ངས་པོ་རྒྱལ་མཚན།
རྒྱ་དམར་ཇག་ཚོགས་ཀྱི་བོད་ཀྱི་ལོ་རྒྱུས་བདེན་གཏམ་ཉི་མ་ཤར་འདྲ་བ་དེ་ཧམ་སེམས་དང་ཕྲག་དོག་གི་སྦར་མོས་འགེབས་ཐབས་སྣ་ཚོགས་ཀྱི་ལོ་རྒྱུས་རྫུན་བཟོ་དང་ལྷད་བཅུག་པ། ནག་སུབ་གཏོང་ཐབས་བྱས་པ།དེ་མིན་བོད་ཀྱི་ས་ཆར་མང་པོར་རྒྱ་ཡི་མིང་ཚིག་གསར་འདོགས་བྱས་ཏེ་ཕྱི་རྒྱལ་མགོ་སེར་ཚོ་མགོ་བོ་རྨོངས་སུ་འཇུག་ཐབས་བྱེད་དུས། རང་བཙན་འཐབ་རྩོད་པ། རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུ་ལགས་ཀྱིས་རྒྱ་དམར་གྱི་དམར་ཤེད་དང་། གཡོ་སྒྱུའི་གཉན་བུ་སོགས་ལ་ལོ་རྒྱུ་བདེན་གཏམ་གྱིས་སྤུ་གྲི་ཐད་ཀར་བཙུགས་ཏེ་ངོ་བོ་གནོངས་སུ་འཇུག་གི་ཡོད་པ་ཀུན་གྱི་མིག་མཐོང་ལག་ཟིན་ཡིན། ཁོང་ནི་ཉེ་རབས་ཀྱི་དུས་ཚོད་ནང་རྒྱ་དམར་ཇག་ཚོགས་ཀྱི་འཁྱོག་བརྗོད་ལ་ཐད་ཀར་ལན་འདེབས་གནང་མཁན་ཕྱི་བཞུགས་བོད་རིགས་གྲགས་ཅན་རྩོམ་པ་པོ་ཞིག་ཡིིན།
རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་དབྱིན་ཡིག་ཏུ་བརྩམས་ཤིང་དགེ་འདུན་རབ་གསལ་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་བའི་བོད་ཀྱི་རྒྱལ་རབས་དེབ་ཐེབ་ནག་པོ་ཞེས་པའི་ནང་ཉེ་རབས་ཀྱི་གསར་བརྗེའི་དཔའ་བོ་རྩིས་དཔོན་ལུང་སར་རྡེ་རྗེ་ཚེ་རྒྱལ་མཆོག་གི་སྐོར་ལ་དངོས་ཡོད་ལོ་རྒྱུས་ཀྱི་གནས་ལུགས་དང་། ཡོངས་སུ་མི་མཐུན་པའི་གནད་དོན་འགའ་ཤས་ལ་དྲང་བདེན་གཞི་རྩར་བཅོལ་ཏེ་ལོ་རྒྱུས་དཔང་པོར་བཞག་ནས་དག་སེལ་གྱི་བསམ་ཚུལ་ཐུང་ངུ་ཞིག་བརྗོད་འདོད་བྱུང། འཇམ་དབྱངས་ནོར་བུ་ལགས་ཀྱིས་“ལུང་ཤར་ནི་བཅོས་བསྒྱུར་བ་ཞིག་དང་ཡར་ཐོན་པ་ཞིག་ཡིན་རྒྱུ་ཕར་བཞག་ཁོ་ནི་བོད་ཀྱི་ཆབ་སྲིད་པའི་ཁྲོད་ཧ་ཅང་རྙིང་ཞེན་པ་དང་སྲོལ་རྒྱུན་མཆོག་འཛིན་གྲས་ཀྱི་ནུས་པ་ཐོན་ཤོས་ཀྱི་མི་སྣ་ཞིག་ཡིན་པ་དེ་ལམ་སེང་ཤེས་(གི)་ཀྱི་རེད།”ཞེས་དང་། ཀེ་དོན་གྲུབ་ཟེར་བས་“ཁོང་ནི་དབང་ཆ་ལ་འདོད་རྔམ་ཆེ་པ་དེ་ཕྱི་པགས་འདྲ་མིན་གྱི་ནང་དུ་གབ་ནས་ཡོད་ཅིང་སྐབས་མང་པོར་ཡར་ཐོན་ཅན་ཞིག་ལས་རྙིང་ཞེན་པ་ཞིག་ཡིན་ཆེ་བ་ཡོད་པ་རེད་”ཞེས་ཁོང་གཉིས་ཀྱིས་གཡག་ཞ་རས་རྩ་བཟས་པ་ནང་བཞིན་གསར་བརྗེའི་དཔའ་བོ་ལུང་ཤར་མཆོག་གི་བདེན་པའི་སྙིང་སྟོབས་ཀྱི་དཔའ་ངར་དང་བཅོས་སྒྱུར་གྱི་སེམས་བསྐྱེད་སྟོབས་ཤུགས་ངར་མ་དེ་ངོས་འཛིན་ཡང་དག་པ་མི་ཐུབ་པའམ་འཛིན་མི་ཕོད་པར་རང་གི་ལྟ་ཚུལ་སྐྱུར་མོ་འདི་འདྲ་བྲིས་འདུག གསར་བརྗེའི་དཔའ་བོ་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་ནི། འཇོན་ཐང་ཆེ་ཞིང་རང་གི་འགན་ཁྲི་ཕྱག་ལས་རྣམས་ལ་ཧུར་བརྩོན་ཆེན་པོས་སྒྲུབ་མཁན། བོད་གངས་ཅན་ལྗོངས་ཀྱི་ལམ་ལུགས་རྙིང་པ་འགྱུར་བ་གཏོང་འདོད་ཡོད་མཁན་གྱིས་རླབས་ཆེན་གྱི་མི་སྣ་ཞིག་རེད། སྐབས་དེར་གནས་ཚུལ་མིག་མཐོང་ལག་ཟིན་བྱུང་པའི་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཟུར་པ་ཧོར་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་“ཁོང་གིས་མི་སེར་རྣམས་བོད་གཞུང་གི་རྟག་འཛིན་ཁོངས་མ་ཡིན་པའི་ས་ཆ་ཚང་མར་ཞིང་ཁ་འདེབས་མཁན་མི་རྩ་སོ་སོའི་ལག་པར་སྤྲོད་རྒྱུའི་ཐབས་བྱུས་དགོངས་བཞེས་ཀྱིས་ལྷ་སར་མི་སོའི་ལས་ཁུངས་ཟེར་བ་ཞིག་གསར་དུ་བཙུགས།” དེ་ནི་གཞུང་སྒེར་ཆོས་གསུམ་གྱི་མི་སེར་དཀའ་ངལ་མནར་གཅོད་སྡུག་བསྔལ་མ་བཟོད་པར་ཡུལ་གྱར་ཕྱིན་པའི་བདག་མེད་ཚོ་བོད་གཞུང་སོ་ནམ་ལས་ཁུངས་སུ་འཛུལ་ཞུགས་ཆོག་གི་ཡོད། “ཁོང་ཚོས་ལོ་རེར་མི་བོགས་དངུལ་ཞོ་གསུམ་རེ་སྒྲུབ་མཁན་ཕྱིན་ཆད། དེ་སྔའི་མི་བདག་སུ་གཅིག་གིས་སྙད་གཙེར་སྦྲང་སྐད་ཙམ་བཤད་མི་ཆོག་པའི་འགན་བཞེས་ལག་རྩ་གཏན་འབེབས་བཟོས་” རྗོང་གཞིས་ཁག་གིས་མནར་གཅོད་མྱངས་བའི་མི་སེར་ཚོ་མི་སོའི་ལས་ཁུངས་སུ་འཛུལ་ཞུགས་བདེ་ཁྱད་རྫོང་གཞིས་རེ་རེར་སོ་ནམ་ལས་ཁུངས་ཀྱི་ཡན་ལག་དོ་དམ་པ་རེ་གསར་དུ་བསྐོ་བཞག་གནང་ནས་སོ་ནམ་ལས་ཁུངས་ཀྱི་ལས་མིར་འཇུག་རྒྱུ་བཟོས་ཡོད། རྫོང་གཞིས་གང་འདྲ་ཞིག་ཏུ་ཡུལ་གྱར་བ་ཐོན་རུང་ས་གནས་དེར་སོ་ནམ་ལས་ཁུངས་ཀྱི་དོ་དམ་པའི་མིང་གཞུང་ནང་དུ་འཛུལ་ཞུགས་ཆོག་གི་ཡོད། “སོ་ནམ་ལས་ཁུངས་ཀྱི་ལས་མི་ཚོས་ལོ་རེ་གཞུང་ལ་མི་བོགས་ཞོ་གསུམ་མ་གཏོགས་དེ་མིན་རྐང་འགྲོ་ལག་འདོན་གྱི་ཁྲལ་དང་གཡོག་བསྐུལ་སྙད་གཅོད་སྤུ་ཙམ་མེད་པར་ཞིང་བདག་ཚོའི་བྲན་གཡོག་ནས་གཞུང་སྐྱོང་མི་རྩ་རང་དབང་བག་ཕེབས་ཀྱི་གནས་ལ་བསྒྱུར་རྒྱུའི་ཐབས་བཟང་དགོངས་བཞེས་ཆེན་པོས་སྒེར་ཆོས་མི་སེར་བྱ་རྒན་སྒྲོ་ཟད་མང་དག་ཅིག་ཁུངས་སོ་སོའི་ཐོག་ནས་བྲོས་བྱོལ་མི་སོའི་ལས་ཁུངས་ལ་རང་མོས་སུ་འཛུལ་ཞུགས་ཆོག་པ་” གསར་དུ་བཟོས་པ་དང། སོ་ནམ་ལས་ཁུངས་ཀྱི་ཐོག་ནས་རྫོང་གཞིས་ཁག་ནང་ཡོད་པའི་ས་སྟོང་བེད་མེད་ཇི་ཡོད་ས་ཞིབ་མཛད་དེ་དོ་བདག་ས་ཆའི་བདག་པོས་འདེབས་བཀོལ་ཐོན་སྤེལ་བྱས་པ་དག་ལ་བརྗོད་མེད་དང།“དེ་མིན་སོ་ནམ་པ་སྒེར་སོ་སོས་གསར་འབོལ་ཆོག་པར་ལོ་གསུམ་རིང་བོགས་མེད་རྩ་ཆག་བཏང་རྗེས་སྟོན་འབབ་ཀྱི་གཞུང་ལ་བཅུ་ཟུར་ཕུལ་ཕྱིན་ཆད་ལ་སྙད་གཙེར་འཕར་འགེལ་མི་ཆོག་པའི་ལམ་སྲོལ་གསར་དུ་གཏོད་”ནས་ས་བདག་ཚོས་བེད་སྤྱོད་འདེབས་བཀོལ་མ་ཐུབ་པའི་ས་སྟོང་ལུས་རིགས་སོ་ནམ་ལས་ཁུངས་ཀྱི་ཁོངས་མི་ཡུལ་གྱར་བ་ཚོའི་འཚོ་རྟེན་དུ་འདེབས་ལས་ཆོག་པ་བཟོས་ནས། ཁོང་ཚོར་སོ་སོའི་འཚོ་ཐབས་དོན་གཉེར་བྱེད་པའི་གོ་སྐབས་བཟང་པོ་ཞིག་གནང་ཡོད། ས་བདག་ཚོའི་ཞིང་ཁར་འདེབས་ལས་བྱེད་མཁན་མི་ཆ་མི་འདང་བ་རྟེན་ས་ཞིང་རྣམས་ལ་མི་སེར་ལ་བོགས་ཤས་སུ་མི་གཏོང་ཐབས་མེད་ཆགས། མཐར་ས་ཞིང་རྣམས་སོ་ནམ་ལས་ཁུངས་ཀྱི་ལས་མིའི་ལག་པར་སླེབས། “དེ་ནི་དབྱིན་ཇིའི་སྲིད་བྱུས་བཞིན་བོགས་མའང་ཆུང་ཆུང་ཞིག་མ་གཏོགས་སྤམ་མཐོ་སྤྲོད་འཇལ་མི་དགོས་པའི་ལས་ཐབས་དགེ་བདེ་གཉིས་ཕན་ཡོང་ཐབས་ལ། བོད་གཞུང་མི་སོའི་ལས་ཁུངས་ནས་ཡར་རྒྱས་དང་འཛུགས་བསྐྲུན་རྒྱ་ཆེན་པོའི་ངང་ནས། སྤྱི་ཚོགས་ལེགས་བཅོས་ཀྱི་རྨང་གཞི་བཟང་པོ་དེ་འདྲ་བཏིངས་གནང་ཡོད་” ཞེས་སོགས་ཀྱིས་འཇམ་དབྱངས་ནོར་བུ་ལགས་དང་ཀེ་དོན་ཟེར་བ་གཉིས་ཀྱིས་ལུང་ཤར་ལ་འཛིན་པའི་གདེང་འཇོག་དེ་མཁྲིས་ནད་ཅན་ལ་དུང་དཀར་གསེར་པོར་སྣང་བ་ལྟར་རང་དང་མི་མཐུན་པའི་རྒྱུ་མཚན་གྱིས་དེ་ལྟར་བྲིས་པའམ་ཡང་ན་བྱིས་སྒྲུང་སྟེ་འཆར་སྣང་ཙམ་ཡིན་པ་ར་སྤྲོད་གསལ་པོ་བྱས་འདུག་སྙམ།
