ཀླུ་སྨྱོན།
ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པ་ནི་ལྟོས་འཇོག་གིས་བཤད་ན་སྒྱུ་རྩལ་རྩོམ་ཡིག་གི་དུས་རབས་རེད། ཉིས་སྟོང་གཅིག་ནས་བཅུ་བར་ནི་གདན་རབས་དང་ལོ་རྒྱུས་རྩོམ་རིག་གི་དུས་རབས་ཤིག་རེད། ཉིས་སྟོང་བཅུ་ནས་ཉི་ཤུ་བར་ནི་ཕལ་ཆེར་ཚིག་མཛོད་བྲེལ་རྩོམ་གྱི་དུས་རབས་ཤིག་ཏུ་གྱུར་དང་འགྱུར་བཞིན་འདུག ལོ་འདི་དག་གི་ནང་དུ་སྒོམ་སྡེ་ལྷ་རམས་པའི་དགེ་ལུགས་ཚིག་མཛོད་དང་ཡུལ་ཤུལ་མཁན་པོ་བསྟན་འཛིན་གྱི་ས་སྐྱའི་ལམ་འབྲས་ཚིག་མཛོད་གཉིས་ཐོན་ཚར་འདུག་ཅིང་། མི་འགྱངས་པར་སྨན་རིའི་སློབ་དཔོན་འཕྲིན་ལས་ཉི་མའི་བོན་གྱི་ཚིག་མཛོད་ཐོན་གྲབ་ཡོད་ཚོད་དང་། རྙིང་མའི་རྫོགས་ཆེན་ཚིག་མཛོད་དང་བཀའ་བརྒྱུད་པའི་ཕྱག་ཆེན་ཚིག་མཛོད་སོགས་ཀྱང་མགྱོགས་པོར་ཐོན་ཐུབ་པའི་རེ་བ་ཡོད།
སྐྱེ་བོ་སྒེར་རེ་རེས་འགྲེལ་བཤད་གང་ཤེས་དང་། གང་དྲན། གང་འདོད་དུ་བྱས་པའི་ཚིག་མཛོད་ཁག་ལ་ཡིད་རྟོན་ངེས་པ་་ཆེར་མི་འདུག ཡིན་ན་ཡང་། མེད་པ་ལས་ཡོད་པ་བཟང་བར་ངེས། རྫོགས་ཆེན་ཚིག་མཛོད་ཅིག་སྔོན་ནས་འབྲི་གི་ཡོད་ཚུལ་ཐོས་བྱུང་། ད་ཚོད་ཅིག་ལ་འགྲེམ་སྤེལ་བྱས་པའམ་བྱེད་འཆར་ཡོད་ངེས།
སྒྱུ་རྩལ་བརྩམས་ཆོས་ཀྱི་སྤོབས་པ་དང་ནུས་པ་ནི་མེད།
མི་ཚེ་ཐུང་ཐུང་འདི་ལ་ལག་རྗེས་ཤིག་ནི་ངེས་པར་འཇོག་དགོས་བསམས་ནས་ཚིག་དེ་ཚོ་ཡར་ནས་དྲངས་མར་ནས་བརྐུས་ཏེ། ཚིག་མཛོད་འདྲ་བསྒྲིགས་ནས་ཉིན་མ་ཕུད་ནས་ལག་རྗེས་འདྲ་འཇོག་བསམ་གི་ཡོད་ཀྱི་རེད།
རྩོམ་སྒྲིག་དང་བསྒྲིགས་པ་རང་རེད། ཚིག་མཛོད་སྒྲིག་མཁན་ཁ་ཤས་ཀྱིས་སྒྲིག་སྟངས་ཀྱང་ཡག་པོ་ཞིག་ཤེས་མི་འདུག
