འཇམ་དབྱངས་སྦྱིན་པ།
–(ཆེད་བཟོས་དཀྲོག་རྐྱེན་ཞིག་གིས་ཁ་མི་གྲག་རང་གྲག་ཆགས་སོང་།)
ངོ་དེབ་ནང་དྲ་མིང་ལ་ Tsering Lhasa ཟེར་བའི་མི་ཞིག་གིས། “བརྙན་ཐུང་འདི(འི)་ནང་སྤེན་པ་ཚེ་རིང་གི་གཏམ་སྔ་ཕྱི་མི་མཐུན་པ་བཤད་པ་༡ ༢ རྫུན་གཏམ་དམར་རྗེན་དུ་སྟོན་(བཏོན)ཡོད།” ཅེས་ཧ་ཅང་འཇོན་ཡོད་མདོག་མདོག་གི་ཚིག་མི་མཛེས་པ་འདི་ཁ་ཡིག་ལ་བཀོད་པའི་བརྙན་ཐུང་ཞིག་ངོ་དེབ་ནང་ཁྱབ་བསྒྲགས་བྱེད་ཀྱི་འདུག
བརྙན་ཐུང་དེ་ནི་དཔལ་ལྡན་ཚོགས་གཙོ་མཚོག་གིས་སྔོན་ཆད་གྲོས་ཚོགས་ནང་གསུངས་པའི་གཏམ་བཤད་ཅིག་དང་། ཉེ་ཆར་མང་གཙོ་ཚོགས་པའི་བགྲོ་གླེང་སྐབས་ཀྱི་གཏམ་བཤད་དུམ་བུ་གཉིས་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གི་གཏམ་བཤད་དུམ་བུ་གཅིག་བཅས་གསུམ་ལས་གྲུབ་པ་ཞིག་རེད།
ཁྱབ་བསྒྲགས་བྱེད་པོ་ཁོ་རང་གིས་འདོད་པའི་ཚོགས་གཙོའི་གཏམ་སྔ་ཕྱི་མི་མཐུན་ཟེར་བ་ནི། ཚོགས་གཙོ་མཆོག་གིས་མང་གཙོ་ཚོགས་པའི་བགྲོ་གླེང་སྐབས། བཀའ་ཤག་གམ་ཡང་ན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ལ་འགན་ཡག་པོ་འཁུར་གྱི་འདུག་ཅེས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུས་མེད་གསུངས་པ་དེ། སྔོན་མའི་གྲོས་ཚོགས་ནང་གི་གཏམ་བཤད་དེ་དང་འགལ་ཡོད་པར་བསམ་པ་དེ་ལྟ་ནའང་། ངའི་ཆུ་བུར་མིག་གིས་ཁོ་བའི་བརྙན་ཐུང་དེར་བསྐྱར་དུ་བལྟས་བྱས་ཀྱང་འགལ་བ་དེ་འདྲ་ཞིག་མཐོང་མ་སོང་། དེ་ལས་ལྡོག་སྟེ་བདག་གིས་མཐོང་བ་ནི་བརྙན་དེའི་ནང་སྐར་ཆ་༣༠ ཡུན་ཙམ་གྱི་དུམ་བུ་ཞིག་ཆེད་གཏུབ་བྱས་ཡོད་པ་དེ་རེད།
སྤྱིར་བཏང་ཕྲན་རང་ཉིད་ལས་ཀ་འདི་འདྲ་བྱེད་པར་ཧ་ཅང་མི་མོས་ཤིང་བྲེལ་ཟིང་ཆེ་བ་དེ་ལྟ་ནའང་། མི་དེས་རྐང་གཟས་ནས་ཐ་ཤལ་གྱི་ལས་ཀ་དེ་འདྲ་བྱས་པ་རང་གིས་མཐོང་ཡང་མ་མཐོང་ཚུལ་དུ་རང་དགར་འཇོག་པ་འགན་མ་ཁུར་བར་སྙམ་ནས། གསལ་བཤད་འདི་དང་དུ་བླངས་ནས་ཞུ་འདོད་བྱུང་། དེ་ལྟར་བྱེད་པ་ལ་སྐད་ཆ་འདི་དག་གི་འགོ་མཇུག་བར་གསུམ་ལ་ཞིབ་ཚེགས་བྱས་ནས་བལྟ་དགོས་བྱུང་སོང་། མཐར་ངས་མཐོང་བ་ནི་མི་དེས་བརྙན་ཐུང་སྦྱར་མ་དེ་དྲས་གཏུབ་ཅི་བྱས་ཀྱང་ཚོགས་གཙོའི་རྫུན་གཏམ་དམར་རྗེན་དུ་བཏོན་པ་ཞིག་གཏན་ནས་མཐོང་མ་སོང་། དེ་ལས་ལྡོག་སྟེ་ཁྱེད་ཀྱིས་རང་ཉིད་དམར་རྗེན་དུ་བཏོན་པ་གསལ་པོར་མཐོང་ཡོང་གི་འདུག
