ཚན་རིག་པས་རང་གི་རྣམ་དཔྱོད་ཀྱི་རྟོགས་ཐབས་ལྔར་བརྟེན་ནས་ཕྱིའི་འཇིག་རྟེན་གྱི་དངོས་པའི་གྱེས་འགྱུར་དང་ཆོས་ཉིད་ཀྱི་བདེན་པ་རྟོགས་་ཐབས་བྱ་ཞིང་། ཚན་རིག་པས་ཕྱིའི་འཇིག་རྟེན་གྱི་དངོས་པའི་ཆོས་ཉིད་དམ་བདེན་པ་རྙེད་པར་བརྟེན་ནས་འུ་ཚོའི་མི་སྡེ་སྤྱི་ཚོགས་ཆེན་པོ་འདི་ཚན་རྩལ་ལམ་བརྡ་འཕྲིན་སྤྱི་ཚོགས་ཤིག་དུ་ཁྲིད་ཡོང་བ་ཀུན་ཀྱིས་མཐོང་ཆོས་སུ་གྱུར་། ཚན་རིག་པ་སུ་ཞིག་ཡིན་ཡང་ཕྱིའི་དངོས་པོར་གང་ཞིག་ལ་ཞིབ་འཇུག་བྱེད་པའི་རྒྱིད་རིམ་ཁྲོད་རྟོགས་ཐབས་ལྔར་བརྟེན་ནས་ཞིབ་འཇུག་མི་བྱེད་མཁན་སུ་ཡང་མེད་ལ་རྟོགས་ཐབས་ལྔ་ནི་ཚན་རིག་པར་མཚོན་ན་མེད་དུ་མི་རུང་པའི་ལག་ཆ་ལྟ་བུ་ཞིག་རེད་།
༡ Ask questions.
ཚན་རིག་པས་རང་གི་དཔྱད་ཡུལ་དངོས་པོ་ལྐོག་གྱུར་རམ་རྟོགས་དཀའ་བ་རྣམས་དྲི་པའི་ལམ་ནས་གནས་ལུགས་དང་བདེན་པ་འཚོལ་ཐབས་བྱེད་ཅིང་། དཔེར་ན་། སྐྱེ་དངོས་མེ་ཏོག་ལྟ་བུར་མཚོན་ན་དེ་ལ་ས་བོན་དགོས་བ་ཡོངས་ཀྱིས་ཤེས་ཤིང་ས་བོན་དེ་མི་ཏོག་ཏུ་འགྱུར་པ་ཡང་ཤེས་། འོན་ཀྱང་། ས་བོན་མེ་ཏོག་ཏུ་འགྱུར་པར་རྒྱུ་རྐྱེན་གང་ཞིག་ཚང་དགོས་བ་དྲི་བ་འདྲ་མིན་ལ་བརྟེན་ནས་ལན་འཚོལ་གྱི་ཡོད་།
༢ Make hypothesis.
ས་བོན་མེ་ཏོག་ཏུ་འགྱུར་པར་རྒྱུ་རྐྱེན་གང་འདྲ་ཞིག་ཚང་དགོས་མིན་བསྐོར་ལ་དོགས་སློང་གི་དྲི་བ་འདྲ་མིན་བྱས་རྗེས་། ཚན་རིག་པས་དེ་དག་གི་ལན་རིག་སྟོབས་ཀྱིས་རྟོགས་ཐབས་ལ་བརྟེན་ནས་འཚོལ་ཞིང་། གལ་སྲིད་ས་བོན་ཆུ་ལ་བརྟེན་ནས་སྐྱེ་དགོས་ཤིང་། ཆུའི་སྟོབས་ཤུགས་ཀྱིས་ས་བོན་རིམ་པའི་མེ་ཏོག་ཏུ་འགྱུར་ཡོང་བའི་ལན་རྙེད་ན་།
༣ Test the hypothesis.
ལན་དེ་བདེན་པ་ཡིན་མིན་ཚན་རིག་པས་ཡོ་བྱེད་འདྲ་མིན་བེད་སྤྱོད་བྱེད་དེ་ཞིབ་འཇུག་བྱ་ཞིང་། གཤམ་དུ་འུ་ཚོ་ཚང་མས་ལས་སླ་བོ་སྒོ་ནས་རྟོགས་དཔྱད་བྱ་ཐུབ་པ་ཞིག་བཤད་ན་། ཁྱེད་ཀྱིས་སྲད་མའི་ས་བོན་གཅིག་གཙང་ཤོག་(paper towel) གི་ཁུག་ཏུ་བཏུམས་སྟེ་ཤེལ་དམ་ཞིག་གི་ནང་དུ་གཞག་ལ་དེ་སྟེང་དུ་ཆུ་གང་ཙམ་བླུག་རྗེས་།
༤ Observer
ཉིན་ལྟར་ཞིབ་འཇུག་གམ་ཧ་ཅང་གཟབ་གཟབ་ཀྱི་ངང་ནས་སྲད་མའི་ས་བོན་དེ་འཕེལ་རྒྱས་གང་འདྲ་བྱེད་ནས་ཡོང་གི་འདུག་བལྟ་དགོས་ཤིང་། ནན་ཏན་གྱིས་ཞིབ་འཇུག་ནི་གལ་ཆེ་བའི་ཚན་རིག་པའི་ཆ་ཤས་ཤིག་ཡིན་། ཁྱེད་ཀྱིས་ཞིབ་འཇུག་བྱེད་པའི་རིང་སྲད་མའི་ས་བོན་གྱིས་ཉིན་ལྟར་ཆུའི་ཚད་གཞི་གང་འདྲ་ཞིག་འཇིབ་ཀྱི་འདུག ། ཉིན་ལྟར་ཆེན་པོར་གང་འདྲ་ཆགས་ཀྱི་འདུག་། ད་དུང་སྲད་མའི་ས་བོན་མཐའ་མར་སྐྱེ་དངོས་སུ་འགྱུར་པར་ཉིན་གང་འདྲ་ཞིག་འགོར་མིན་སོགས་རྟོགས་དཔྱད་བྱ་དགོས་།