ཡང་འཇམ་དབྱངས་ནོར་བུ་ལགས་ཀྱིས་“སྐྱིད་མཆོག་ཀུན་མཐུན་ཞེས་པའི་གསང་བའི་ཚོགས་པ་བཙུགས་ནས་བཀའ་ཤག་གི་དབང་ཆ་ནུས་མེད་དུ་གཏོང་བ་དང་། རང་ཉིད་དབང་ཆེན་(པར)་པོ་བཟོ་རྒྱུ་དེ་རེད་”ཡང་ཁོང་གིས་“ལུང་ཤར་གྱིས་ཆབ་སྲིད་ཀྱི་དབང་ཆ་ཆེ་ཤོས་དེ་འཛིན་འདོད་ཀྱི་ཧམ་པ་དེ་ནི་རང་དོན་གཅེས་འཛིན་གྱི་རྒྱུ་མཚན་ལ་བརྟེན་ཡོད་པ་དང།བོད་འདི་དེང་རབས་ཅན་དུ་བསྒྱུར་བའམ་ཡང་བཅོས་བསྒྱུར་བྱེད་པ་ལ་འབྲེལ་བ་མེད་པ་”ཞེས་འཆར་སྣང་ཇ་མིན་ཆུ་མིན་ལྟ་བུ་ཞིག་བྲིས་འདུག དོན་དངོས་ལུང་ཤར་མཆོག་ནི་བོད་ཀྱི་ལམ་ལུགས་རྙིང་པར་བསྒྱུར་བཅོས་དོན་གཉེར་ཅན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པ་མ་ཟད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ཐུགས་མཉེས་པོ་དང་ཡིད་ཆེས་བློས་འགལ་གནང་ཡུལ་གྱི་ཞབས་འབྲིང་པ་གཙོ་གྲས་ཉུས་ཤས་ཀྱི་ནང་ནས་གཅིག་རེད། ༸གོང་ས་མཆོག་གིས་རྒྱལ་ཁབ་ཡར་རྒྱས་དང་རང་ཁ་རང་གསོ་ཐུབ་རྒྱུར་རྒྱལ་ཁབ་ཀྱི་ལམ་ལུགས་བཅོས་བསྒྱུར་དང། ཤེས་ཡོན་དང་བསམ་བློ། རིག་གསར་བཅས་ལ་བརྟེན་དགོས་པར་དགོངས་ཏེ། བོད་ཕྲུག་ན་གཞོན་ཤེས་རིག་བཀྲ་བ་བཞི་འདེམས་སྒྲུག་གིས་དབྱིན་ཇིར་དེང་དུས་ཀྱི་སློབ་གྲྭར་བཏང་བའི་མགོ་འདོམས་སུ་སྐུ་དྲག་གི་ཁྲོས་ནས་བསམ་བློ་གུ་ཡངས་ཅན་གྱི་ལུང་ཤར་མཆོག་ལ་རིམ་བཞིའི་གོ་གནས་བསྐོ་བསྩལ་ནས་ཐུགས་རེ་ཆེན་པོས་དབྱིན་ཡུལ་དུ་མངགས་གཏོང་མཛད། སྐབས་དེ་དུས་རྩིས་དཔོན་ལུང་ཤར་མཆོག་གིས་དབྱིན་ཡུལ་ཀྱི་ལུང་པའི་སྲིད་ལུགས་དང་། དམག་དོན། དཔལ་འབྱོར། སྤྱི་ཚོགས་ཀྱི་དམངས་གཞིའི་སྒྲིག་བཀོད་བཅས་ལ་ཐུགས་སྣང་ཆེན་པོ་གནང་བ་མ་ཟད་དབྱིན་སྐད་ལའང་མཁྱེན་རྟོགས་གང་མཚགས་བྱུང། ལྷག་པར་ཕ་རན་སི་དང་ཨི་ཀྲར་ལི་ལ་གཟིགས་བསྐོར་ལ་ཕེབས་བཞུགས་རིང་ནུབ་ཕྱོགས་ཡར་ཐོན་གྱི་ཡུལ་གྲུ་དེ་དག་ནས་དུས་འགྱུར་གྱིས་ཡོ་ལང་ཤུགས་ཆེན་ཁྲོད་ཡུལ་དེ་དག་གི་རྒྱལ་པོ་གཏོར་བ་དང་མི་མང་གིས་རང་དབང་དང་དམངས་གཙོ་རྩོད་ལེན་གྱི་གསར་བརྗེའི་ལས་འགུལ་ཚ་རླབས་ཕྱུར་བའི་གནས་སྟངས་ལ་གཟིགས་ནས། ང་ཚོ་བོད་ཀྱི་ལམ་ལུགས་རྙིང་པ་དེར་འཕྲལ་དུ་བཅོས་བསྒྱུར་ཕྲན་བུ་ཞིག་མ་བྱས་ཚེ་ཉེན་ཁ་ཆེན་པོ་ཡོད་པ་མཁྱེན་རྟོགས་བྱུང་ཡོད། སྐབས་དེ་དུས་ལམ་གྲོན་སོགས་མི་འདང་བར་ཁོང་སྒེར་གྱི་འཁྱེར་བའི་གསེར་ཆས་དངུལ་ཆས་ཕྲན་བུ་ཡོད་པ་དེ་རྣམས་བཙོང་ནས་འགྲོ་གྲོན་བཏང་ཡོད། གཞན་ཡང་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་རྙིང་པ་སྐུ་ངོ་སྣང་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་“རྩིས་དཔོན་ལུང་ཤར་ནི་སྐབས་དེར་༸རྒྱལ་དབང་མཆོག་གི་ཐུགས་བློས་འགེལ་ཡུལ་ཞིག་ཡིན་སྟབས་ནང་དོན་གལ་ཆེའི་ཕྱག་བྲིས་ཞབས་ཞུ་དང། ལས་དོན་སྐོར་གྱི་བཀའ་སམ་ཡང་ཡང་ཆིབས་གཡོག་གདོང་སྩོལ་གྱི་ཡོད་འདུག ༸རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས། རྩིས་དཔོན་ལུང་ཤར་གྱིས་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་ཚོགས་པ་བཙུགས། དེའི་དགོས་དོན་ནི། བཀའ་ཤག་ནང་གི་བཀའ་བློན་རྣམ་པ་ལོ་འཁོར་བཞི་རེའི་མཚམས་སུ་བརྗེ་ཁྱུར་དགོས་པ་དང་དེ་ཡང་མི་འགྲོ་སུ་འོས་ཚོགས་འདུ་ནས་འདེམ་ཤོག་འཕེན་རྒྱུ་ཞིག་དགོས་ཚུལ་སོགས་”ཞེས་དང་། སྐུ་ངོ་བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་“ལུང་ཤར་དབྱིན་ཡུལ་སོགས་སུ་ལྟ་སྐོར་དུ་ཕེབས་སྐབས་རྒྱལ་ཁབ་དེ་རྣམས་ཀྱི་ལམ་ལུགས་ཀྱིས་ཁོང་གི་ཆབ་སྲིད་བསམ་བློར་ཤུགས་རྐྱེན་ཐེབས་ཡོད་སྟབས། བོད་རྒྱལ་ཁབ་ཆེན་པོའི་ལམ་ལུགས་ལ་བསྒྱུར་བཅོས་ཕྲན་བུ་གཏོང་དགོས་པར་དགོངས་ཏེ་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་སྒྲིག་འཛུགས་གསར་འཛུགས་བྱས་ཏེ་སེར་སྐྱ་དཔོན་རིགས་ན་གཞོན་མང་པོ་སྒྲིག་འཛུགས་དེའི་ནང་ལ་བཞུགས་པ་དང། སྒྲིག་འཛུགས་དེའི་ཁ་ཚ་དགོས་གཏུགས་ཀྱི་བྱེད་སྒོ་ཞིག་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་བློན་རྣམས་ལས་རྒྱུན་ལོ་འཁོར་བཞི་རེའི་གཏན་འབེབ་བྱ་རྒྱུ་དང་། དེ་ཡང་མི་འགྲོ་སུ་འོས་བོད་ལྗོགས་ཚོགས་འདུ་ནས་འདེམས་ཤོག་འཕེན་རྒྱུ་སོགས་ཀྱི་བསམ་ཚུལ་ཡིག་ཐོག་དུ་བཀོད་དེ་བོད་གཞུང་བཀའ་ཤག་ལ་བརྒྱུད་རྒྱལ་སྲིད་རྣམ་གཉིས་ལ་འབུལ་རྒྱུ་དེ་ཡིན་ཀྱང། ཞེས་དང་། ཡང་ཁོང་གིས་གང་ལྟར་ལུང་ཤར་ནི་བོད་ཀྱི་ལོ་རྒྱུས་ཐོག་གསར་བརྗེའི་དགོངས་པ་འཁོར་ནས་ལག་ལེན་བསྟར་མཁན་སྔོན་སྐྱོད་པ་ཞིག་རེད། འོན་ཀྱང་དུས་སྐབས་དེར་བོད་ཀྱི་སྤྱི་ཚོགས་ནང་ཁོང་གི་ལས་འགུལ་དེར་གདུང་སེམས་མཉམ་སྐྱེད་བྱེད་མཁན་མེད་པས་ཐོག་ངོ་རྒོལ་བྱེད་མཁན་མང་པོ་བྱུང་ཡོད། རྒྱུ་རྐྱེན་གཙོ་བོ་ནི། བོད་རྒྱལ་ཁབ་དེ་ཕྱི་རྒྱལ་དང་འབྲེལ་བ་མེད་པར་སྒོ་བཀག་ནས་རང་སྲུང་གི་སྲིད་བྱུས་རྒྱུན་སྐྱོང་བྱས་པ་དང། ལྷག་པར་མི་དམངས་ཚོས་སངས་རྒྱས་བསྟན་པར་དད་ཤུགས་ཆེན་པོ་ཡོ་པ་ལས་ཆབ་སྲིད་ཀྱི་གོ་རྟོགས་དེ་ཙམ་མེད་པ། འཛམ་གླིང་གི་གནས་སྟངས་འགྱུར་ལྡོག་དང་། ནུབ་ཕྱོགས་ཀྱི་དཔལ་ཡོན་བཅས་མ་རྟོགས་པའི་རྐྱེན་རེད་” ཅེས་དང་། བོད་རིག་པའི་ཞིབ་འཇུག་པ་མཁས་དབང་ཆེ་མོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་དང་ནོར་བྲང་ཨོ་རྒྱན་ལགས་རྣམ་པ་གཉིས་ཀྱིས་“རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་ཁྲི་ལ་འཁོད་མ་ཐག་དབྱིན་ཇི་བཙན་རྒྱལ་རིང་ལུགས་སླར་ཡང་གཤོག་སྦུག་རླུང་ཚང་གིས་དེའི་སྲིད་དབང་མགོ་རྟིང་སློག་པའི་ངན་བྱུས་མང་ཙམ་སྤེལ་ཞིང། དུས་དེར་ལུང་ཤར་རྡོ་རྗེ་ཚེ་རྒྱལ་སོགས་ནས་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་གསང་བའི་སྒྲིག་འཛུགས་ཤིག་བཙུགས། སྒྲིག་འཛུགས་དེར་ཕྱི་རྒྱར་བསྟན་པ་རྒྱས་པའམ་འགྲོ་བ་བདེ་བ་སོགས་འབོད། ཁོ་པ་ཚོས་ལྐོག་ཏུ་ཚོགས་འདུ་བསྐོངས་ཏེ་བོད་དུ་སྒྲིད་མོ་ཁེ་རིན་སིའི་༼དམངས་གཙོ་ཞེས་པའི་དོན་ཡིན་༽ལམ་ལུགས་ལག་ལེན་བསྟར་དགོས་བརྗོད་སྐབས་ཚོགས་ཞུགས་དཔོན་རིགས་འགའ་ཞིག་གིས་ཐ་སྙད་དེའི་གོ་དོན་གང་ཡིན་ཞེས་འདྲི་སྐབས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་དབྱིན་ཇིའི་ལམ་ལུགས་ལ་ཟེར་བ་རེད་ཅེས་འགྲེལ་བཤད་ཁུངས་མ་དག་ཅིག་བརྒྱབ་སྟབས་ཚོགས་ཞུགས་དཔོན་རིགས་ལ་ལས་བོད་ལ་དབྱིན་ཇིའི་ལམ་ལུགས་འཛུགས་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱས་སྟབས་སྒྲིག་འཛུགས་དེའི་ཁོངས་མི་ནང་ཁུལ་དུ་འགལ་བ་ལངས་ཏེ་གསང་བའི་གྲོས་མོལ་བྱས་པའི་གནས་ཚུལ་རྣམས་བཀའ་བློན་ཁྲི་སྨོན་ལ་སྙན་སེང་ཞུས། ཁྲི་སྨོན་གྱིས་གནས་ཚུལ་གནས་ཚུལ་དེ་ཐོས་འཕྲལ་སྲིད་སྐྱོང་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེསལ་སྙན་སྒྲོན་ཞུས་པ་ལྟར་བཀའ་ཤག་གིས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་འཛིན་བཟུང་ཐོག་མིག་འབྲས་གཉིས་ཀར་བཏོན་པ་མ་ཟད། མཁར་དབང་གཞུང་བཞེས་དང། ཚེ་གང་བཙོན་དུ་འཇུག་རྒྱུའི་གཏན་འབེབས་བྱས་ཤིང་། གྲོས་མི་གཙོ་གྲས་འགའ་ཞིག་ཀྱང་རྒྱང་འབུད་དུ་བཏང་” ཅེས་དང་། བཀའ་ཟུར་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་གིས་“རྩེ་དྲུང་བསྟན་པ་འཇམ་དབྱངས་ལགས་དང་ལུང་ཤར་མཆོག་རྣམ་གཉིས་རྟག་པར་མཚན་མོ་མཉམ་འཛོམས་ཀྱིས་བོད་ཀྱི་ལམ་ལུགས་ལ་བཅོས་བསྒྱུར་བྱ་རྒྱུའི་སྐོར་ལ་གྲོས་མོལ་གནང་གི་ཡོད་ཅིང་། ཁོང་གཉིས་ནས་བོད་ཀྱི་ལམ་ལུགས་ལ་བཅོས་བསྒྱུར་མ་བྱས་ན་འགྲིགས་ཐབས་མེད་པ་དང་། དེ་ཡང་དབྱིན་ཇིའི་ལམ་ལུགས་ནི་ཧ་ཅང་འཚམ་པོ་འདུག་པ་གང་ལགས་ཤེ་ན། གོང་དུ་རྒྱལ་མོ་ཡོད་པ་དང་གཤམ་དུ་དུ་བློན་ཆེན་ནས་ཞིབ་ཕྲའི་ལས་ཀ་བྱེད་ཀྱི་ཡོད་ལ་གྲོས་ཚོགས་ཀྱིས་འདེམས་བསྐོ་ཡང་བྱེད་ཀྱི་ཡོད་པ་དེ་ལྟར་ང་ཚོ་བོད་དུའང་བྱེད་དགོས་ཤིང་། རྒྱལ་དབང་རིན་པོ་ཆེ་དང་རྒྱལ་ཚབ་ལ་གོ་གནས་ཐོབ་ཐང་སྔར་བཞིན་རང་འཇགས་འབུལ་བ་ལས་དེར་འགྱུར་བ་མི་གཏོང་རྒྱུའི་ཁར་མཚན་གནས་བླ་ན་མེད་པར་ཕུལ་ཏེ་རང་རེ་ཚང་མས་བརྩེ་བཀུར་མཐའ་གཅིག་ཏུ་ཞུ་དགོས་པ་དང་། གཙོ་བོ་བཀའ་ཤག་ལ་འགྱུར་ལྡོག་གཏོང་དགོས་ཤིང་ང་ཚོས་འདེམས་ཤོག་འཕང་སྟེ་བཀའ་བློན་བསྐོ་གཞག་བྱ་རྒྱུ་དང་། དེ་ཡང་ལོ་བཞི་རེའི་མཚམས་འདེམས་བསྐོ་ཐེངས་རེ་བྱེད་དགོས་ལ་འདེམས་ཐོག་འཕེན་སྐབས་དངོས་འབྲེལ་གདམ་ཁ་མ་ནོར་བ་བྱེད་དགོས་པ་སོགས་ཀྱིས་ངོས་འཛིན་དང་འབྲེལ་གྲོས་མོལ་གྱི་འཆར་གཞི་བཀོད་དེ་སྐྱིད་མཆོག་ཀུན་མཐུན་ཞེས་པའི་ཚོགས་པ་བཙུགས་༼ལུང་ཤར་ལས་འགུལ་ཡང་ཟེར་༽”ཞེས་དང་། བོད་རིག་པའི་ལོ་རྒྱུས་ཞིབ་འཇུག་ཆེད་ལས་པ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་“དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་སླར་ཡང་ངན་སྐུལ་གྱིས་བོད་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ངན་བྱུས་བཤམས། དུས་དེར་ལུང་ཤར་རྡོ་རྗེ་ཚེ་རྒྱལ་སོགས་ནས་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་གསང་བའི་སྒྲིག་འཛུགས་བཟོས། སྒྲིག་འཛུགས་འདིས་ཕྱི་ཚུལ་ནས་བསྟན་པ་རྒྱས་པ་དང་། འགྲོ་བ་འཕེལ་བ་སོགས་འབོད། དབྱིན་ཇིའི་རྗེས་འབྲངས་པ་ནས་ལྐོག་ཏུ་གྲོས་ངན་བཤམས་ཏེ། བོད་ལ་སྦྲེད་མོ་ཁེ་རེན་སི་ཞེས་དམངས་གཙོའི་རིང་ལུགས་ལག་ལེན་བསྟར་དགོས་ཟེར་”ཞེས་དང་། རྩོམ་པ་པོ་ལོ་རྒྱུས་མཁས་དབང་རྒྱལ་མོ་འབྲུག་པ་ལགས་ཀྱིས་“ལུང་ཤར་རྡོ་རྗེ་ཚེ་རྒྱལ་གཙོས་པའི་དཔོན་རིགས་འགའ་དབྱིན་ཇིའི་ངན་སྦྱོར་འོག་ཤོར་ཏེ། ལྐོག་ཏུ་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་གསང་བའི་ཚོགས་པ་ཞིག་སྒྲིག་འཛུགས་བྱས་”ཞེས་དང་། ལྷོ་ཨེ་ཤི་ཡའི་སློབ་དཔོན་པོ་ཆེན་པོ་ཆེ་མཁས་དབང་ཟླ་བ་ནོར་བུ་མཆོག་གིས་“དཔལ་འབྱོར་བློན་ཆེན་རྩིས་དཔོན་ལུང་ཤར་གྱིས་གུ་ཡངས་དམངས་གཙོ་ཚོགས་པ་ཞིག་སྟེ་བོད་གཞོན་སྐྱིད་སྡུག་ཅེས་པའི་མགོ་འཁྲིད་ཡོད་པ་རེད། རྒྱ་གར་དང་དེ་བཞིན་ལོན་ཀྲོན་ཡང་ཚུད་པའི་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གཅིག་ལ་བསྐྱོད་མྱོང་བའི་ལུང་ཤར་གྱིས་ལྷ་སའི་ནང་གི་ལས་རོགས་བཞི་དང་ལྷན་དུ་བཅོས་སྒྱུར་བྱེད་པའི་ལས་ཀའི་འཆར་གཞི་བཟོས་པ་རེད། ཡིན་ན་ཡང་འདི་ཚོའི་གསང་བ་ཕྱི་ལ་ཤོར་བ་དང་། ཁོང་ལ་རྒྱལ་འཚོང་པའི་ཉེས་ཁྲིམས་བཀལ་བར་བརྟེན་ཁོང་གི་བོད་འདི་དམངས་གཙོར་བསྒྱུར་བའི་ལས་དོན་དེ་རིམ་ཡལ་དུ་གྱུར་”ཞེས་དང་། ལྡབ་ཤོག་གཉིས་ལྡན་བོད་ཀྱི་མཁས་དབང་ཆེ་མོ་ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་“རྩིས་དཔོན་ལུང་ཤར་གྱིས་བོད་དམངས་གཙོའི་ལམ་ལུགས་བཙུག་རྒྱུའི་ཆེད་དུ་མནའ་མཐུན་ཚོགས་པ་བཙུགས་པ་ལ། མཐོ་རིམ་བླ་དཔོན་གྱི་ཁྲིམས་ཆད་བཏང་ནས་སྤྱིན་གཉིས་བཏོན་ད་དུང་དེས་བློ་ཡིད་མ་ཚིམ་པར་བླ་ཆེན་གྲགས་ཅན་གིས་ལུང་ཤར་བདུད་ཀྱི་སྤྲུལ་པ་ཡིན་ཚུལ་གྱི་ལུང་བསྟན་བརྩམས་ནས་བཀྲམ་པ་དང་། བོད་མི་དམངས་ཀྱིས་གྲགས་པའི་རྗེས་སུ་འབྲངས་ནས་ལུང་བསྟན་རྫུན་མ་དེར་ཡིད་ཆེས་ཀྱིས་ལུང་ཤར་བདུད་ཡིན་པས་རྔ་མ་སྐྱེས་ཡོད་ཚུལ་དང་”ཞེས་དང་། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་ན་གཞོན་རྩོམ་པ་པོ་སྒྲོལ་དཀར་སྐྱབས་ལགས་ཀྱིས་“རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་དང་རྩེ་དྲུང་ཐུབ་བསྟན་དགེ་ལྡན་གཙོས་རྩེ་ཤོད་དྲུང་མང་བོ་གསང་འབྲེལ་གྱིས་སྐྱིད་མཆོག་ཀུན་མཐུན་ནམ་བསྟན་པ་རྒྱས་པ་ཞེས་པའི་ཚོགས་པ་བཙུགས་ཏེ། བོད་འདི་ཕྱིར་ཡར་ཐོན་ལམ་ལུགས་ལྟར་རང་དབང་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་པའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུའི་གསང་གྲོས་བྱས། རྙིང་ཞེན་པས་གསང་གྲོས་དེ་ཐོས་འཕྲལ་སླར་ཡང་རྟོགས་ཞིབ་གང་ཡང་མེད་པར་གཞུང་སྲིད་མགོ་རྟིང་སློག་པའི་དམར་པོའི་ལུགས་ཡིན་ཚུལ་དང་། བོད་ཀྱི་སྲིད་དབང་ལུང་ཤར་སོགས་ནས་ཧམ་འཛིན་བྱེད་པའི་རེ་ངན་ཡོད་པ་སོགས་བསྙད་འདོགས་ཉེས་འགེལ་གྱིས་ལམ་སེང་འཛིན་བཟུང་བཙོན་འཇུག་བྱས། སྔོན་ཐོན་གྱི་བསམ་བློ་དང་དུས་རབས་ཀྱི་དཔལ་ཡོན་བསུ་བའི་གསར་བརྗེའི་དཔུང་ཁག་ལ་རྙིང་ཞེན་པས་དྲག་པོའི་བྱ་སྤྱོད་ལ་བརྟེན་ནས་བཙན་གནོན་ཐོག་ཧ་ལམ་རྩ་མེད་ལྟ་བུར་བཏང་། ལུང་ཤར་རྡོ་རྗེ་ཚེ་རྒྱལ་ནི་༸གོང་ས་བཅུ་གསུམ་པ་ཆེན་པོའི་དགོངས་བཞེད་དང་ཕྱིའི་ཡར་ཐོན་ལམ་ལུགས་ལ་རྒྱུས་མངའ་དང་སློབ་སྦྱོང་ཡོད་པར་མ་ཟད། རྙིང་ཞེན་དང་སྒོ་རྒྱག་གི་དྲ་བས་གཡོགས་པའི་བོད་ཀྱི་སྐུ་དྲག་གི་འཇིག་རྟེན་དེར་ལེགས་བཅོས་བཏང་སྟེ་དོ་སྙོམ་ཅན་དུ་བསྐྱོད་རྒྱུར་དགོངས་བཞེས་ཡོད་མཁན་ཞིག་ཡིན་”ཞེས་དང། བོད་ནང་གི་ན་གཞོན་རྩོམ་པ་པོ་མེ་ལྕེ་ལགས་ཀྱིས་“རྩིས་དཔོན་ལུང་ཤར་མཆོག་གི་བདེན་པའི་སྙིང་སྟོབས་ལ་བསམ་བློ་ངོས་ཐད་ནས་མ་ཁྱོགས་དྲང་མོའི་མིག་ཞགས་ཤིག་འཕངས་ན་ནི། དུས་རབས་ཉི་ཤུ་བའི་དུས་སྟོད་ནི་ཕྱི་ལོག་འགྲིམས་མྱོང་པའི་ཤེས་ལྡན་རྣམས་ཀྱིས་བོད་དུ་བསམ་བློ་གསར་པ་དང་ལམ་ལུགས་གསར་པ། རིག་གནས་གསར་བ་སོགས་ནང་འདྲེན་དང་དར་སྤེལ་གཏོང་དགོས་སྙམ་པའི་དུས་ཤེས་གསར་བའི་ཡོ་ལང་གི་མགོ་ཙམ་འབུས་པའི་དུས་སྐབས་ཤིག་ཏུ་འཁེལ་ཡོད་ལ། ལུང་ཤར་ལགས་ནི་དེ་དག་གི་མདུན་སྐྱོད་རུ་དཔོན་དང་གདོང་མཆོངས་རུ་འདྲེན་ལྟ་བུར་གནས་ཡོད་ཅེས་དང་། ཁོང་གིས་བསམ་པར་བོད་ཀྱི་སྒྲིག་འཛུགས་ལམ་ལུགས་བཅོས་བསྒྱུར་མ་བྱས་ཚེ། བོད་ལ་རེ་བ་དང་འཕེལ་རྒྱས་གསར་བ་མེད་པ་ཡིད་ལ་དགོངས་ནས་མི་མགོ་བརྒྱ་ལྷག་འདུས་པའི་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་ཚོགས་པ་ཞིག་སྒྲིག་འཛུགས་བྱས་ཏེ། བོད་དུ་དམངས་གཙོའི་བཅོས་བསྒྱུར་གྱི་སྲིད་ཇུས་ལྟ་བ་བཏོན་ཞིང་ལས་འགུལ་སྤེལ་བ་རེད། འཛམ་གླིང་གཅིག་མཚུངས་ལྟར་མི་ལོ་དུ་མའི་རིང་ལ་སྐུ་དྲག་མི་དྲག་རྣམས་ཀྱིས་དབང་བསྒྱུར་ནས་ཡོད་བའི་རུལ་མྱགས་ཀྱི་སྤྱི་ཚོགས་ཁྲོད་དུ་དེ་ལྟར་བུའི་ལས་འགུལ་དང་ལམ་ལུགས་སྤེལ་ན་ནི་རང་ལ་འབྲས་བུ་ཅི་ཡོད་ཤེས་སླ་མོད། འཇིག་རྟེན་དུ་བསམ་བློའི་རང་དབང་དང་དྲང་བདེན་གྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་རླབས་ཆེན་གྱི་སྐྱེས་བུ་རྣམས་ནི། དངོས་ཡོད་ཇི་ལྟར་གདུག་རྩུབ་ཆེ་ན་ཡང་འཚེར་སྣང་ཅི་ཡང་མེད་པར་མདུན་ནས་མདུན་དུ་སྐྱོད་པར་བྱེད་”ཞེས་དང་། བོད་རིག་པ་ཀུན་མཁྱེན་དུ་འབོད་པའི་གྷོལ་ཌི་སི་ཐེན་ལགས་ཀྱིས་“གསར་བརྗེའི་དཔའ་བོ་སྟེ་གཞུང་ཞབས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ནི་བོད་ཀྱི་ཆེས་ཡར་ཐོན་ཅན་གྱི་སྐྱ་བོའི་ལས་བྱ་ཞིག་ཡིན་པ་རེད། ཁོང་གིས་བོད་ཀྱི་ཆབ་སྲིད་ལམ་ལུགས་ནི་འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་ནས་བཟོ་དགོས་པ་དེ་ཤེས་ཡོད་པ་རེད་”ཅེས་དང་། ལུང་ཤར་གྱི་ལས་འགུལ་དེ་ནི་སྲོལ་རྒྱུན་ལེགས་བཅོས་དང་བཅོས་བསྒྱུར་བྱེད་ཐབས་བྱས་པ་མཐའ་མ་དེ་རེད། ཁོང་ལ་ཕམ་ཉེས་བྱུང་ན་ནི་བླ་མའི་རྒྱལ་ཁབ་ཤི་བའི་རྨང་གཞིའི་རྒྱུ་རྐྱེན་གཙོ་བོར་ཏན་ཏན་མཐོང་ཡོད་པ་རེད་ཅེས་དང་། ཡང་ལུང་ཤར་གྱིས་བཀའ་བློན་རེའི་ཞབས་ཡུལ་དེ་ལོ་བཞིའི་ཚད་བཟོ་འདོད་ཡོད་པ་དང་། དེ་ཡང་བོད་ལྗོངས་ཚོགས་འདུ་ལ་དེ་འདེམས་བསྐོ་དང་དེའི་འགན་ཡོད་བྱེད་འདོད་པ་རེད་”ཅེས་དང་། དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཟུར་བ་ཧོར་