གླེང་བརྗོད་ཤེལ་གྱི་མེ་ལོང༌།
ཐོག་མར། འདི་འདྲ་ཞིག་བྲི་དགོས་པའི་རྐྱེན་ཇི་ལྟར་འཕྲད་པའི་སྐོར་ནི། སྤྱི་ལོ་༢༠༡༠ ཟླ་བ་༦ པའི་ནང་དུ། འཕགས་ཡུལ་བྱང་ཕྱོགས་རང་དགོན་དུ་ཡོད་སྐབས། བལ་ཡུལ་ནས་ཕེབས་པའི་ངའི་གྲོགས་པོ་ཞིག་ལ། ད་ལྟ་དེ་ཕྱོགས་སུ་གནས་ཚུལ་གསར་པ་ཇི་འདྲ་ཡོད་མེད་དྲིས་པ་ན། ཁོང་ནས་དེང་སང་དེ་ཁུལ་དུ་གསར་འགྱུར་ནི། བོད་ནས་ཡིན་པའི་ཚ་བ་མདའ་སྨྱུག་ཅེས་པ་ཞིག་གིས། ལོག་རྟོགས་སྙིང་སྟོབས་ཞེས་པ་ཞིག་དྲ་རྒྱའི་ནང་དུ་ལྟ་རྒྱུ་ཡོད་པ་དེའི་སྐོར་རེད། ཟ་ཁང་དང༌། ཇ་ཁང་གང་མང་ནང་དུ་བོད་ཡིག་ཐོག་གནས་ཚད་མཐོ་ཙམ་ཡོད་པ་རྣམས་ནས། རང་རང་གི་བསམ་འཆར་སྣ་ཚོགས་པ་ཞིག་གླེང་བཞིན་ཡོད་རབས་ཐོས་བྱུང༌།
དེ་ནས་ཁོ་བོ་ལས་སྒྱུར་དང་འབྲེལ་བལ་ཡུལ་དུ་དེའི་སྐོར་དྲིས་རྩད་བྱས་ཀྱང༌། གྲོགས་པོ་ལ་ལ་ནས་ཁྱེད་རང་དེ་འདྲ་བའི་རྩོམ་དེ་མཚོ་ལ་ལྟ་རྒྱུ་མི་འདུག གལ་སྲིད་ལྟས་པ་ཡིན་ན་ནང་ཆོས་ལ་ལོག་ལྟ་སྐྱེ་ངེས་རེད་སོགས་བརྗོད་བྱུང་ལ། ཁ་ཤས་ནས་སང་བ་ཆེ་མདོག་གི་འདྲ་ཤུས་བྱེད་རྒྱུར་གཡར་པོ་ཞུས་ཀྱང༌། ངའི་དེ་དཔར་གསལ་པོ་ཞེ་དྲག་མེད་ལུགས་དང༌། ད་ལྟ་རང་གཞན་ཞིག་གི་ཁྱེར་སོང་ཞེས་བརྗོད་དེ། ཁ་གཡོར་ས་ཅི་རྙེད་ཞིག་ཀྱང་བྱས་བྱུང༌། སྤྱི་ལོ་༢༠༡༡ ཟླ་བ་༣ ཚེས་༢༣ ཉིན་ངོ་ཤེས་པ་ཞིག་གི་ནང་དུ་དེ་ཉིད་མཐོང་སྐབས། འདྲ་ཤུས་ཆེད་གཡར་པོ་ཞུས་ཀྱང༌། ཁོའི་དེ་ལ་ནི་ཁ་བྱང་འདི་དང་འབྲེལ་བའི་སྐོར་དེ་ཡང་ཚང་མི་འདུག་ལ། འོག་མ་རྣམས་ཀྱང་གོང་འོག་འཁྲུག་ཡོད་པ་ཞིག་ལས་གཡོར་རྒྱུ་མ་རག་ནའང༌། ཟླ་ཤས་རྗེས་སུ་སེང་རྡོར་དྲ་བའི་ནང་དུ་ལྟ་རྒྱུ་ཡོད་པ་ཤེས་པས། དེ་ཉིད་མགོ་མཇུག་ཚང་བ་ཚར་འགའ་ཙམ་ཀློག་རྗེས། འདི་ལ་བསམ་ཚུལ་ཐེབས་ཆག་ཅིག་བྲི་ཐུབ་པ་ཡིན་ན།
གཅིག་ནས། ཚ་སྨྱུག་པའི་རྩོམ་འདི་འདྲ་ཤུས་བྱེད་རྒྱུ་ཙམ་ཡང་གཡོར་བར་དཀའ་བའི་གྲོགས་པོ་འགའི་ཞེ་གནག་དེར་གོ་རྒྱུ་གཅིག་སྤྲོད་ཐུབ་པ་ཡོང་ཆེད་དང༌།
