རླུང་དམར།
(གཅིག)
སྐྲག་ངལ་ཡམས་ནད་མཆེད་པའི་དུས་ཟིང་ལ།།
ཕན་མེད་གནོད་ཅན་བདུད་ཁ་ནག་ནག་པོས།།
དམ་ལོག་རོ་ལོག་ངང་ནས་༸རྒྱལ་བར་སྨད།།
སེམས་དང་སེམས་ལ་མདུང་གྲིས་རྨ་བཏོད་པ།།
སྦྲུལ་ལྕེའི་ཁ་རླངས་འབར་བའི་སྤྲུལ་མིང་དེས།།
སྡང་ཟུག་ཕུ་དཀྲུག་ལོག་པའི་རྒྱ་རུ་གཉུལ།།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བསྟན་ཆོས་ལ།།
མ་རིག་བགེགས་རྐྱེན་བསྙོན་ཏོལ་བྱས་པ་མཚར།།
སྐྱ་སེར་མིན་པའི་མ་ནིང་ལོག་ལྟ་ཅན།།
འགོང་འདྲེའི་མི་གཟུགས་བསྟན་དགྲ་ཁོ་ན་ཉིད།།
“གསང་སྔགས་ཁྲོམ་བསྒྲཊ་”ཟེར་བཞིན་ཁྲམ་གཤོམ་པ།།
ཨོ་སྟོབས་སྤྲུལ་མིང་ཙམ་པོའི་ལུགས་ངན་ཡིན།།
ཁ་ཚ་ངོ་ཚ་མེད་པའི་བདུད་མགོ་ཁྱོད།།
སྙིང་གི་ཚེར་མར་སྐྱེས་བའི་དྲིན་ལོག་མཁན།།
དམར་པོ་རྒྱ་ཡིས་གསོས་པའི་ཁྱི་སྤྱང་ཞིག།
གཟུགས་མེད་དོལ་འདྲེའི་ཕ་རྒན་གཏེ་བོ་འབོད།།
བཙན་བྱོལ་ཐུ་བྷོད་སྐྱིད་སྡུག་མཉམ་མྱོང་དེས།།
དད་པའི་ཡང་རྩེ་དུས་གསུམ་བླ་མར་བཅོལ།།
ཁྱོད་འདྲ་ཨོ་སྟོབས་ལས་མེད་སྤྲང་འཁྱམ་པ།།
ཁ་བ་རི་བ་ཚང་ནས་གཏན་སྤྱུགས་ཤོག།
རྨ་མེད་ཤ་ཁྲག་བཅད་གཏུབ་བྱས་འདྲའི་གཏམ།།
འདི་ཕྱིའི་༸སྐྱབས་གནས་དམ་པར་”བསྟན་བཤིག”སྨྲས།།
གཞིས་བྱེས་བོད་མྱིའི་དད་པ་རྡོག་བརྫིས་བཏང་།།
ཆོས་ཁྲིམས་རྒྱལ་ཁྲིམས་དེ་ཡིས་ཁྱོད་ལུས་གསིལ།།
བླ་ལོག་ཆོས་བདག་བྱེད་པའི་རྫུན་རྡིབ་མང་།།
འགལ་འཛོལ་ཇུས་ཉེན་སྟོན་པའི་འཁྲབ་ཁྲིད་པ།།
ངོ་ལོག་ཕྱོགས་འཐེན་གསོ་བའི་ཁྱི་དཔོན་ཞིག།
ཤེས་རྨོངས་བློ་གྱོང་ཆགས་ཆེས་རབ་ཏུ་བཟི།།
མུན་བཙོན་ནང་དུ་འདྲུད་དགོས་ཁ་ནག་དེ།།
སྤྲུལ་སེར་མིང་སྐམ་འཛིན་པ་ཨོ་སྟོབས་རེད།།
འདྲེ་ལག་སྲིན་རྐང་ཚོད་མེད་ངང་དུ་བསྲིངས།།
ཁྲོས་ཚིག་གཡོ་ལེན་ཅན་པོ་དམྱལ་བར་ཕོངས།།
བོད་པ་བོད་པར་ལ་དཀྲུག་ལུང་དཀྲུག་གིས།།
བཙན་བྱོལ་རི་འཁྱམ་ལས་ཀྱི་ངན་མཐུ་བྱུང་།།
ཨོ་སྟོབས་སྤྲུལ་ལོག་དེ་ལ་མཚང་འབྱིན་བྱེད།།
ཆ་མེད་མགོ་མེད་རྩ་གཏོར་ཡོང་བར་སྨོན།།
ལག་ཞ་ཁ་ཞ་ལྟ་བུའི་གནོད་སྦྱིན་དང་།།