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་“སྐྱིད་མཆོག་ཀུན་མཐུན་གྱི་ཡིག་ཆ་ནི། རྒྱལ་བ་ཡིད་བཞིན་ནོར་བུ་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་དགོངས་པ་གཞན་དོན་ལ་གཤེགས་གྲུབ་པ་དང་། བོད་ཀྱི་རྒྱལ་ཚབ་ཐུགས་འགན་བསྐྱེད་མཁན་རྭ་སྒྲེང་རིན་པོཆེ་ཁྲིར་བཞེངས་གནང་ཡོད་ཀྱང་ད་ལྟ་ཕྱག་དཔེ་གསན་བསམ་མཛད་རྒྱུ་མ་གཏོགས་ཆབ་སྲིད་ཀྱི་ཉམས་མྱོང་ལྟར་བཞག་བླ་བྲང་གི་འཛིན་སྐྱོང་ཐུགས་འགན་བསྐྱེད་བཞེས་ཇི་བཞིན་གནང་མྱོང་མེད་པར་སོང་། བོད་རྒྱལ་ཁབ་ཀྱི་ཆབ་སྲིད་འཛིན་སྐྱོང་ད་ལྟ་ནང་ཚགས་འཚུད་ཇི་བཞིན་མ་བྱུང་ཚེ་ཕྱིན་ཆད་སྐུ་ངལ་ཅི་ཆེ་ཡོང་རྒྱུ་གང་ལ་ཞེ་ན། སྡེ་འབངས་མི་སེར་གྱི་འཚོ་འཚིས་དང། གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཚགས་འཚུད་གཏན་གནས་ཐུབ་ཐབས། ཆབ་འབངས་ལ་བདེ་སྐྱིད་ཡོང་ཐབས་གཙོ་གལ་ཆེ་བར་༸ས་དབང་རྣམ་པ་ཚོས་དགོངས་བཞེས་ཐུགས་འགན་རྐང་བཞེས་གནང་དགོས་པ་ཆགས་ཡོད་ཙང་དེ་དོན་ཁུར་བཞེས་གནང་སྐྱོངས་ཞུ་རྒྱུ། ད་མུས་ཉེ་དགའ་ཕྱོགས་ལྷུང་ཁོ་བར་ཞུགས་ཚེ་ཆོས་སྲིད་གཉིས་ལྡན་གཞུང་གི་མཚན་ཤས་ཞབས་འདྲེན་ཆབ་འབངས་མི་སེར་གྱི་བདེ་རྩར་ཕན་ལས་གནོད་ཆེ་འགག་རྩའི་གནད་དོན་ལ་ཐུག་པས། སླད་ཕྱིན་ཞབས་པད༸ས་དབང་རྣམ་པ་དེང་རབས་དམངས་གཙོའི་ལམ་སྲོལ་དང་མཐུན་པའི་འོས་བསྡུའི་ལམ་ནས་བསྐོ་འདེབས་གནང་དགོས། དེ་ཡང་ལས་ཡུན་ལོ་རེའི་མཚམས་ཞབས་པད་འོས་འདེབས་ལས་ཁུར་ཁྱུར་རེས་བྱེད་ཚེ་ཆབ་འབངས་མི་སེར་གྱི་བདེ་རྩ་དང། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཐད་གཟིགས་སྐྱོང་ཐུབས་འགན་མ་བཞེས་མཐུ་མེད་ཆགས་རྒྱུ། ཞབས་པད་ཀྱི་གོ་གནས་ཁ་འཛིན་གཏན་འཇགས་ཀྱི་བཟོ་འདྲ་པོ་སྔ་སོང་ད་འགྲོ་མི་ཡོང་བའི་དགེ་མཚན་ཆེ་ལུགས་རྒོལ་གཏམ་ལས་འཆར་གང་བཏིངས་ཚོགས་འདུར་འབུལ་རྒྱུའི་གོས་བསྡུར་བྱས་”ཞེས་སོགས་ཀྱིས་དངོས་ཐོག་བདེན་དོན་གྱི་ལོ་རྒྱུས་ཉི་མ་ཤར་འདྲ་བ་དེ་དག་ཕྲག་དོགས་ཅན་གྱི་སྦར་མོས་འགེབས་ཐབས་ཀྱིས་ངོ་ཚ་ཁྲེལ་ཡོད་རྒྱབ་ཏུ་བསྐྱུར་ཏེ་མི་གཞན་ལ་བསྙོན་འཛུགས་ཀྱིས་འཁྲབ་སྟོན་བྱེད་ཕོད་པ་དེ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་མ་རེད་དམ། ཡང་འཇམ་དབྱངས་ནོར་བུ་ལགས་ཀྱིས་”ལུང་ཤར་གྱི་བཅོས་སྒྱུར་ལས་འགུལ་ནང་ཡོད་པའི་མི་དེ་ཚོས་ནི་བཅོས་བསྒྱུར་ཞིག་འཁྱེར་ཡོང་བ་མིན་པར་གཞུང་ཞབས་སྐྱ་བོའི་དབང་ཆའི་ཁ་གཏད་གཅོག་པ་དང་། དམག་མིའི་ནུས་ཤུགས་གཅོག་པ། དེང་རབས་ཅན་སྔོན་འགོག་བྱེད་པ་བཅས་ཡིན་པ་ནི་གསལ་པོ་རེད། ལུང་ཤར་གྱིས་ནུས་པ་ཐོན་པའི་ཐོག་ནས་དེང་རབས་དམག་མིའི་ནུས་པ་ཉམས་བཅུག་པ་དང་། ཧ་ཅང་རྙིང་ཞེན་པའི་དཔུང་ཁག་ལ་གྲུབ་འབྲས་ཐོན་པའི་འགན་ལེན་བྱས་པ་བཅས་ཀྱིས་༡༩༥༠ལོའི་རྒྱ་དམར་གྱི་བཙན་འཛུལ་འདི་ལམ་ལྷོང་ཡོང་བར་རོགས་རམ་རྒྱ་ཆེན་པོ་བྱས་ཡོད་པ་རེད་ཅེས་དང་། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་བཅོས་སྒྱུར་གནང་བའི་བོད་ཀྱི་དེང་རབས་དམག་དཔུང་དེར་དམའ་འབེབས་གཏོང་མཁན་གཙོ་བོ་དེ་རེད།་”ཅེས་སོགས་རང་གིས་རང་རློམ་ཆེན་པོས་དཔང་རྟགས་རྒྱུ་མཚན་རྟ་རྔ་ཙམ་ཡང་མེད་པར་སེམས་ལ་གང་དྲན་བྲིས་དེ་ནི། འཇམ་ནོར་ལགས་ཁོང་རང་མང་གཙོ་ཅན་དང་། གུ་ཡངས་ཅན། རང་དབང་ཅན་ཡིན་མདོག་བྱས་པ་ཡོངས་སུ་འགལ་བ་མ་ཟད། ལྷག་པར་ལོ་རྒྱུས་ནག་པོ་ཞེས་པའི་རྩོམ་ཡིག་དེ་རང་ནང་ལོ་རྒྱུས་སྨྲ་བའི་མཁས་དབང་གཞན་དག་ལ་དེ་འགྲིགས་མི་འདུག་དེ་ཚང་མི་འདགུ་དེ་ནོར་འདུག་དེ་ལོ་རྒྱུས་ཀྱི་ལྟ་གྲུབ་དང་འགལ་འདུག་ཅེས་ལོ་རྒྱུས་ལ་བརྩི་འཇོག་ཆེ་མདོག་གི་རྣམ་པ་སྟོན་བཞི་དུ་ལུང་ཤར་མདུན་དུ་རྩོམ་པ་པོའི་སྨྱུ་གུ་འགུལ་ཕྱོགས་དེ་བསལ་བློའི་ཞེན་འགོག་གི་དབང་དུ་སོང་ནས་རྩོམ་པ་པོའི་གདོང་རིས་ངོ་མ་ཕྱིར་མངོན་ཡོད། མདོར་ན་བོད་ཀྱི་འདས་པའི་ལོ་རྒྱུས་སྔོན་ཐོག་གི་ཐོན་བསམ་བློ་བསམ་བློའི་སྐྱ་རེངས་འདྲེན་པའི་དེ་ཕོ་དང་། ལམ་ལུགས་རྙིང་པར་བསྒྱུར་བཅོས་དོན་གཉེར་གྱི་དེད་དཔོན། གངས་ཅན་གདོང་དམར་གྱི་མེས་པོ་དང་གསར་བརྗེའི་དཔའ་བོ་ལུང་ཤར་མཆོག་ལ་བག་ཆགས་ངན་པ་བཟོ་ཐབས་བྱེད་པ་ནི། ལེགས་བཤད་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ན། ། རྒྱུ་མཚན་མེད་པར་གཞན་དག་རྒྱུགས།། ཞེས་གསུངས་པ་དེ་ནི་ཅི་མི་བདེན་སྙམ། ལུང་ཤར་མཆོག་གིས་༸གོང་ས་མཆོག་གི་དགོངས་གཞི་ལྟར་བོད་དམག་རྣམས་སྔར་ལྟར་མ་ཡིན་པར་དེང་རབས་ཀྱི་དམག་དཔུང་དུ་བསྒྱུར་ནས་ཕྱི་བཙན་འཛུལ་དམག་དཔུང་རྣམས་བཀག་འགོག་ཐུབ་པ་ཞིག་དགོས་གལ་ཆེ་བར་གཟིགས་ཏེ། དམག་སྦྱོང་དང་། དམག་རྩལ། དམག་བྱུས། གོ་ལག་སོགས་ཡར་རྒྱས་གཏོང་ཆེད་དམག་ཕོགས་འདུ་འགོད་སླད་༼འབབ་ཞིབ་ལས་ཁུངས་༽ཞེས་པ་གསར་དུ་བཙུགས་ནས་སྡེ་དཔོན་མི་དྲག་གི་གཞིས་ཀ་དང་། ཡབ་གཞིས། ཆོས་གཞིས་ཁག་བཅསདང་དེ་མིན་བཀའ་གཞིས་དང་མདའ་གཞིས་ཟེར་བའི་ཁྲིམས་འགལ་གཞིས་ཀ་འཕར་མ་ཡོད་པ་དེ་དག་ལས་དམག་ཕོགས་ཀྱི་དོད་དུ་འབྲུ་རིགས་འཕར་མ་བསྡུས་ཡོད། སྐབས་དེར་འབྲུ་རིགས་འབབ་ཞིབ་འགེལ་ཡུལ་སྡེ་དཔོན་མི་དྲག་དང་ཆོས་གཞི་ཁག་གི་ཕྱག་མཛོད་སོགས་ཀྱིས་རྩིས་དཔོན་ལུང་ཤར་མཆོག་ལ་མི་དགའ་བའི་གླེང་ཕྱོགས་ཆེན་པོ་བྱུང་ཡོད། སྐུ་ངོ་བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་“སྐབས་དེར་ཁོང་རང་ནས་འབབ་ཞིབ་ཀྱི་ཡོང་ཁུངས་སྡེ་དཔོན་མི་དྲག་དང། སྒེར་པ་ཆོས་གཞིས་བཅས་ནས་འབབ་བཟོ་བྱས་པར་བརྟེན་སྡེ་དཔོན་ཁག་དང། མཐོ་རིམ་མི་སྣ་ཚོས་ལུང་ཤར་ལ་མི་དགའ་བའི་གླེང་ཕྱོགས་མང་པོ་བྱུང་ཡང། ༸གོང་ས་མཆོག་ནས་ལུང་ཤར་ལ་གཟིགས་པ་ཆེན་པོ་དང། ཐུགས་བློ་འགེལ་ཡུལ་ཞིག་ཡིན་སྟབས་ཁོང་ལ་སུས་ཀྱང་གནོད་འཚེ་གཏོང་མ་ཐུབ་”ཅེས་དང་། སྐུ་ངོ་བཀའ་ཟུར་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་གིས་“སྐབས་དེ་དུས་ཏཱ་ལའི་བླ་མའི་གཟིགས་བསྐྱངས་ཆེན་པོ་ཡོད་སྟབས་རྒྱབ་རྩ་བཟང་བས་སུས་ཀྱང་གནོད་འཚེ་གཏོང་ཐུབ་མི་འདུག”ཅེས་སོགས་གསུངས་འདུག ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་རང་ཅག་བོད་མའི་བསོད་ནམས་ཀྱི་ཡོལ་གོར་མ་འཆུན་པར་གློ་བུར་དུ་དགོངས་པ་གཞན་དོན་གཤེགས་རྗེས། གསར་བརྗེའི་དཔའ་བོ་རྩིས་དཔོན་ལུང་ཤར་མཆོག་གི་གསར་བརྗེའི་སྤྱི་ཚོགས་ལེགས་བཅོས་ལམ་ལུགས་ལ་ཕམ་ཉེས་བྱུང་བ་དེས། སྐབས་དེར་དེ་སྔའི་བོད་ལམ་ལུགས་དང་། སྲིད་བྱུས། དམག་དོན་བཅས་ལ་དུས་བསྟུན་བསྒྱུར་བཅོས་ཤུགས་ཆེན་བྱུང་མེད་སྟབས་རྒྱ་དམར་ཇག་པས་བོད་ལ་དྲག་པོའི་བཙན་འཛུལ་ལས་སླ་བོའི་ངང་ནས་བྱེད་ཐུབ་པ་བྱུང་ཡོད། སྤྱི་བཏང་ང་ཚོས་དབྱེ་ཞིབ་ལྷུག་འགྲོལ་གྱིས་བརྡར་ཤ་བཅད་དེ་སྐྱོན་ནད་ཆེ་ཕྲ་གང་ཡིན་ལ་གཤགས་བཅོས་བྱས་ནས་ང་ཚོའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལེགས་བཅོས་བྱེད་དགོས་ལ། རང་དབང་གི་སྤྱི་ཚོགས་ནང་བསམ་ཚུལ་དང་ལྟ་ཚུལ་སྣ་ཚོགས་ཤིག་ཡོང་ཆོག་ལ་ཆོག་ཀྱང་དགོས་པ་ཡིན། ཡིན་ནའང་ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་དེར་རྩོམ་པ་པོའི་དགའ་ཕྱོགས་དང་བསྟུན་ནས་བཅོས་བཟོ་བྱས་ན་མི་འགྲིགས་ཤིང་། ལོ་རྒྱུས་ལ་ཚང་མས་མཐའ་གཉིས་སུ་མ་ལྷུང་བར་དངོས་ཡོད་