སྤྱང་སྐྱ། ༼གཅན་བཟོད་རྒྱམ་གྱིས་འོས་སྦྱོར་བྱས།༽
སྤྱིའི་ཆ་ནས་བཤད་ན་ཚ་བ་མདའ་སྨྱུག་ནི་ཐམས་ཅད་མཁྱེན་པའི་ཀུན་མཁྱེན་ཞིག་མ་རེད་ལ། ཡོད་ཚད་དཔོག་ཐུབ་པའི་ཚད་མའི་སྐྱེས་བུ་ཞིག་ཀྱང་མ་རེད། འོན་ཀྱང་ང་ཚོ་ནང་བསྟན་ཆོས་ལུགས་ཀྱི་ངོས་ནས་བཤད་ན། རིགས་པ་གནད་དུ་ཁེལ་བ་དང་། དོགས་གཞི་གསལ་ལ་རྗེན་པ་ཞིག་ཚ་བ་མདའ་སྨྱུག་མ་གཏོགས་སུ་དང་གང་གིས་ཀྱང་དེ་སྔ་གླེང་མྱོང་མེད་ལ། རྗེས་སུ་ཡང་གླེང་དཀའ་མོ་ཞིག་རེད། དེས་ན་ཚ་བ་མདའ་སྨྱུག་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་མི་སྣ་གལ་ཆེན་ཞིག་ཏུ་ཆགས་པ་མ་ཟད། ཤེས་ཡོན་གྱི་ལམ་ནས་མདུན་དུ་བསྐྱོད་བཞིན་པའི་བོད་ཀྱི་གཞོན་སྐྱེས་མི་ཉུང་བ་ཞིག་གི་བསམ་བློའི་མིག་ལྟོས་ལྟ་བུར་གྱུར་ཡོད།
ཁྱེད་ཀྱིས་མདའ་སྨྱུག་གི་མི་ཚེ་དང་ལྟ་བ་གཉིས་མཉམ་དུ་བསྲེས་ནས་ཁོང་གི་མི་གཞི་ལ་དམའ་འབེབས་དང་། ཕྲ་ཞིང་ཟབ་པའི་རིགས་པ་ལ་མཐོང་ཆུང་བྱས་པ་ནི་སློབ་བུའི་རིག་སྟོབས་དང་ཤེས་རབས་ལ་རྩི་བཀུར་ཤེས་པའི་དགེ་རྒན་ཞིག་གི་མིང་ཙམ་འཛིན་པ་ཡིན་ཡང་རྒྱུ་མཚན་ཆེར་ཡོད་མ་རེད།
མདའ་སྨྱུག་གིས་ནང་བསྟན་གཞུང་ལུགས་ནས་རིགས་པ་རྒྱབ་འགལ་དུ་སོང་བའི་གནས་ལུགས་དང་། ཤེས་བྱའི་གནས་སྣང་དང་མི་མཐུན་པའི་ལྟ་གྲུབ་ཁག་ཅིག་ལ་དཔྱད་གཞི་བྱས་ནས་དོགས་སློང་ཁག་ཅིག་མཛད་པ་ལས། ནང་བསྟན་ཆོས་ལུགས་འདི་མེད་པར་བཟོ་འདོད་པ་དང་། ནང་བསྟན་ཆོས་ལུགས་ལ་དུང་ཞེན་རྩ་བ་ནས་མེད་པ་ལྟ་བུ་མ་ཡིན་པར་ཁོང་རང་གི་བརྩམས་ཆོས་དག་ལས་དཔོག་ཐུབ། ད་དུང་མདའ་སྨྱུག་ནི་ནང་བསྟན་ཆོས་ལུགས་དང་སྟོན་པ་སངས་རྒྱས་ལ་དད་པ་དཔེ་མེད་གཅིག་ཡོད་པར་དངོས་དང་ཤུགས་ནས་དཔོག་ཐུབ་སྟེ། ཁོང་གིས་ནམ་རྒྱུན་ཁ་འདོན་དགེ་སྦྱོར་དང་ཚོགས་བསགས་མཆོད་འབུལ་ལ་འབུངས་ཀྱིན་ཡོད་པ་རང་རྩོམ་ལོག་རྟོགས་སྙིང་སྟོབས་དང་འབྲེལ་བའི་གཏམ་ལས་བཤད་ཡོད།
