——–འཇམ་གཅེས།
ཁྲིམས་ལུགས་རབ་འབྱམས་པ་ལི་ཐང་བློ་བཟང་གྲགས་པ་མཆོག་ནི་མི་གཞི་དྲང་ལ་རང་ཚུགས་བརྟན་པ། རྒྱ་བོད་དབྱིན་གསུམ་གྱི་ཤེས་ཚད་ཧ་ཅང་མཐོ་བ་མ་ཟད་རང་རིགས་ལ་དུང་བ་ཧ་ཅང་ཟབ་པའི་མི་སྣ་ཞིག་ཡིན། ལྷག་པར་དུའང་ཁོང་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བློ་སྙིང་དཀར་བ་ཙམ་དུ་མ་ཟད། དགེ་སྐྱོན་གང་གི་ཐད་ནས་བཤད་ཕོད་པ་དང་སྒྲུབ་ཕོད་པ། བསམ་ཕོད་པ་སྟེ་ཕོད་པ་གསུམ་ལྡན་གྱི་ན་གཞོན་ཡ་རབས་ཤིག་ཀྱང་ཡིན།
སྤྱིར་བཏང་བོད་མིའི་སྤྱི་ཚོགས་ཀྱི་བདེ་སྡུག་དང་ལས་དབང་ལ་རྒྱུན་དུ་དོ་སྣང་ཡོད་མཁན་ཞིག་དང་། ལྷག་པར་དུ་ན་གཞོན་ཤེས་ཡོན་པའི་ཕྱོགས་ལ་རེ་བའི་མིག་ཟུང་ཅེར་མཁན་ཞིག་ཡིན་ཕྱིན་ཁོང་གིས་སློབ་གཉེར་གྱི་ཞོར་དུ་སྤེལ་གནང་བའི་བོད་མིའི་ལས་དབང་དང་འབྲེལ་བའི་བརྩམས་ཆོས་དང་། གསུང་བཤད། དེ་བཞིན་ཕྱག་ལས་དག་ལས་གང་འཚམ་ཞིག་མཁྱེན་རྟོགས་ཡོད་ངེས་ཡིན།
མདོར་ན། ང་ཚོས་རང་ཉིད་ལ་དབང་བའི་འོས་ཤོག་དེ་བཞིན་ཁོང་དང་ཁོང་ལྟ་བུ་མི་སྣ་གང་མང་ཞིག་ལ་ཕུལ་ཐུབ་པ་ཡིན་ན་གྲོས་ཚོགས་ར་བའི་ནང་དུ་ཕྱོགས་ཞེན་གྱི་དམག་འཐབ་ཉུང་དུ་འགྲོ་བ་དང་། སྤྱི་ཚོགས་ཀྱི་མཐུན་སྒྲིལ་སྲ་བརྟན་འགྲོ་བར་ཐེ་ཚོམ་གཏན་ནས་མི་དགོས་ལ། དེ་བཞིན་རྣམ་དཔྱོད་ལྡན་པའི་མཛུབ་སྟོན་དང་། དགེ་སྐྱོན་དག་ལ་དཀར་འདོན་དང་ནག་འདོན་དུས་ཐོག་ཏུ་གནང་ཐུབ་ངེས་ཡིན།
དེ་མིན་ངའི་ཕ་ཡུལ་དང་ངའི་ལུང་ཚན། ངའི་སྤུན་ཉེ་ལ་རློམ་ནས་རང་ཉིད་ལ་བླ་ན་མེད་པའི་བདག་དབང་ངམ་ཐོབ་ཐང་ཡོད་པའི་འོས་ཤོག་དེ་བཞིན་སྐབས་འཚོལ་བ་རེ་འགའི་གཡོ་འཕྲུལ་འོག་ལ་ཤོར་སོང་ཚེ། དེ་ནི་ཡིད་མུག་དགོས་པའི་གྱོང་གུད་ཧ་ཅང་ཆེན་པོ་ཞིག་དང་བླུན་རྟགས་ཤིག་ཀྱང་ལོས་ཡིན། ང་ཚོས་བློ་གཟུར་བོར་གནས་པའི་ཐོག་ནས་དོ་སྣང་བྱ་ཡུལ་ཞིག་ནི་འདས་པའི་གྲོས་ཚོགས་ཀྱི་འཐུས་མི་དག་ཡིན་ལ། ཁོང་ཚོ་ལ་ཕྱིར་མིག་རེ་གཟིགས་ནས་སྤྱི་མི་ཚད་ལྡན་ཞིག་ཡོང་བར་ལེགས་སྤེལ་ཉེན་འགོག་གང་དགོས་དོ་སྣང་ངེས་པར་དུ་གནང་དགོས།
