ཚན་རིག་པས་མི་ནམ་མཁར་འཕུར་ཐུབ་པའི་གོས་ཤིག་བཟོས་འདུག གོས་འདི་མགྱོན་ནས་རིའི་རྩེ་ནས་མཆོངས་ན། མི་དེ་དག་འབད་མེད་ལ་མཁའ་དབྱིངས་ལ་ལྡིང་ཐུབ་པ་དང་། ཁ་ལོ་བསྒྱུར་ཐུབ་པ་སོགས་ཆེས་ངོ་མཚར་གྱི་བལྟས་མོ་འདི་ན་འདུག
སྔོན་མ་བོད་ཀྱི་སྒོམ་ཆེན་ནམ་མཁར་འཕུར་ཟེར་བ་འདི་གོས་འདི་ལྟ་བུ་བཟོ་ཤེས་ཀྱི་མེད་དམ།
གལ་སྲིད་ང་དགོང་ལོ་དགུ་བཅུ་བར་བཞུགས་པའི་དབང་དུ་བཏང་ན། ལོ་སུམ་ཅུ་ཙམ་གཟིམ་གནང་གི་ཡོད། སྐྱིད་པ་ཞིག་ལ་ངའི་གཟིམ་ལམ་ནང་དུ་ཕྱག་གཉིས་གཤོག་པ་གྱུར་ནས་འཕུར་གནང་བ་རྟག་པར་རྨིས་གནང་གི་འདུག
མེ་སྒྱོགས་རྒྱ་མཚོ་ལགས།
གཤམ་གྱི་ཁྱེད་ཀྱི་བཀའ་མོལ་དེ་དོན་ངོ་མར་ཕྱི་རྒྱལ་བ་ཞིག་གིས་གསུངས་པ་ལྟ་བུར་གྱུར་འདུག
རང་ཉིད་ཀྱིིས་རང་ཉིད་ལ་ཞེ་ཚིག་བེད་སྤྱོད་གཏོང་སྲོལ་དེ་བོད་སྐད་ནང་མེད།
གཅིག་བྱས་ན་ཁྱེད་ཀྱིས་དེ་ཞེ་སར་ཁྱད་གསོད་བྱེད་པའི་སྟ་གོན་ཞིག་ཏུ་སེམས་བཞིན་ཡོད་པའང་སྲིད་པ་ཞིག་རེད།
གལ་སྲིད་ངས་རང་ཉིད་ལ་ཆིག་ལབ་ལྟ་བུར་ཤོད་ཀྱིན་ཡོད་ན།
གལ་སྲིད་ང་དགོང་ལོ་དགུ་བཅུ་བར་བཞུགས་པའི་དབང་དུ་བཏང་ན།
ལོ་སུམ་ཅུ་ཙམ་ཉལ་གྱི་ཡོད། སྐྱིད་པ་ཞིག་ལ་ངའི་རྨི་ལམ་ནང་དུ་ལག་གཉིས་གཤོག་པ་གྱུར་ནས་འཕུར་བ་རྟག་པར་རྨིས་ཀྱི་འདུག
གལ་སྲིད་ངས་མི་གཞན་ཞིག་ལ་ཤོད་ཀྱིན་ཡོད་ན།
གལ་སྲིད་ཁྱེད་དགུང་ལོ་དགུ་བཅུ་བར་བཞུགས་པའི་དབང་དུ་བཏང་ན། དགུང་ལོ་སུམ་ཅུ་ཙམ་གཟིམ་གནང་གི་ཡོད། སྐྱིད་པ་ཞིག་ལ་ཁྱེད་ཀྱི་་གཟིམ་ལམ་ནང་དུ་ཕྱག་གཉིས་གཤོག་པ་གྱུར་ནས་འཕུར་གནང་བ་རྟག་པར་རྨིས་གནང་གི་ཡོད་འདུག་གམ།
མེ་སྒྱོགས་རྒྱ་མཚོ་ལགས། ནོར་བ་ཡོད་ན་དགོངས་འགལ་མེད་པ་ཞུ།
དེས་ན་དགུང་ལོ་ཞེ་ས་མ་རེད་དམ།