རེད་དེ་ཚད་མ་རིག་པ་བོད་ལ་དར་ནས་བཟུང་བོད་ཡུལ་གྱི་མཚན་ཉིད་པ་ཐམས་ཅད་གཞུང་ལུགས་ཀྱི་གནད་དོན་ལ་དོགས་སློང་བྱེད་རྒྱུར་གོམས་ཡོད་ཅིང་། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །ཞེས་གསུངས་པར་ལྟར་དུ་རྒྱལ་བའི་བཀའ་དང་རྗེས་འཇུག་གི་བསྟན་བཅོས་དག་ལ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་དང་བཅས་ཏེ་སྒྲོ་འདོགས་ཕུལ་དུ་བྱུང་བ་ཞིག་གཅོད་དྲན་རྒྱུ་ནི་བོད་ཀྱི་མཚན་ཉིད་པ་ཐམས་ཅད་ཀྱི་རྩ་བའི་སྒྲོམ་གཞི་ཞིག་ཆགས་ཡོད།
དེ་ལྟར་ཚད་མའི་བསྟན་དོན་གྱི་རྟོག་གེའི་རིགས་པ་ཇེ་གསལ་ཇེ་ལེགས་སུ་སོང་དུས། ད་གཟོད་དེང་རབས་ཚན་རིག་གི་ཤེས་བྱ་དང་གནའ་རབས་རིགས་གཞུང་གི་བསྟན་དོན་གཉིས་ལ་ཕུན་ཚུན་རྒྱབ་འགལ་དུ་སོང་བ་དང་། རྒྱུ་མཚན་མ་ངེས་པ་དང་། མཐོང་ཆོས་མངོན་གྱུར་གྱི་ཡུལ་དང་འགལ་བ་སོགས་མང་དུ་སྣང་བས་དོགས་སློང་འདི་མཛད་པ་སྨོས་མི་དགོས།
མདའ་སྨྱུག་གི་རིགས་པ་དེ་ཁོངས་གཏག་སའི་རྒྱབ་རྟེན་ནི་ཞོགས་དུང་ཡིན་ནའང་ཆོག དེ་མིན་ནུབ་ཕྱོགས་ཀྱི་མཁས་པ། སྔ་རབས་ཀྱི་ཉིའུ་ཏུན་དང་དེའི་རྗེས་ཀྱི་ཨེར་དབྱིན་སི་ཐན། ད་དུང་ཨའི་སཱཀ་ནིའུ་ཀྲོན་ཞེས་པ་དེ་དང་ཌར་ཝིན་གང་ཡིན་ཡང་དེ་དག་ནི་གཙོ་བོ་མ་རེད། གཙོ་བོ་གང་རེད་དྲན་ན། མདའ་སྨྱུག་གི་དོགས་སློང་བྱས་པའི་གནད་དོན་དག་ནང་སྟན་རིགས་གཞུང་ལ་གནད་དུ་འཁེལ་ཡོད་མེད་དང་མདའ་སྨྱུག་གི་དཔྱད་རྩོམ་རིང་མོ་དེག་དག་ལ་གནས་ལུགས་ཀྱི་རྒྱབ་ལྗོངས་ཡོད་མེད་དེ་གཙོ་བོ་རེད། རྒྱུ་མཚན་ཕུལ་དུ་བྱུང་བ་ཞིག་གླེང་འདོད་ན། མདའ་སྨྱུག་གི་རིགས་པའི་ཁོངས་གཏུག་ས་ལ་ཚོད་དཔག་མི་བྱེད་པར། དངོས་ཡོད་མཐོང་ཆོས་སུ་གྱུར་བའི་མདའ་སྨྱུག་ཁོང་གི་རིགས་པ་དེ་ལ་དགག་པ་གནད་དུ་འཁེལ་བ་ཞིག་ཡོད་ན་ང་ཚོ་སུས་ཀྱང་ཁས་ལེན་ཆོག་པ་རེད་མ་གཏོགས། དེ་མིན་བརྒྱ་བཤད་རྒྱུ་བཤད་མང་པོ་ཞིག་བྱས