གཉིས་ནས། དྲ་རྒྱ་དང༌། ཇ་ཁང༌། ཟ་ཁང་ཁག་ཏུ་བསྒྲགས་རྩོམ་འདིའི་རྐྱེན་ལ་བརྟེན་ནས། ནང་ཆོས་ལ་སྒྲོ་སྐུར་གྱིས་ཉེས་ཚབ་ལོ་བཞི་ཙམ་རིང་བཞུར་བ་རྣམས་ལ། འཕྲལ་སེལ་གྱིས་ཆུ་ལོན་ལྟ་བུ་ཞིག་གྱུར་ན་ཅི་མ་རུང་སྙམ་པའི་ཀུན་སློང་གི་མཚམས་སྦྱར་བ་དང༌།
གསུམ་ནས། བགྲང་བྱ་གང་མང་རིང་བཤད་གྲྭ་ཁག་ཏུ་གཞུང་བཀའ་པོད་ལྔ་ཙམ་མ་ཟད། ཐེག་པ་ཆེ་ཆུང་གསང་སྔགས་དང་བཅས་པར་སྦྱང་བརྩོན་ཆ་ཤས་ཙམ་གྱིས་པ་རྣམས་ཕྱིར་དྲན་ཕྲན་བུ་ཡོང་སླད་དུ་དམིགས་ཏེ། ཚ་བ་མདའ་སྨྱུག་དང་འབྲེལ་བའི་གཏམ་དྲང་བདེན་གྱི་སྙིང་སྟོབས། ཞེས་པའི་ལས་གཞི་འདི་མགོ་བརྩམས་པ་ཡིན།
རྒྱ་ཆེ་ཀློག་པ་པོ་རྣམ་པས་ངེས་པར་དུ་ཐུགས་སྣང་དགོས་རྒྱུར། ཡི་གེ་ནག་པོ་སྦོམ་པ་རྣམས་ནི། ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། དབྱིན་ཡིག་གི་གུག་རྟམས་()འདིའི་ནང་བཀོད་པའི་ཡི་གེ་རྣམས་ནི། བསྒྲགས་རྩོམ་འདིའི་ཚིག་ཕྲེང་ལུང་འདྲེན་གྱི་ཚུལ་དུ་ཐད་ཀར་དྲངས་པ་ཞིག་ཡིན། གུག་རྟགས་འདིའི་ནང་དུ་བཀོད་པའི་༼༽དཀྱུས་མ་རྣམས་ནི། ཁོ་བོས་བྲིས་པ་ཞིག་ཡིན་པ་ཤེས་དགོས་ལ། (())གུག་རྟགས་ཉིས་གཤིབ་ནང་བཙུད་པ་རྣམས་ནི། དཔྱད་བརྗོད་ཀྱིས་དགོས་པ་མ་མཐོང་སྟེ། མ་ཕྱི་རང་སོར་བཞག་པ་བཅས་ཡིད་ཟབ་དགོས་ངེས་དང་ཆབས་ཅིག ཚིག་སྦྱོར་དང་དག་ཆ་སོགས་ལ་དེ་ཙམ་ཞིབ་ཆ་མ་བྱུང་ན་ཡང༌། ཉི་མ་གཉིས་རེའི་མཚམས་སུ་དུམ་བུ་རེ་རེ་མུ་འགོད་བྱེད་རྒྱུ་ལགས་ན། སྐབས་བབ་དང་འབྲེལ་བའི་དགོངས་ཚུལ་ལྷུག་སྩོལ་ཡོང་བ་ཞུ་རྒྱུ་བཅས།
ཧི་མ་ལ་ཡའི་འཕྲུལ་སྨྱུག་གིས་སྤྱི་ལོ་༢༠༡༢ ཟླ་བ་༡༡ ཚེས་༢༨ ཉིན་བྲིས།།
ཡུན་རིང་སྒུག་བྱས་པའི་རྩོམ་ཡིག་ཅིག་ད་ཐོན་གྲབས་ཡོད་པ་འདྲ།
