རྫ་ཚེ་རིང་བཀྲ་ཤིས།
《དུས་ཐོག་ཆར་པ》ཞེས་པའི་དེབ་འདི་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་སྔ་ཕྱིར་བསྩལ་པའི་དགོན་པའི་སློབ་གསོའི་ལེགས་བཅོས་ཀྱི་བཀའ་སློབ་ཧ་ཅང་གལ་ཆེན་ཞིག་སྟེ། ཕྲན་གྱིས་ལོ་ཧྲིལ་པོ་གཅིག་གི་རིང་སློབ་ཞོར་གྱི་དུས་ཡུན་སྤྱད་ནས་ཕབ་སྒྲིག་ཞུས་པ་ཡིན། དེ་ཡང་ཕྲན་གྱིས་ཕབ་སྒྲིག་གི་ཐོག་མཐའ་ཀུན་ཏུ་མཁན་ཆེན་མཆོག་གི་གསུང་གི་གཤིས་དང་བརྡ་སྤྲོད་སྟངས་ཀྱི་ཁྱད་ཆོས་མ་ཉམས་སོར་འཇོག་དགོས་པ། ཚིག་རེ་རེ་ནས་བརྡ་སྤྲོད་རིག་པའི་གཞུང་དང་ཡང་མི་འགལ་བ། བོད་སྐད་སྨྲ་བ་ཡོངས་ཀྱིས་གང་ལེགས་གོ་ཐུབ་པ། ཚིག་དོན་གྱི་ཆ་ཕྲ་མོ་ཙམ་ལ་ཡང་ཚད་མཐོའི་འགན་འཁྲི་ཡོད་པ་བརྗེད་མི་ཉན་པ། བརྗོད་གཞི་གཅིག་ལ་བསྐྱར་ཟློས་དང་། གསུང་སྟངས་མི་འདྲ་བའི་ཚིག་གིས་ཡང་ཡང་གསུང་གནང་བ་སོགས་དགོས་ངེས་གྱི་འཕྲི་སྣོན་དང་མཚམས་སྦྱོར་བྱེད་དགོས་པ། ཁོང་གི་དགོངས་དོན་དངོས་ལ་སྒེར་གྱི་བསམ་བློའི་ལྷད་མ་ཞུགས་པ་ཞིག་དགོས་པ་བཅས་ཏེ། གལ་ཆེའི་རྩ་དོན་དྲུག་གཞི་ལ་བཞག་ཅིང་། དེ་ཡང་གློག་བརྙན་མཁན་དང་བརྩམ་སྒྲུང་མཁན་གྱིས་མི་སྣ་འབྲི་འགོད་བྱེད་ཐབས་ལྟར་སྒྲ་ཐོག་དང་ཡིག་ཐོག་གི་གོ་བརྡ་སྤྲོད་སྟངས་མི་འདྲ་བའི་ཆོས་ཉིད་ཀྱི་དགོས་མཁོ་བཞིན་སྐབས་དང་སྐབས་སུ་མཚམས་སྦྱོར་གྱི་ཡི་གེ་གང་འོས་འོས་སུ་སྦྱར། ཚིག་གི་ལྷག་མ་བསལ་ནས་སྣ་བསྟུང་དགོས་པའི་རིགས་ཇི་སྙེད་པ་རྣམས་ལ་སྡུད་རྣམ་པ་དྲུག་གི་མན་ངག་ལ་བརྟེན་ནས་གང་དགོས་དགོས་སུ་བསྟུང་།
ཅ་དངོས་སོགས་ཀྱི་ཐ་སྙད་གསར་པའི་རིགས་ཀྱི་མིང་ཚིག་དག་དངོས་སུ་བེད་སྤྱོད་གནང་ཡོད་མེད་ལ་མ་ལྟོས་པར་ཕུགས་རྒྱང་རིང་པོར་དམིགས་ནས་《གསར་བྱུང་རྒྱུན་བཀོལ་མིང་མཛོད》ལས་བྱུང་བའི་བརྡ་ཆད་དག་ལྷུ་འཕྲོད་འཕྲོད་དུ་སྤྱད། དེ་ཙམ་ཡོངས་སུ་མ་གྲགས་སྙམ་པའི་བརྗོད་ཚིག་དང་ཐ་སྙད་གསར་པར་གཏོགས་པའི་མིང་ཚིག་གི་རིགས་གལ་ཆེ་བ་ཁག་ལ་གོ་དོན་ངེས་པའི་མཆན་བུ་བཏབ་སྟེ་གོ་དོན་ཇེ་གསལ་གསལ་དུ་བཏང་། བདག་སྒྲ་དང་པ་བའི་འཇུག་པ་ལྟ་བུ་ཚིག་མཛོད་དང་དག་ཡིག་ཁག་འབྲི་སྟངས་མི་མཐུན་པའི་རིགས་ལ་མཁན་ཆེན་མཆོག་གི་གསུང་རྩོམ་ཁག་གི་འབྲི་སྟངས་སྐུ་ཉིད་ཀྱི་བཞེད་ཕྱོགས་ཡིན་ངེས་སྙམ་པའི་ཁག་དང་གང་ཐུབ་ཐུབ་ཀྱིས་བསྟུན། གཞུང་གཞན་གྱི་ལུང་འདྲེན་གྱི་ཚིག་གང་བྱུང་བ་དག་ཀྱང་མ་དཔེ་རང་ལ་གང་བྲིས་པ་དེ་ཁོ་ནར་བཏུགས་ནས་ཁུངས་ངེས་ངེས་སུ་བྲིས། ཧ་ཅང་གལ་གནད་ཆེ་ཞིང་བསྡུས་བརྗོད་རང་བཞིན་ཅན་གྱི་གསུང་དུམ་བུ་ལུང་འདྲེན་ལྟར་བཀོལ་ཆོག་ཆོག་ཏུ་ཡོད་པ་རྣམས་ལ་དམིགས་བསལ་གྱི་ཡིག་ཚུགས་སྤྱད་ནས་ཀློག་པ་པོའི་ཐུགས་ལ་འཛིན་ཆོག་ཆོག་ཏུ་བཀོད། བཀའ་སློབ་ཀྱི་ཡིག་ཚད་ཧ་ཅང་མང་བས་ཀློག་པ་པོར་ཉོབ་སྣང་སྐྱེ་སྲིད་པ་དང་། སྤྱི་ཁོག་ངེས་དཀའ་བའི་དཀའ་ངལ་སེལ་བའི་ཆེད། འགྲེམ་བརྡ་ ༼རྒྱུན་བཀོལ་མིང་མཛོད་ཀྱི་ཚིག༽དང་གསར་འགྱུར་རིག་པའི་ཚིག་བརྗོད་ཀྱི་རིགས་ལམ་སྤྱད་དེ། ཚབ་མཚོན་རང་བཞིན་ཆེས་ཆེར་ལྡན་པའི་ཆེད་ལས་ཐ་སྙད་ཁག་ཚུད་པའི་ཐ་སྙད་ཀྱིས་མངོན་གསལ་དོད་པའི་ས་བཅད་གང་འགྲིག་འགྲིག་ཏུ་བསྒྲིགས།
རྫི་གསང་དོད་པའི་ཁོར་ཡུག་གི་ཉན་རྣ་ལ་གཟན་པའི་ཟུར་འགའ་ཞིག་ཐབས་ལ་མཁས་ཙམ་དགོས་པ་དག་མཁན་ཆེན་མཆོག་གི་དགོངས་གཞིའི་ལམ་སྟོན་དངོས་སུ་ཐོབ་པ་དང་གང་མཐུན་མཐུན་དུ་བཅོས་ཏེ་ལེགས་པར་གཏན་ལ་ཕབ། ནང་དོན་དངོས། མི་སྒེར་རིང་ལུགས། རྒྱལ་པོའི་ལམ་ལུགས། གཞི་མེད་ཀྱི་བག་ཕེབ་སྟེ། ཤེས་ནས་སྤོང་དགོས་པ་གསུམ། བྱིས་པའི་སློབ་གསོ་དང་། གཞོན་སྐྱེས་ཀྱི་སློབ་གསོ། དད་ལྡན་མང་ཚོགས་ཀྱི་སློབ་གསོ་སྟེ། དགོན་པ་དང་འབྲེལ་བའི་སློབ་གསོའི་རིམ་པ་གསུམ། ཡིག་གྲྭ་དང་། བཤད་གྲྭ སྒྲུབ་གྲྭ་སྟེ། དགོན་པ་ཚད་ལྡན་ཞིག་ལ་ཚང་དགོས་པའི་གྲྭ་གསུམ། ཉེར་མཁོའི་ཟ་གོན་འདང་ངེས་སུ་སྤྱོད་པ་དང། གཙོ་ཆེར་བྱིས་པའི་སློབ་ཡོན་དུ་དམིགས་པ། རན་ཙམ་སྦྱིན་གཏོང་ཚོགས་གསོག་ཏུ་གཏོང་བ་སྟེ། ནོར་རྫས་ལོངས་སུ་སྤྱོད་སྟངས་ཀྱི་འཛུབ་སྟོན་གསུམ། དགེ་འདུན་མཐུན་ཚོགས་དང། དམངས་གཙོ་བདག་གཉེར། མཐའ་གཉིས་སྤངས་པའི་རིས་མེད་དེ། དགོན་པའི་སློབ་གསོ་ལེགས་བཅོས་ཀྱི་གཞུང་ལུགས་གལ་ཆེན་གསུམ།
མཐའ་གཉིས་སུ་མ་ལྷུང་བ། ཐབས་ལ་མཁས་པ། དོན་གྱིས་ནང་ཉམས་ཟིན་པ་སྟེ། སློབ་གསོ་ལག་བསྟར་ཁྲོད་ཀྱི་མན་ངག་གསུམ། བསམ་བློའི་ངོས་ཟིན། དྲང་བདེན་གྱི་འཚོ་ཐབས། མི་ཚེའི་རིན་ཐང་གི་ལྟ་བ་སྟེ། ཡོངས་ཁྱབ་རང་བཞིན་གྱི་བདེན་དོན་གསུམ་སོགས་ཀྱི་ཚོམ་དུ་བཅད་ཡོད།
དེ་ནས་རྩ་བའི་ས་བཅད། དགོན་པ་དང་འབྲེལ་བའི་སློབ་གསོ་ལེགས་བཅོས་ཀྱི་སྐོར་སྤྱི་དང་། སློབ་གཉེར་གྱི་རིམ་པ་གསུམ་རྒྱ་ཆེར་བཤད་པ་སྟེ་གཞུང་དངོས་ཀྱི་རྩ་བའི་ས་བཅད་ཆེན་པོ་གཉིས། སྔ་མ་ལ་ཡན་ལག་གི་བཅད་ཚོམ་ཉེར་དྲུག་དང་། ཕྱི་མ་ལ་ནང་གསེས་ཡན་ལག་གི་ས་བཅད་གཙོ་བོ་གསུམ་གྱི་ཁོངས་སུ་ཉིང་ལག་གི་བཅད་ཚོམ་ལྔ་བཅུ་ང་གཅིག གླེང་གཞིར་མཇུག་བསྡུད་དུ་གཏོགས་པའི་ས་བཅད་ཁག་བཅས་ས་བཅད་ཆེ་ཆུང་དགུ་བཅུར་ཉེ་བ་དང་ཚེགས་ཁྱིམ་ཁྲི་བདུན་ལ་ཉེ། དེའི་ཁར་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་བསྩལ་པའི་ཆེད་བརྗོད། 《 ཚུལ་ཁྲིམས་བློ་གྲོས་ངེས་པར་བརྗོད་པ》《ཕབ་སྒྲིག་དང་འབྲེལ་བའི་གཏམ》་སོགས་ཀྱི་ལེ་ཚན་ཁག་ཅིག་ཀྱང་བསྣན་མཐར། བོད་ཕྱི་ནང་གཉིས་སུ་དུས་གཅིག་ལ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་པར་སྐྲུན་མཐུན་འགྱུར་བཅས་བོད་དུ་མི་རིགས་དཔེ་སྐྲུན་ཁང་དང་རྒྱ་གར་དུ་རྒྱལ་ས་རྡི་ལི་ནས་པར་དུ་སྐྲུན། དུས