་ཀྱང་། རང་ཉིད་ཀྱི་བསམ་བློ་ལ་གུ་ཡངས་མེད་པ་དང་། མི་རིགས་གཞན་དང་རིགས་གཞུང་གཞན་ལ་འདྲ་མཉམ་གྱི་ལྟ་ཚུལ་མེད་པའི་རྟགས་ཙམ་དང་། ལྷག་དོན་གསར་སྐྱེས་ཤེས་རབ་ཀྱི་དཔལ་འབར་བ། རྣམ་རིག་སྐྲ་རྩེ་འཕྱོ་བའི་རིག་རྒོད་དག་གི་རྐང་པ་གཅོག་པའི་མཚོན་ཆ་གང་འདོད་དུ་བཀོལ་བཞིན་པའི་རྣམ་པ་ལས་གཞན་ཅི་ཡང་མངོན་མི་ཐུབ།
སྤྱིར་ནང་ཆོས་ཀྱི་བླ་མ་དག་གིས་བཤད་སྲོལ་གཅིག་ཡོད་རེད། ནང་བསྟན་ལ་ཐོས་བསམ་བྱེད་མཁན་ཞིག་ཡིན་ན། དོགས་སློང་དང་དཔྱད་པ་འདྲ་མིན་མི་དགོས་པར་ནང་ཆོས་ཀྱི་སྙིང་དོན་བྱམས་པ་དང་སྙིང་རྗེ། དད་པ་དང་དག་སྣང་སྦྱང་། སྡོམ་པ་དང་དམ་ཚིག་ཡག་པོ་བསྲུངས་ནས་བསྡད་པ་ཡིན་ན་མཆོག་པ་རེད་ཅེས་ཟེར་སྲོལ་ཡོད་རེད། རེད་དེ་དོན་དངོས་ཀྱི་གནས་སྟངས་ནི་དེ་དང་མི་མཐུན་པར་གྲུབ་མཐའ་ཕུན་ཚུན་བར་དུ་འགྲན་རྩོད་བྱེད་རྒྱུ་དང་། ལྟ་བ་འདྲ་མིན་ཅུང་ཙམ་རེ་བྱུང་ན་དགག་སྒྲུབ་བྱེད་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་བསྟན་འཛིན་ཆེན་པོ་དག་གི་བྱ་སྤྱོད་གསོན་པོ་དེ་རེད། དཔེར་ན་བོད་སྔ་རབས་པའི་དབུ་མའི་ལྟ་བ་དེ་རྗེ་ཙོང་ཁ་པ་རྗེས་འབྲངས་དང་བཅས་པས་དགག་པ་དཔེ་མེད་བྱེད་ཡོད་རེད་ལ། གོ་རིམ་ཤཱཀ་སོགས་ཀྱིས་ཀྱང་རྗེ་ཡི་ལྟ་བ་དེ་ལ་དགག་པ་ཏག་ཏག་བརྗོད་ཡོད་པ་རེད།
དོན་གྱི་དབང་དུ་བཏང་ནའང་གཅིག་ཤོས་ཀྱི་ལྟ་བ་དེ་འགྲིག་བསྡད་ཡོད་ན། གཅིག་ཤོས་ལྟ་བ་དེ་ནོར་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ཡང་། རང་རེའི་ཆེན་པོ་དག་གིས་འགལ་བ་དེ་ཙམ་ཡང་ངོས་མ་ཟིན་པར། གྲུབ་མཐའ་འདིའི་དབང་དུ་བཏང་ན་འགྲིག་ཡོད་པ་དང་གྲུབ་མཐའ་གང་དེའི་དབང་དུ་བཏང་ན་ནོར་ཡོད་པ་སོགས་དགོངས་ལུགས་དང་དགོས་ལུགས་མང་དུ་བཤད་པ་ལས། གནས་ལུགས་དངོས་དང་མཐུན་པའི་གནད་དོན་གཅིག་ད་དུང་ཡང་བསྟན་འབེབས་བྱས་མེད།
