རས་པ།
—- དྲ་ཐོག་ནས་ཚངས་མགུར་གྱི་བགྲོ་གླེང་ཞིག་ལ་ཟུར་ཉན་བྱས་རྗེས་བྲིས།
རྒྱལ་དབང་ལགས
ཁྱེད་ལ་ཐུགས་ཁག་མེད་དེ
ཁྱེད་ཀྱི་སྙན་ངག་དུམ་བུ་རེ་རེར་འགོས་པའི་མིག་ཆུའང
ཁོ་ཚོས་ཁ་སྐོམ་གདུང་བས་མནར་བའི་བྱེ་ཐང་གི་མི་ཞིག་ནང་བཞིན
འཐུང་ཚར་ཞིང འཐུང་ཚར་རྗེས་དེ་ནི་བདུད་རྩི་རེད་ཅེས་བཟི་གཏམ་བཤད
རྒྱལ་དབང་ལགས
ཁྱེད་ལ་ཐུགས་ཁག་མེད་དེ
ཁྱེད་ཀྱིས་སྲོད་ལ་བཙལ་བའི་བྱམས་པ་ནམ་མཁའི་དབྱིངས་སུ་སྤུར་ཅིང
ཁྱེད་ཀྱི་རྗེས་སུ་ཁྲིད་པའི་ཁྱི་རྒན་དེའང
སུ་ཞིག་གིས་སྙིད་ནད་རྩད་པ་ལྟར་ཞོལ་གྱི་བཙོན་པའི་ཁྲོད་དུ་བཞག
རྒྱལ་དབང་ལགས
ཁྱེད་ལ་ཐུགས་ཁག་ཁྱོན་ནས་མེད་དེ
ང་ཚོ་སུས་ཀྱང་ཁྱེད་ཉིད་གླེང་མྱོང་མེད་ཅིང
ཐ་ན་ང་ཚོས་ཁྱེད་ལ་སེམས་པ་ཤོར་བའི་བུ་མོ་ཞིག་ཀྱང་མ་གླེང
འོན་ཀྱང རྒྱལ་དབང་ལགས
ཁྱེད་ཀྱི་སྙན་ཆ་ལྡན་པའི་ལ་གཞས་ཀྱིས
མ་བཙལ་ཡང་ཐོབ་འོང་བའི་བྱམས་པའི་དངོས་གྲུབ་གནང་ཞིང
བྱམས་པར་བྲལ་བའི་གདུང་རོགས་བྱེད
འདི་ལྟ་བུའི་སྐབས་སུ
རྒྱལ་དབང་ལགས
ངས་ཁྱོད་ཀྱི་སྙན་ངག་གི་སྐམ་ཟིན་པའི་མིག་ཟུང་དེ
བརླན་ཙམ་བྱེད་པའི་རོགས་རམ་ལ་འབད་བརྩོན་ཞུ་ལགས།
༢༠༡༢།༩།༣ཉིན།
སྙན་མོ་བྲིས་གནང་འདུག་་་བཀའ་དྲིན་ཆེ།
དྲུག་པ་ཚངས་དབྱངས་རྒྱ་མཚོར་གུས་ཕྱག་འཚལ། །
བཀླགས་ཟིན། སྙན་པོ་བྲིས་འདུག། རྒྱལ་དབང་དྲན་ཐལ་་་