༥ Draw conclusions.
མཇུག་མཐར་ཁྱེད་ཀྱིས་ཞིབ་འཇུག་བྱས་པའི་ཉམས་མྱོང་དང་རིག་སྟོབས་ཀྱིས་དཔག་པའི་ལན་ས་བོན་ཆུ་ལ་བརྟེན་ནས་སྐྱེ་དངོས་སམ་མེ་ཏོག་ཏུ་འགྱུར་པར་མཐུན་ན་ཁྱེད་ཀྱིས་རིག་སྟོབས་ཀྱིས་དཔག་པའི་ལན་དེ་བདེན་པ་ཡིན་པ་ཞིབ་འཇུག་བྱས་པའི་ཉམས་མྱོང་ལས་ར་སྤྲོད་བྱས་ཤིང་། ཁྱེད་ཀྱིས་ཞིབ་འཇུག་བྱ་ཡུལ་སྲད་མའི་ས་བོན་སྐྱེ་དངོས་སམ་མེ་ཏོག་ཏུ་གང་འདྲ་བྱས་ནས་འགྱུར་མིན་བསྐོར་ལ་ཉིད་ཀྱིས་ཉམས་མྱོང་ལ་བརྟེན་ནས་ཡང་དག་པའི་མཐའ་སྡོམ་ཞིག་བྱ་ཐུབ་ངེས་ཡིན་ཞིང་། ཉམས་མྱོང་གི་ཤེས་བྱ་ནི་ཡང་དག་པའི་ཤེས་བྱ་ཡིན་པ་འགྲོ་བ་སུ་ཞིག་ཡིན་རུང་ཁས་ལེན་ངེས་རེད་།
Science = ཚན་རིག
༡ Ask questions = དྲི་བ་བཏོན་པ།
༢ Make hypothesis = ཚོད་དཔག་ཡིན་ཤག་བྱས་པ།
༣ Test the hypothesis = ཚོད་དཔག་ཡིན་ཤག་ལ་དཔྱད་པ།
༤ Observer = འགྱུར་སྟངས་ཞིབ་རྟོགས་པ།
༥ Draw conclusions = མཐར་ཐུག་མཐའ་སྡོམ།
བུ་རྒོད་པོ་རྩོམ་འདི་འདྲ་བོ་ད་དུང་མང་ཙམ་འགོད་པའི་རེ་བ་ཡོད། རྩོམ་འདི་འདྲ་བོ་ནི་བོད་མི་རིགས་ཀྱི་རིག་གཞུང་ཕྱུག་པོ་ཆགས་པའི་རྒྱུ་གཅིག་རེད། ཨ་མའི་བུ།
Observer = འགྱུར་སྟངས་ཞིབ་རྟོགས་པ།
འདི་འདྲའི་འགྱུར་རྫོབ་པོ། ཡིག་རིགས་གང་ལ་ཡང་འདྲིས་ཆ་མེད་པ་འདྲ།
ཁ་བརྡ་ཚང་གིས་བྱིས་པའི་ལེ་ཚན་ཞིག་ཕྱེས་ན་བྲིན་མདོག་ཁ་པོ་་འདུག
སོ་སོས་དེ་ལས་ལྷག་ཙམ་ཅིག་བོད་སྤྱི་དོན་ལ་འདིར་བྲིས་དགོས་པ་ལས། ང་ཉམ་ཆུང་མ་རབས་ཅིག་ཡིན་ཞེས་རང་མདོག་བསྟན་ནས་ཅི་ཐོབ་སོང་ངམ་།
རྣམས་པ་ཚོས་མཆན་དང་བསམ་ཚུལ་བརྗོད་པར་དགའ་སུ་ཡོད་། ཁྱེད་ཚོས་ཞིབ་ཏུ་ངའི་རྩོམ་ཙམ་པོ་བར་གཟིགས་ན་དབྱིག་ཚིག་ལྔ་པོའི་འགྱུར་དང་འགྲེལ་མཉམ་དུ་ཡོད་།