ང་ཚོས་རྟག་པར་བྱམས་དང་སྙིང་རྗེ་སྒོམ་བཞིན་དད་པ་དང་དག་སྣང་ཙམ་བྱས་ནས་བསྡད་པས་མཆོག་པ་ཡིན་ན། དགོན་པ་དག་ལ་བློ་སྦྱོང་གྱི་ཉམས་ལེན་ཡག་པོ་ཡོད་པར་བྱེད། མཚམས་ཁང་དང་རི་ཁྲོད་ཀྱི་གནས་ཁང་སྤུས་གཙང་རེ་ཡོད་ན་མཆོག་པ་ལས། མཚན་ཉིད་གྲྭ་ཚང་རྒྱ་ཆེན་པོ་སྤེལ་དགོས་ཡག་མེད་ལ། མཚན་ཉིད་ཀྱི་རིགས་གཞུང་འདི་དག་དར་རྒྱས་གཏོང་བ་ལ་དེ་བས་དགོས་པ་ཆེར་མེད། རེད་དེ་ང་ཚོས་བྱམས་དང་སྙིང་རྗེ་མི་སྒོམ་པར་རྟག་པར་མཚན་ཉིད་ཀྱི་རིགས་གཞུང་ལ་ཆེད་སྦྱོང་བྱེད་པ་ནི། དགོས་པ་དམིགས་གསལ་པ་ཞིག་ཡོད་པས་ཡིན་གྱི་རེད་ལ། ནང་བསྟན་རིགས་གཞུང་གི་མཐུན་མོང་མིན་པའི་ལྟ་གྲུབ་ཀྱི་རྣམ་གཞག་ཀྱང་མཚན་ཉིད་ཀྱི་རིགས་པའི་དཔྱད་སྟོབས་ལ་བརྟེན་ནས་རྙེད་ཐུབ་པའི་རྐྱེན་གྱིས་ཡིན་གྱི་རེད། དེས་ན་ཚ་བ་མདའ་སྨྱུག་གི་རིགས་པ་དེ་ནི་མཚན་ཉིད་ཀྱིི་རིགས་གཞུང་འདི་ལས་རྙེད་པའི་དོགས་སློང་གི་སྙིང་སྟོབས་རེད་ཅེས་བརྗོད་ནའང་ཆོག
ཚ་བ་མདའ་སྨྱུག་གིས་ནང་བསྟན་དཀའ་པོད་ལྔ་ལ་དོགས་སློང་བྱས་པའི་རྗེས་སུ། བློ་འགྱོད་སྐྱེ་སྲིད་པ་རེད་ལ། དེ་ལས་བཤད་ཕོད་པ་གཅིག་ནི་འཚོ་བ་ལ་དཀའ་ཁག་ཆེན་པོ་འཕྲད་ཡོད་པ་གཏན་ཁེལ་ཏེ། དཔེར་ན་དགེ་རྒན་གྱི་མིང་འཛིན་པ་གཅིག་གིས་ཀྱང་རང་གི་སློབ་མ་ལ་ལྟ་ཚུལ་འདི་ལྟ་བུ་ཡོད་ན། རྨོངས་དད་ཀྱི་མགོ་བོ་འཁོར་ཞིང་། ཆགས་སྡང་གིས་བཟི་ཡོམ་དུ་གྱུར་བཞིན་བའི་ཁོར་ཡུག་འདི་ནས་མདའ་སྨྱུག་ལ་སྐྱིད་ཅིག་འབྱུང་བ་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ཚོད་ཡིན་པར་དཔོག་ནུས་པའི་ཕྱིར།
ཚན་རིག་ལ་ཡིད་ཆེས་དང་བློ་གཏད་བྱ་མི་རུང་སྟེ། སྔ་མའི་རྙེད་དོན་ཕྱི་མས་བཤིག