་ཚོད་གཅིག་གི་ནང་ལ་པར་དུ་སྐྲུན་པ་དང་། ཕྱི་ཕྱོགས་སུ་ཟླ་བ་དང་པོའི་ནང་རྡོར་གདན་དུ་འགྲེམ་སྤེལ་བྱ་རྒྱུ་དང་། དེ་ཡང་མ་གནས་ལས་དམའ་བའི་རིན་གོང་ཐོག་གླུ་ཡོན་འབུལ་རྒྱུ་ཡིན། བོད་ནང་དུ་མི་རིང་བར་ལྗོངས་ཞིང་ལྔའི་དཔེ་ཚོང་ཁང་ཁག་ནས་བླུ་ཉོ་ཐུབ་པར་མ་ཟད་ཕལ་མོ་ཆེ་རིམ་མེད་དུ་འགྲེམས་རྒྱུ་ཡིན། ཕབ་སྒྲིག་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་པའི་སློབ་གསོའི་ལག་དེབ་རྩ་ཆེན་ཞིག་ཆགས་རྒྱུའི་བཅོས་མིན་གྱི་རེ་བ་ཆེན་པོ་བཅངས་ཡོད།
ཐུགས་རྗེ་ཆེ།
2011 12 15
བཀྲ་ཤིས་བདེ་ལེགས
སྐྱེས་བུ་དམ་པའི་ཡོན་ཏན་རྣམས། སྐྱེས་བུ་དམ་པས་ལེགས་པར་སྒྲོགས། ལྷོ་ཕྱོགས་ཙན་དན་དྲི་གཞོན་དེ། རླུང་ལ་ཞོན་ནས་ཕྱོགས་སུ་འགྲོ །།
བཀའ་དྲིན་ཆེ། མྱུར་དུ་ལག་སོན་འབྱུང་བར་སྒུག་ནས་ཡོད།
ཁྱེད་ཀྱིས་མཛད་འཕྲིན་ལ་རྗེས་སུ་ཡིད་རང་དང་་་བྱ་བ་ལམ་འགྲོ་ཡོང་པ་ཤོག་་
མཁན་ཆེན་དམ་པ་སྐུ་ཚེ་བརྟན་པ་དང་འཕྲིན་ལས་རྒྱས་པའི་སྨོན་འདུན་ཞུ།།
༄། ཚུལ་གནས་ཐོས་དང་ཁྲིམས་ལ་བརྩོན་མཛད་ཅིང་།།
རྣམ་དཔྱོད་བློ་ལ་ཤེས་བྱའི་དཀྱིལ་འཁོར་རྒྱས།།
འཆད་དང་རྩོད་རྩོམ་གྲོས་སུ་གདམས་པ་ཡི།།
ལེགས་ཚོགས་པདྨོའི་བསུང་ཞིམ་འཕྲོ་བར་སྤྲོ།།
ལོག་ཡིག་རིགས་འགྲེམས་སྤེལ་བྱེད་ན་ཁ་ཡག་མི་ཤོད།
ང་ལ་རེ་དོགས་མེད་པ་མ་རེད་ལ་མཆན་བུ་དེ་ཚོས་ཅི་ཟེར་ལ་ཉན་ཙམ་རེ་བྱེད་ཀྱི་ཡོད།
རྒྱུ་མཚན་ལྡན་པའི་བཀའ་མོལ་དང་དོགས་འདྲི་བགྲོ་གླེང་འཚམས་འདྲི་སོགས་ལ་གཅིག་མཚུངས་སུ་གུས་ཞབས་བྱེད་ཀྱི་ཡོད། སྐྱོན་བརྗོད་ལ་ཡང་དམིགས་བསལ་ཧང་སང་བ་ནི་གང་ཡང་མེད།་
