་སྐྱོན་ཡོང་གི་རེད། ཚང་མ་ལྟ་བ་གཅིག་པ་དང་ལམ་ཁ་གཅིག་ནས་འགྲོ་དགོས་པར་འདོད་པ་དེ་དམར་ཕྱོགས་དང་ཅུང་མཐུན་ཤས་ཆེ་སྙམ།
༼ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མཛེས་ཤིང་དུལ་བ་ཞིག། ༽
མཛེས་བ་དང་དུལ་བའི་ཆ་གསུམ་གསུམ་དྲུག་མ་ཚང་ན། མི་གུས་ཟེར་ན། ཁྱོད་ལ་ཏན་ཏན་བློ་སྒོ་ཆུང་བའི་སྐྱོན་ཆེན་པོ་ཞིག་ཡོད་ཡོད་པ་རེད།
ཤེས་མདོག་དང་མཁས་མདོག་བསྟན་ནི་མིན་ན། བྱུང་སྲིད་ཞིག་བཤད་ཀི་མེད་ཀི། དྲང་མོ་ཡིན།
དེ་མིན་གྱི་འབུ་སྲིན་ལ་གྲོགས་དང་སྐྱབས་མི་འཛིན་ཟེར་ན། ཁྱོད་ཀྱི་ལུས་ངག་ཡིད་གསུམ་གྱི་མཛེས་ཤིང་དུལ་བ་དེ་གང་ལ་བརླགས་སོང་བ་རེད། ཧ་ཧ་ཧ།
དགེ་འདུན་རྒྱ་མཚོ་ཚང་གི་ལན་ཏུ་ངས་སྐྱབས་གནས་ཞེས་པ་དེ་ངེད་ཚོ་དང་ཐག་རིང་བའི་ཉི་མ་དང་ཟླ་བ་ཡང་ན་ཆོས་གོས་དང་གཟམ་ཤམ་ལྟ་བུ་ཞིག་ལ་བལྟས་མེད། ང་དང་འདྲེས་པའི་ཕ་མ་དང་ཆུང་མ་ལྟ་བུ་ཞིག་ཏུ་ངོས་བཟུང་ཡོད། དེའི་ནང་དུ་གྲོང་གསེབ་བུ་མོའང་ཡོང་ན་འགྲིག འོན་ཀྱང་མི་གཞན་པ་ཞིག་གིས་ང་འཁོར་བ་ལས་ནམ་ཡང་སྐྱོབ་མི་ཐུབ་པར་ང་རང་ཉིད་མ་གཏོགས་སངས་རྒྱས་ཀྱིས་ཀྱང་ཕན་མི་ཐོགས། ངས་ཚིག་གྲུབ་ཀྱིས་བཟོས་པའི་ཚད་མའི་སྐྱེས་བུ་ལས་རང་གི་གཡས་གཡོན་གྱི་རང་ལ་བལྟས་ཏེ་བསམ་ཤེས་དང་སྤྱོད་ཤེས་དག་འཚོལ་བཞིན་ཡོད་དོ།།
སྐུ་ཞབས་དགེ་འདུན་རྒྱ་མཚོའི ་ལན་ཏུ་ངས་འདིར་སྐྱབས་གནས་ཞེས་པ་དེ་ང་ཚོ་དང་ཧ་ཅང་ཐག་རིང་བའི་ཉི་མ་དང་ཟླ་བ་ཡང་ན་ཆོས་གོས་དང་གསེར་སྐུ་སོགས་ལ་ངོས་འཛིན་གྱིན་མེད། ང་དང་འདྲེས་པའི་ཕ་མ་དང་ཆུང་མ་ལྟ་བུ་ཞིག་ཏུ་ངོས་བཟུང་ཡོད། དེའི་ཕྱིེར། དེའི་ནང་དུ་གྲོང་གསེབ་ཕོ་མོ་གཉིས་ཀ་ཡོང་ཆོག འོན་ཀྱང་ང་འཁོར་བ་ལས་སྐྱོབ་མཁན་དེ་རང་ཉིད་མ་གཏོགས་སངས་རྒྱས་ཀྱིས་ཀྱང་ཕན་མི་ཐོགས་པར་འདོད་ལ་་ད་དུང་ངས་ཚིག་གྲུབ་ཀྱིས་བཟོས་པའི་ཚད་མའི་སྐྱེས་པུ་ལས་རང་གི་གཡས་གཡོན་གྱི་མི་བསམ་ཤེས་དང་སྤྱོད་ཤེས་དག་བཀུར་བཞིན་ཡོད། ཨ ་ལ ཀུ་རེའི་རྩེད་མོ་ཡིན།
རྔ་རྒོད་ལགས་་་་་་ཐ་མག་རྐང་གཅིག་འཐེན་ན་མི་རྟ་་༡༦༢བསད་པ་ལས་སྡིག་པ་ཆེ་ཞེས་ལུང་གང་དུ་གསལ་འདུག་ལགས་་
ཁྱོད་ཀྱིས་ཉབ་ཉོབ་ཀྱི་གཏམ་གླེང་མང་པོ་ཞིག་བྲིས་ནས་ཡང་སྙིང་ཅི་ཞིག་སྒྲུབ་འདོད་པ་རེད་་་་་་་
རྔ་རྒོད་ལགས་ཁྱེད་ཀྱི་བཤད་འདོད་པའི་སྐད་ཆ་དེ་དུང་ལྷང་ལ་འབུད་ཐུབ་ཀྱི་མི་འདུག རྗེས་ཕྱོགས་ཁ་གསལ་པོ་བྱས་ནས་འབྲི་གལ་ཆེ།
ཨ་མདོ་བ་ལགས། དེང་སང་རྔ་བ་ས་ཆ ནས་་མཛོད་ཚང་དགེ་སློང་ཚང་གི་བཀའ་སློབ་བདེན་པ་ར་སྤྲོད་ཅེས་པའི་ནང་དུ་མག་འཐེན་ཙམ་གྱིས་མྱི་རྟ་༡༦༢ བསད་པ་ལས་སྡིག་པ་ཆེ་བའི་ལུང་མང་བོ་ཞིག་དྲངས་ཡོད་ལ་ད་དུང་ཤ་དེ་དགེ་སློང་དག་གིས་བཟའ་འོས་པར་མ་ཟད་དེ་ལ་དགེ་བའང་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་གཞུང་མང་བོ་ཞིག་དྲངས་པའི་ལན་ཏུ་་་་ངས་འདིར་བྲིས་པ་ཙམ་ཡིན། གཞན་ལུང་དག་འདིར་འགོད་ན་མི་འདོད་ཀི་གཞན་ལན་གང་ཡང་མེད་དོ།། དེས་མ་གསལ་ན་ཅི་ཡང་བཤད་རྒྱུ་མེད་དོ།།
དེང་སང་འདུལ་བ་གསར་བཟོ་མང་གི་འེ་ན། བོད་པ་འདི་ཚོ་དགོད་བྲོ་གི་ཡ།