ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
སྐབས་སུ་བབས་པ་སྲིད་སྤྱིའི་འོས་བསྡུ་གླེང་།།
ཁ་དམག་འོག་ཏུ་ཞི་བའི་མི་མང་འཚོ།།
དགེ་སྐྱོན་ཡོ་བསྲངས་ཐུབ་ན་མང་གཙོའི་གཏམ།།
ངོ་སྲུང་སྤྲེལ་ལས་ཡོད་ན་དམངས་གཙོའི་ལམ།།
ཅོལ་ཆུང་བློ་དང་ཕྱོགས་གཏོགས་འགན་འཁུར་འོག །
ཆ་མེད་མི་རྣམས་མགོ་བོ་རྨོངས་དུ་བཅུག །
ཇུས་མེད་འགན་འཁུར་ཕྱོགས་གཏོགས་ཆབ་སྲིད་རུལ།།
ཉམ་ཆུང་མི་མང་གཡས་འཐེན་གཡོན་འཐེན་འོག །
ལྟ་བ་ལངས་ཕྱོགས་གསལ་སྟོན་མེད་པའི་སྐྱོན།།
ཐོབ་ཤོར་འོས་ཤོག་མི་མང་ལག་ཏུ་ལྷག །
དོན་མེད་ནང་ཁུལ་སྐྱོན་འཛུགས་དྲ་རྒྱར་ཁེངས།།
ནམ་མཁའ་སྟོང་པར་སྦར་མྱུལ་རྒྱག་མཁན་འཁྲུལ།།
དཔའ་གཏམ་འུར་གཏམ་སྟོང་གཏམ་ཤོད་མཁན་མང་།།
ཕ་ཡུལ་བོད་ལྗོངས་ལེན་པའི་ཐབས་ལམ་དཀོན།།
བོང་བ་གསེར་གཟིགས་ཕྱོགས་ཞེན་སྐབས་འཚོལ་མང་།།
མ་འཕྱུགས་མ་ནོར་བློ་ལྡན་འོས་འཕེན་ཚོ།།
རྩ་བ་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག །
ཚ་གྲང་ཚོར་ན་མང་གཙོའི་རིན་ཐང་རྙེད།།
ཛ་དྲག་ངང་ནས་འོས་ཤོག་འཕེན་མཁན་ཚོ།།
ཝ་བརྒྱལ་སྐད་ངན་མིན་པའི་རེ་བ་ཡོད།།
གཞན་སྐྱོན་གླེང་ནས་རང་མིང་བསྒྲག་མཁན་དང་།།
ཟུར་ཟའི་གཏམ་གྱིས་སྤྱི་ཚོགས་དཀྲུགས་མཁན་ཚོ།།
འོ་ཅག་བོད་མིའི་ལས་དབང་འདི་མཐོང་དུས།།
ཡ་རབས་ངོ་ཚས་བཟང་སྤྱོད་སྲུང་ན་དགའ་།
རང་བཙན་དབུ་མ་བཅའ་ཁྲིམས་མ་གསལ་ནས།།
ལོ་རྒྱུས་བཙན་པོ་མང་གཙོའི་བཅའ་ཁྲིམས་བརྒྱུད།།
ཤ་ཚ་ཡོད་ན་བཅའ་ཁྲིམས་བསྐྱར་བཅོས་རེམ།།
ས་ཆའི་བདག་དབང་རང་བཙན་རྩོད་ལེན་དང་།།
ས་གནས་རང་སྐྱོང་དབུ་མའི་ལམ་སྟོན་གཉིས།།
ཧབ་ཐོབ་མ་རྒྱག་བཅའ་ཁྲིམས་དགོང་དོན་ལ།།