༄༄།། ཁོང་གི་མིང་དངོས་ སྒོམ་སྡེ་སྐལ་བཟང་རེད། ད་དུང་སྒོམ་སྡེ་ངག་དབང་བཙོན་འགྲུས་ཞེས་པ་ཡོད་ས་འགི། སྔོན་ལ་གཙང་པ་མཁན་པོ་བློ་བཟང་ཚེ་རིང་གི་སྐབས་ལ་སྐལ་བཟང་ནས་དཔེ་ཆ་ཡག་བ་དེ་ཚོ་ལས་དཀའ་ལ་གཏང་ན་ ཁང་ཐོག་ནས་་འཁྱོམ་ནས་་ཤི་གི་ཡིན་ཅེས་མཁན་པོ་ལ་རྒོལ། ད་སྐབས་བཟའ་མི་བུ་ཕྲུག་གི་སྐོར་ནས་ནམ་མཚན་དབྱེར་མེད་ལས་དཀའ་ལ་འགྲོ་བཞིན་པ་ནི་མཐོང་ཆོས་མྱོང་འགྱུར་གྱི་ལས་འབྲས་ཡིན་པར་གནས་བརྟེན་རྒན་པའི་ངག་ལས་ཐོས་།།།
རྙིང་མའི་རྫོགས་ཆེན་ཚིག་མཛོད་དེས་ཡོད་ཚད་གང་པོ་གར་གར་་ཚང་ལ་ཕུལ་མེད་པར་ཤོག ། བཅོམ་ལྡན་འདས་མ་བྱོན་པའི་སྔོན་དུ་ཕེབས་པའི་རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་ཟེར་བ་དེ་ཚོ་སུ་ཡིན་ནམ། །
སྒོམ་སྡེའི་ཚིག་མཛོད་ངོ་མ་སྤུས་མ་རེད། ཧ་ལས་པའི་ཚད་ལྡན་དང་ཁུངས་དག་པོ་འདུག ད་རྒན་ཀླུ་སྨྱོན་གྱིས་རྙིང་མའི་ཚིག་མཛོད་གཅིག་བསྒྲིགས་ཐུབ་ན་ག་ཚོད་མི་ལེགས་སམ། བོན་པོའི་ཚིག་མཛོད་དེ་བསྒྲིགས་མཁན་དཀར་རྨེའུ་བསམ་གཏན་ལགས་ཀྱིས་མཛད་ན་ལེགས་སྙམ།
བཀའ་བརྒྱུད་པའི་ཚིག་མཛོད་དེ་བསྒྲིགས་མཁན་སྐྱོ་བྲག་གིས་འགན་འཁུར་ན་ལེགས།
བོན་པོའི་ཚིག་མཛོད་སྒྲིག་མཁན་ཡོད་ན་འབྲུག་ལ་ཡོད་པའི་བོན་དཔེ་ཚོ་ལ་ཡང་གཟིགས་གནང་རོགས། འབྲུག་གི་ཤར་དབུས་ནུབ་གསུམ་གྱི་ལུང་པ་ཁུག་ཀྱོག་རྣམས་སུ་བོན་གྱི་དཔེ་ཆ་མང་པོ་ཞིག་ཡོད་ཚོད་འདུག། ཉེ་དུས་ངས་བོན་དཔེ་འགའ་ཤས་ཤིག་འདྲ་པར་ཞུས་ཡོད། དེ་ཚོ་ནང་ལ་བརྡ་རྙིང་བརྡ་གསར་གྱི་ཚིག་མཛོད་གང་དུ་ཡང་མེད་པའི་མིང་ཚིག་གི་ཐ་སྙད་མང་པོ་ཞིག་འདུག།