དང་དྲང་བདེན་ལ་གཞི་བཅོལ་ནས་བསམ་ཚུལ་འདོན་པ་ལས། རང་ཉིད་དང་བསམ་ཚུལ་མི་མཐུན་པ་དང་ལྟ་བ་མི་མཐུན་པ་ཙམ་རྒྱུ་མཚན་གྱིས་གུ་དོག་གི་བསམ་བློས་གཞན་གྱིས་རླབས་ཆེན་བྱ་བཞག་ལ་ལོག་འགྲེལ་བརྒྱབ་ཏེ་ཁུང་ལུང་གཏན་ནས་མེད་པར་གང་སར་བསྒྲགས་པ་དང་། ནག་གསུབ་གཏོང་རྐྱང་བྱེད་པ་ནི་བོད་མི་རིགས་དང་རྒྱལ་ཁབ་གདུང་བའི་ངུ་ངག་རྣལ་མ་ཞིག་མ་ཡིན་པར། གང་ཟག་གཞན་ལ་ཟུར་ཟ་དང་འཕྱ་སྨོད་ཀྱི་བརྗོད་ཚིག་འབའ་ཞིག་ཏུ་མངོན། རྩོམ་ཡིག་འབྲི་མཁན་ཚོས་ཉེ་དགའ་ཕྱོགས་རིས་དང་། སྤྲེལ་ལད་ཆགས་སྡང་རགས་པའི་གཞན་དབང་དུ་མི་འགྱུར་བར་དངོས་ཡོད་ལོ་རྒྱུས་དང་། དོན་དངོས་ཀྱི་གནས་ཚུལ་ལ་ཁུངས་གཏུགས་ནས་འབྲི་དགོས་པ་ལས་རང་སྣང་གང་དྲན་གྱིས་དངོས་བྱུང་ལོ་རྒྱུས་ལ་འཁྱོག་བཤད་དང་རྫུན་སྒྲིག་བྱས་ནས་སྐྱེ་བོ་གཞན་ལ་སྒྲོ་སྐུར་དང་། འཆལ་གཏམ། རང་རྒྱལ་གཞན་ཕམ་སོགས་ཀྱིས་ལྷད་སྐྱོན་མ་འདྲེས་པར་དོན་དངོས་དང་། དྲང་བདེན་གཞི་རྩར་བཞག་ནས་འབྲི་རྒྱུ་གལ་འགངས་ཤིན་ཏུ་ཆེ། འདས་པའི་ལོ་རྒྱུས་ནི་འབྱུང་འགྱུར་ལམ་སྟོན་གྱི་སྒྲོན་མེ་ཡིན། རང་དང་མི་མཐུན་པ་རྒྱུ་མཚན་གྱིས་གཞན་ལ་ཞྭ་ནག་བསྐོན་ཐབས་ཀྱི་བྱ་བར་བརྩོན་པ་དེ་ནི། སྤྱི་བཏང་མི་ཆོས་རིང་ལུགས་ཀྱི་སྟེང་ནས་བཤད་ན་ཡ་རབས་བཟང་སྤྱོད་ཀྱི་བག་ཆགས་དྲི་མ་ཙམ་མེད་པའི་ཆེས་ཐ་ཤལ་གྱི་རང་རྟགས་ངོ་མ་ཕྱིར་མངོན་པ་ཞིག་ཡིན་པ་མ་ཟད་ད་དུང་འོ་དྲི་དག་མེད་པའི་རྟགས་ལྟ་བུ་མངོན་གྱི་འདུག་སྙམ། སྨྲ་རྗོད་རང་དབང་ཡིན་ཟེར་ནས་ས་མཚམས་གང་ཡང་མེད་པར་ལོ་རྒྱུས་ལ་འཁྱོག་བཤད་དང་དོན་དངོས་སྦས་འགེབས་བྱ་ན་ཞི་བདེ་དང་། དྲང་བདེན་འཚེ་བ་མེད་པ་སོགས་ཤོད་མཁན་གྱི་མི་རིགས་ཤིག་གི་ངོས་ནས་བརྗོད་ན་ངོ་མ་ངོ་ཚ་དགོས་པ་ཞིག་མ་རེད་དམ། ད་དུང་ངོ་ཚ་དགོས་ས་ཞིག་ནི་རང་གི་ཁེ་ཕན་གྱི་ཆེད་དུ་ལོ་རྒྱུས་རིག་པར་རྟོགས་ཞིབ་གང་ཡང་མེད་པར་རླབས་ཆེན་གྱི་མི་སྣ་ཞིག་གི་ལོ་རྒྱུས་ནག་གསུབ་གཏོང་འདོད་ཀྱི་ཀུ་ཅོ་འདོན་པ་འདི་རེད།
མཐའ་དོན་ང་ཚོས་བོད་ཀྱི་ལོ་རྒྱུས་ནང་བོད་ཀྱི་མང་གཙོའི་འཕེལ་རིམ་ལ་དབྱེ་ཞིབ་དང་། བགྲོ་གླེང་། གཏམ་བཤད་སོགས་བརྒྱུད་ནས་བོད་ཀྱི་མང་གཙོའི་བྱུང་བ་ལ་ངོས་འཛིན་དང་གདེང་འཇོག་ཅི་འདྲ་བྱས་ཀྱང་བོད་ལ་མང་གཙོ་ཟེར་བའི་མཐའ་སྙད་དེ་ནུས་ནམ་ཞིག་ལ་བོད་ལ་དར་མིན་དང་། བོད་ལ་དེའི་ཤིང་རྟའི་སྲོལ་བྱེད་སུ་ཡིན་མིན། བོད་ཀྱི་མང་གཙོའི་ལས་འགུལ་དང་པོ་ཕམ་ཉེས་ཇི་ལྟར་བྱུང་ཚུལ་སོགས་ནས་འགོ་བརྩམས་ནས་ཞིབ་འཇུག་ཡང་དག་པ་ཞིག་བྱས་ན། བོད་ཀྱི་མང་གཙོའི་འཕེལ་རིམ་དེ་ལོ་རྒྱུས་ཀྱི་ཆོས་ཉིད་དང་། འཛམ་གླིང་གི་མང་གཙོའི་འཕེལ་རིམ་ཅུང་མཐུན་ཤས་ཆེ་བ་ཡོང་གི་རེད་ལ་བོད་ཀྱི་མང་གཙོའི་རིན་ཐང་ཡང་དེ་བས་ཆེ་རུ་འགྲོ་ངེས་རེད། དེ་ན་ང་ཚོས་བོད་ཀྱི་མང་གཙོའམ་གསར་བརྗེའི་སློབ་དཔོན་ཐོག་མ་དེ་སུ་ཡིན་མིན་ངོས་འཛིན་དང་གདེང་འཇོག་ཡང་དག་པ་ཞིག་ཡོང་བ་མ་ཟད། རྙིང་ཞེན་མཁྲེགས་འཛིན་ཕྱོགས་ཁག་གི་སྡུག་སྦྱོང་མནར་གཅོད་ཕོག་པའི་རྩིས་དཔོན་ལུང་ཤར་ལའང་ལོ་རྒྱུས་རང་བཞིན་གྱི་གདེང་འཇོག་ཡང་དག་པ་ཞིག་ཐོབ་ཀྱི་རེད།།
གཤམ་གྱི་ཚིགས་བཅད་དེ་གཉིས་ཀྱི་གསར་བརྗེའི་དཔའ་བོ་རྩིས་དཔོན་ལུང་ཤར་རྡོ་རྗེ་ ཚེ་རྒྱལ་མཆོག་གི་མང་གཙོའི་ལས་འགུལ་ལ་ཕམ་ཉེས་བྱུང་རྗེས་ཁོང་གི་སྤྱན་འབྲས་ གཉིས་དབྱུང་ནས་བཙོན་ཁང་དུ་བཅུག་སྐབས་བཙོན་ཁང་ནང་ནས་སྤྱན་ཟུང་མེད་ཀྱང་བོད་ཡིག་ཤར་མར་བྲིས་གནང་བ་རེད། རྩོམ་ཡིག་ཐུང་ངུ་དེས་རྙིང་ཞེན་ཕྱོགས་ཁག་གིས་བོད་ ཀྱི་མང་གཙོའི་དེད་དཔོན། མིག་རྒྱང་རིང་བའི་རླབས་ཆེན་གྱི་སྐྱེས་མཆོག་དམ་པ་ཞིག་ ལ་གདུག་རྩུབ་ཇི་ལྟར་བཏང་བ་ར་སྤྲོད་བྱེད་ཀྱིན་འདུག་སྙམ།
སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།།
བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།།
དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།།
རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུང།།
ཆུ་སྦུར་མིག་གཉིས་ས་ལ་དབྱུང་ན་ཡང་།།
ཡེ་ཤེས་སྤྱན་རས་འདི་ལ་དབྱུང་ཐབས་ཅི།།
བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།།
འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།།
མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།།
བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།།
གཞན་གྱིས་བཙོན་ཁང་མུན་པ་རྟིང་རིང་ཟེར།།
རང་སྣང་འོད་གསལ་ཀློང་ཡངས་ཕུག་པ་ནས།།
སྙོམ་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ།།
རྡོ་རྗེས་ཚེ་རྒྱལ་ཞེས་པས་ཕྱག་བཅས་ཕུལ།།
ཞེས་ཉེ་རབས་བོད་ཀྱི་གསར་བརྗེའི་སློབ་དཔོན་ལུང་ཤར་མཆོག་གིས་བཙོན་ཁང་ནང་བྲིས།
༡༽ དུས་འགྱུར་མ་བྱུང་གོང་བོད་དུ་ཆབ་སྲིད་སྐྱོང་རིམ། ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༢༤
༢༽ ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པའི་མཛད་རྣམ་སྙིང་བཏུས།
༣༽ བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས། ༢། ༡༦
༤༽ བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། སྨད་ཆ།
༥༽ མི་ཚེའི་བྱུང་བ་བརྗོད་པ། དེབ་དང་པོ།
༦༽ བོད་ཀྱི་རྒྱལ་རབས་དེབ་ཐེར་ནག་པོ།
༧༽ དེབ་ཐེར་ཀུན་གསལ་མེ་འོང།
༨༽ བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།
༩༽ བོད་རེ་བ་ཅན།
༡༠༽ ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཀྱི་དྲ་བ། བོད་ཀྱི་ལོ་རྒྱུས་ཐོག་གི་བསམ་བློ་གསར་རྙིང་གི་འགལ་འཐབ་རགས་གླེང༌།
༡༡༽ མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། ལུང་ཤར་བའི་བདེན་པའི་སྙིང་སྟོབས།
ཨ་རོཊ། ངེད་ཚང་གི་ལོ་རྒྱུས་ཉི་མ་འདྲ་ཙམ་ཞིག་ཡང་ཨེ་ཡིན་ན། རྐང་གཉིས་ས་ལ་བཙུག་ནས་བདེན་པ་བཤད་ན་ཐམས་ཅད་ལ་ཕན་ནོ།
རིང་དྲགས་ནས་ཀློག་དུས་རག་མ་སོང་།
འབྲི་མཁན་དཀའ་ལས་མ་ཁག་པ་དཔེ་རེད། གོ་རྒྱུ་འཚོ་རྒྱུ་མེད་པའི་རྩོམ་ཡིག་འདི་ཀློག་པར་ཐང་ཆད་སོང་། ལོ་རྒྱུས། ལོ་རྒྱུས། གང་ཡང་བལྟ་སོ་མེད་པའི་ལོ་རྒྱུས་དེ་ཚོར་དཔྱད་པ་བྱེད་མཁན་འདི་སྨྱོན་པ་རང་འཚོ་མ་ཟིན་པ་ཞིག་ཡིན་པ་ཐག་ཆོད། ལུང་ཤར། ལྷ་ཀླུ་ལ་སོགས་པའི་མི་ངན་དེ་ཚོ་བོད་རྒྱལ་ཁབ་བཙོང་མཁན་གྱི་བྱེད་སྟེ་གཙོ་བོ་ཡིན་པ་ལོ་རྒྱུས་ཡིག་ཆ་ཁག་ལས་གསལ།
དྲ་གྲོགས་དགའ་ལྡན་ལགས།ཁྱེད་ཀྱིས་གུས་པའི་རྩོམ་དེར་(གོ་རྒྱུ་འཚོ་རྒྱུ་མེད་པའི་རྩོམ་ཡིག་འདི་ཀློག་པར་ཐང་ཆད་སོང་།)ཞེས་བྲིས་འདུགགཅིག་བྱས་ན་ཡིན་སྲིད་པ་ཞིག་རེད།བཅོམ་ལྡན་འདས་ཀྱིས་གསུང་ཟབ་མོ་སྟོང་པ་ཉིད་བསྟན་པའི་ཤེར་ཕྱིན་གྱི་མདོ་མར་ཁུ་ལྟ་བུ་དེ་དག་ལ་ཐེག་དམན་པ་ཚོས་དེར་གོ་རྒྱུ་ཚོར་རྒྱུ་མི་འདུག་དེ་ནི་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་བརྗོད་མྱོང་ཡོད་རེད།
