བི་ཧར་མངའ་སྡེ་ནས་བགྲང་བྱ་གཅིག་སྟོང་བཞི་བརྒྱ་ལྷག་གི་གོང་ནས་དབུ་བརྙེསཔའི་ནང་པའི་གཙུག་ལག་སློབ་གཉེར་ཁང་ཞིག་གསར་རྙེད་བྱུང་བ།
སྐྱེས་སར་ཀླུ་སྒྲུབ་ཀྱིས་སྤེལ།
————
གཙུག་ལག་སློབ་གཉེར་ཁང་དེ་ཏེལ་ཧ་རའི་གྲོང་གསེབ་ནང་ཡོད་སྟབས་ཏེལ་ཧ་ར་གཙུག་ལག་སློབ་གཉེར་ཁང་ཞེས་མིངཐོགས་པ་ཡིན། ཏེལ་ཧ་རའི་གྲོང་གསེབ་ནི་ནཱལནྡཱའི་ནུབ་ཀྱི་ཧིལ་ས་གྲོང་རྡལ་ཁོངས་ཀྱི་གྲོང་གསེབ་ཆུང་ཆུང་ཞིག་ཡིན།
ངོ་སྤྲོད།
འཛམ་གླིང་ལོ་རྒྱུས་ནང་སྙན་གྲགས་ཧ་ཅང་ཆེ་བའི་ནང་པའི་གཙུག་ལག་སློབ་གཉེར་ཁང་ཆེ་ཁག་ནཱལནྡཱ་དང་། ཨོ་ཏནྟ་པཱུ་རི། བིཀྲམ་ཤཱི་ལ་སོགས་དེ་སྔ་ནས་གསར་རྙེད་བྱུང་སྟེ་ད་ཆ་བདག་གཅེས་བྱེད་བཞིན་པའི་སྐབས་འདིར། ཡང་བསྐྱར་ནཱལནྡཱའི་μོང་གཞིའི་སྤྱི་ཁྱབ་ས་ཁུལ་གྱི་ནུབ་བྱང་ཕྱོགས་སྤྱི་ལེ་ ༢༩ ས་ནས་ནང་པའི་གཙུག་ལག་སློབ་གཉེར་ཁངགཞན་
ཞིག་གསར་རྙེད་བྱུང་ཡོད། དེའི་མིང་ལ་ད་ཆ་ཏེལ་ཧ་ར་གཙུག་ལག་སློབ་གཉེར་ཁང་ཞེས་འབོད་ཀྱི་ཡོད། གཙུག་ལག་སློབ་གཉེར་ཁང་དེ་ཏེལ་ཧ་རའི་གྲོང་གསེབ་ནང་ཡོད་སྟབས་ཏེལ་ཧ་ར་གཙུག་ལག་སློབ་གཉེར་ཁང་ཞེས་མིངཐོགས་པ་ཡིན་ལ། ཏེལ་ཧ་རའི་གྲོང་གསེབ་ནི་ནཱལནྡཱའི་ནུབ་བྱང་ཕྱོགས་ཀྱི་ཧིལ་ས་ཞེས་པའི་གྲོང་རྡལ་གྱི་ནང་གསེས་གྲོངགསེབ་ཆུང་ཆུང་ཞིག་ཡིན། ཐོག་མའི་ཆར་གནའ་ཤུལ་སྔོག་ཞིབ་བྱས་པའི་གསར་རྙེད་ཀྱི་སྣང་བརྙན་དང་μ་ཆས་ལ་བརྟགན།དངོས་རིགས་དེ་ཚོ་གུཔྟའི་དུས་རབས་(དུས་རབས་ལྔ་པ།)དང་། རྗེས་ཀྱི་པ་ལའི་དུས་རབས་(དུས་རབས་དགུ་བ་དང་བཅུ་པ།)ཀྱི་དངོས་ཆས་ཤ་སྟག་ཡིན་འདུག ད་དུང་ས་ཞིབ་སྐབས་ཕྱིར་ཐོན་པར་རྩིག་པའི་རིང་ཚད་སྤྱི་ཁྲི་ (meter) ༣༤ ཅན་གྱི་ཤགགམ་ཁང་ཆུང་མང་པོ་གྲལ་བསྒྲིགས་ནས་ཡོད་པ་ཞིག་ཀྱང་རྙེད་སོན་བྱུང་ཡོད།