ཕྱི་མའི་རྙེད་དོན་ཡང་དེའི་ཕྱི་མས་བཤིག་པའི་ཕྱིར། ལྟ་བུ་བཤད་ཀྱང་རྒྱུ་མཚན་མ་ངེས་པ་ཉིད་ཡིན་ཏེ། འོ་ན་ནང་བསྟན་གྲུབ་མཐའ་སྨྲ་བ་དག་ལའང་ཡིད་ཆེས་དང་བློ་གཏད་བྱེད་མི་རུང་བ་ཐལ། སྔ་མའི་རྙེད་དོན་ཕྱི་མས་བཤིག་པའི་ཕྱིར། དོན་ངོ་མ་བྱས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་གསུངས་པའི་བདེན་པ་བཞི་ཡི་ཆོས་དང་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་རྣམས། ཐེག་དམན་བྱེ་མདོ་གཉིས་ཀྱི་དབང་དུ་བྱས་ནས་གསུངས་པ་ཡིན་ཡང་། མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་དག་གིས་སངས་རྒྱས་ཀྱི་དགོངས་པ་དངོས་དེ་དགག་ནས་རང་གི་འདོད་ཚུལ་གཞན་པ་ཞིག་སངས་རྒྱས་ཀྱི་དགོངས་པ་རུ་བསྒྲུབས་པ་ཙམ་རེད། སྔ་མའི་འདོད་པ་ཕྱི་མས་བཤིག་པའི་ཚུལ་འདི་ནི་ནུབ་ལུགས་ཚན་རིག་ལས་ཀྱང་། བོད་ཀྱི་མཚན་ཉིད་རིག་པ་རྣམས་ཐུ་བ་ཡིན། རེད་དེ་ནུབ་ཕྱོགས་ཚན་རིག་པས་གང་བཤད་པ་དེ་བདེན་པ་ཡིན་པའི་ངེས་པ་མེད་ཀྱང་། མཐོང་ཆོས་མངོན་འགྱུར་གྱི་ཤེས་བྱ་མང་པོ་ཞིག་ནུབ་ཕྱོགས་པས་དཔོག་པར་ལྟར་དུ་ང་ཚོ་ནང་བསྟན་མཚན་ཉིད་པ་དག་གིས་རྟོགས་ཐབས་མེད་པར་ཆགས་ཡོད།
ཁྱེད་ཉིད་མདའ་སྨྱུག་གི་དགེ་རྒན་གྱི་མིང་འཛིན་ཙམ་ཡིན་པས་ངས་འདིར་གླེང་ཙམ་བྱས་པ་ཡིན་མ་གཏོགས། དེ་མིན་གཞན་པ་ཞིག་ན་གླེང་ཡང་དགོས་པ་ཆེར་མེད་དེ། རྒྱུ་མཚན་མེད་པ་དང་གནས་ལུགས་མི་ལྡན་པའི་སྐད་ཆ་བཤད་མཁན་ནི་ཁྱེད་ཉིད་ཙམ་མིན་པར་བོད་འདིར་སྐར་མའི་གྲངས་དང་མཉམ་པར་ཡོད།
ནུབ་ཕྱོགས་ཚན་རིག་པའི་རྙེད་དོན་ལ་སྙིང་དོན་དང་རྒྱུ་མཚན་ཡོད་མ་རེད་ཟེར་ན་གཞན་གྱི་རིགས་གཞུང་ལ་མཐོང་ཆུང་བྱས་པ་རེད་ལ། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལ་འགན་མ་ཁུར་བའི་སྐད་ཆ་རེད། ང་ཚོར་ཉིན་རེའི་ཁྲོད་དུ་འཚོ་བའི་མཁོ་སྤྱོད་དུ་གྱུར་བའི་ཅ་ལག་སྟེ། གནམ་གྲུ་དང་། རླངས་འཁོར། གློག་བརྙན་དང་ཁ་པར་སོགས་དང་། སྨན་བཅོས་ཀྱི་ཆ་ལག་བཅས་མིའི་རིགས་ལ་མེད་དུ་མི་རུང་བའི་དངོས་པོ་འདི་དག་ཐམས་ཅད་ཚན་རིག་པའི་མཁས་དབང་དེ་དག་གི་བཀའ་དྲིན་རེད་ལ། གསེར་དང་རིན་པོ་ཆེ་ལས་རིན་ཐང་ཆེ་བའི་ཚན་རིག་པའི་རིགས་གཞུང་དེ་དག་གིས་རྙེད་དོན་རེད།