ཡིན་ན་ང་ཧུང་ཤི་ཕད་འགྱེལ་གྱི་མཆན་དེ་མཐོང་བ་དང་གློག་གླད་ངོས་ལ་གཅེར་བཞིན་དུ་ང་རང་གཅིག་པུར་གད་མོ་ཤོར་སོང་། གད་མོ་དེ་ཁྲེལ་བགད་མ་ཡིན་ལ་དགའ་ནས་བགད་པ་དེ་བས་ཀྱང་མིན། ཁྱད་མཚར། ག་འདྲ་ཞིག་དྲན་པ་ཡིན་ན། ནང་དོན་གཏན་ནས་མ་མཐོང་གོང་ལོག་ཡིག་འགྲེམ་པ་ཞེས་པ་འདི་ཅི་ལྟར་དྲན་ནས་བྲིས་ནི་ཡིན་ན་བསམ་ནས་གད་མོ་ཞིག་ཤོར་སོང་། ངོ་མ་བན་རྒྱག་རང་དང་རིགས་མཚུངས་པ་ཞིག་གི་གང་བྱུང་དུ་བཤད་པ་ལས་བསམ་པ་གནག་པ་དང་དམིགས་ཡུལ་ཅན་ཞིག་རེད་ནི་ཅང་བསམ་མ་སོང་
ཧཧཧཧཧཧཧཧཧ
ཁ་བརྡ་དྲ་བའི་སྒང་ལ་ཚུལ་ཁྲིམས་བློ་གྲོས་ཟེར་བ་ཞིག་མང་པོ་གླེང་རྗེས་ནས་ངས་ཀྱང་གཞན་གྱི་ངག་དང་། དྲ་ལམ། དེ་བཞིན་དུ་ཚུལ་ཁྲིམས་བློ་གྲོས་ཀྱིས་བརྩམས་པའི་དེབ་ཁ་ཤས་བཅས་ལག་སོན་བྱུང་བས་ཁོང་གི་སྐོར་ལ་དོ་སྣང་བྱས་པ་ཡིན། ལྷག་པར་དྲ་ལམ་ནས་ཉན་ཐུབ་པའི་ཁོང་གི་གསུང་བཤད་ཁ་ཤས་ཤིག་གི་ངའི་ཡིད་སེམས་གཏིང་ནས་འཕྲོག་སོང་། སྐུ་ཞབས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་བསྒྲིགས་པའི་དེབ་དེས་བོད་མི་ཚོར་ཕན་ཐོགས་ཆེན་པོ་ཡོང་བའི་ཡིད་ཆེས་ཡོད། ཐུགས་རྗེ་ཆེ།
ཚེ་རིང་གི་གསུང་པ་དེ་བདེན་པ་རེད་ལགས་དེ་སོང་བོད་པའི་སྤྱི་ཚོགས་ནང་སྐད་ཆ་དེ་འདྲ་དང་མཆན་དེ་འདྲ་འགོད་ཉན་མ་རོབས་པའི་དྲ་འབུ་མང་དག་ཞིག་ཡོད་པ་དངོས་གསལ་རེགས། རྒྱ་གུང་ཁྲན་ནང་བཞིན་ཁོ་ཚོའི་འདོད་ཐོག་མ་སོང་བའི་མི་དེ་ལ་སྐྱོན་དང་སྒྲོ་སྐུར་གཞན་དག་གལ་སྲིག་མ་རྙེད་པ་ཡིན་ན་དེ་ནས་སྲིད་དོན་ལ་ཁག་དཀྲིས་ནས་སྐྱོན་དང་སྒྲོ་སྐུར་བྱེད་གི་འདུག། ཁོ་ཚོས་གནས་ལུགས་རྒྱུ་མཚན་གསལ་པོ་ཅི་ཡང་རྟོགས་དགོས་གི་མ་རེད་མི་ལ་ཁ་གཏོང་ཆོག་ཆོག་རེད།
ཝེ། སྤོབས་པ་། ཡ་མཚན་ད་ལན་ཁྱེད་རང་གིས་མཁན་ཚུལ་བློ་ལ་བསྔགས་བརྗོད་འདྲ་བྱས་འདུག་སྟེ། ཁྱོད་སེམས་ཁུང་ནས་ཡིན་ན་ངས་ཡི་རང་ཡོད། ཁ་ནས་ཡིན་ན་གསེར་དང་འདྲ་བའི་དུས་ཚོད་རྩ་ཆེན་འདི་འདྲ་ལ་དོན་མེད་ཆུད་ཟོས་གཏོང་བ་ལ་ཁོ་བོས་ངོས་ནས་ཡིད་མུག་ཏུ་འགྲོ་བའི་གནས་མ་ཡིན་ནམ?