ཨང་གསར་གྲ་སྒྲིག་མང་གཙོའི་བཅའ་ཁྲིམས་སྲུངས།།
བོད་མིར་མཁོ་བ།
སྐབས་སུ་བབས་པ་བོད་མཁོ་ཆབ་སྲིད་རེད། །
ཁ་དམག་འོག་ཏུ་ཞི་བདེའི་ཆོས་སྤེལ་གྱིས། །
དགེ་སྐྱོན་ཡོ་བསྲངས་ཐུབ་ན་ཡར་རྒྱས་འོངས། །
ངོ་སྲུང་སྤྲེལ་ལད་པ་རྣམས་གནས་དབྱུང་སྤྲོད། །
སྐབས་སུ་བབས་པ་མགོ་འདྲེན་རིང་ལུགས་རེད་།
ཁ་དམག་འོག་ཏུ་རང་མིང་བསྒྲགས་ལ་འབད་།
ག་ས་ག་ལ་སྐབས་འཚོལ་ཕྱོགས་གཏོགས་
འོག་།
ང་དང་འདྲ་བའི་ཉམས་ཆུང་མི་མང་འཐོམ་།
ཅོང་ནད་ཕོག་པའི་བོད་མིའི་མང་གཙོ་འདི་།
ཆབ་སྲིད་མི་སྣའི་ཆབ་སྲིད་རྩེད་ཆས་འདྲ་།
ཇུས་མེད་འགན་འཁུར་འགོ་འདྲེན་འོག་ཏུ་འཚོ་།
ཉམས་ཆུང་མི་མང་སྐབས་འཚོལ་འོག་ཏུ་ཚུད་།
ལྟོ་གོས་དོན་དུ་ལས་བྲེལ་མི་མང་ཚོ་།
ཐོབ་ཤོར་མེད་ཀྱང་མང་གཙོའི་རིན་ཐང་ལ་།
དོ་སྣང་ཟབ་ནན་འོས་ཤོག་འཕེན་ལ་རེམ་།
ནམ་ཞིག་འགྱོད་ན་དེ་དུས་ཕྱིས་པ་རེད་།
དཔའ་རྒོད་རྒལ་ཚིག་མེད་པའི་དར་མ་མང་།
ཕ་རོལ་དགྲ་ལ་ཁྱི་རྒན་རྔ་མ་གཡུགས།
བོད་ཀྱིས་བརཟད
ནོར་བཅོས་།
བོད་ཀྱི་རྩ་དོན་ཁ་དང་ལྕེ་ལ་སྦྱར་།
མ་ཐུབ་དགྲ་བོ་ནང་ཁུལ་གཉེན་མགོ་
བཅོམ་
ཀ་རྩོམ་ལམ་ནས་གཞན་སྐྱོན་འཚོལ་མཁན་མང།།
ཡིག་ནོར་ལུང་པ་བཀང་ཀྱང་ངོ་མི་ཚ།།
འདི་ནི་དུས་རབས་ཉེར་གཅིག་བོད་ཡིག་ལ།།
ཆག་སྒོ་ཆེན་པོ་ཡིན་པར་སེམས་ལ་ཞོག
རང་དབང་འགན་འཁུར་དྲ་ལམ་ཚང་མཁན་མང་།
རང་སྐྱོན་མ་མཐོང་མི་སྐྱོན་གླེང་མཁན་མང་།
རང་དབང་མང་གཙོའི་གོ་སྐབས་ལེན་མཁན་མང་།
རང་རང་བསམ་ཚུལ་བཤོད་མཁན་གཟི་བརྗིད་ཆེ་།
ྸ
ལྷག་བསམ་གདུང་གི་ཟླ་བས་མུན་པ་འཇོམས་།
ལྷག་བསམ་རྨ་མེད་དཱངས་བས་སྐྱོན་ཚང་གཏོལ་།
ལྷག་བསམ་འགན་འཁུར་ཆེན་པོའི་སྤྱི་དོན་སྲུང་
ལྷག་བསམ་མེད་པའི་དྲ་འབུ་མིང་རྫུན་མང་།