ཡོང་ཁུངས། ལུག་ཚང་གི་དཔལ་ཡོན།
ཁ་བརྡའི་ནང་དུ་ཆོས་མེད་ཀླ་ཀློ་མང་དུ་མང་དུ་འགྲོ་བགྱིད་འདུག འདི་ཡག་རྟགས་ཅིག་མ་རེད།
ཚ་བ་དང་། སྤྱང་སྐྱ་ལ་དགོས་ཡ་ཅིག་འདིར་འདུག་པས། དགྱེས་གཟིགས་གནང་རོགས།
http://www.gmanetwork.com/news/story/560583/news/world/china-official-says-dalai-lama-making-a-fool-of-buddhism
བོད་མིས། ཨ་རིའི་སྲིད་འཛིན་འོས་མི་ཅིག་ལ་རྒྱབ་སྐྱོར་བྱས་པ།
https://www.facebook.com/bangladeshisforbernie/videos/200727980312750/
ཀརྡོ་་་་ངས་བལྟས་ན་ཁྱོད་རང་ཆོས་མེད་ཀླ་ཀློ་དང་ཆོས་ལོག་བྱས་མཁན་ཞིག་རེད་བསམས་ཀྱི་འདུག ཤཀྱའི་རྒྱལ་པོའི་ཕར་ཕྱིན་དྲུག་གསུངས་པའི་ནང་ནས་གཅིག་ཁོ་ནའི་སྐོར་དུ་ཁྱོད་ལ་གསལ་བཤད་དང་ཁྱོད་ཀྱིས་ལོག་ལམ་དང་ལོག་ཆོས་བྱེད་བཞིན་ཡོད་པ་ལ་མཛུབ་མོ་བཙུགས་ཀྱི་ཡིན།
དྲུག་གི་ནང་ནས་སྦྱིན་པའི་ཕར་ཕྱིན་གྱི་སྐོར་ཡིན། ཁྱོད་ལྟ་བུའི་ཆོས་ཚོགས་བདག་པོ་ཚོས་སྦྱིན་པའི་ཕར་ཕྱིན་ལག་ལེན་ཇི་ལྟར་བསྟར་གྱི་ཡོད་དམ། ཕར་སྦྱིན་པ་བཏང་གི་ཡོད་དམ། ཚུར་སྤྱིན་བདག་འཚོལ་བཞིན་ཡོད་་་ཨ ངོ་ཚ་ཡོད་པེ། དུས་རྟག་ཏུ་སྤྱིན་བདག་རག་ཆེད་དུ་ཁ་སྙན་སྙན་དང་འདྲ་ཆགས་ཆགས་ག་ཚོད་བྱེད་བཞིན་མེད་དམ།
ཁྱོད་ལྟ་བུ་ཚོས་སྦྱིན་པའི་ཕར་ཕྱིན་གོ་ལྡོག་བྱས་ནས་བསྒྲུབ་ཀྱི་ཡོད་པ། ཕར་སྦྱིན་པ་སྣེ་གཅིག་མི་བཏང་བར་ཚུར་སྦྱིན་བདག་ག་ཚོད་བྱུང་ནའང་ལེན་རྐྱང་བྱེད་བཞིན་ཡོད་པ། འདི་སྦྱིན་པའི་ཕར་ཕྱིན་ཉམས་སུ་ལེན་སྟངས་ཨེ་རེད། ཆོས་མེད་ཀླ་ཀློ་ཟེར་ན་འདི་འདྲ་ལ་ཟེར་བ་རེད། ཆོས་ལོག་བྱས་ཟེར་ན་འདི་འདྲ་ལ་ཟེར་བ་རེད། ཤཀྱའི་རྒྱལ་པོའི་བཀའ་ལོག་བསྒྲུབ་བྱས་ཟེར་ན་འདི་འདྲ་ལ་ཟེར་བ་རེད།