མི་ངན་གྱི་ཁ་དང་ཁྱི་ངན་གྱི་རྐུབ་ཟེར་བ་སྟེ་ཧཱུཾ་ཤི་ཕད་འགྱེལ་གྱི་རིགས་ལ་ཟེར་བ་རེད།
༄། །མཁན་ཆེན་དམ་པ་སྐུ་ཚེ་བརྟན་པར་སྨོན། སྐུ་ཞབས་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་བསྒྲིགས་པའི་མཁན་ཆེན་མཆོག་གི་གསུང་དེབ་དེས་བོད་མི་ཚོར་ཕན་ཐོགས་ཆེན་པོ་ཡོང་བའི་ཡིད་ཆེས་ཡོད། ཐུགས་རྗེ་ཆེ། ཧཱུྂ་ཤི་ཕཊ་འགྱེལ་ཟེར་བའི་སྐྱག་འབུའི་ཁ་ལ་ཐལ་བ་ཐོབས། རེབ་གོང་ནས།
རྫ་ཚེ་བཀྲ་ལགས། ངེད་གཉིས་གཅིག་ན་ཕ་ཡུལ་ནས་ཁྱུག་ཙམ་ཞིག་མིག་མཐོང་སྲིད་མོད། གང་ལྟར་ཁྱེད་རང་ལ་རྣམ་དཔྱོད་ཅི་ཙམ་ནི་ངས་མི་རྟོགས་ཀྱང་། ཁྱོད་ནི་ཅུང་ཙམ་་གཟོ་བོར་གནས་པའི་གཤིས་ཀ་ཞིག་ཡོད་པར་སྙམ། འོན་ཏེ་དེང་སང་རྒྱ་མཚོའི་རྦ་རླབ་ཀྱིས་རླུང་ཤུག་དྲག་པོས་རང་གཤིས་ཁ་དར་དཀར་པོ་ཡིན་ནའང་རྗེད་ཡང་བས་དར་ལྕེ་རླུང་དེས་ངོགས་སུ་ལྡབ་པས་སྐྱེ་བ་སྔ་ཕྱིའི་ཟློས་གར་བཙན་པོའི་སྣང་བ་ཤེས་མ་དགོས། དུས་རབ༢༡པ་རང་རེས་སྔ་དྲོ་ཕྱི་དྲོ་ལའང་དུས་ཀྱི་འཕོ་འགྱུར་གྱིས་མངོན་པས། རང་ཚུག་མ་ཤོར་ཅེས་ཞལ་གདམས་ཚིག་རྐང་དང་པོས་ཐུགས་སུ་འཆང་ཡོད་ན་ཆབ་སྲིད་ཀྱི་དཀྱིལ་འཁོར་ལ་ཕྱུག་པའམ། མདོར་ན་ཁྲི་འཕང་གི་བང་རྩེག། རྒྱ་ནག་པོས་ཐེམ་རྒྱའི་གོ་མིང་། རང་རྒྱུད་ཁོ་ནར་ཞེན་ཅིང་ལྷ་ལྟར་འདོད་ཅན་གྱི་ཆོས་ལས་རྒྱུད་པའི་རྩ་ལག གཅིག་ན་རྫ་དཔལ་སྤྲུལ་པས་གསུང་ནང་གང་ཞིག་གིས་དམྱལ་ཁམས་༡༨ རུ་གྲངས་འདྲེན་ལྟར་ཕྱི་ནང་གསང་གསུམ་ལུགས་སམ། ཡང་ན་མ་འོངས་ལུང་བསྟན་ལྟར་མ་རེད་ཟེར་མི་རུང་བ་མི་འདུག་ན་། ཁྱོད་ནི་གཞན་ལ་སྤྲེལ་ལྟར་ལད་ཟློས་ཀྱང་མི་དགོས་ལགས། མ་གོ་མ་ཤེས་པས་གཡམ་རྒྱུགས་སུ་རྒྱུག་པ་ག་ལ་ཡོང་། དེ་ཁོ་བོས་ཀྱང་རང་ཚུག་མ་ཤོར་བ་གསུངས་བྱིནཅན་དང་། གཞན་སེམས་མ་དཀྲུགས་དོན་མ་གཡོ་བར་སྙམ། གཟིམས་ཟ་བདེ།
ནང་བསྟན་ཞིབ་འཇུག་པའི་་རྐང་འཛིན་རྫ་ཚེ་རིང་བཀྲ་ཤིས་མཆོག་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་རྣམ་གཉིས་ཀྱིས་བོད་མི་རིགས་ཀྱི་ཁྱད་ནོར་སྲུང་སྐྱོབས་དང་གོང་འཕེལ་
སླད་དུས་ཀྱི་འགྲོས་དང་མཐུན་པའི་སློབ་གསོའི་ལམ་ལུགས་སུ་སྒྱུར་བཅོས་རགས་ཙམ་