ཞིབ་གསལ་གཤམ་གྱི་འབྲེལ་ཐག་བརྒྱུད་ནས་ཀློགས།
tel-hara-university-01
སྐྱེས་སར་ལགས་ཐུགས་རྗེ་ཆེ་སྨོན་ལམ་མམ་ལས་ཀྱིས་ཡིན་ཆ་མ་ཚལ་ཡང་བྱེད་ལས་ལ་ལྟས་ན་སིངྒལའི་ཨ་ན་གྷི་རི་ཀ་དྷརྨ་པ་ལའི་ཡང་སྲིད་རེ་མིན་ནམ་སྙམ་པའི་དོག་པ་སྐྱེ་མི་འཇུག་གམ་དྲ་གྲོགས་རྣམས།
རེདརེད། དཀོན་མཆོག་ནོར་བུ་ཁོང་ལ་དད་པ་མོས་གུས་གནང་ན་མི་འོས་པ་མེད། དཔེར་ན་རྒན་མོ་དང་ཁྱི་སོའི་དཔེ་ལྟ་བུ་རེད།
སུ་ཞིག་གི་སྤྲུལ་བ་དང་། སུ་ཞིག་གི་སྐྱེ་བ་ཡིན་མིན་གལ་ཆེན་མིན་པར། ཁོས་སྤེལ་བའི་གནས་ཚུལ་དེ་ཧ་གོ་བ་བྱེད་དགོས་པ་རེད། ཁོས་བཤད་པ་དེ་ལོ་རྒྱུས་ཀྱི་ཆ་ནས་ཡིན་ན་རེད། ད་ལྟའི་གནས་བབ་ཀྱི་ཆ་ནས་ཡིན་ན་རེད་ཧ་ཅང་གལ་ཆེན་རེད།
བོད་རྒན་ཚོས་རང་ཉིད་ཀྱི་དགའ་སལ་མི་དགུ་བཤད་ལ་ཚོད་མེད་དེ། ཏིང་ཞོ་ཕིང་གིས་སྲིད་ཇུས་ཅུང་ལྷོད་ཡངས་བཏང་བར་འཇམ་དཔལ་དབྱངས་ཀྱི་སྤྲུལ་པར་གླེང་བ་དང། རྒྱ་གར་དབྱིན་ཇིའི་སྲིད་གཞུང་སྐབས་ཀྱི་དབྱིན་ཇིའི་རྒྱལ་མོ་མི་གསོད་ལག་དམར་ཁོང་ལ་སྒྲོལ་མའི་སྤྲུལ་པར་སྒྲོགས་པ་འདི་ཚོར་ཡ་ཆ།
མཁྱེན་ལྡན་སྐྱེས་སར་ཀླུ་སྒྲུབ་ལགས་ནས་འདི་ལྟར་ཉམས་ཞིབ་དང་འབྲེལ་པའི་གནས་ཚུལ་སྔ་རྗེས་སུ་བཏོན་པ་ཐུགས་རྗེ་ཆེ་ཞུ།
ང་ཚོས་རང་ཉིད་ལ་ཤེས་བྱ་བརྒྱུད་སྤྲོད་བྱེད་མཁན་ལ་བཀའ་དྲིན་ཞུ་འོས་ཤིང། ཤེས་བྱ་དེ་རིགས་ཐད་སློབ་སྦྱོང་བྱེད་དགོས་པ་ལས། དགོས་མེད་མཁོ་མེད་ཀྱི་ལབ་རིང་འཐེན་ན་ཆོ་མེད་པར་མཐོང། སྐྱེ་བ་སྔ་ཕྱི་ཡོད་ན། ཚང་མར་འབྱུང་ཁུངས་རེ་ལོས་ཡོད།