འོ་རེད། ངས་འདི་ལྟར་ངོས་སྦྱོར་ཅིའི་ཕྱིར་བྱེད་ཀྱིན་ཡོད་ཅེས་དྲི་བ་འདོན་མཁན་ཚོ་ལ་ཞུ་རྒྱུ། ང་དང་ཁོང་། ཕ་ཡུལ་དང་ལུང་ཚན་གཅིག་པ་མིན་ལ། ད་དུང་རྒྱུ་ཟས་ཀྱི་འབྲེལ་བ་ཇ་ཕོར་གཅིག་གི་རིམ་ཙམ་ཡང་མེད། ལན་དེ་ཡིས་འཐུས་པ་ཞུ། །
འཇམ་གཅེས་དྲང་པོ་ཨེ་ཡིན་ནམ། དྲང་པོ་དེ་ང་ཚོའི་མེ་པོའི་སླ་སྲོགས་ཡིན། དྲངཔོ་དྲངཔོ། རྫུན་བཤད་ན་མི་གྲལ་ནས་འབུད་འགྲོ་བ་དེའོ།
དེ་འདྲ་རང་ཨེ་ཡིན། བསྟོད་དྲགས་མ་སོང་ངམ།
ཐུགས་རྗེ་ཆེ་་་་་དངོས་གནས་མདོ་སྟོད་སྤྱི་འཐུས་ཤེས་སྤྱོད་གཉིས་ལྡན་དང་ལྷག་བསམ་གཞུང་དྲང་རིགས་མང་ཙམ་སླེབས་ཐུབ་པའི་རེ་བ་ཞུ།
འོ་རེད། ངས་འདི་ལྟར་ངོས་སྦྱོར་ཅིའི་ཕྱིར་བྱེད་ཀྱིན་ཡོད་ཞེས་དྲི་བ་འདོན་མཁན་ཚོ་ལ་ཞུ་རྒྱུ། ང་དང་ཁོང་། ཕ་ཡུ་དང་ལུང་མཚན་གཅིག་པ་མིན་ལ། ད་དུང་རྒྱུ་ཟས་ཀྱི་འབྲེལ་བ་ཇ་ཕོར་གཅིག་གི་རིམ་ཙམ་ཡང་མེད། ལན་དེ་ཡིས་འཐུས་པ་ཞུ། ཞུས་ཟིན།
བཟང་གི་་་་་ང་ཚོས་ཡུན་རིང་སྐུབ་རྟེགས་བཟུང་མཁན་ཚོ་ད་རེབ་དགོངས་གནང་སྤྲད་ན་ཡག་ཤོས་རེད་་་་་་་མི་གསར་དང་་་་
རེད་རེད་་་་མ་ཟད་ད་བར་གྲོལ་ཚོགས་ནང་སྤྱི་པའི་བཀའ་མོལ་ཚིག་གཅིག་མ་གནང་བར་མི་དགོས་པའི་སྒེར་གྱི་ན་ཟུག་དང་ལུང་ཚན་་་ཤོག་ཁག་སོགས་ཀྱི་དོན་མེད་སྐད་ཆ་གྲོལ་ཚོགས་ར་བའི་ནང་བཤད་ནས་བསྡད་མཁན་རྣམས་ལ་དགོངས་པ་སྤྲད་ཐུབ་ན་ཡག་ཤོས་རེད་
འབྲེལ་བ་མེད་ན་རྒྱུས་མངའ་ཡོད་དཀའ། རྒྱུས་མངའ་མེད་ན་ཚོད་ཀྱིས་ཐིགས་དཀའ།
གཞོན་སྐྱེས་ཤེས་ཡོན་ཅན་གང་མང་གྲོས་ཚོགས་ནང་སླེབས་ཐུབ་ན་ཡག་པོ་འདུག། རྒྱལ་ཡོངས་དམངས་གཙོ་ཚོགས་པས་བཏོན་པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་མང་ཆེ་བ་ནི་ལོ་མང་སྤྱི་འཐུས་ཀྱི་རྐུབ་སྟེགས་འཛིན་མཁན་རྐྱང་རེད་འདུག། གཞོན་སྐྱེས་ཟླ་སྒྲོན་ལགས་དང། བུ་མོ་ཚེ་རིང་ལགས་སོགས་ཤེས་ཡོན་ཅན་མང་ཙམ་འདོན་རྒྱུ་མེད་པ་རེད་པས།
སོགས་ལྟ་བུ་ཤེས་ཡོན་ཅན་མང་ཙམ་འདོན་རྒྱུ་མེད་་པ་རེད་པས། ཟེར་རྒྱུ་ཡིན་པས་ ༼ ལྟ་བུ་ ༽ ཆད་འདུག་པ་འཇུག་རོགས་གནང་། ཐུགས་རྗེ་ཆེ།།