ཐོག་མར་དྲྭ་གྲོགས་ཡོངས་ལ་གུས་པ་དྲྭ་ཐོག་འདི་ཡོང་མ་ཐུབ་ནས་ཡུན་རིང་སོང་བས་དགོང་སེལ་ཞུ་བ་དང་ཆབས་གཅིག བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་ཚན་རིག་དང་མཉམ་དུ་འགྲོ་ཐུབ་པའི་ཆོས་ཅིག་རེད། དེས་ན་སངས་རྒྱས་རང་ཉིད་ཀྱིས་ཀྱང་། གསེར་གཅོད་བརྡར་བའི་ཞེས་སོགས་ཀྱི་ཚིག་བཅད་ཅིག་གསུང་པ་རེད། གུས་པའི་བསམ་ཚུལ་ལ་ཚ་བ་མདའ་སྨྱུག་གིས་ལོག་རྟོག་སྙིང་སྟོབས་ལྟ་བུ་དཔྱོད་རྩོམ་དག་ནི་ནང་ཆོས་ཀྱི་དག་ཐེར་ལྟར་བུ་ཆགས་པ་རེད་འདོད། གང་ཞེ་ན་ནང་ཆོས་ལ་ཤེས་འདོད་དང་སྦྱོང་འདོད་ཤུགས་ཆེ་རུ་འགྲོ་བ་དེ་རེད། ད་དུང་རྨོངས་དད་ཁོ་ན་ཡིན་པའི་ནང་ཆོས་དུ་འཁྲུལ་བ་དག་གཙང་སེལ་ཐུབ་ངེས་རེད། སྤྱིར་ན་བོད་བརྒྱུད་ནང་ཆོས་འདི་ཁུངས་གཙན་ལ་བདེན་པ་ཡིན་པའི་དབང་ལས་སོ།
གལ་སྲིད་བོད་ཀྱི་ནང་ཆོས་འདི་དངོས་ཡོད་བདེན་པ་དང་འགལ་བའི་ཆོས་ཤིག་ཡིན་ན་འདོར་ཐུབ་པའི་སྤོབས་པ་དང་གདེང་ཚད་བདག་ལྟ་བུ་ལ་ཡང་ཡོད། དེས་ན་ནང་ཆོས་ལ་བགག་བཞག་ག་ཚད་མང་ན་དེའི་ཚད་ཀྱི་ནང་ཆོས་ཀྱི་ཁུངས་དག་ཏུ་འགྲོ་བ་མ་ཟད་སྤྱི་ཚོགས་ཀྱི་ཕན་བདེ་བསྒྲུབ་པའི་ཐབས་ལམ་ཡག་ཤོས་ཡིན་པ་ཚད་མས་དྲངས་པའི་ངེས་པ་བརྙེད་ཐུབ་ངེས་རེད། ད་ལྟ་སྤྱི་སྤྱོད་རླངས་འཁོར་དུ་འགྲོ་བཞིན་པ་ཡིན་པས་རྗེས་སུ་རིམ་བཞིན་བསམ་ཚུལ་ཞུ་འདོད་ཡོད།
ལོགས་རྟོག་སྙིང་སྟོབས་ལ་དཔྱད་པ་ཡ་ལན་མཚང་འབྱིན་དམར་པོ་དང་ལོག་རྟོག་གི་སྙིང་སྟོབས་ལ་དཔྱད་པ་ལོག་སྨྲའི་རྩྭ་སྐྱ་སྲེག་པའི་བསྡུས་གྲྭའི་མེ་སྟག་གཉིས་ཀྱིས་ལོགས་རྟོག་སྙིང་སྟོབས་ལ་བརྗོད་བྱ་དང་བརྗོད་བྱེད་གང་ལ་དཔྱད་པ་ཞིག་ཕོག་མི་འདུག། ་ དྲང་བདེན་གྱི་སྙིང་སྟོབས་ལ་བལྟ་ནི་འདོད་།
རྩ་སྐྱ་ལ་ལྟ་འདོད་མ་བྱུང་། རྒན་པོ་ཧམ་པ་ཞིག་གི་གཏམ་དང་གཉིས་སུ་མ་མཆིས།
ཚ་སྨྱུག་ཟེར་བའི་ལོག་རྟོག་ཆེན་པོ་ཅན། །འགའ་ཞིག་མིག་གིས་མཐོང་བཞིན་མེད་དོ་ཟེར། །ཁ་ཅིག་རང་གིས་མ་མཐོང་མེད་ངེས་ཟེར། །ཡོད་ན་ཡོད་ཚད་རང་གིས་རྟོགས་དགོས་ལ། །རང་གིས་མ་རྟོགས་གཞི་མེད་ཡིན་ནོ་ཞེས། །སྒྲོ་འདོགས་བསྐུར་འདེབས་གཉིས་ཀྱིས་ལོག་རྟོག་གི། །སྙིང་སྟོབས་ཆེན་པོ་བོད་ཀྱི་རྣ་བར་བསྒྲགས། །བླུན་པོ་བཅོལ་ཆུང་དེ་ཚོ་དགའ་ཡ་ལེ། །ཁྲེལ་མེད་འཆལ་པོ་དེ་ཚོ་སྤྲོ་སང་ངེ། །ཧཧཧཧཧཧཧཧ