གནང་བར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་ལ་མུ་མཐུད་ལེགས་སྤེལ་
ཉེས་འགོག་གང་ཐུབ་གནང་བའི་མིག་དཔེར་འགྱུར་བར་སྨོན།།
༡ཚུལ་ལྡན་འཕུར་གྲུ་སྐྱོད་པའི་༥ཚེ།།
༢ཁྲིམས་འཆལ་བོང་བུ་ལམ་ཐག་༦རིང།།
༣བློ་ལྡན་གསར་གཏོད་རྣམ་དཔྱོད་༧བཀྲ།།
༤གྲོས་འདེབས་མཁན་པོ་ཨེ་མ་༨ཤིས།།
ཞིབ་འཇུག་པ་སྟག་སེང་ཁ་སྤྲོད་གྱི་མཚོན་དོན་དུ་དབབ་བྱ་དང་འབེབས་བྱེད་རྦམ་གཉིས་ལ་བཀྲ་ཤིས་རྟེན་འབྲེལ་གྱི་དོད་དུ་མཚན་གཟུངས་སྦྲེལ་ཏེ་སྤེལ་བའོ།
གཞན་ཡང་། ཡིག་ནོར་འགའ་ཞིག་ནི། གླུ་ཡོན་མ་རེད་བླུ་ཡོན་རེད།།
རིམ་མེད་མ་རེད་རིན་མེད་རེད་ཅེས་ནན་ཙམ་ཞུ་འདོད་བྱུང་། གང་ཡིན་ཞེ་ན། རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་པའི་རྐང་འཛིན་གྱི་གྲས་སུ་གཏོགས་པའི་ལེགས་སྤེལ་ཉེས་
འགོག་གི་གནད་ལ་གཞོལ་བའི་གཟུར་གནས་པ་ཡིན་པའི་ཕྱིར་རོ།།
དགོན་པ་དག་ན་སློབ་བསོ་ཡར་རྒྱས་སུ་འགྲོ་བཞིན་པ་རེད། ད་ཡར་རྒྱས་ངོ་མ་མི་མང་གི་སློབ་གསོ་ཡར་རྒྱས་སུ་གཏོང་དགོས་པར་འདུག ལྷག་པར་བོད་ནང་ནས་ཡར་རྒྱས་སུ་མ་བཏང་ན་ཕྱི་ལོག་ནས་དཀའ་མོ་རེད།
རྫ་ཚེའི་བྱས་བསགས་ལ་ཡི་རང་ཞུ། བགྱི་བ་འདིས་མི་རིགས་རིག་གཞུང་དང་བཅས་པར་གཏན་གཏན་ཕན་ཐོགས་ཆེན་པོ་ཡོང་བའི་ཡིད་ཆེས་ཡོད། དེ་དང་ཆབས་ཅིག་དྲ་གྲོགས་ཚོར་ཞུ་རྒྱུར་༧མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་ནི་གང་ས་ཅི་ཡི་ཆ་ནས་བཤད་མ་དགོས་པ་ཞིག་ཡིན་པ་ཀུན་གྱི་མཁྱེན་གསལ་ལྟར་རེད།
འོན་ཀྱང་འདི་ནས་ཁོང་དང་ཁོང་གི་སྐོར་ལ་མང་པོ་མ་བཤད་ན་བཟང་། འདི་ནས་ང་ཚོས་ཁོང་གི་སྐོར་མང་པོ་བཤད་པ་ཡིན་ན། གཞིས་ནས་ཁོང་གི་མཛད་འཕྲིན་ལ་བར་ཆད་ཡོང་གཞི་ཡོད་པས་གཟབ་འཚལ། ན་ནིང་ཁོང་མགོ་ལོག་ཁུལ་སོགས་སུ་ཕེབས་རྒྱུ་བཀག་རྒྱ་དང་དམ་དྲག་བྱས་པ་དེ་འདྲའང་བྱུང་འདུག ད་སྐབས་ཅུང་དྲག་ཚོད་འདུག དེས་ན་འདི་ནས་བསྟོད་སྨད་གང་ཡང་མ་བྱེད་པར་ཅམ་གྱིས་ཞོག་དང་། གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁའ་ཞེས་པའི་དཔེ་ལྟར། ཁོང་གི་མཛད་པ་དང་བྱས་རྗེས་འབུར་དུ་དོད་དང་དོད་བཞིན་པ་ལྟར། མ་འོངས་པ་ཡང་དེ་དང་དེ་འདྲའི་རླབས་ཆེན་གྱི་མཛད་པ་དག་མུ་མཐུད་ཡོང་རྒྱུ་རེད།