ཅི་སྟེ། ཁྱེད་ཀྱི་ཞེ་འདོད་ལྟར་དངོས་གནས་གཏམ་སྔ་ཕྱི་མི་མཐུན་པ་ཞིག་གསུངས་ཡོད་ན། ཚོགས་གཙོ་ཡིན་ཡང་དྲང་བོའི་ལམ་ནས་ཐེར་འདོན་བྱས་ན་འགྲིག་ལ་བྱེད་ཀྱང་ལོས་དགོས། འོན་ཀྱང་། ཞིབ་དཔྱད་མེད་པར་ཅ་ཅོ་སྒྲོག་པ་དང་སྤྱོད་ངན་གྱི་ལས་འདི་འདྲ་བྱེད་པ་ནི་རང་གཞན་ཀུན་ལ་གནོད་པའི་རྒྱུ་ལས་མ་འདས་སོ།། གཤམ་དུ་ཁྱེད་ཀྱི་བརྙན་ཐུང་དེའི་ནང་གི་སྐབས་དོན་གཏམ་བཤད་གོ་ནོར་མེད་པར་ཡིག་ཕབ་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་གསལ་པོར་བཤད་ན།
སྲིད་སྐྱོང་མཆོག་གིས་ཡང་ཡང་གསུང་གསལ་ལ། ཚོགས་གཙོ་མཆོག་གིས་”༧གོང་ས་མཆོག་ལའང་འཛིན་སྐྱོང་གིས་འགན་འཁུར་གྱི་འདུག གྲོས་ཚོགས་ཀྱིས་སྟངས་འཛིན་བྱེད་ཀྱི་ཡོད་ཞུས།”(ལྷོ་ཕྱོགས་ལ་ཕེབས་སྐབས་ཀྱི་གསུང་ཞིག) ཞེས་གསུངས་ནའང་།
དེ་ལ་ཚོགས་གཙོ་མཆོག་གིས་ངས་ “༧རྒྱལ་བ་རིན་པོ་ཆེ་ལ་ཞུས་འདུག་ཟེར། ངས་༧རྒྱལ་བ་རིན་པོ་ཆེ་ལ་ད་ལྟ་བར་དུ་ཞུ་རྒྱུ་མ་བྱུང་དཱ། བཀའ་ཤག་གིས་གྲོས་ཚོགས་ལ་འགན་ཡག་པོ་འཁུར་གྱི་འདུག སྲིད་སྐྱོང་གིས་འགན་ཡག་པོ་འཁུར་གྱི་འདུག་ཅེས་༧རྒྱལ་བ་རིན་པོ་ཆེ་ལ་ཞུ་རྒྱུ་མ་བྱུང་། ཞེས་བརྙན་ཐུང་དེའི་ནང་གསལ་པ་ལྟར་མང་གཙོ་ཚོགས་པའི་བགྲོ་གླེང་སྐབས་ལན་ཞལ་གསལ་གནང་།
– [ ] འོན་ཀྱང་། དེ་ནི་སྔོན་ཆད་གྲོས་ཚོགས་ནང་གསུངས་པ་དང་འགལ་བ་མེད་པ་ནི། ཚོགས་གཙོ་མཆོག་གིས་གྲོས་ཚོགས་ནང་གསུངས་གསལ་ “ཁ་སང་ཁས་ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཆིབས་སྒྱུར་གནང་སྐབས་བཀའ་རྩད་གནང་གི་འདུག གྲོས་ཚོགས་ཡག་པོ་འགྲོ་གི་འདུག་གམ། སྤྱི་འཐུས་རྣམ་པ་ཚོས་འཛིན་སྐྱོང་བཀར་གྱི་འདུག་གམ། དྲི་བ་ཡག་པོ་གཏོང་གི་འདུག་གམ། ཞེས་གསུང་སྐབས་ཀྱང་སྙན་སེང་ཞུ་རྒྱུ་བྱུང་། གྲོས་ཚོགས་ཀྱི་ལས་རིམ་ཡག་ཐག་ཆོད་འགྲོ་ཡི་འདུག