ལྷག་པ་ཏུ་ཁྱོད་ལྟ་བུའི་ཆོས་ཚོགས་ཀྱི་བདག་པོ་ཚོའི་རྒྱུད་ལ་བདག་འཛིན་གཞན་ལས་ཞེན་སྣང་ཚ་པོ་ཡོད་རེད། ཁྱོད་ལྟ་བུ་ཚོའི་བདག་འཛིན་ཆེ་ཆེ་ཡིས་གསོན་ན་གསེར་ཁྲི་དགོས་ལེ་རེད་ལ་ཤི་ན་རོ་ཡང་གསེར་དངུལ་ནང་བཅུག་ནས་ཉར་གྱི་རེད། ཁྱོད་ཚོ་་་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལ་དེ་འདྲའི་ཞེན་ཆགས་ཆེ་ལུགས་ལ་བལྟས་ན་ཆོས་མེད་ཀླ་ཀློ་ཅིག་མིན་ན་སུ་ཡིན་བསམས་པ་འདྲ་ཞིག་རེད་དོ།
ཁྱོད་ཚོས་ཆོས་བྱས་ཀྱི་ཡོད་ཟེར་བ་དག་ཤཀྱའི་ཆོས་དང་གོ་ལྡོག་རེད། ལོག་ལམ་རེད། ལོག་ཆོས་བྱེད་མཁན་རེད། ཀླ་ཀློ་རེད། ཁྲམ་པ་རེད། ཆོས་ལོག་བྱས་ནས་མི་སེར་གྱི་རྒྱུ་བཟའ་མཁན་རེད་དོ། ད་དུང་དགོས་ན་་་ཕར་ཕྱིན་དྲུག་པོ་རེ་རེ་དང་སྦྱར་ནས་ཆོས་ལོག་བྱས་སྟངས་དག་ལ་མཛུབ་མོ་འཛུགས་ཆོག ཆོས་པ་ཡིན་མདོག་མདོག་བྱས་མ་འོང་ཨ་་་་ཤཀྱའི་རྒྱལ་པོའི་རྐང་འདྲེན་འོང་གི་འདུག་་་་་་་ད
ཤཀྱའི་རྒྱལ་མཆོག་མི་ཡུལ་བཞུགས་སྐབས་སུ།
སྦྱིན་པའི་ཕར་ཕྱིན་ལག་ལེན་གཙུག་ཏུ་བཀུར།
ཉམ་ཐག་འགྲོ་བ་མི་ཡི་དཀའ་ངལ་ལ།
སྦྱིན་པའི་རིག་གནས་གསུངས་པར་སྙིང་ནས་གུས།་་་་་ཁ་མ་ཡིན་དོན་གྱི་ཡིན་ནོ།་་་་་ཧཧཧ
ད་དུང་་ཡོད། ན་ལེན་ཌའི་ཕྱོགས་གླང་ཆོས་གྲོགས་ཚོའི་སྦྱིན་པ་བཏང་ན་ལོངས་སྤྱོད་འབྱུང་བའི་སྒྲུབ་བྱེད་དངོས་སྟོབས་རིག་པ་འདི་རེད།
སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་སླུ་བ་ཡིན་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པ་འདི་རེད།
བོད་པའི་ཆོས་པགས་གྱོན་མཁན་ཚོས་ངོས་ནས་་་་སྦྱིན་བདག་རག་ན་ལོངས་སྤྱོད་འབྱུང་ཞེས་པའི་ལུགས་ཆོས་ཆན། རང་གི་བསྟན་བྱའི་དོན་ལ་མི་སླུ་བ་ཡིན་སྟེ། འདས་མ་ད་གསུམ་ལ་སྦྱིན་བདག་ཡོད་མཁན་ཚོ་ལོངས་སྤྱོད་ཅན་གྱི་ཕྱུག་པོ་ཡིན་པའི་ཕྱིར།་་་་ཞེས་པ་འདི་ཁྱོད་ཚོའི་རྟགས་ཡང་དག་རེད། ན་ལེན་ཌའི་མཁས་པ་ཚོ་དང་དཀར་ནག་གོ་ལྡོག་གི་རིགས་ལམ་བེད་སྤྱད་ནས་ལོག་ལམ་དུ་སུས་མགྱོགས་བལྟ་བཞིན་ཡོད་པ་་་་་་ཧཧཧཧ་་་་ཚཚཚཚཚཚ