འོ་འདི་ན་ཚིག་མཛོད་ཀྱི་སྐོར་མང་པོ་ཞིག་བཤད་འདུག བོད་ཀྱི་སྐད་ཡིག་ཐོག་བོད་རང་གི་ཚིད་མཛོད་ཇི་ཙམ་མང་བ་ཙམ་གྱིས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱི་ཕན་ཐོགས་ཡོང་ངེས། འོན་ཀྱང་དེ་སྔར་བོད་ཀྱི་ཚིག་མཛོད་མང་པོ་ཞིག་ཡོད་ཀྱང་དེ་དག་ཏུ་མིང་ཚིག་ཙམ་ལས་དེ་དག་ལ་འགྲེལ་བཤད་དང་མཚན་གཞི་སོགས་མེད། དཔེར་ན། རྡོ་རྗེ་ཕ་ལམ། རིན་ཆེན་གྱི་རིགས་ཤིག་རེད་ཅེས་པ་ལས་དེའི་དབྱིབས་དང་ཁ་དོག་འབྱུང་གནས་སོགས་ཀྱི་ལོ་རྒྱུས་འཁོད་པ་ཆེས་ཉུང། གཡུ་འབྲུག་དཀར་པོ་ལགས་ནས་འབྲུག་རྒྱལ་ཁབ་ཀྱི་རིག་གནས་སུ་གཏོགས་པའི་དེར་ཡོད་པའི་བོན་གྱི་དཔེ་རྙིང་དེ་ཚོ་བསྡུ་རུབ་དང་ཉར་ཚགས་ཀྱིས་དེ་དག་ལ་དཀར་ཆག་ཅིག་བཀོད་ན་དགེ་་མཚན་ཤིན་ཏུ་ཆེ། དེ་ནས་རིམ་བཞིན་དེ་དག་ལ་ཟིན་རིས་སམ་ཚིག་མཛོད་ཅིག་འབྲི་ཐུབ་ན་དེས་འབྲུག་རྒྱལ་ཁབ་ཀྱི་རིག་གནས་སྲུང་སྐྱོབས་ཀྱི་ཆ་ཤས་ཞིག་ཏུ་འགྱུར་ངེས་མ་ཟད། ཉིན་ཅིག་མི་ཚོས་དོ་སྣང་ཆེན་པོས་གདེངས་འཇོག་བྱ་འོས་པ་ཞིག་ཏུ་འགྱུར་ངེས་པས་དེ་ཐུགས་ལ་བཞག་གནང་རོགས།
གཡུ་འབྲུག་དཀར་པོ་ལགས། མ་མཇལ་ཡུན་རིང་། ཁྱེད་ཀྱིས་་་་་འབྲུག་གི་ཤར་དབུས་ནུབ་གསུམ་གྱི་ལུང་པ་ཁུག་ཀྱོག་རྣམས་སུ་བོན་གྱི་དཔེ་ཆ་མང་པོ་ཞིག་ཡོད་ཚོད་འདུག། ཉེ་དུས་ངས་བོན་དཔེ་འགའ་ཤས་ཤིག་འདྲ་པར་ཞུས་ཡོད་་་་གསུངས་འདུག་པས་དངོས་གནས་བྱས་ན་གནས་ཚུལ་དེ་ཚོ་འབྲུག་གི་ཚགས་པར་ནང་དུ་སྤེལ་དགོས་པ་རེད་བ། དགོས་ལེ་དེ་མི་སྤེལ་མི་དགོས་ལེ་དེ་སྤེལ་མཁན་ཁྱོད། སྡོད་ཚུགས་མེད་མཁན་ཞིག་ཡིན་པ་ཐག་ཆོད། ཡིན་ནའང་བོན་དཔེ་དེ་ཚོ་བདག་ཡག་པོ་བྱོས། འབྱུང་འགྱུར་བཀྲ་ཤིས་པའི་འབྲུག་ཡུལ་དུ་བོན་བསྟན་སླར་གསོ་ཡོང་བ་དང་རང་ངོ་རང་གིས་ཤེས་པའི་རེ་སྨོན་ཞུ་བཞིན་ཡོད་དོ། ། བོན་ཁམས་མོན་ཡུལ་བཀྲ་ཤིས་དཔལ་འབར་ཤོག །