ཁྱེད་ཀྱིས་གནམ་སྟོང་ལག་གཡུག་གི་ངང་ནས་(ལུང་ཤར། ལྷ་ཀླུ་ལ་སོགས་པའི་མི་ངན་དེ་ཚོ་བོད་རྒྱལ་ཁབ་བཙོང་མཁན་གྱི་བྱེད་སྟེ་གཙོ་བོ་ཡིན་པ་ལོ་རྒྱུས་ཡིག་ཆ་ཁག་ལས་གསལ།)ཞེས་ཚོད་དཔག་ལྟ་བུ་ཞིག་བྲིས་འདུགངོ་མ་ཁྱེད་ཀྱིས་བརྗོད་པ་ལྟར་གསར་བརྗེའི་དཔའ་བོ་ལུང་ཤར་མཆོག་དང་ཁོང་གི་སྲས་ལྷ་ཀླུ་གཉིས་རྒྱལ་ཁབ་བཙོང་མཁན་གྱི་བྱེད་སྟེ་གཙོ་བོ་ཡིན་པའི་བདེན་དཔང་ལོ་རྒྱུས་ཤིག་ཡོད་ན།ལོ་རྒྱུས་དེ་དག་གི་མིང་ཞིག་སྨྲོས་ནས་དེར་དྲོངས་དང་།དེ་ནས་ང་ཚོས་སྔར་བྱུང་གི་ལོ་རྒྱུས་དཔང་དུ་བཞག་སྟེ་རིག་པའི་བགྲོ་གླེང་ཞིག་བྱ་འདོད་ཡོད།
སུ་སྨྱོན་པ་རང་འཚོ་མ་ཟིན་པ་ཞིག་ཡིན་མིན་ང་ཚོ་རིག་པའི་བགྲོ་གླེང་གི་སྐབས་སུ་བལྟ་ཆོག་གི་རེད།
ལོ་རྒྱུས་རིང་པོ་འདུག གོ་ཁག་པོ་འདུག ཡིན་ནའང་ཤེར་ཕྱིན་གྱི་མདོ་ནང་བཞིན་འཁྲེགས་པོ་མི་འདུག སུ་བདེན་པ་ཡིན་མིན་མིཤེས། ཡིན་ནའང་འཇམ་དབྱངས་ནོར་བུ་ལགས་ཀྱིས་གསུངས་པ་དེ་དངོས་ཡོད་ཡིན་སྲིད། གང་ཡིན་ཞེ་ན་ཁོ་རང་ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག ཁོ་རང་དངོས་གནས་མཁས་པ་རེད་དྲང་པོ་ཡང་ཡོད་རེད། ད་དུང་དཔྱད་པ་བྱེད་ཀྱི་ཡིན།
ལོ་རྒྱུས་རིང་པོ་འདུག གོ་ཁག་པོ་འདུག ཡིན་ནའང་ཤེར་ཕྱིན་གྱི་མདོ་ནང་བཞིན་འཁྲེགས་པོ་མི་འདུག སུ་བདེན་པ་ཡིན་མིན་མིཤེས། ཡིན་ནའང་འཇམ་དབྱངས་ནོར་བུ་ལགས་ཀྱིས་གསུངས་པ་དེ་དངོས་ཡོད་ཡིན་སྲིད། གང་ཡིན་ཞེ་ན་ཁོ་རང་ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་དངོས་གནས་མཁས་པ་རེད་དྲང་པོ་ཡང་ཡོད་རེད། ད་དུང་དཔྱད་པ་བྱེད་ཀྱི་ཡིན། རྩིས་དཔོན་ལུང་ཤར་གྱི་བཙོན་ཁང་ནང་དུ་གསུངས་པ་དེ་ལ་མངོན་པར་བསྟོད་དོ།
ཁྱོད་ཀྱི་རྩོམ་དེ་རིང་དྲགས་པས་ངས་ཚང་མ་ཀློག་འདོད་ཀྱང་ཡིན་ན་ཡིན་ཏོག་ཙམ་ཉོབས་སོང་དེ་ནས་འཚམས་བཞག་ཡིན། རྩོམ་གྱི་ཁ་བྱང་འདི་ལ་ལྟས་ན་ཏོག་ཙམ་མ་བདེ་བ་ཞིག་བྱུང་སོང་གང་ཡིན་ཟེར་ན་ཚིག་པ་མི་ལ་ཟ་ན་མགོ་ལྕག་རྟ་ལ་གཞུ་ཟེར་བ་རེད།།
ལོ་རྒྱུས་ངས་ཧ་མི་གོ། འདིར་དྲ་གྲོཊ་རག་ཕྱགས་ལགས་ལ་ནོར་བཅོས་ཞིག་བྱེད་བསམ་སོང་། དེ་ཡང་གཏམ་དཔེ་དེ་ལ་༼ཚིག་པ་གཡག་ལ་ཟོས་ན། ལུང་ལྕག་རྟ་ལ་བྱེད་༽ཟེར།
དེ་ནི་འབྲོག་པ་ཚོས་ཁལ་མ་དེད་ནས་འགྲོ་སྐབས་ཁལ་གཡག་ཚོས་ལམ་ལོག་འཐེན་སྐབས་འབྲོག་པ་ཚོས་རྟའི་བརླ་དང་དང་མཁལ་མའི་བར་ལ་༼ལུང་ཟེར༽་ལྕག་བྱེད་པ་དེའོ།
གོང་གི་དྲ་གྲོགས་དགའ་ལྡན་ཞུ་བ་ཁོང་ནི་ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་དང་།བསམ་ཞིབ་རྟ་རྔ་ཙམ་ཡང་མེད་པ་ཆག་འཇིག་ཉམ་ང་ཡོད་ཚད་གཞན་ལ་ལེ་ཁག་དཀྲིས་མཁན་ཞིག་མིན་ནམ་སྙམ།ཡང་ན་དེ་མིན་གྱི་སྡུག་ནད་མ་ཐེག་པའི་རྒྱུ་རྐྱེན་གཞན་ཞིག་ཡོད་སྲིད།
གང་ཡང་བོད་མི་ཤེས་ལྡན་བསམ་ཡོད་སུ་ཡིན་ནའང་ལུང་ཤར་དང་ལྷ་ཀླུ་གཉིས་ཀྱི་ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་ཆེ་མཛངས་ཤིང་རྟུལ་ཕོད་པ་ཡིན་པ་ཀུན་ཤེས་རེད་ལ་གཤམ་གྱི་ལོ་རྒྱུས་ཀྱི་དུམ་བུ་ཐུང་ཐུང་དེས་ཁོང་གཉིས་ལ་ཤེས་རྟོགས་བྱ་རྒྱུའི་ལམ་ཞིག་བསྟན་ཡོད།
དྲ་གྲོགས་དགའ་ལྡན་ལགས།
ལུང་ཤར་གྱིས་ཕྱི་ལོ་༡༩༡༤ནས་༡༩༣༦བར་གྱི་བོད་ལ་མང་གཙོ་དང་བཅོས་བསྒྱུར་གྱི་བྱ་གཞག་རླབས་པ་ཆེ་དེ་དག་གཟིགས་མྱོང་ངམ།གོང་གིས་བོད་ཀྱིས་བཅོས་བསྒྱུར་གྱི་ཆེད་ཐེངས་དང་པོ་འབབ་ཞིག་ལས་ཁུངས་ཟེར་བ་བཙུགས་པ་ནས་བཟུང་།ཁོང་གིས་དབྱིན་ལན་ལ་བོད་ཕྲུག་བཞིས་དེང་དུས་ཀྱི་སློབ་བྱེད་པར་འཁྲིད་པ་དང་།ཚུར་ལོག་རྗེས་བོད་དམག་རྒྱ་སྐྱེད་དང་།བཟོ་ལས་གོང་འཕེལ།མཐར་སྐྱིད་ཕྱོགས་ཀུན་དགེ་ཞེས་པའི་མང་གཙོའི་ལས་འགུལ་སྤེལ་རྒྱུར་གཞོན་སྐྱེས་བརྒྱ་སྐོར་འཛོམས་པའི་དངོས་སུ་ཚོགས་པ་བཙུགས་བཅས་ལ་བརྟེན་ནས་ཕྱི་ལོ་༡༩༣༧ལོར་ཁོང་ལ་ཉེས་མེད་ཉེས་འགེལ་གྱིས་ཁྲིམས་ཆད་བཏང་སྟེ་ཁོང་གིས་སྤྱན་ཟུང་དབྱུངས་བ་སོགས་ཀྱི་ཡ་ང་བའི་ལོ་རྒྱུས་དེ་དག་བཀླགས་རྗེས་གཞི་ནས་བསམ་ཚུལ་ཤོད་དང་།ཁྱོད་ཀྱི་བསམ་ཚུལ་ལའང་རིན་ཐང་ཡོད་པ་ཆགས་ཀྱི་རེད།དེ་མིན་ཁྱོད་བསམ་ཚུལ་དེ་དག་ཆུ་ནང་གི་སྟུག་དྲིའི་རིན་འབབ་ཀྱང་ལོང་གི་མ་རེད།
ལྷ་ཀླུ་ཚེ་དབང་རྡོ་རྗེས་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་མང་རང་དབང་སྒེར་ཆེན་པོ་དེའི་སྤྱི་ཁྱབ་བཀོད་འདོམས་ཏེ་བཀའ་བཀོད་ཁང་གི་འགན་འཛིན་གཙོ་མཛད་ཅིང་།སྐབས་སྐུ་དྲག་མང་པོ་ཞིག་རང་འགོ་གང་ཐོན་ངང་བཙན་བྱོལ་ལ་བསྐྱོད་པའི་སྐབས་ལྷ་ཀླུ་སྲིད་ཚབ་བློ་བཟང་བཀྲིས་གཉིས་ཀྱིས་རང་སྲོག་འབེན་ལ་བཙུགས་ནས་མུ་མཐུད་རྒྱ་དམར་ལ་འཐབ་འཛིངས་བྱེད་པའི་ལོ་རྒྱུས་ནང་གསེར་ཡིག་ཐོག་འགོད་པར་འོས་མཛད་རྗེས་དེ་དག་ཁྱེད་ཀྱིས་ནག་གསུབ་གཏང་འདོད་ཀྱང་ཉི་ཤར་སྤར་མོས་བཀབ་ཐབས་མེད་པ་རེད།
སྤྱིར་བཏང་དྲ་གྲོགས་དགའ་ལྡན་པས་རྩོམ་ཡིག་ཆ་བཀླགས་བཙོན་འགྲུས་དང་།ཆོད་སེམས་པ་དེ་རང་གིས་རྩོམ་ཡིག་ནང་བརྗོད་པ་བཞིན་གཡག་ཞར་བས་རྩྭ་བཟོས་པ་ནང་བཞིན་བྱས་ན་འབྲས་བུ་དེ་ལས་ཡོང་གི་མ་རེད་སྙམ།
མུ་མཐུད་དུ་ཁ་འཛིང་རྒྱབ་རོགས་གནང་།
མུ་མཐུད་དུ་ཁ་འཛིང་རྒྱབ་རོགས་གནང་།
དྲ་གྲོགས་ཚོ་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ།
དྲ་གྲོགས་ནུབ་ཕྱོགས་གངས་ཕྲུག་ལགས་འཇམ་དབྱངས་ནོར་བུ་ལགས་ཀྱིས་གསུངས་པ་དེ་དངོས་ཡོད་ཡིན་སྲིད་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ།
ང་ཚོས་ཕྱོགས་རིས་དང་། སྤྲེལ་ལད། ཆགས་སྡང་རགས་པའི་གཞན་དབང་དུ་མི་འགྱུར་བར་དངོས་ཡོད་ལོ་རྒྱུས་དང་། དོན་དངོས་ཀྱི་གནས་ཚུལ་ལ་གཏུགས་ནས་འབྲི་དགོས་པ་ལས་རང་སྣང་གང་དྲན་གྱིས་དངོས་བྱུང་ལོ་རྒྱུས་ལ་འཁྱོག་བཤད་དང་རྫུན་སྒྲིག་ནས་སྐྱེ་བོ་གཞན་ལ་སྨད་ར། སྒྲོ་སྐུར། འཆལ་གཏམ། རང་རྒྱལ་གཞན་ཕམ་སོགས་ཀྱིས་ཀུན་སློང་ཐོག་ནས་བྲིས་པ་ལས་མ་བྲིས་ལེགས་སྙམ།
དྲ་གྲོགས་རག་ཕྱགས་རྡོར་ལགས་བོད་ཀྱི་ཡུལ་ལུང་སོ་སོར་གཏམ་དཔེ་དོན་གཅིག་ཡིན་ཡང་ཚིག་བེད་སྤྱོད་གཏོང་སྟངས་མི་འདྲ་བ་དེ་འདྲ་ཡོད་རེད། ་ཁྱེད་ཀྱིས་(ཚིག་པ་མི་ལ་ཟ་ན་མགོ་ལྕག་རྟ་ལ་གཞུ་ཟེར་བ་རེད།}རེད་ཅེས་བརྗོད་འདུག་དེ་ནི་སྔོན་མ་དཔེ་ཁྲིད་དགེ་རྒན་ཞིག་གིས་དངོས་པོའི་ཚད་གཞི་ཁོང་རང་གི་མདུན་ལྕོག་འདི་འཇོག་དགོས་རེད་ཅེས་གསུངས་པས་དགེ་ཕྲུག་གིས་ཆོས་ར་ནང་མི་གཞན་གྱི་དངོས་པོའི་ཚད་གཞི་བུམ་པ་འཇོག་དུས་འཁོར་གསུམ་བརྒྱབ་པ་དང་གཉིས་སུ་མ་མཆིས།
དྲ་གྲོགས་དགའ་ལྡན་ལགས་ཁྱེད་ཀྱི་ལྩེ་ལ་ཟ་ཕོག་པ་རེད་དམ། ཡང་ན་་་་་་་་་་་་་་་།
གོང་གི་རྩིས་དཔོན་ལུང་ཤར་བསྐོར་གྱི་དཔྱད་རྩོམ་དེ་ཡོངས་སུ་རྫོགས་པ་ཞིབ་ཀློག་བྱས་པ་ཡིན་ལ་དེ་སྔོན་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱམ་གྱི་ལོ་རྒྱུས་མདོར་བསྡུས་ཤིག་ཀྱང་ཞིབ་ཀློག་མྱོང་། འོན་ཀྱང་འཇམ་དབྱངས་ནོར་བུ་ལགས་དང་ཀེ་དོན་གྲུབ་སོགས་ཀྱི་རྩིས་དཔོན་ལུང་ཤར་ལགས་ཀྱི་བསྐོར་ལ་བྲིས་པའི་རྩོམ་ཡིག་མཇལ་མ་མྱོང་བས་འདིར་རྩིས་དཔོན་མཆོག་གི་བསྐོར་ལ་བསམ་ཚུལ་ཞུས་ཀྱང་གཡག་ཞྭ་བས་རྩྭ་བཟའ་བའི་དཔེར་འགྱུར་སྲིད་པས་དེ་རྟེན་བསམ་ཚུལ་ཞུ་དཔོགས་བྲལ། འོན་ཀྱང་འདིར་འབྲེལ་བ་ཡོད་པ་ཞིག་ཞུས་པ་ཡིན་ན་སྤྱི་ཚོགས་རྙིང་པ་དང་ཞིང་བྲན་ལམ་ལུགས་སྐུ་དྲགས་རིང་ལུགས་ཞེས་རྒྱ་དམར་གྱི་སློབ་གསོའི་ལམ་ལུགས་ཚ་ནན་སྤྲད་པའི་དབང་ལས་རང་རེའི་གཞོན་སྐྱེས་ཚོའི་ཀླད་པའི་ནང་བག་ཆགས་ཤུགས་ཆེན་ཐེབ་པའི་དབང་ལས་དེང་རྟོགས་དཔྱོད་གང་ཡང་མེད་པར་སྤྱི་ཚོགས་རྙིང་པ་དང་སྐུ་དྲགས་མི་དྲགས་ལ་དགག་པ་རྒྱགས་བཞིན་པ་ནི་གྲིབ་ནག་འདྲེ་མཐོང་གི་གནས་ཤིག་རེད་སྙམ། སྐབས་དེ་དུས་ཀྱི་འཛམ་གླིང་གི་རྒྱལ་ཁབ་ཁག་ནང་ཞིབ་བསྡུར་ཞིག་བྱས་པ་ཡིན་ན་མི་མང་ལ་རང་དབང་དང་མིའི་རྩིས་ཐང་ཆེས་ཆེས་ཤེས་ནི་རང་རེའི་རྒྱལ་ཁབ་དེ་ཉིད་རེད་ཞེས་བཤད་ན་ཧམ་བཤད་མིན། སྐབས་དེ་དུས་ཀྱི་རྒྱ་ནག་ནང་གི་སྡུབ་རྩུབ་ནི་བོད་ནང་ལས་བཅུ་ཕྲག་གི་སྡུག་རྩུབ་ཆེ་བ་ཡོད་པ་མ་ཟད། དེ་རིང་སང་གི་རྒྱ་ནག་གི་སྡུག་རྩུབ་སྐབས་དེ་དུས་ཀྱི་བོད་ནང་མེད་པ་ང་ཚོའི་མི་རབས་བགྲེས་པ་ཚོའི་དཔང་པོ་གནང་ཐུབ་པ་ཞིག་ཡིན་པས། གཞོན་སྐྱེས་ཚོའི་རང་གིས་མེས་པོ་དག་ལ་ལེན་ཟླ་བྱས་ནས་མ་བསྡད་པར་རང་ནུས་གང་ཡོད་ཀྱིས་རང་གི་མེས་པོ་ཚོའི་ཁྲག་དང་རྔུལ་ཆུས་བསྐལ་དཔྱད་ཀྱི་འབྲས་བུ་རིག་གཞུང་དང་ལ་རྒྱ་འདི་མ་བོར་བ་ཞིག་མཛད་རྒྱུའི་སྤོ་པ་བསྐྱེད་རོགས་ཞུ།།