དད་པ་འཇོག་ས་མ་ཤེས་བ་དེ་ཡིན།
མ་ཤེས་བ་དེ་ཤེས་ན་སངས་རྒྱས་ཡིན།
སངས་མ་རྒྱས་བའི་སྔོན་གྱི་དཔྱད་པ་དག།
རང་གཞནའཁྲུག་པའི་དད་པའི་དུག་ཆུ་ཡིན།
ཚ་སྨྱུག་ལས་ངན་དུག་ཆུ་སྐོལ་མཁན་ཡིན།
ཚ་བ་མདའ་སྨྱུག་གིས་སྐད་ཆ་བཤད་པ་དེ་ཚོར་ལམ་སང་དགག་པ་བྱེད་པ་ནི་རྒྱ་ནག་གིས་གསར་འགྱུར་གྱི་རང་དབང་འཕྲོག་པ་དང་གཅིག་པ་རེད། བཟང་ངན་གང་ཡིན་ནའང་ཤོད་པའི་རང་དབང་ཡོད་དགོས། དཔེར་ན་ཨོ་ཉི་དང་སྤོབས་མཐའ་སོགས་ཀྱིས་གཞན་གྱི་ཆོས་ལུགས་ལ་དམའ་འབེབས་བྱས་པ་ནང་བཞིན་རེད། འོན་ཀྱང་དགག་པ་ལ་ལུང་དང་རིགས་པས་དགག་དགོས་པ་ལས་ཁྱོད་ཤི་ང་གསོན་དང་ཁྱོས་ང་ཡི་སྣ་བྱས་ཏེ་དགག་པ་ནི་ཅོལ་ཆུང་ནང་ནས་ཀྱང་ཅོལ་ཆུང་གི་སྐད་ཆ་རེད།
ང་ནི་རྩོམ་རིག་ལ་དགའ་ཞིང་རྩོམ་གྱི་ཁ་ལོ་བསྒྱུར་བཞིན་པའི་སློབ་བུ་ཞིག་ཡིན་པས། འདི་ལྟ་བུའི་ཚད་ལྡན་གྱི་དྲ་བ་ཞིག་ཏུ་འཛུལ་འདོད་ཤིན་ཏུ་ནས་ཀྱང་ཆེ་བར་སྨོས་མ་དགོས། དེར་བརྟེན་ང་དྲ་བ་འདི་རུ་འཛུལ་ཆོག་པའི་དགོངས་འཁྲོལ་གནང་སྐྱོང་ཡོང་བར་མཁྱེན་མཁྱེན་ཞུ།
ང་ཚོའི་སྤྱི་ཚོགས་ནི་ལྷ་དང་འདྲེ་ལ་ཡིད་ཆེས་ཤིང་རྨོག་དད་ཁོ་ན་བོད་ཀྱི་སྤྱི་ཚོགས་འདི་མུན་ནག་གི་དུས་རབ་ནང་དུ་བསྐྱལ་ཡོད། ད་ལྟའི་དུས་རབ་ཉེར་གཅིག་པའི་ནང་དུ་ཚ་བ་མདའ་སྨྱུག་ཅེས་པའི་མི་བུ་ཡང་དག་གི་རིག་པ་ཅན་དངོས་ཡོད་བདེན་པ་སྨྲ་བའི་དཔལ་བོ་ཞིག་བྱུང་བ་དགའ་སུ་ཡོད་
(དེས་ན་སངས་རྒྱས་རང་ཉིད་ཀྱིས་ཀྱང་། གསེར་གཅོད་བརྡར་བའི་ཞེས་སོགས་ཀྱི་ཚིག་བཅད་ཅིག་གསུང་པ་རེད།)
འདི་བསྲེག་བཅད་བརྡར་གསུམ་གྱི་གསེར་དངོས་རྫུས་བརྟག་ཐབས་གསུངས་པ་ཡིན་པས་ན་གསེར་གཅོད་བརྡར་གསུམ་མི་ཟེར་བར་བསྲེག་བཅད་བརྡར་གསུམ་སྟེ། སངས་རྒྱས་རང་གིས་གསུངས་པ་ནི། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ཞེས་སོགས་ལོས་ཡིན་དགེ་བཤེས་ལགས།