སྣ་ཁུང་རྭ་ཅན་བསེ་རུ་ལགས། ཕལ་ཆེར་ཁྱེད་རང་གི་རྭ་ཅོ་དེ་བཙུགས་ས་ནོར་གནང་ནས་སྤྱན་ལམ་ལ་སྒྲིབ་གནང་གི་མེད་འགྲོ་༼ཕེབས་༽དགོངས་པའི་དགོངས་དོགས་འཁྲུངས་ཀྱི་འདུག་ད། ད་སྐུ་ངས་ག་རེ་གནང་ན་དྲག་གི་རེད་གསུངས་དང་། སྐུ་མཁྱེན། གཟུགས་པོ་མཁྱེན། ཐུགས་མཁྱེན། གསུང་མཁྱེན། ཐམས་ཅད་མཁྱེན།
ཡང་སྣ་ཁུང་གི་ཞེ་ས་དེ་བརྗེད་ཚར་འདུག
ངས་དགོངས་པ་བཞེད་དུས། ཞེ་ས་ལ་བརྒྱ་ཆ་ཕབ་རྒྱུ་འདུག་དགོངས་སོང་། དཔེར་ན། ངེད་གཉིས་ཀྱིས་གསོལ་ཟ་མཆོད་དོ་ཞུ་བ་དེའི་ཞེ་སའི་བརྒྱ་ཆ་ལྔ་བཅུ་ཐམ་པ་ང་ལ་ཐོབ་གནང་འདུག་ག་ལོ། ང་ཚོ་ག་ག
གལ་སྲིད་ང་ཚོ་བཞིས་དགོང་ཚིགས་མཆོད་དོ་ཞུས་ན་སྐུ་ང་ལ་ཞེ་སའི་བརྒྱ་ཆ་ཉེར་ལྔ་མ་གཏོགས་རག་གནང་གི་མིན་འདུག་ག་ལོ། ང་ཚོ་ག་ག
གང་ལྟར་ཡང་ངས་ཞེ་ས་དེ་ལོག་སྐད་དམ་ཕལ་སྐད་ཅིག་ལ་བརྩི་བཞིན་ཡོད་ལགས།
སྐུ་ཉིད་ཀྱིས་ཞེ་སའི་སྟེང་ནས་གཏོང་ཡིག་ཅིག་འབྲི་གནང་དང་། དེ་ནས་ཞེ་ས་མེད་པའི་ཐོག་ནས་གཏོང་ཡིག་ཅིག་བྲིས་གནང་ནས་ཞིབ་བསྡུས་ཤིག་གནང་དང་། ཧ་ལམ་འདི་གཉིས་སྐད་ཡིག་མ་འདྲ་བ་གཉིས་མིན་འགྲོ་དགོངས་པ་དགོངས་པར་འཁྲུངས་གནང་གི་འདུག་ག་ལོ། ང་ཚོ་ག་ག
ཡིན་ནའང་ང་ཚོ་ལ་གོམས་གནང་ཚར་བ་ཡིན་ན་ཨུ་ཚུགས་ཀྱིས་གཟིགས་ན་མ་གཏོགས་དེ་གཉིས་ཀྱི་ཁྱད་པ་མཇལ་གྱི་མིན་འདུག་ག་ལོ། ང་ཚོ་ག་ག
ཆུ་ཕར་རིར་བཞུགས་ནས་ཚུར་རིར་གཟིགས་ན་ཕར་རི་མི་མཇལ།
ཆུ་ཕར་རིར་བསྡད་ནས་ཚུར་རིར་བལྟས་ན་ཕར་རི་མི་མཐོང་། དེང་སང་བསེ་རུའི་རྭ་གོང་ཆེན་ཡིན་པས་ཐུགས་གཟབ་གནང་ན་མ་གཏོགས་བོར་བརླག་ཤོར་གནང་མ་ཡག་པོ་མེད་དོ། སྐུ་རྩེད་ཞུས་ཡིན་ལོ། ཀུ་རེ་བཤད་ཡིན་ལོ།
ད་གཟིགས་དང་། བོར་+བརླག་ +ཤོར་+གནང་། སྐུ་ངས་འདིར་རྣམ་རྟོག་བཞེངས་པ་ཙམ་ཡིན། ཧཧཧ།
འཐབ་གྲོགས་ཆེན་པོ་མགོན་ཕྱག་ལགས། ད་ཡིན་ན་ཞེ་ས་རྩ་མེད་བཟོ་བར་ཐོན་ཤོག ང་ལ་རོགས་པ་དགོས།
ཡིག་ནོར།
མཆན་བཞི་པའི་༽བོར་བརླག་ཤོར་གནང་མ་ཡག་པོ་མེད་དོ།
ལ་བཅོས།
བོར་བརླག་ཤོར་གནང་ན་ཡག་པོ་མེད་དོ།
ད་ཡིན་ན་ཞེ་ས་རྩ་མེད་བཟོ་བར་ཐོན་ཤོག