ཨོ་རེད་་་་སྤྱང་སྐྱ་ལགས་སུ་ཞུ་དགོས་པའི་གནད་དོན་གཅིག་འདུག མདའ་སྨྱུག་གི་རིགས་པ་དེ་ཁོངས་གཏག་སའི་རྒྱབ་རྟེན་ནི་ཞོགས་དུང་ཡིན་ནའང་ཆོག་་་་ཅེས་པའི་སྐད་ཆ་འདིར་ནོར་བ་རེད། རྣམ་དཔྱོད་ཅན་མདའ་སྨྱུག་མཆོག་གིས་ཞོགས་དུང་ལ་དཔུང་རོགས་བྱས་པ་རེད། མ་གཏོགས་ནང་ཆོས་ཀྱི་ཤེས་ཡོན་ཐོག་ནས་མདའ་སྨྱུག་གི་རྐང་པའི་བརྫིས་ལ་ཞོགས་དུང་གི་མགོ་ཡིས་ཐུག་གི་མ་རེད།
དུང་ཞོགས་གཙོ་བོ་གྱུར་པའི་བོད་མི་རྟོག་སད་པ་དག་ལ་བོད་པའི་ཆོས་ལུགས་པ་ཚོས་བརྙས་བཅོས་བྱས་ཡ་མང་སོང་ནས་མདའ་སྨྱུག་གིས་ལོག་རྟོགས་སྙིང་སྟོབས་ཅེས་པ་དེ་བརྩམས་པ་ཡིན་གསུངས་འདུག སེམས་དཀར་ཞོགས་དུང་མི་ཆོས་རིག་གནས་ཐོག་ཏུ་མཁས་པ་ཡིན་ནའང་ལྷ་ཆོས་རིག་གནས་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཅང་མ་རེད་འདོད་དོ།
ཅོ་རི་རང་སེམས་ཤུགས་ཆེ་དྲགས་ངར་ས་ནོར་འགྲོ་བགྱིད་འདུག མ་གཏོགས་ཁྱོད་ཀྱིས་དཔེ་ཆ་ཨའོ་ཙམ་བལྟས་ཡོད་ས་རེད། གདའ་སྨྱུག་སོགས་ཁྱོད་རང་ཚོ། མཐོང་རྒྱ་ཆ་མདོག་ཁ་པོ་མ་བྱེད། རྣམ་འགྲེལ་ནང་ལ། ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་པའི་ཚིག་འགྲེལ་ཙམ་ཞིག་ཐུབ་ན་ཁྱེད་རང་ཚོའི་དྲི་བ་རིང་པོ་དེའི་ལན་ཐེབས་ཚར་བ་རེད་དོ། ང་ལ་ཆོས་ཡོད་ཙང་ཁྱོད་ཀྱིས་ང་ཆོས་ལོག་ཏུ་བསྒྲུབ་བདེ་ཡང་། ཁྱེད་ཚོར་ཆོས་མེད་ཙང་། ཆོས་མེད་ཀློ་ཀློ་ལབ་ན། ཅི་ལ་ཕོགས་སྙམ་ཡང་། ཅོ་རི་ཁྱོད་ལ། ཆོས་མེད་པ་རང་མིན་པ་འདྲ། ཧ་ཧ། རྩེད་མཚར་དང་བཅས།། །།
དེང་སང་ཆོས་པ་ཡིན་ཟེར་མཁན་ཕལ་ཆེ་བ་ནི་ལོག་འཚོ་བ་དག་དག་ཡིན་ནི་རེད། ལོག་འཚོ་ལྔ་ལས་མ་འདས་པའི་ཆོས་བྱེད་ཀྱི་བླ་སྤྲུལ་དགེ་སློབ་ཞིག་མཐོང་རྒྱུ་ཡོད་ནི་མ་རེད། གསུང་རྒྱུ་དང་གནང་རྒྱུ་ཁ་ཁ་ཡིན་ནི་རེད།