སྐྱ་རེངས།
༡
ཉི་མ་ནུབ་རྗེས་ཟླ་བ་འཆར།།
ཟླ་བ་ནུབ་རྗེས་ཉི་མ་ཤར།།
ཉི་མ་ཟླ་བ་འཕྲད་ས་ཞིག།
རྒྱ་མཚོའི་གཏིང་ན་ལུས་ཡོད།།
༢
ཁྱོད་ནི་རྒྱ་མཚོ་ཕ་རོལ།།
ང་ནི་རྒྱ་མཚོ་ཚུ་རོལ།།
ང་གཉིས་འཕྲད་སའི་ཁྱིམ་ཞིག།
ཤར་ནུབ་མཚམས་སུ་ལུས་ཡོད།།
༣
སྙིང་སྡུག་བྱམས་པ་ཁྱེད་ཉིད།།
ཐེངས་གཅིག་མཐོང་བས་མོད་ལ།།
ང་ཡི་ལུས་སེམས་གཉིས་ཀ།
བླ་འོག་གཏིང་ནས་བརྗེས་སོང་།།
༤
མེ་དང་འདྲ་བའི་བརྩེ་བ།།
སྙིང་གི་མཐིལ་ནས་འབར་སོང་།།
ཆུ་དང་འདྲ་བའི་དུངས་བ།།
ཡ་ཆུང་ཁོག་ནས་བཞུར་སོང་།།
༥
སྙིང་གི་བྱམས་པ་ཁྱེད་རང་།།
མཐོང་རྒྱུ་ཚོར་ཡ་མེད་པས།།
དྲན་པའི་གཞས་ཆུང་ཞིག་ནི།།
སེམས་པའི་གཏིང་ནས་གྲགས་བྱུང་།།
༦
བརྩེ་དུང་དམ་ཚིག་གཙང་ན།།
ཚེ་འདིར་མ་འཕྲད་ཆོག་ལ།།
འཇིག་རྟེན་ཕྱི་མའི་ཡུལ་ནས།།
འཛོམས་པའི་སྨོན་ལམ་རྒྱབ་ཆོག།
༧
དཔྱིད་མགོར་རྨོས་པའི་ལོ་ཏོག།
གྲུ་བཞི་ཞིང་ན་སྨིན་ཡོད།།
ལོ་མང་དྲན་པའི་བྱམས་པ།།
རྒྱང་རིང་ཕྱོགས་ན་ལུས་ཡོད།།
༨
ན་ནིང་བཏབ་པའི་མེ་ཏོག།
སྒེའུ་ཁུང་ཁ་ནས་བཞད་བྱུང་།།
ལོ་མང་དྲན་པའི་བྱམས་པ།།
རྒྱང་རིང་ཕྱོགས་ནས་ཕེབས་ཤོག།
ཚངས་མགུར་མ་རེད་སྐྱ་མགུར་རེད།
སྙན་པོ་འདུག།
དགོད་ཁ་མ་སློང་རོགས།
ཞག་གསུམ་འགྲོགས་པའི་བྱམས་པ།
དབང་ཅན་རྗེས་སུ་བསྙེགས་སོང་།
བགྲེས་པོ་བདག་གི་གོམས་ཁ།
གཞང་ཁང་ནང་དུ་བསྒྱུར་ཡོད།
དབུ་ལམ་ཁམ་པའི་སྡོང་པོར།
ཀུ་ཤུ་སྔོ་ལོ་ཐོགས་བྱུང་།
རེ་དང་མ་རེ་མི་འདུག
རང་སྐྱོང་ཡོང་ས་མ་རེད།
དོལ་བྱ་ཁྭ་ཏ་ནག་པོ།
ཁ་རོག་ཏོག་ཙམ་བསྡོད་དང་།
ལྕང་གླིང་ཨ་ཅེ་འཇོལ་མོས།
ལ་ལ་གྲག་འགོ་གནང་བྱུང་།
གཏིང་ནས་དགའ་བའི་བྱམས་པ།
ཨ་གསར་ཞིག་དང་བཞུགས་ཡོད།
མཆོག་གསུམ་བདེན་པའི་མཐུ་ཡིས།
ཁྱེད་ཅག་བདེ་བར་སྲུངས་ངེས།
ཕར་ལ་རང་བཙན་ལབ་ན།
ཚུར་ལ་དགྲ་ལྟར་སྡང་གི
དགྲ་ངོ་དངོས་སུ་འཕྲད་དུས།
ཕར་ཡང་བུ་ཡིན་ལབ་བྱུང་།
དབུ་མ་བོང་བུར་ཞོན་ཏེ།
བདེ་སྐྱིད་བྱང་ཐང་མ་ཆོད།
རང་བཙན་ཁུ་ལོའི་གསུང་སྙན།
ཉན་ནས་སྣང་བ་སྐྱིད་བྱུང་།
ཚངས་མགུར་ཡིན་ན་འདྲ། སྐྱ་མགུར་ཡིན་ཆོག གང་ལྟར་མགུར་ཞིག་ཡིན། ཧ་ཧ།
ཁམ་བུ་མདུན་ལ་བཞག་དུས།།
ཟ་ཁར་ཟ་འཕྲུག་ལངས་སོང་།།
གྲི་རྩེ་རང་ལ་འཁོར་དུས།།