གཤེད་འཛིན་མེ་ཕུ་བརྒྱབ་པའི་གཏོར་གཟུགས་ཤིག།
ལས་རྩོམ་ཧམ་སྨྱོན་འཁྲབ་པའི་བརྣབ་སེམས་ཅན།།
ཁྱོད་ནི་ལེ་དབར་སྟོང་ཕྲག་དུ་མར་གཡུགས།།
(གཉིས།)
ཆོས་རིག་བཀའ་བློན་ཟེར་བའི་གྲྭ་རྒན་ཞིག།།
སྤུ་གནོན་བྱ་རྐང་འདི་ལ་ཆག་ཀྲུམ་ཤོར།།
རང་གཟུགས་དམར་ཧྲེང་ནད་མེད་ན་མདོག་གིས།།
འཕུང་སྤྲུལ་ཨོ་སྟོབས་རྗེས་སུ་ཁྱི་རྒྱུག་རྒྱུག།
༸རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དྲིན་འོག།
གྲྭ་ཆས་གོན་པའི་ཆོས་རིག་གོ་ས་ཐོབ།།
དྲིན་ལག་རྡོ་བརྡུང་ལྟ་བུའི་དཔེ་བཞིན་དུ།།
ཁྱོད་ཀྱི་བྱས་ཉེས་གནམ་སར་ག་ལ་ཤོང་།།
མཚན་སྨོད་རལ་གྲི་འཕྱར་བའི་དམ་ལོག་ནི།།
ཁ་ཡོད་ལག་ཡོད་དཀྲུག་ཤིང་ལས་ལ་ཞུགས།།
འགན་མེད་ཡིག་ཉོག་གཞུང་གི་ལས་ཤོག་བྲིས།།
ཚིག་ཁ་ཕྱི་ལོག་དེ་ཡིས་༸སྐུ་མདུན་སྨད།།
བསྟན་དགྲ་ངོ་མ་མགོ་བོའི་གཙུག་ཏུ་བཀུར།།
རྨ་ལ་ཚྭ་གཅིན་བཏབ་འདྲའི་སེམས་བསད་སོང་།།
ཁྲིམས་མེད་ཚུལ་འཆོས་སྨྱོ་ཧམ་ཁྲག་བསྐྱུགས་ཏེ།
ཟོག་རྫུ་ངན་པའི་བཟོད་གསོལ་ལན་མང་གནངས།།
ཁམས་གསུམ་བླ་མའི་སྒོ་དྲུང་ཏག་ཏག་ནས།།
མགོ་གཉིས་བྱ་སྤུ་རླུང་ལ་བསྐུར་བའི་གར།།
ཁ་ལུད་དེ་ནི་ཀརྨ་དགེ་ལེགས་ཞེས།།
ཆོས་རིག་གོ་གནས་ཁྱི་འདྲ་ཁོ་ཡིས་གཉེར།།
ལྷད་མེད་ཆོས་རིག་ལོག་སྤྱད་མིང་འོག་བསྒྱུར།།
འཁྲབ་སྟོན་ཚོང་པ་ཧ་ཅང་ཆོས་ལོག་ཅིག།
བྱ་འཕུར་རྡོ་གཡུག་སྒྲུང་རེ་རྩོམ་ལ་བྲེལ།།
ཐ་ཤལ་ནང་རུལ་འདི་འདྲ་ཤིན་ཏུ་གཟོབས།།
ཆོས་དྲི་མེད་པའི་ཞབས་འདྲེན་རྐང་འཐེན་དེས།།
རྫུན་འགེབ་ལོག་སྨྲ་ཅན་ལ་རམ་འདེགས་བྱས།།
ཁྲལ་ཁྲུལ་སྣང་བས་ཨོ་སྟོབས་སྐྱོབ་ལ་མཆོངས།།
དམ་ཉམས་ལས་གྲོགས་བྱེད་པའི་གྲྭ་སྨྱོན་བརྫུས།།
བཀའ་ཁྲིམས་མེད་པའི་ཆོས་རིག་བཀའ་བློན་གྱིས།།
ཡར་སྣོག་མར་སྣོག་བྱས་ཏེ་ལོག་བཤད་སྤེལ།།
མི་མང་མགོ་ལ་སྟ་རེས་གྲངས་མེད་གཞུས།།
རྒོལ་གཏམ་ཚ་ཚ་འུར་འུར་བསྒྲགས་དགོས་བྱུང་།།
ཚུལ་མཐུན་གནས་ལུགས་མི་ཤེས་རྭ་གྱོང་ཆེ།།
ཆོས་རིག་གོ་ས་རྩེད་ཆས་བཞིན་དུ་རྩེས།།
འདི་འདྲ་བཀའ་བློན་བློ་དྲི་ནག་པོ་ཞིག།
