རས་པ།
གློ་བུར་དུ་རྔུལ་ཆུ་ཐོན་ཞིང
གློ་བུར་དུ་གཉིད་གཅོག་རྒྱག་གིན་འདུག
ན་གཞོན་པའི་གཟུགས་པོར་ཉོབ་སྣང་སྐྱེས་ཤིང
མདུན་དུ་བསྒྲིགས་པའི་ཡིག་ཚགས་ཀྱང་རབ་རིབ་དུ་གྱུར
ངས་རང་གི་འདུག་སྟེགས་རྒྱབ་ལ་མགོ་བོ་བསྙེས་ཤིང
མིག་ཟུང་བཙུམ་སྟེ་དབྱར་ཟླ་བཞི་བའི་ཚ་བར་རོལ
བསིལ་སང་སིང་གི་ལུས་པོའི་ལྕི་སྣང་ཡལ་ཞིང
གནའ་བོའི་དབྱངས་རྙིང་ཞིག་དང་སྦྱར་བའི་ལ་གཞས་ཀྱི་འགྱུར་ཁུགས
རྩྭ་ཐང་གི་བསིལ་རླུང་དང་འགྲོགས་ནས་བདག་གིས་ཡང་ཡང་ཚོར
རྟ་མཆོག་གི་རྨིག་སྒྲས་སྤང་ཐང་ལ་བཞུས་པའི་ངར་ཤུགས་དང
སེར་ཆེན་མེ་ཏོག་གི་དྲི་བསུང་ལའང་རོལ་ཞིང
གློ་བུར་དུ་འགྱིག་ཤོག་བསྲེགས་པའི་དྲི་ངན་ཕོག་ཅིང
བདེ་སྐྱིད་ཀྱི་ཚོར་བ་ཡོད་ཚད་ཡལ་བར་གྱུར
ཚ་བ་གློ་བུར་དུ་སླེབས་ཤིང
མགོ་བོའང་སྟོན་གྱི་སྙེ་མ་བཞིན་ཡང་ཡང་སྒུར་འགྲོ་གིན་འདུག
༢༠༡༡།༤།༢༨ཉིན།