རྣམ་རྟོག་སྣ་དགུ་འཁོར་སོང་།།
གཞན་གྱི་དགའ་མ་ཞིག་ལ།།
ཞག་གསུམ་འགྲོག་པས་སྐྱིད་ཐལ།།
ཆུང་འདྲིས་བཟའ་ཟླ་འདི་ནི།
ལྷ་མོ་མིན་པས་སྐྱོ་ཐལ།
འདྲེ་མོ་མི་རིག་ས་ནས།།
སྐྲག་སྣང་མེད་རབས་བཤད་ཡིན།
འདྲེ་ལག་རུམ་ལ་སྲིང་དུས།།
ལྷ་སྐུར་གསོལ་བ་ཤོར་སོང་།།
དགྱ་བཟའ་བོད་ལ་ཕེབས་པ།།
ལྟས་ངན་ཡིན་པ་མ་ཤེས།།
མི་རབས་ཕྱི་མ་ཞིག་ལ།།
ལྷ་ཁྱིམ་མེད་པ་མ་ཤེས།།
སེམས་པ་ཆུ་ལ་བྱིང་སོང་།།
ཉ་མོས་གཤོག་པས་སྐྱོལ་བྱུང་།།
འཇམ་ཤ་ལུས་ཕོག་པས།།
མག་པར་སྡོད་དགོས་བྱས་བྱུང་།།
རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཁྱད་ཆོས་གཙོ་བོ་གཅིག་ནི། ནང་དོན་ཟབ་ལ་དཔེ་ཤིན་དུ་ནས་མཚུངས་པ། དེ་བས་གོ་བདེ་བ། ཀློག་བདེ་ལ་འཇགས་བདེ་བ་དེ་རེད།
དེ་བཞིན་ཚངས་མགུར་དང་གླུ་གཞས་མང་ཆེ་བ་ཚིག་དྲུག་མ་རེད། དེ་ལ་དམིགས་བསལ་དགོས་པ་དང་ཁྱད་ཆོས་ཡོད། བདུན་ཚིག་འདི་ཀློག་ཅུང་མི་བདེ་བས་ཚངས་མགུར་གྱི་བྲོ་བ་དེ་ཡོང་གི་མིན་འདུག ངས་བཤད་པ་ནི་སྐྱ་རེངས་མཆག་གི་ཤོ་ལོ་ཀ་དང་པོ་དེ་ཡིན།
དེ་བཞིན་ཚངས་མགུར་གྱི་བརྗོད་བྱ་སྔ་མ་དང་ཕྱི་མའི་འབྲེལ་བ་དང་འགལ་འདུ། ལོག་པའི་དཔེ་དང་མ་ངེས་པའི་དཔེ་སོགས་ངོ་མཚར་ཁྱད་ཆོས་དུ་མ་ལྡན།
དཔེར་ན། སྐྱ་རེངས་ཀྱི་ཤོ་ཀ་དང་པོ།
“སྙིང་སྡུག་བྱམས་པ་ཁྱེད་ཉིད།།
ཐེངས་གཅིག་མཐོང་བས་མོད་ལ།།
ང་ཡི་ལུས་སེམས་གཉིས་ཀ།
བླ་འོག་གཏིང་ནས་བརྗེས་སོང་།།” ལྟ་བུར།
“སྙིང་སྡུག་བྱམས་པ་ཁྱེད་ཉིད།།
ཐེངས་གཅིག་མཐོང་བའི་མོད་ལ།།
རྩ་ཆེན་བླ་མའི་གདམ་ངག
ཡེ་ནས་གཏིང་བརྗེད་ཤོར་སོང་།” ལྟ་བུ་ངོ་མཚར་གྱི་དཔེ་ལྟ་བུ་འགོད་ན་ཇི་འདྲ་རེད།
བསམ་ཤེས་ཀྱིས་བཤད་པ་འདི་བདེན། ཚངས་མགུར་འབྲི་སྟངས་འདི་འདྲ་རེད།
རང་བཙན་བུ་མོའི་མིག་ཟུར།
ན་གཞོན་ལྡོམ་པོར་འཕེན་རུང་།
དབུ་མ་མི་ཆེན་དཔོན་པོས།
བུ་མོའི་མདུན་ལམ་འཕྲོག་སོང་།
ཚངས་མགུར་གྱི་ནང་ན་ཆབ་སྲིད་མེད་ན་ཕོ་གསར་གྱི་མཇེ་རྙིད་པ་དང་འདྲ།
ཚངས་མགུར་གྱི་ནང་དུ་དམ་ཆོས་མེད་ན་འདོད་པའི་མེ་དྲོད་ཟད་དང་འདྲ།
ཚངས་མགུར་གྱི་ནང་དུ་བརྩེ་དུང་མེད་ན་ཡབ་ཡུམ་མཚན་ཁ་མ་སྦྱར་འདྲ།
ཚངས་མགུར་ལ་སྙན་དངགས་མེད་ན་མདོག་ངན་བགྲེས་མོར་གཡབ་དང་འདྲ།
ལ་སྩོགས་པ།།།།།