སྒོམ་སྡེའི་ཚིག་མཛོད་དེ་དགེ་ལུགས་པའི་ཚིག་མཛོད་ཅིག་ཡིན་པར་གསུངས་མིན་འདུག དེའི་ནང་དུ་བཀའ་བརྒྱུད་པའི་ལྟ་གྲུབ་གཟིགས་མྱོང་བའི་ཆ་ནས་ཆོས་བརྒྱུད་དེ་འབྲེལ་ཚིག་ཀྱང་ཇེ་མང་ཡོད་པར་གསུངས་འདུག ད་དུང་ཚིག་མཛོད་གང་མང་འདོན་རྒྱུ་ཡོད་པ་རྣམས་ལ་སྔོན་ཚུད་ནས་འཚམས་འདྲི་དང་བཅས་རྗེས་སུ་ཡི་རང་དང་སྦྲགས་ཞུ་དག་ནན་འདྲོངས་ཡོང་བའི་རེ་སྐུལ་ཞུ།
སྤྱིར་བཏང་ནས་ཚིག་མཛོད་ཅེས་པ་ཀུན་གྱིས་ཁུངས་གཏུག་ས་ཡིན་སྟབས། སྤུས་ཚད་མི་ལྡན་ན་སྤྱི་ཚོགས་ཀྱི་གདུག་ཏུ་འགྲོ་སྲིད་པའང་ཐུགས་ལ་བཅང་དགོས།
དེང་སང་དཔེ་དེབ་རྣམས་པར་སྐྲུན་བྱེད་པར་བྲེལ་ཟིང་ལངས་ཏེ། རང་གིས་གང་བསམས་བྲིས་པ་ལས་གཞན་ལ་ཞུ་དག་གནང་མ་བཅུག་པ་དང་། ཡང་གཞན་ལ་ཞུ་དག་ཆེད་དུ་ཕུལ་ཡང་ཞུ་དག་པས་ཐུགས་འགན་མ་བཞེས་པའི་དབང་གིས་ཆ་སྙོམས་ཤོག་གྲངས་རེ་ལ་ནོར་འཁྲུལ་རེ་ཡོད་པའང་མཐོང་། དེབ་བྱེ་བྲག་པའི་མཚན་བྱང་ཞུ་འདོད་མེད་ཀྱང་། ད་ལྟ་དུས་ཁོམ་སྐབས་སུ་དཔེ་དེབ་ཅིག་ཀློག་བཞིན་ཡོད་ཀྱང་། དེབ་དེའི་ནང་དག་ཆ་དང་། སྡེབ་སྦྱོར་ལ་ཤུགས་དེ་ཙམ་མ་གནང་བའི་སྐྱོན་ཆ་ཆེ།
གནས་ཚུལ་དེ་ལྟ་བུ་མི་ཡོང་བའི་སྨོན་འདུན་དང་བཅས།
གསུངས་མི་འདུག
རྒན་བོན་པོ་ལགས་དང་བན་དེ་བ་ལགས་སྐུ་ཁམས་བཟང་། བོན་པོ་ལགས་ལ་ཞུ་རྒྱུ་བོན་དཔེ་དེ་ཚོའི་སྐོར་ཚགས་པར་སྒང་ལ་དཔར་ནས་ཆོ་ཅིག་ཡོད་ས་མ་རེད། དེ་བས་ཞབས་ཞུ་ཐུབ་ན་འདྲ་པར་ལེན་ནས་དཔེ་མཛོད་སོགས་ལས་གཏན་འཇོག་བྱེད་ན་བསམ་གྱི་ཡོད། རྒན་བན་དེ་བ་ལགས་ལ་ཞུ་རྒྱུ། ད་ལྟ་ངས་འདྲ་པར་ཞུས་ཡོད་པའི་བོན་དཔེ་དེ་ལ་བལྟས་ན་འབྲུག་གི་བོན་གྱི་འབྱུང་ཁུངས་དེ་བོད་ཀྱི་བོན་ལ་གཏུགས་ཀྱི་ཡོད་ས་མ་རེད་བསམ་བསམ་ཞིག་འདུག། གལ་ཏེ་འདིའི་ཐད་ལ་ཞིབ་འཇུག་ཅིག་བྱེད་ཐུབ་ན་ཡག་ས་རེད།
