གཞུང་པ་ཚེ་དབང་བསོད་ནམས།
དཀོན་མཆོག་གསུམ་གྱི་བྱིན་རླབས་དང་།།
མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས།།
དགའ་གདོང་གནས་ཆུང་མཆེད་ལྔ་སོགས།།
ང་ཚོ་བོད་མིར་མགོན་སྐྱབས་མཛོད།།
ཅ་ཅོ་འ་འུར་མང་གཙོའི་གཏམ།།
ཆ་ལུགས་སྤྱོད་ལམ་མཛེས་ན་དགའ།།
ཇ་ནག་ཚྭ་མེད་ལུས་ཁམས་བདེ།།
ཉ་ཟླ་འདྲ་བའི་ཚེས་བཟང་ལ།།
ཏ་ཐ་ག་ཏའི་དམ་ཆོས་གསུང་།།
ཐ་མག་ནག་པོས་དམ་ཆོས་འཇིག །
ད་ལོའི་ལོ་ལ་ཆར་ཆུ་བཟང་།།
ནས་དང་འབྲུ་རིགས་སོ་ནམ་འཕེལ།།
པ་སངས་བྱ་བ་ཀུན་ལ་བཟང་།།
ཕ་བཟང་ལས་ལ་རྫོགས་མཐའ་མེད།།
བ་ཕྱུགས་དུད་འགྲོ་བསམ་མེད་ཀྱང་།།
མ་གྱུར་སེམས་ཅན་གྲལ་དུ་ཚུད།།
རྩ་བ་འཇིག་རྟེན་ཆགས་རབས་དང་།།
ཚ་གྲང་འབྱུང་བའི་འཕོ་འགྱུར་སོགས།།
ཛ་དྲག་བྱས་ནས་མ་ཤེས་ན།།
ཝ་ལེར་སོམས་དང་བླུན་པོའི་ཚོགས།།
ཞྭ་མོའི་ནང་གི་འཐོམ་ཞྭ་དང་།།
ཟ་མའི་ནང་གི་སེམས་ཅན་ཤ།།
འ་སྤྱང་དམར་པོའི་ཟས་གོས་རེད།།
ཡ་རབས་ཁ་ནས་བརྗོད་མཁན་དང་།།
རཱ་ཅོ་མི་ལ་འཛུགས་མཁན་གཉིས།།
ལ་ལུང་ཐང་ལ་རྒྱུགས་མཁན་གསུམ།།
ཤ་ཚ་ཡོོད་མེད་མི་ཤེས་ཀྱང་།།
ས་ཆ་འདི་རུ་གྲངས་ལས་འདས།།
ཧ་ཅང་མང་བའི་ཚིག་རྙོག་འདིར།།
ཨ་མའི་བུ་ཚོའི་ཐུགས་མ་འགལ།།