ཡག་པོ་བྱུང་སོང་ཟེར་བ་དེ་འདྲ་ཞིག་ཞུ་རྒྱུ་བྱུང་།” ཞེས་པ་ལས་ཚོགས་གཙོ་མཆོག་གིས་༧གོང་ས་མཆོག་ལའང་འཛིན་སྐྱོང་གིས་འགན་འཁུར་གྱི་འདུག་ཅེས་ཡར་ཞུས་མེད་པ་གསལ་པོ་རེད།
– [ ] ཚོགས་གཙོ་མཆོག་གིས་གྲོས་ཚོགས་ནང་”འཛིན་སྐྱོང་གི་ངོས་ནས་འགན་ཡག་པོ་བཞེས་སོང་” གསུངས་པ་དེའི་གསལ་བཤད་ནི། “གྲོས་ཚོགས་ཀྱི་མཇུག་སྡོམ་གཏམ་བཤད་ལ་སྤྱི་ཡོངས་ཀྱི་ཐོག་ནས་ངས་ཞུ་ཡི་ཡོད། བཀའ་བློན་བྱེ་བྲག་པ་ཁ་ཤས་ཀྱིས་སོ་སོ་སོ་སོའི་ལས་དོན་ཡག་པོ་བྱས་ནས་གྲོས་ཚོགས་ལ་འགན་ཁུར་སྟངས་ཀྱི་ཐོག་ལ་གྲོས་ཚོགས་འཐུས་མིས་བསྟོད་བསྔགས་མང་པོ་གནང་ཡོད་པ་རེད། དེ་ཚོ་སྤྱི་ཡོངས་ཀྱི་ཐོག་ནས་ཞུ་ཡི་ཡོད། ཅེས་ཞུ་ཡི་ཡོད། ཡང་ངས་རྩེད་མོ་དང་མཉམ་དུ་འདི་ཞུ་ཡི་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་བསྟོད་བསྔགས་ལ་ཧ་ཅང་དགའ་བོ་ཡོད་པ་རེད། བསྟོད་བསྔགས་མ་གཏོགས་གྲོས་ཚོགས་ཀྱིས་བཀག་བཞག་པ་དེ་ཡང་ཐུགས་དྲན་སོས་ཀྱི་ཡོད་པ་མ་རེད། ཅེས་དེ་འདྲ་ཞིག་ཞུ་ཡི་ཡོད།” ཅེས་མང་གཙོ་ཚོགས་པའི་བགྲོ་གླེང་སྐབས་གསུངས་པ་འདི་ཆ་ཚང་གོང་གི་ངོ་དེབ་དྲ་མིང་ལ་ Tsering Lhasa ཟེར་བའི་མི་དེས་ཁྱབ་བསྒྲགས་བྱས་པའི་བརྙན་ཐུང་ནང་བཅད་བཞག་ཡོད། རྣམ་པ་ཚོས་མི་དེའི་ངོ་དེབ་ལ་གཟིགས་དང་ཞུ་མི་དགོས་གསལ་པོར་མཁྱེན་གྱི་རེད།
– [ ] ཟུར་དུ་ཞུ་རྒྱུ་ཞིག་ནི། ངའི་བསམ་ན་ང་ཚོས་འོས་མི་དག་གི་གཏམ་བཤད་ལ་ཉན་པ་ཤིན་ཏུ་ནས་གལ་ཆེ་ནའང་། དེ་ཙམ་ཁོ་ནས་ཐག་གཅོད་གཏན་ནས་མ་ནོར་བ་ཞིག་བྱ་དཀའ་བ་དཔེ་མཚོན་འདི་འདྲའི་སྟེང་ནས་ཀྱང་གསལ་པས་ན། སྤྱི་ཡོངས་ལ་ཁ་ཕྱོགས་ནས་དབྱེ་ཞིབ་གནང་རྒྱུ་ནི་གནད་ཀྱི་དོན་པོར་མཐོང་།
– [ ] མཐའ་དོན། ང་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་སྙིང་ལ་བཅངས་ནས་བོད་སྤྱི་པར་ཕན་ཆེ་བའི་སྲིད་སྐྱོང་གང་ཡིན་པ་དེ་ཁྲི་ལ་བསྐོ་ཐུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས་ཞུ་བ་ལགས།