གཡུ་འབྲུག་ལགས་ཁྱེད་ནས་བོན་དཔེ་དེའི་སྐོར་ལ་རྩོམ་ཐུང་ཞིག་སྤེལ་ནས་ཁ་བརྡའི་ནང་དུ་བཏང་ན་བལྟ་རྒྱུ་ཞིག་ཡོད་རྒྱུ་རེད། འབྲུག་གི་བོན་དེ་བོད་ཀྱི་བོན་ལ་ཁུངས་མི་གཏུག་གི་རྒྱུ་མཚན་གང་དང་གང་འདུག་གམ། དེ་ལྟར་ཡོད་ན་དེ་བས་ཀྱང་ཁྱེད་འབྲུག་པས་རང་མི་རིགས་ཀྱི་རིག་གཞུང་ལ་བདག་གཅེས་མི་གནང་བར་དེ་ཚོ་ཚག་པར་ལ་བཀོད་ན་ཆོ་མི་འདུག་ཅེས་མཐོང་ཆུང་གནང་སྟངས་དེར་བློ་ཕམ་ཆེན་པོ་ཡོད། བོད་པས་རང་མི་རིགས་ཀྱི་ཆོས་ལུགས་རྙིང་པ་དེ་ཚོ་རྩ་སྟོར་བཏང་ནས་ད་ལྟའི་བོད་ཀྱི་གནས་ཚུལ་སྐྱོ་བོ་འདི་འདྲ་ཞིག་བྱུང་བ་རེད། འབྱུག་པས་དེ་ལྟར་མི་གནང་བའི་རེ་བ་ཡོད།
རྒན་བན་དེ་བ་ལགས། ཉིད་ཀྱིས་ངས་ཞུས་པ་དེ་ལ་གོ་ནོར་ཐེབས་འདུག། ངས་ཚག་པར་སྒང་ལ་བཀོད་ནས་ཆོ་མིན་འདུག་ཞུས་པ་དེ་བོན་དཔེ་དེ་ལ་མཐོང་ཆུང་བྱས་པ་གཏན་ནས་མིན། ངས་ཞུས་པ་དེ་བོན་དཔེ་དེའི་སྐོར་འབྲུག་པ་ཚག་པར་ཀློག་མཁན་ཚོའི་གྲལ་དུ་བོན་དཔེ་དེ་ལ་དོ་སྣང་གནང་མཁན་སུ་ཅིག་ཡོང་གི་མ་རེད། དེ་ཡིན་དུས་ཚག་པར་སྒང་ལ་བཀོད་ནས་ཆོ་ཡོད་ས་མ་རེད་ཅེས་ཞུས་པ་ཡིན། འབྲུག་གི་བོན་དེ་བོད་ཀྱི་བོན་ལ་གཏུགས་ས་མ་རེད་ཅེས་ཞུས་པའི་རྒྱུ་མཚན་ཡང་། ངས་འདྲ་པར་ཞུས་པའི་བོན་དཔེ་དེའི་ནང་ལ་ཐ་སྙད་མང་ཆེ་ཤོས་ལུང་པ་དེའི་ཁ་སྐད་མིན་ནམ་སྙམ་པ་མང་པོ་ཡོད་པས་མ་ཟད། ཧ་ལས་པ་ཞིག་ལ་བོད་ཀྱི་སྦལ་པ་དང་མོན་གྱི་སྦལ་པ་གཉིས་རྩོད་པ་རྒྱབ་དུས་མོན་གྱི་བལ་པ་ལ་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་སོགས་འདུག་པས་རེད། ངའི་བསམ་པ་ལ་བོན་ནས་སླེབས་པའི་བོན་དཔེ་ནང་ལ་བོད་དང་མོན་བསྡུར་དུས་མོན་ལ་རྒྱལ་ཁ་ཐོབ་པ་དེ་འདྲ་ཡོང་གི་མ་རེད་དྲན་གྱི་འདུག། བན་དེ་ལགས་ཀྱིས་ངས་དེའི་སྐོར་ལས་རྩོམ་ཡིག་སྤེལ་ན་གསུངས་ཀྱི་འདུག། ང་ལ་རྩོམ་ཡིག་སྤེལ་རྒྱུའི་ནུས་པ་མི་འདུག། གལ་ཏེ་ང་ལ་དུས་ཚོད་ཁོམ་པ་འབྱུང་ན་གོང་གི་བོན་དཔེ་དེ་ཕབ་བཤུས་བྱས་ནས་ཁ་བརྡའི་སྒང་ལ་ཕུལ་ཨེ་ཐུབ་བལྟ་གི་ཡིན། ཁྱེད་རྣམ་པས་རྩོམ་ཡིག་འབྲི་ཐུབ་ན་འབྲི་གནང་རོགས་ཞུ་གི་ཡིན།