ངས་པོ་རྒྱ་མཚན་གཙོས་པའི་དྲ་གྲོགས་ལགས་ཀྱིས་བསམ་ཚུལ་ལྷུག་པོ་རྗོད་ཡོད་པར་ཐུགས་རྗེ་ཆེ་ཞུ་་་་ཁྱེད་རྣམས་ཀྱིས་གསུང་པར་དང་ལེན་ཞུ་ལོང་པ་རེ་ལ་གཏམ་དཔེ་རེ་ལོས་ཡོད་དོན་གཅིག་ཡིན་ན་ཚིག་འདྲ་མི་འདྲ་བེད་སྤྱོད་བྱེད་ཀྱི་རེད་ཡིན་ན་ཡིན་ཚིག་དང་དོན་འདྲ་ཆགས་པོ་གང་ལ་ཡོད་ན་དེ་བདེ་སྤྱོད་བྱེད་པར་ཤིན་ཏུ་གལ་ཆེ་ངས་བཤད་པར། ཚིག་པ་མི་ལ་ཟ་ན་མགོ་ལྕག་རྟ་ལ་བྱེད། དཔེ་བལྟར་འགྲུལ་པ་རྣམས་ཡར་མར་འགྲོ་དུས་རྟ་ཞོན་ནས་འགྲོ་བ་རེད་ལམ་ཁར་དུ་མི་དང་འགྲུལ་པ་འདྲ་ཐུག་ནས་ཡར་མར་འགྲོ་སྟང་ཏོག་ཙམ་མ་བདེ་བ་ཡོང་དུས་ཚིག་པ་འགྲུལ་པ་རྣམས་ལ་ཟ་ན་ཡང་འཁྲུག་པ་ཤོར་ལ་དོགས་ནས་ཅི་ཡང་ལབ་མི་ནུས་པས་སོ་སོའི་རྟ་ལ་མགོ་ལྕག་གཞུ་བའི་དཔེ་རེད།།།
ངས་པོའི་རྒྱལ་མཚན་དང་། ལྷག་བསམ་ལ་སོགས་མཆན་བཀོད་པ་རེ་ཟུང་གིས་ལུང་ཤར་ཕ་བུས་གཙོད་པའི་སྐུ་དྲག་དེ་ཚོའི་བྱས་ཉེས་ཚིག་གཅིག་ཡང་མ་བཤད་པར་སྒྲུབ་འབྲས་ཁབ་ཙམ་ཡང་སྟོན་རྒྱུ་མེད་པའི་མི་ངན་དེ་ཚོར་དཔའ་བོ་ཞེས་ཆེ་བསྟོད་བྱེད་ཟོར་ལྟོས་དང་། ཁོང་གཉིས་གཡོ་རྒྱུ་ལྦ་མོ་ལས་ཚ་བའི་མི་བརྒྱུད་དེས་དངུལ་གྱི་བསླུས་པ་ཐེ་ཚོམ་མེད་འདུག ཡང་ན་འཐེན་འཁྱེར་རེད། རྒྱུ་མཚན་ཁོང་གཉིས་ཀྱི་གོང་དུ་དཔའ་བོ་ཞེས་ཆེ་བསྟོད་བྱ་ཡུལ་གྱི་མི་ངན་དེ་ཚོར་༸ཀུན་གཟིགས་ཐམས་ཅད་མཁྱེན་པས་ཕྱོགས་བསྡོམ་གནང་བ་འདི་ལྟར་༼སྔོན་མའི་ང་ཚོའི་སྤྱི་ཚོགས་འདི་ནད་དང་གཅིག་པ་རེད། རྩེ་གཉིས་ཕྲ་མོ་དང་དཀྱིལ་དེ་འབོམ་པོ་ཞེས་༽གཞུང་དང་འབངས་གཉིས་སྐྱོ་པོ་དང་བར་གྱི་མི་ངན་སྐུ་དྲག་དེ་ཚོ་རྫིག་པོ་བཟོས་པའི་དོན་ནོ། དེ་ཚོ་དཔའ་བོ་མ་རེད། དེ་ཚོ་ཀྱལ་མཁན་རེད། བོད་རྒྱལ་ཁབ་དངུལ་གྱི་ཆེད་དུ་ཀྱལ་མཁན་རེད།
དཔའ་བོ་ངོ་མ་དེ་ཚོ་ཨ་ཕྲུག་མགོན་པོ་བཀྲ་ཤིས་ལ་སོགས་པའི་བསྟན་སྲུངས་དྭངས་ལངས་དམག་མི་དེ་ཚོ་རེད། དཔའ་བོ་ཨ་ཕྲུག་མགོན་པོ་བཀྲིས་ལྟ་བུ་ཆ་མཚོན་ན་རང་གི་སྲོག་དང་། མི་ཐོག་གསུམ་གྱི་བསགས་པའི་རྒྱུ་ནོར་རྣམས་བོད་རྒྱལ་ཁབ་་སླར་གསོའི་ཆེད་དུ་བཏང་མཁན་གྱི་དཔའ་བོ་དེ་ཚོ་རེད། རང་ཉིད་ཀྱི་མིང་དང་རྒྱུ་ནོར་གྱི་ཆེད་དུ་རང་གཞུང་སྟོར་རྩིས་བྱ་མཁན་གྱི་ལུང་ཤར་ལྟ་བུར་དཔའ་བོ་ཞེས་བརྗོད་ན་གད་མོ་སེམས་ཀྱི་གཏིང་ནས་ཤོར་གྱི་འདུག་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
ངས་པོ་རྒྱལ་མཚན་ལགས། འཇམ་དབྱངས་ནོར་བུས་གསུངས་པ་དེ་དངོས་ཡོད་ཡིན་སྲིད་ལབ་ཡིན། ཁ་མཚོན་བཅད་མེད། ཁྱེད་རང་གི་གཏམ་དཔེ་དེ་རག་ཕྱགས་རྡོར་གིས་ཚིག་པ་མི་ལ་ཟ་ནས་མགོ་ལྕགས་རྟ་ལ་བཞུས་ཟེར་བ་དེ་གོ་རྒྱུ་འདུག། གང་ཡིན་ཟེར་ན་ཚིག་པ་རྟ་ལ་ཟ་ནས་མགོ་ལྕག་དེ་རྟ་ལ་བཞུས་མ་ཐུབ་པ་མི་ཤིན་ཏུ་བླུན་པོ་ཡིན་པའི་རྟགས་རེད། རྟ་དང་གཡག་གཉིས་ཆ་དུད་འགྲོ་ཉམས་ཆུང་ཞིག་རེད། མགོ་ལྕག་བཞུས་མ་ཐུབ་པ་ཡོད་མ་རེད། ཡང་ན་ ཚིག་པ་སྟག་དང་གཟིག་ལ་ཟ་ནས་མགོ་ལྕག་རྟ་དང་གཡག་ལ་བཞུས་ཟེར་ན་བདེན་སྲིད།
གོང་གི་གཏམ་དཔེ་དེ་ཡང་ལུང་པ་རེ་ལབ་སྲོལ་མི་འདྲ་རེ་ཡོད་པ་ཡིན་ཟ་རེད། ངའི་ཕ་ཡུལ་དུ་《ཚིག་པ་ཕ་ལ་ཟ་ནས། སྐྱག་བརྔུང་བེའུ་ལ།》ཞེས་གསུངས་ཀྱི་འདུག
སྐྱག་ཞེས་པ་རྒྱག་ལ་བཅོས།
དྲ་གྲོགས་དགའ་ལྡན་ལགས་མུ་མཐུད་ནས་ཤོག་དང་།བགྲོ་གླེང་བྱ་རྒྱུར་ང་དགའ་པོ་ཡོད།
ཡིན་ནའང་ཁྱེད་ཀྱིས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་གསུང་ཞིག་ལུང་འདྲེན་བྱས་ཀྱང་དེ་ནི་འདྲེ་ཤར་སྒོ་དང་ཀླུད་ནུབ་སྒོ་ཞེས་པའི་གཏམ་དཔེ་ལྟར་རེད།ཀུན་གཟིགས་མཆོག་གིས་སྤྱི་ཚོགས་རྙིང་པའི་ཞན་ཆ་ཁག་ལ་བཀའ་སྐྱོན་གནང་བ་ལས།སྤྱི་ཚོགས་རྙིང་པའི་ཡོད་ཚད་ལ་སྐྱོན་བརྗོད་གནང་མི་འདུག་ཀུན་གཟིགས་མཆོག་གི་གསུང་ལ་ལོག་འགྲེལ་བྱས་པ་དེ་ནི་ཁྱོད་ཀྱིས་ཀུན་གཟིགས་མཆོག་ལ་བསྐུར་འདེབས་ཞུས་པ་དང་གཅིག་མཚུངས་ཆགས་པ་རེད།
སྤྱི་ཚོགས་རྙིང་པ་ནི་སྤྱི་ཚོགས་ཤིག་ཡིན་པས་དེར་ལེགས་ཉེས་ཀྱི་ཆ་གཉིས་ཡོད་པ་ཆོས་ཉིད་རེད།དཔེར་ན་དེང་གི་སྤྱི་ཚོགས་གསར་པར་ཡང་ལེགས་ཉེས་ཀྱི་ཆ་གཉིས་ཡོད་པ་མ་རེད་དམ།ཆོས་ཉིད་དེ་འདྲའང་མ་རྟོགས་དྲ་ནང་སྨྱུ་གུ་འགུལ་བའི་སྤོབས་པ་ལྡན་པ་ངོ་མ་ཡ་མཚན་རེད།
དེ་བཞིན་སྐུ་དྲག་ཅེས་པའང་བོད་ཀྱི་སྤྱི་ཚོགས་ཟུར་ཆ་ཞིག་ཡིན་པས་དེར་བདེན་རྫུན་དང་།ལེགས་ཉེས།བཟང་ངན་གཉིས་ཡོད་པ་རེད།དཔེར་ན་སྐུ་དྲག་འགའ་ཤས་ཀྱིས་ད་ལྟའི་རང་ཅག་གི་དཔྲལ་བའི་མིག་དང་འཁོག་པའི་རྙིང་ལྟ་བུའི་སྤྱི་ནོར་༧གོང་ས་མཆོག་ངོས་འཛིན་དང་།གསོ་སྐྱོང་གང་ལེགས་གནང་མི་འདུག་གམ།ལྷག་པར་ང་དགུ་ལོར་སྐུ་དྲག་དེ་རིགས་ཀྱིས་འཆར་འགོད་གང་ལེགས་འོག་བདེ་བླག་ངང་བོད་གཞུང་དང་།༧གོང་ས་མཆོག་རྒྱ་གར་འཕགས་པའི་ཡུལ་གདན་དྲངས་པ་མ་ཟད།བཙན་བྱོལ་ནང་བོད་གཞུང་དང་།གཞིས་ཆགས་ཁག་འཆར་འགོད་ལེགས་ཐོག་འཛུགས་བསྐྲུན་བྱས་སྟབས་ད་ཆ་དགའ་ལྡན་པ་ཁྱོད་ཀྱི་རྐུབ་བཙུགས་སའི་ཁོར་ཡུག་གང་ལེགས་བཟོས་པའི་རླབས་ཆེན་གྱི་མཛད་རྗེས་དེ་དག་ལ་ངན་དམོད་བྱས་པ་ནི་ཨ་མའི་ཁ་ཕོར་ནང་སྐྱག་གཅིན་བཏང་བ་གཅིག་མཚུངས་མ་རེད་དམ།
རྩ་བའི་ཨ་འབྲུག་མགོན་བཀྲ་སོགས་དཔའ་བོར་དྲངས་པ་འོས་འཚམས་ཡིན་པ་ངས་ངོས་ལེན་ཡོད།འོན་ཀྱང་ཨ་འབྲུག་དཔའ་བོ་དྲངས་ཆོག་ན་ལུང་ཤར་དཔའ་བོར་བརྩི་མི་ཆོག་པའི་བསྟན་རྩིས་དེ་འདྲ་གང་ན་གསལ་འདུག་གམ།དེ་འདྲ་གནས་ལུགས་དང་མཐུན་ནམ།
སྤྱིར་བཏང་རྒྱ་གཞུང་གིས་སྔ་ཕྱི་བར་གསུམ་དུ་མངའ་བདག་ཆེན་པོ་གསུམ་དང་།སྐུ་དྲག་ལ་དམའ་འབེབས་གཏོང་མཚམས་བཞག་མྱོང་མེད།དེའི་རྒྱུ་མཚན་ནི་མངའ་བདག་ཆེན་པོ་ཟེར་བ་དང་།སྐུ་དྲག་ལ་སྐྱོན་བརྗོད་བྱ་རྒྱུ་དེ་རྒྱ་གཞུང་གི་བོད་མི་ཁ་ཐོར་ལ་གཏོང་རྒྱུའི་ལག་ཆ་ཡོད་ན་མེད་ན་དེ་རེད།དེ་སྔ་རྒྱ་གཞུང་གིས་དམངས་གཙོའི་བཅོས་བསྒྱུར་ཟེར་བ་དང་།སློབ་གསོ་ཆེན་པོ་གསུམ་ཟེར་བ།གཅིག་རྡུང་གསུམ་རྒོལ་ཟེར་བ།རིག་གསར་ཟེར་བ་བཅས་ཀྱི་ལས་འགུལ་ནང་མངའ་བདག་ཆེན་པོ་གསུམ་དང་།སྐུ་དྲག་སོགས་གྲལ་རིམ་དབྱེ་བ་འབྱེད་ནས་སྐྱོན་བརྗོད་བྱ་རྒྱུ་ནི་ཁོ་པ་ཚོའི་དྲིལ་བསྒྲགས་ཀྱི་བརྗོད་གཞི་གལ་ཆེ་ཤོས་དེ་རེད།བརྗོད་གཞིས་དེའི་ཤུགས་རྐྱེན་འོག་བོད་མི་ཀླད་མེད་ཉུང་ཤས་ཀྱིས་རི་བོང་ཅལ་འདྲོགས་བྱས་ནས་ཧུར་རྒྱུགས་སོང་སྟབས་བརྗོད་གཞི་དེའི་ཤུགས་རྐྱེན་བཙན་བྱོལ་བོད་མིའི་ཁྲོད་དུའང་བསམ་མེད་ཉུང་ཤས་མུ་མཐུད་ནས་གླེང་བཞིན་ཡོད།
ཧ་ཧ་ ལ་རྒྱའི་བདག་པོ་ལགས་རྒྱལ་དབང་མཆོག་རྒྱ་གར་གདན་འདྲེན་མཁན་སྐུ་དྲག་ཚོ་གཅིག་པོ་ཨེ་ཡིན་ན། ལུང་ཞེན་དེ་འདྲ་དཔེ་རེད།