༡༡/༣/༠༡༦ ཉིན་འཇམ་དབྱངས་སྦྱིན་པས་བྲིས།
གནས་ཚུལ་ངོ་མ་གང་ཡིན་མིན་ལ་མ་བལྟོས་པར་ད་ལན་སྲིད་སྐྱོང་སུ་འཁོད་པ་ཡིན་ནའང་དེའི་མཚན་ལ། དུས་དབང་སྲིད་སྐྱོང་ཞེས་འབོད་རྒྱུ་ལས་བསྡད་མེད། གང་ལགས་ཤེ་ན། བོད་མི་ས་ཡ་དྲུག་གི་མ་འོངས་འཆར་སྒོའི་སྐོར་སྣེ་གཅིག་བགྲོ་གླེང་བྱེད་རྒྱུ་མེད་པར། དྲི་བ་གཏོང་མཁན་དང་། ལན་འདོན་མཁན་ཚང་མས་དུས་འཁོར་དབང་ཆེན་དང་། སྐུ་པར་ཕྱིར་བསྡུ་སོགས་སྒེར་གྱི་གནད་དོན་ཞེ་ཅིག་སྦྱང་བཤད་བྱས་སོང་བས་སོ།
ད་ལོའི་དུས་དབང་གནང་བར་འགོག་རྐྱེན་བཟོ་མཁན་སྲིད་སྐྱོང་ཡིན་པ་གསལ་པོ་ཆགས་ཚར་སོང་དཔེ་མི་སྲིད་པའི་ལས་ངན་བསག་སོང་ ཆོས་ལ་བར་འཆད་བྱེད་མཁན་དེ་ནི་ཚེ་ཕྱི་མར་དམྱལ་བ་ལས་ལྷག་པ་འགྲོ་ས་མེད་པས་མགྱོད་ཤགས་བྱེད་རྒྱུ་མ་བརྗེད་པར་གྱིས།།
དོན་རྡོག་བཤད་ན་འཇམ་དབྱངས་སྦྱིན་པས་སྤེན་པ་ཚེ་རིང་གི་བཤད་པ་དེར་ཡང་དག་ཡིན་པ་ཁུངས་སྐྱེལ་གྱི་འདུག་ཀྱང་སྤེན་ཚེའི་སྐད་ཅ་ད་བར་བཤད་བཞག་པ་ཚང་མ་ལ་དཔྱད་དང་འགན་མ་འཁུར་བ་དང་རང་སྣང་མཐོ་བོའི་རྫུན་རྐུབ་རྡོལ་བ་མང་པོ་འདུག་གདའ། དྲང་མོ་དཔྱད་ན་ཡག་རེད་མ་གཏོགས་ཆོལ་ཁའི་ཕྱོགས་ཞེན་གྱིས་ཁུངས་མི་འཁྱོལ་བ་དངོས་ཡོད་རེད་དོ།།
ཚེ་རིང་ལྷ་ས་ཟེར་བ་དེས། བློ་སེང་ལ་རྒྱབ་སྐྱོར་དང་སྤེན་ཚེ་ནག་པོ་བཟོ་འདོད་ཀྱིས་བརྙན་ཐུང་ཡ་མ་བརླ་ཞིག་བཟོས། བློ་སེང་གི་རྒྱབ་སྐྱོར་ཚོས། དེ་ཞེ་དྲག་ཅིག་རེད་སྙམ་ནས་རི་བོང་ཅལ་རྒྱུགས་ཀྱིས། དྲ་ཚོམས་གང་སར་སྤེལ་ཅི་ནུས་བྱེད་གྱིན་འདུག་མོད། བརྙན་ཐུང་དེའི་ནུས་པ་ལྡོག་ཕྱོགས་ནས་བསླེབས་ཏེ། བློ་སེང་གི་ཧམ་རྫུན་གྱི་རྐུབ་བརྟོལ་འདུག ག་འདྲ་བྱས་བརྟོལ་བྱུང་ལབ་ན། བློ་སེང་གིས་བཤད་དོན། ༼བཀའ་ཤག་གིས་གྲོས་ཚོགས་ལ་འགན་འཁུར་གྱིན་འདུག ༧ གོང་ས་མཆོག་ལ་ཞུས་ཡིན་ཞེས་ཚོགས་གཙོ་རང་གིས་གསུངས་པ་དེ་ག་རང་བརྙན་འཕྲིན་ལ་གཟིགས་ས་ཡོད་རེད་དཱ།༽ ཞེས་ཧམ་རྫུན་ཆེན་པོ་བསྒྲགས་འདུག་ཀྱང་། བཅད་གཏུབ་བྱས་པའི་ཚོགས་གཙོའི་མཇུག་སྡོམ་གཏམ་བཤད་ཀྱི་བརྙན་འཕྲིན་ལ་གཟིགས་དུས། གྲོས་ཚོགས་ཡག་པོ་འགྲོ་གི་འདུག་ཅེས་པ་ཙམ་ལས། བཀའ་ཤག་གིས་འཛིན་སྐྱོང་ལ་འགན་འཁུར་གྱི་འདུག་ཅེས་པ་རྩ་ནས་གསུངས་མི་འདུག ཧ་ཧ་ཧ། བློ་སེང་གི་རྒྱབ་སྐྱོར་བ་ཚོ་ཡང་། བློ་སེང་ནང་བཞིན། སྐད་ཆ་རགས་བཤད་དང་ཞིབ་དཔྱོད་མེད་པ། བྱས་སྟངས་ལས་སྟངས་ཚང་མ་མགོ་གཞུག་མི་མཚུངས་པ་ཏག་ཏག་རེད་འདུག ཚེ་རིང་ལྷ་ས་ཟེར་བའི་མིང་དེ་ཡང་གཡོ་སྒྱུ་ཞིག་མིན་ན་གང་དྲགས།
ཚེ་རིང་ལྷ་ས་ཟེར་བ་དེས། བློ་སེང་ལ་རྒྱབ་སྐྱོར་དང་སྤེན་ཚེ་ནག་པོ་བཟོ་འདོད་ཀྱིས་བརྙན་ཐུང་ཡ་མ་བརླ་ཞིག་བཟོས། བློ་སེང་གི་རྒྱབ་སྐྱོར་ཚོས། ཞེ་དྲག་ཅིག་རེད་སྙམ་ནས་རི་བོང་ཅལ་རྒྱུགས་ཀྱིས། དྲ་ཚོམས་གང་སར་སྤེལ་ཅི་ནུས་བྱེད་གྱིན་འདུག་མོད། བརྙན་ཐུང་དེའི་ནུས་པ་ལྡོག་ཕྱོགས་ནས་བསླེབས་ཏེ། བློ་སེང་གི་ཧམ་རྫུན་གྱི་རྐུབ་བརྟོལ་འདུག ག་འདྲ་བྱས་བརྟོལ་བྱུང་ལབ་ན། བློ་སེང་གིས་བཤད་དོན། ༼བཀའ་ཤག་གིས་གྲོས་ཚོགས་ལ་འགན་འཁུར་གྱིན་འདུག ༧ གོང་ས་མཆོག་ལ་ཞུས་ཡིན་ཞེས་ཚོགས་གཙོ་རང་གིས་གསུངས་པ་དེ་ག་རང་བརྙན་འཕྲིན་ལ་གཟིགས་ས་ཡོད་རེད་དཱ།༽ ཞེས་ཧམ་རྫུན་ཆེན་པོ་བསྒྲགས་འདུག་ཀྱང་། བཅད་གཏུབ་བྱས་པའི་ཚོགས་གཙོའི་མཇུག་སྡོམ་གཏམ་བཤད་ཀྱི་བརྙན་འཕྲིན་ལ་གཟིགས་དུས། གྲོས་ཚོགས་ཡག་པོ་འགྲོ་གི་འདུག་ཅེས་པ་ཙམ་ལས། བཀའ་ཤག་གིས་འཛིན་སྐྱོང་ལ་འགན་འཁུར་གྱི་འདུག་ཅེས་པའི་ཚིག་ཟུར་ཙམ་ཡང་མི་འདུག ཧ་ཧ་ཧ། བློ་སེང་གི་རྒྱབ་སྐྱོར་བ་ཚོ་ཡང་། བློ་སེང་ནང་བཞིན། སྐད་ཆ་རགས་བཤད་དང་ཞིབ་དཔྱོད་མེད་པ། བྱས་སྟངས་ལས་སྟངས་ཚང་མ་མགོ་གཞུག་མི་མཚུངས་པ་ཏག་ཏག་རེད་འདུག ཚེ་རིང་ལྷ་ས་ཟེར་བའི་མིང་དེ་ཡང་གཡོ་སྒྱུ་ཞིག་མིན་ན་གང་དྲགས། ཡང་མིན་ན། ཚེ་རིང་ལྷ་ཟེར་བ་འདིས། བློ་སེང་ལ་ནང་འགལ་བཟོ་འདོད་ཀྱིས་བརྙན་ཐུང་དེ་རུག་པ་མིན་ནམ། གང་ལྟར་ཕན་པོ་བྱུང་། ཁོས་བརྙན་ཐུང་དེ་བཟོས་མེད་རྒྱུ་ན། སྤེན་ཚེས་ཞལ་རྫུན་གསུངས་འདུག་བསམ་ས་རེད།