འབྲུག་པ་ཚོ་ཡང་འཛམ་བུ་གླིང་གི་འགྲོ་བ་མི་གཞན་དང་གཅིག་མཚུངས་ཡིན་གྱི་རེད། དེ་འདྲ་ཞེ་བོ་དམིགས་བསལ་བ་ཞིག་ཨ་ཡོད་ན། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པ་གཅིག་པ་རེད་བ། འབྲུག་པ་ཚོ་ཡང་རང་མི་རིགས་ཀྱི་འདས་མ་ད་གསུམ་གྱི་བྱུང་རབས་ལ་བསམ་བློ་གཏོང་ཤེས་མཁན་གྱི་ཡིན་པའི་ཡིད་ཆེས་ཡོད། འབྲུག་ས་གནས་ས་ཐོག་གི་ལོ་རྒྱུས་ལ་རྩ་བ་ཉིད་ནས་ཐུགས་འཁུར་མི་གནང་བའི་མི་རིགས་ཅིག་ཨ་ཡིན་ན། འབྲུག་པའི་གཞོན་སྐྱེས་ཚོས་ཕྱི་ནང་གི་རྒྱལ་ཁབ་མང་པོར་སློབ་སྦྱོང་བྱེད་པ་དང་ཉམས་མྱོང་གསོག་པ་སོགས་གནང་གི་ཡོད་ཚོད་རེད། སྔར་ཐོས་མ་མྱོང་བའི་གནས་ཚུལ་མང་པོ་ཤེས་རྒྱུ་དང་གོ་རྒྱུ་རིག་རྒྱུ་སོགས་ལོས་ཡོད། དགོངས་པ་ཡག་པོ་བཞེས་རོགས་གནོངས། འབྲུག་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ནས་ཐུགས་རྒྱ་ཆེ་ཙམ་གནང་ནས་རང་མི་རིགས་ཀྱི་ཆོས་ལུགས་རྙིང་ཤོས་དེ་ལ་བདག་པོ་ཏོག་ཙམ་གནང་ཐུག་ན་འཛམ་གླིང་ནང་གི་གཟི་བརྗིད་ལོས་ཡིན། །
ཁ་བརྡའི་དྲ་གྲོགས་ཚོར་སྙིང་ཉེ་བའི་འཚམས་འདྲི་ཞུ།
ཡུལ་སྐད་ཇི་མ་ཇི་བཞིན་དུ་བླངས་པའི་འབྲུག་མོན་གྱི་དེང་དུས་གླུ་གཞས་སྙན་མོ་ཞིག་འདིར་འདུག གླུ་དང་པོ་དེའི་ནང་དོན་བོད་ཡིག་ཏུ་འབེབ་ཐུབ་མཁན་ཡོད་དམ། ། ཡུལ་སྐད་རྒྱལ་གྱུར་ཅིག །
https://soundcloud.com/shering-wangyel/gachi-labna-ugyen-pandey-minzung-lhamofrom-the-movie-sheychi-ngaghi