དྲ་གྲོགས་བཟོད་པ་ལྷ་རྩེ་ལགས་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
ཁྱེད་ཀྱིས་{ དཔྱོད་གང་ཡང་མེད་པར་སྤྱི་ཚོགས་རྙིང་པ་དང་སྐུ་དྲགས་མི་དྲགས་ལ་དགག་པ་རྒྱགས་ བཞིན་པ་ནི་གྲིབ་ནག་འདྲེ་མཐོང་གི་གནས་ཤིག་རེད་སྙམ། }ཞེས་གུས་པས་སྐུ་དྲག་མི་དྲག་དག་ལ་དགག་པ་བརྒྱབ་པ་ལྟ་བུ་ཞིག་བྲིས་འདུག དེ་ནི་འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་བཏང་བའི་དཔེ་ལྟར་འགྱུར་མི་འདུག་གམ། ཧ་ཧ་ཧ། གུས་པ་ཀླད་པ་ཆུང་ཆུང་དེ་འདྲ་རང་མེད་སྙམ་གྱི་ཡོད། སྤྱིར་བཏང་མི་མང་དཀྱུས་མའི་ནང་ལ་བཟང་ངན་གཉིས་ཀར་ཡོད་པ་བཞིན་དུ་སྐུ་དྲག་མི་དྲག་ནང་ལའང་བཟང་ངན་གཉིས་ཀར་ཡོད་པར་ངོས་འཛིན་བྱེད་མཁན་ཞིག་ཡིན།
དྲ་གྲོགས་དགའ་ལྡན་ལགས་ཁྱེད་ནི་ངོ་མ་རིག་རྣལ་དུ་མི་གནས་པ་ལྟ་བུ་ཞིག་རེད་འདུག་སྙམ། ལེགས་བཤད་ལས། ཡོན་ཏན་མེད་པའི་སྐྱེ་བོ་དེ། ང་རྒྱལ་མགོ་འཕངས་ཅི་ལས་མཐོ་ཞེས་པ་ལྟར་དགའ་ལྡན་ཁོ་བར་གཞན་ལ་ཤོད་མི་ནུས་པའི་ནང་གི་ཆགས་སྡང་ངན་པའི་རང་གཟུགས་ཤུགས་མ་ཐུབ་ཀྱིས་ཕྱིར་མངོན་ཏེ་མངོན་སུམ་འཛེམས་མེད་ཀྱིས་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་ཞེས་མཚན་སྙན་ཉི་ཟླར་འགྲན་པ་དེ་ཕྲག་དོག་གི་དུག་རླངས་ནག་པོས་སྒྲིབ་ཐབས་བྱ་བར་བརྩོན་གྱི་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་རེད་འདུག བོད་རྒྱལ་ཁབ་དང་། མི་རིགས་ཀྱི་དོན་དུ་ཁ་ཡོད་ལག་ཡོད་ཀྱི་ལས་དོན་སྒྲུབ་མཁན་རླབས་ཆེན་གྱི་མི་སྣ་དག་ལ་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཙམ་མེད་པར། དེ་ལས་ལྡོག་སྟེ་རང་དང་མི་མཐུན་པའམ་དེ་མིན་རྒྱུ་མཚན་གཞན་གྱིས་རླབས་ཆེན་གྱི་མི་སྣ་དག་ལ་ཞྭ་ནག་བསྐོན་ཐབས་ཀྱི་བྱ་བར་བརྩོན་པ་དེ་ནི། སྤྱི་བཏང་མི་ཆོས་རིང་ལུགས་ཀྱི་སྟེང་ནས་བཤད་ན་ཡ་རབས་བཟང་སྤྱོད་ཀྱི་བག་ཆགས་དྲི་མ་ཙམ་མེད་པའི་ཆེས་ཁྲམ་པ། ཆེས་མ་རབས། ཆེས་ཐ་ཤལ་གྱི་རང་རྟགས་ངོ་མ་ཕྱིར་མངོན་པ་ཞིག་རང་རེད།
རྗེས་་་་་་་་་་་་་་་་་།
དྲ་གྲོགས་དགའ་ལྡན་ལགས་ཁྱེད་ཀྱིས་(གསར་བརྗེའི་དཔའ་བོ་ལུང་ཤར་མཆོག་དང་ཁོང་གི་སྲས་ལྷ་ཀླུ་གཉིས་རྒྱལ་ཁབ་བཙོང་མཁན་གྱི་བྱེད་སྟེ་གཙོ་བོ་ཡིན་པའི་བདེན་དཔང་ལོ་རྒྱུས་ཤིག་ཡོད་ན།ལོ་རྒྱུས་དེ་དག་གི་མིང་ཞིག་སྨྲོས་ནས་དེར་དྲོངས་དང་།)ཞེས་པའི་མཆན་འདི་ལ་ལན་འདེབས་མི་ནུས་པ་གང་ཡིན་ནམ།
གངས་ཅན་ལྗོངས་འདིར་ཐོན་མི་གཉིས་པ་ལྟར་བཀའ་དྲིན་ལྷ་ལྷག་ཏུ་འཇམ་མགོན་ས་པཎ་གྱིས་ཞལ་མངའ་ནས་ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན། རེ་ཞིག་སྒྲུབ་ཀྱང་མཐའ་མར་བརླགས།། གཟིག་ལྤགས་བཀབ་པའི་བོང་བུ་ཡིས།། ལོ་ཏོག་བཟས་མཐར་གཞན་གྱིས་བསད།། ཅེས་གསུངས་པ་ལྟར། དུས་རྒྱུན་ནས་སྤྱི་དོན་ཁ་ལ་འཁྱེར་ནས་རང་དོན་གཉེར་ཏེ་ཕན་ཚུན་ཕྱོགས་ཞེན་ཅན་གཟིག་ལྤགས་གྱོན་པའི་བོང་བུ་དེ་ཚོའི་གདོང་རིས་ངོ་མ་མངོན་སོང་། དངོས་གནས་བྱས་ནས་རིག་པའི་བགྲོ་གླེང་ཡག་པོ་བྱ་འདོད་བྱུང་ཡིན་ནའང་དགའ་ལྡན་ལགས་མཆན་དེའི་ནང་ལ་ཕྱོགས་ཞེན་གྱི་རུལ་དྲི་ཁ་གི་འདུག་བྱས་ཙང་བགྲོ་གླེང་བྱས་ན་དགོས་པ་ཅི་ཡང་མི་མཐོང།
ངས་པོའི་རྒྱལ་མཚན་ལགས་དངོས་གནས་ཁྱོད་བདེན་པས་ཕུང་འདུག ལུང་ཤར་ལ་སོགས་པའི་མི་ངན་དེ་ཚོས་གཞུང་མགོ་སྟིང་སློག་ཆེད་དུ་ཚོགས་པ་ཞིག་བཙུགས་པ་ལ་རླབས་ཆེན་གྱི་མི་སྣ་དང་དཔའ་བོ་ཞེས་བརྗོད་ན་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་མི་ལ་སྒྲོན་མཁན་ཚོར་གང་བརྗོད་ཀྱི་ཡིན་ནམ། དངོས་གནས་སྨྱོ་འདུག ད་ལྟ་བར་དུ་བོད་རྒྱལ་ཁབ་ཆེད་དུ་སྐུ་སྲོག་མེ་སྒྲོན་མཁན་གྱི་རླབས་ཆེན་གྱི་མི་སྣ་༣༠ལྷག་ཙམ་དེའི་ནང་སྐུ་དྲག་ཡིན་པ་སུ་འདུག ཁྱོད་ཀྱི་བརྗོད་པའི་རླབས་ཆེན་གྱི་མི་སྣ་དཔའ་བོ་ཞེས་པའི་སྐུ་དྲག་གཡོ་རྒྱུ་ལྦ་མོ་ལས་ཚ་བའི་མི་དེ་ཚོས་རྒྱལ་ཁབ་ཆེད་དུ་སྲོག་གཏོང་རྒྱུ་ཕར་ཞོག་དེ་ལས་ལྡོག་ཏེ་ཕྱི་རྒྱལ་དུ་རང་དང་ཕྲུ་གུའི་མདུན་ལམ་ཆེད་དུ་རྒྱལ་ཁབ་གཞན་གྱི་མི་སེར་བཟོས་པ་ཁྱོད་ཀྱི་རྩ་བ་ནས་ཤེས་ཀྱི་མི་འདུག ཁག་མེད་ཤར་ཁོམ་པོ་བརྒྱུད་དེ་འབྱོར་ཚར་ཙམ་ཡིན་ས་རེད། གང་ཡང་ཤེས་ཀྱི་མེད་འདུག
དགའ་ལྡན་ལགས་ངོ་མ་ཁྱེད་ཀྱི་ཀླད་པར་གྲིབ་སྐྱོན་ཕོག་འདུག དེར་མ་ཚད་དྲང་བདེན་གྱི་ཡང་ཕོངས་འདུག ངོ་མ་ངོ་ཚ་དགོས་པ་ཞིག་རང་རེད། ཁྱེད་ཀྱི་འབྲེལ་མེད་དོན་ཤལ་གྱི་སྐད་ཆ་རྐྱང་རྐྱང་བཤད་པ་ལས་དོན་དང་མཐུན་པའི་སྐད་ཆ་ཚིག་གཅིག་ཀྱང་ཤོད་རྒྱུ་མི་དུག འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་བཏང་ཞེས་པའི་དཔེ་ལྟར་རེད་འདུག གུས་པས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་སུམ་ཅུ་ལྷག་བྱུང་བ་དེ་དག་དཔའ་བོ་དང་དཔའ་མོ་མ་རེད་ཅེས་གུས་པས་ག་པར་བརྗོད་འདུག་གམ། ཁྱེད་ལ་སྨྲ་ཤེས་ལྕེ་ཡོད་ན་ལན་ཞིག་རྒྱོབས་དང།
ཁ་ངན་ཚིག་ངན་ཙམ་ལས་རྒྱུ་མཚན་རྟ་ཙམ་རྔ་ཙམ་བཤད་རྒྱུ་མེད་པའི་དགའ་ལྡན་ཟེར་པའི་ར་རོ་ཁྱོད་ལེགས་བཤད་ལས། མི་ལ་ལ་རྒྱ་མེད་ན་ཁྱི་དང་འདྲ།། ཁྱི་ལ་མཇུག་མ་མེད་ན་འདྲེ་དང་འདྲ།། ཞེས་པ་ལྟར་ཁྱེད་ཀྱང་དེ་ལྟར་རེད་འདུག་སྙམ།
དྲ་གྲོགས་དགའ་ལྡན་ལགས།
༡)ཁྱེད་ཀྱིས་རྩོམ་ཡིག་གི་ནང་དོན་ཞིབ་ཚགས་བཀླགས་པ་དང་བསམ་བློ་བཏང་རྗེས་ནས་ལན་བྲིས་ན་ད་གཟོད་ཕྱིས་དྲགས་ཀྱི་མ་རེད་ལ།ར་སྤུའི་འུར་རྡོ་ར་ལ་ཕོག་གིའང་མ་རེད།དེ་མིན་ཁྱེད་ཀྱིས་གོང་གི་བརྗོད་གཞི་དང་འབྲེལ་གནད་དོན་མང་པོ་ཞིག་ལ་ཁྱེད་ཀྱིས་ལན་རྒྱབ་དུས་བརྗོད་གཞི་འབྲེལ་ཡོད་ཤེས་བྱ་མང་པོ་རྒྱུས་ངོ་མེད་པའི་ཚོར་སྣང་གཏེར་གྱི་འདུག
༢)ཁྱེད་ཀྱིས་ལུང་ཤར་མི་ངན་རེད་ཅེས་བརྗོད་པ་ཙམ་ལས་རྒྱུ་མཚན་ཁ་གསལ་གསུང་རྒྱུ་མི་འདུག་མི་ངན་རེད་ཅེས་པ་ཙམ་སྐྱེ་བོ་གནག་རྩི་བས་ངལ་ལས་ཀྱང་ཐོག་མེད་བརྗོད་ཐུབ་ཀྱི་རེད།ཁྱེད་ཀྱིས་ལུང་ཤར་མི་ངན་ཡིན་པའི་རྒྱུ་མཚན་ལོ་རྒྱུས་དཔང་པོར་བཞག་ནས་ཟླ་དུས་ཚེས་གྲངས་བཅས་པའི་དཔྱད་རྩོམ་ཐུང་ངུར་རེ་བྲིས་དང་ད་གཟོད་ཁྱེད་ཀྱི་མཆན་བུར་རིན་ཐང་རྟ་རྔ་ཙམ་ལྡན་ངེས་རེད།
༣༽ངའི་མཆན་༢༠ནང་[སྐུ་དྲག་དེ་རིགས་ཀྱིས་འཆར་འགོད་གང་ལེགས་འོག་གདན་འདྲེན་]ཞུས་ཚུལ་བྲིས་པ་ལས་སྐུ་དྲག་གཅིག་བུས་གདན་འདྲེན་ཞུས་སྐོར་བྲིས་མེད་པས་ཁྱེད་ཀྱིས་གཟུགས་མེད་གྲིབ་གཟུགས་གནང་བའི་རེ་བ་ཡོད།སྔོན་ལ་གཞན་གྱི་དགག་ཆའི་གནད་དོན་རྣམས་ལ་བསམ་གཞིགས་ནན་ཏན་བྱས་རྗེས་དགག་གཞག་སྤྲོས་པར་འཇུག་དང་།
༤)དྲ་གྲོགས་དགའ་ལྡན་མཆན་༢༤དེ་བཀླགས་རྗེས་ཁོང་གིས་སྐུ་དྲག་ལ་མི་དགའ་བ་བྱེད་དགོས་ན་ཚ་གང་དུ་ཡོད་མིན་གཞི་ནས་ཤེས་སོང་།དེ་ནི་སྔ་ལོའི་བོད་ཀྱི་མང་གཙོའི་འཕེལ་རིམ་གོམས་སྟབས་ཁྲོད་ལྷག་པའི་མིག་སྔའི་གནད་དོན་འབྲེལ་བ་དམ་གཟབ།དེ་ནི་མི་སྒེར་ལ་འཁུན་འཛིན་བྱས་པ་ལས་དོན་དངོས་ཀྱི་གནད་དོན་འཇུག་ནས་དོན་སྙིང་ལྡན་པའི་བགྲོ་གླེང་ཞིག་རེད་མི་འདུག་ན་ད་ནི་ངས་འདིར་བགྲོ་གླེང་བྱས་ན་དུས་ཆུ་གཟོད་དུ་འགྲོ་བ་ལས་ཕན་པ་མི་འདུག་ན་བགྲོ་དྲ་གྲོགས་ཁྱེད་དང་བགྲོ་གླེང་གི་སྤྲོས་པ་དོར་བ་བྱའོ།
རྩོམ་དེའི་འགོ་བརྗོད་གཏམ་དཔེ་མགོ་རྟིང་སློག་འདུག “ཚིག་པ་གཡག་ལ་ཟ། མགོ་ལྕག་རྟ་ལ་བཞུས།” ཟེར་དགོས་པ་འདྲ།