མཐོང་ལམ་དེ་ནས་རྨེག་མེད་ཡོང་བར་ཤོག།
བདུད་ཀྱི་གཟུཊ་ཅན་བསྟན་དགྲའི་གནོད་འཚེ་ཀུན།།
རབ་ཏུ་འཇོམས་ཤིང་ཕན་བདེར་འགོད་བར་སྨོན།།
ལོག་ལམ་མུན་པའི་གཤེད་འཁོན་ཐམས་ཅད་པོ།།
བགེགས་རྐྱེན་མེད་པར་རྟག་ཏུ་འདུལ་བར་མཛོད།།
༢༠༢༠-༠༦-༠༦ཉིན།
རླུང་དམར་ཟེར་བའི་ལས་ངན་འདི་ཡང་དར་ནག་ཇག་ཚོགས་ཀྱི་ཚོགས་མི་ཡིན་པ་འདྲ། ༧ གོང་ས་མཆོག་གི་མཚན་ཁྱེར་ནས་མི་གཞན་ལ་ཚིག་ངན་འདི་འདྲ་སྨོད་འདུག། ཁྱི་རྒན་འདི་ཚོས་ད་ངོ་མ་བླ་མའི་སྐུ་ཚེ་ལ་བར་ཆད་གཏོང་ས་རེད།
ཆོས་རིག་བཀའ་བློན་ཟེར་བའི་གྲྭ་རྒན་ཞིག།།
སྤུ་གནོན་བྱ་རྐང་འདི་ལ་ཆག་ཀྲུམ་ཤོར།།
རང་གཟུགས་དམར་ཧྲེང་ནད་མེད་ན་མདོག་གིས།།
འཕུང་སྤྲུལ་ཨོ་སྟོབས་རྗེས་སུ་ཁྱི་རྒྱུག་རྒྱུག། ཧཧཧཧ
ཆོས་རིག་བཀའ་བློན་ཟེར་བའི་གྲྭ་རྒན་ཞིག།།
སྤུ་གནོན་བྱ་རྐང་འདི་ལ་ཆག་ཀྲུམ་ཤོར།།
རང་གཟུགས་དམར་ཧྲེང་ནད་མེད་ན་མདོག་གིས།།
འཕུང་སྤྲུལ་ཨོ་སྟོབས་རྗེས་སུ་ཁྱི་རྒྱུག་རྒྱུག།
བདེན་པ་རེད། ཧཧཧཧཧ
དམ་ཉམས་ཇེ་མང་རེད། ཐལ་བར་རློགས་ཤིག
དམ་ཉམས་ཇེ་མང་རེད། དུས་ངན་པ་ཞིག་ལ་སླེབས་འདུག
༸རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དྲིན་འོག།
གྲྭ་ཆས་གོན་པའི་ཆོས་རིག་གོ་ས་ཐོབ།།
དྲིན་ལག་རྡོ་བརྡུང་ལྟ་བུའི་དཔེ་བཞིན་དུ།།
ཁྱོད་ཀྱི་བྱས་ཉེས་གནམ་སར་ག་ལ་ཤོང་།།
མཚན་སྨོད་རལ་གྲི་འཕྱར་བའི་དམ་ལོག་ནི།།
ཁ་ཡོད་ལག་ཡོད་དཀྲུག་ཤིང་ལས་ལ་ཞུགས།།
འགན་མེད་ཡིག་ཉོག་གཞུང་གི་ལས་ཤོག་བྲིས།།
ཚིག་ཁ་ཕྱི་ལོག་དེ་ཡིས་༸སྐུ་མདུན་སྨད།།
ཡང་གངས་རིའི་སྲས་པ་ཟེར་པའི་དམ་ཉམས་ཤིག་སླེབ་སོང་།
བསྟན་དགྲ་ངོ་མ་མགོ་བོའི་གཙུག་ཏུ་བཀུར།།
རྨ་ལ་ཚྭ་གཅིན་བཏབ་འདྲའི་སེམས་བསད་སོང་།།
ཁྲིམས་མེད་ཚུལ་འཆོས་སྨྱོ་ཧམ་ཁྲག་བསྐྱུགས་ཏེ།
ཟོག་རྫུ་ངན་པའི་བཟོད་གསོལ་ལན་མང་གནངས།།
ཁམས་གསུམ་བླ་མའི་སྒོ་དྲུང་ཏག་ཏག་ནས།།
མགོ་གཉིས་བྱ་སྤུ་རླུང་ལ་བསྐུར་བའི་གར།།
ཁ་ལུད་དེ་ནི་ཀརྨ་དགེ་ལེགས་ཞེས།།
ཆོས་རིག་གོ་གནས་ཁྱི་འདྲ་ཁོ་ཡིས་གཉེར།།བདེན་པ་རེད།