ཀླུ་འབུམ་བཀྲ་ཤིས་ཀྱིས།
བོད་ནང་གི་བོད་མི་དེར་དྲ་ཐོག་ནས་བཅར་འདྲི་བྱས་བ་ལྟར་གནས་ཚུལ་ངོ་སྤྲོད་བྱས་བ་ལྟར་ན། དེང་སང་ད་དུང་ཡང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཆོལ་གསུམ་བོད་གྱི་ས་ཁུལ་སྤྱི་ཡོངས་དང་། ལྷག་པར་ལོ་ སྔོན་མར་བོད་རང་དབང་འཐབ་རྩོད་ཆེད་ཞི་བའི་ལས་འགུལ་སྤེལ་མྱོང་སའི་ས་གནས་ཁག་ལ་དམ་དྲག་ ཆེན་པོ་བྱེད་བཞིན་པ་དང་མཉམ་སྐབས་དེ་ནས་ཉེན་ཡོལ་བྲོས་བྱོལ་བྱས་བསྡད་པའི་བོད་མི་དང་ལས་ འགུལ་བ་ཚོ་གོ་སྐབས་ནམ་བྱུང་ལ་འཛིན་བཟུང་བྱེད་བཞིན་པ་དང་། སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༠༤ ཚེས་ ༠༩ ཉིན་རྒྱ་ནག་གིས་གཞུང་འབྲེལ་ངང་ཨ་མདོ་བླ་བྲང་དགོན་པར་ཆེད་གཏོང་བྱས་བའི་ཕྱི་རྒྱལ་གསར་ འགོད་པ་ཚོའི་མདུན་དཔའ་ངར་ཞུམ་མེད་ངང་བོད་གྱི་རྒྱལ་དར་འཁྱེར་ནས་བོད་ནང་རང་དབང་མེད། ང་ ཚོར་འགྲོ་བ་མིའི་ཐོབ་ཐང་མི་འདུག་ཞེས་ཞི་བའི་ལས་འགུལ་སྤེལ་མཁན་གྱི་དགེ་འདུན་པ་མང་ཆེ་བ་ད་ དུང་ཡང་ཉེན་ཡོལ་བྲོས་བྱོལ་བྱས་ནས་བསྡད་ཡོད་བ་དང་། ཁོང་ཚོའི་ཁྲོད་གྱི་བླ་བྲང་དགོན་པའི་དགེ་ འདུན་པ་ད་ལོ་རང་ལོ་ ༣༦ ཅན་ཙ་ཡུས་སྐལ་བཟང་རྒྱ་མཚོ་༢༠༠༩ ཟླ་ ༠༤ བའི་ཚེས་ ༡༣ ཉིན་ བླ་བྲང་ནས་ཀན་ལྷོ་གཙོས་གྲོང་ཁྱེར་ལ་བསྐྱོད་སྐབས་སྤྱི་བདེ་ཉེན་རྟོག་པས་ལམ་བར་དུ་སྤྱི་སྤྱོད་རླངས་ འཁོར་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་འདུག། དེ་ནི་དགེ་འདུན་པ་ཁོང་གཞན་དང་གཅིག་ མཚུངས་ཀྱིས་ཟླ་བ་མང་པོའི་རིང་ཉེན་ཡོལ་བྲོས་བྱོལ་བྱས་ནས་བསྡད་ཡོད་པ་གློ་བུར་བླ་བྲང་དགོན་པར་ ཡོད་པའི་ཁོང་གི་ཨ་ཁུ་རྒན་པ་ལ་མྱོང་གཞི་ཕོག་པར་བརྟེན་དགོན་པར་ཕྱིར་ལོག་བྱས་ནས་ཡོང་བ་དང་། སྟབས་མ་ལེགས་པར་ཁོང་གི་ཨ་ཁུ་རྒན་པ་ལ་རོགས་རམ་ག་ཚོད་བྱས་ཀྱང་མ་ཕན་པར་ཡུན་རིང་མ་སོང་ བར་འདས་བཀྲོགས་སུ་སོང་ཡོད། དེ་བར་ཁོང་རང་འཛིན་བཟུང་གི་གནས་ཚུལ་དེ་འདྲ་མ་བྱུང་བར་བརྟེན་ མུ་མཐུད་ནས་བདེ་འཇགས་ཡིན་པར་བསམ་ནས་དགོན་པར་སྡོད་ཐབས་བྱས་ཀྱང་ཡུན་རིང་མ་སོང་བའི་ཟླ་ ༤ ཚེས་ ༡༣ ཉིན་གཞན་གྱིས་ཤེས་རྟོགས་མི་ཡོང་ཆེད་གསང་སྟབས་གྱིས་ཁོང་རང་བླ་བྲང་དང་གཙོས་ གྲོང་ཁྱེར་གཉིས་བར་གྱི་ལམ་བར་ནས་འཛིན་བྱས་ཏེ་དེང་སང་མུ་མཐུད་བླ་བྲང་བསང་ཆུ་རྫོང་ཐོག་གི་ ཉེན་རྟོག་བཀག་གཉེར་ཁང་དུ་བཀག་ཡོད་པའི་བཤད་ཚུལ་ཙམ་ལས་ཕྱི་མི་ཐུག་འཕྲད་བྱེད་དུ་མི་འདུག་པ་ སོགས་གནས་སྟངས་གསལ་བོ་མེད་པར་ལུས་ཡོད་འདུག། དགེ་འདུན་པ་ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་ དགོན་པའི་ཐོས་བསམ་གླིང་གྲ་ཚང་གི་དགེ་འདུན་པ་དང་། མཛོད་འཛིན་གྲ་དང་པོ་ཡིན་པར་ཀན་ལྷོ་ཙ་ ཡུས་ཕྱོགས་གྱི་ཡུལ་མི་དང་རང་ལོ་༣༦ ཙམ་ཡིན་པ་རེད་ལ་ཁོང་གི་རོགས་པ་ལས་འགུལ་བ་མི་སྣ་གཙོ་ གྲས་འཇིགས་མེད་དང་། སངས་རྒྱས། ༼མཚང་མིང༽ཨ་ཁུ་ལྷ། བརྩོན་འགྲུས། སྐལ་བཟང་རྒྱ་མཚོ། སྐལ་བཟང་སྤྱིན་པ་སོགས་མུ་མཐུད་ཉེན་ཡོལ་བྲོས་བྱོལ་བྱས་ནས་དགོན་པར་སྡོད་མ་ཐུབ་པར་ཡོད་འདུག་ ཅེས་གོང་གི་བོད་ནང་གི་བོད་མི་དེས་དྲ་བ་བརྒྱུད་ངོ་སྤྲོད་བྱས་བྱུང་།
གོ་ཐོས་སུ་བླ་བྲང་ཁུལ་དུ་གསར་འགོད་པའི་མདུན་སྔ་ལོ་དངོས་སུ་ཐོན་མཁན་དགོན་པའི་དགེ་འདུན་པ་དེ་དག་ཁྲོད་ནས་སྐལ་བཟང་རྒྱ་མཚོ་དང་། བཀྲིས་རྒྱ་མཚོ། བསྟན་པ་རྒྱ་མཚོ། གྲགས་པ་རྒྱ་མཚོ་ཞུ་བའི་དགེ་འདུན་པ་བཞི་དེ་སྔ་ནས་གར་སོང་ཆ་མེད་དུ་ཕྱིན་པའི་གནས་ཚུལ་བོད་ནས་སྔ་ལོའི་ལོ་མཇུག་ཏུ་འབྱོར་མཁན་ས་གནས་དེ་གའི་རྒྱུས་བབས་ཡོད་མཁན་ཞིག་ནས་འགྲེལ་བཤད་བྱ་བཞིན་ཡོད་འདུག་ན། ཡང་ན་སྐབས་དེའི་གསར་འགོད་པའི་མདུན་ཐོན་མཁན་དགེ་འདུན་པ་དེ་དག་ཁྲོད་དུ་སྐལ་བཟང་རྒྱ་མཚོ་ཞུ་བའི་དགེ་འདུན་པ་གཞན་ཞིག་ཡོད་པ་རེད་དམ། ཡང་ན་ཁོང་གློད་བཀྲོལ་བཏང་རྗེས་བསྐྱར་དུ་འཛིན་བཟུང་བྱས་པ་དེ་འདྲ་རེད་དམ། གནས་ཚུལ་དེ་ཁྱེད་ནས་དེ་ལས་ཀྱང་ཁ་གསལ་ཙམ་ཞིག་ཀློག་པ་ཚོར་མཁོ་བཏོན་གནང་ཐུབ་ན་གནང་རོགས་གནང་།
རེད་
སྐལ་བཟང་རྒྱ་མཚོ་ཁོང་ད་བར་གར་སོང་ཆ་མེད་དུ་གྱུར་བ་ནི་ཉེན་ཡོལ་བྲོས་བྱོལ་དུ་ཕྱིན་པ་རེད། གར་སོང་ཆ་མེད་གྱུར་བ་ལ་མི་གཞན་ཞིག་ཡོད་དགོས་བའི་ངེས་བ་མེད་བས་གནས་ཚུལ་ངོ་མ་ཡིན་མིན་ལ་ཐུགས་ཁྲལ་མི་དགོས། ད་དུང་ཁོང་གི་རོགས་པ་ལ་ལས་འགུལ་བ་མི་སྣ་གཙོ་གྲས་འཇིགས་མེད་དང་། སངས་རྒྱས། ༼མཚང་མིང༽ཨ་ཁུ་ལྷ། བརྩོན་འགྲུས། སྐལ་བཟང་རྒྱ་མཚོ། སྐལ་བཟང་སྤྱིན་པ་སོགས་ཡོད་པ་མུ་མཐུད་ཉེན་ཡོལ་བྲོས་བྱོལ་བྱས་ནས་གར་སོང་ཆ་མེད་ཡིན་པ་དང་ཁོང་ཚོ་ཉིན་ཤས་ནས་བྲོས་བྱོལ་ལ་འབྱོར་འདུག་ཅེས་ཡང་རྣ་བ་གཏོད་ནས་སྡོད་དང་གོ་སྲིད།