ཆོས་འགྲུབ་ལགས་གསུངས་པ་བདེན་པ་རེད། དོན་མེད་མང་པོ་ཞིག་བསྟོད་པ་་བྱས་འདོག་དེ་ཁོང་ལ་ཕན་མི་དགོས་གནོད་ཆ་ཡོང་འདོག་ཆེ།་ང་རང་ཚོས་ཆབ་སྲིད་གོ་མིང་ཐོབ་ལ་རེ་དོག་ཅན་ཡིན་ཙང་སོ་སོ་རྫིག་པོ་དང་མིང་ཡོང་རྒྱུར་རེ་ནས་ཁོང་གིད་གསུང་བཤད་སྐི་པར་ལྷན་དུ་མཉམ་སྦྱར་མཉམ་བཀོད་བྱེད་ཀྱིས་འདུག་ན། ཐུགས་བསམ་ཡག་པོ་བཞེས་རོག མཁན་ཆེན་ཁོང་གི་མཛད་རྒྱ་ལ་བར་ཆད་ཡོང་ངེས་རེད། ང་རང་ཚོ་ཐེ་ཝན་ལུང་པ་ལ་མིང་དང་ཤོག་ཆག་ལ་མགོ་འཁོར་བཞིན་པ་དང་། ད་དུང་ཡང་དེའི་ཁོར་ཡུག་་ལས་ཡལ་བར་འདོར་མི་ནུས་པས་་ཚོང་ར་ཆེན་པོ་ཞིག་ཡིན་གཤིས་དར་དོན་གཟབ་དམ་པ་ཡ་རབ་ཚད་ལྡན་རྣམས་བཏང་སྙོམས འཇོག་ན་མི་དགེ་འམ།
ཀརྨ་དགེ་ལེགས་ཟེར་བ་ཞིག་གིས་དེང་སང་དགོན་པ་ན་སློབ་གསོ་ཡར་རྒྱས་སུ་འགྲོ་བཞིན་པ་རེད། ད་མི་མང་གི་སློབ་གསོ་ཡར་རྒྱས་གཏོང་དགོས་ཀྱིན་འདུག་ཅེས་བྲིས་འདུག དགོན་པ་རུ་བསྡད་ཡོད་མཁན་ཚོ་མི་མང་གི་ནང་དུ་མ་ཚུད་པ་རེད་དམ། དགོན་པ་སློབ་གསོ་ཡར་རྒྱས་སུ་འགྲོ་བཞིན་པ་དེ་ཡང་དགོན་པ་དེར་སྡོད་མཁན་གྱི་མི་མང་གི་ཆེད་རེད་མ་གཏོགས་སྐུ་བརྙན་ཚོའི་ཆེད་དུ་མ་རེད།
ད་རེའི་སྤོབས་པ་མཐའ་ཡས་ལགས་ཀྱི་གསུང་དེ། ནམ་རྒྱུན་སྤྱིར་བཏང་དམིགས་བསལ་གྱི་འགྲོ་སྟངས་གསལ་པོར་མ་མཁྱེན་པ་ལྟ་བུ་འདུག་ཀྱང་། དེ་ཡིན་མི་སྲིད་པས་ཞལ་རྩེད་གསུང་གིན་ཡོད་པ་འདྲ། ཧཧཧཧཧཧ
དེང་སང་ཆོས་ལུགས་དང་དགོན་པ་ཡར་རྒྱས་འགྲོ་བ་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་འདུག
དེ་ཚོ་དངོས་ནས་དུས་རབས་ཉེར་གཅིག་པ་རྗེས་ཟིན་པའི་བསམ་བློ་གསར་བ་པ་རེད་དམ། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་རྗེས་སུ་ལུས་པའི་བསམ་བློ་རྙིང་པ་གང་རེད།
འཛམ་གླིང་ཤར་ནུབ་ཀྱི་མི་རིགས་ཚང་མས་རང་རང་གི་ཆོས་ལུགས་དང་གནའ་བོའི་དགོན་པ་ཡར་རྒྱས་ལ་གཏང་ཅི་ཐུབ་བྱེད་བཞིན་ཡོད་པ་འདི་འུ་ཅག་གངས་ཅན་པའི་མཁས་པར་རློམ་པ་རྣམས་ཀྱི་མིག་ཞར་ནས་མ་རིག་པ་ཡིན་ནམ་རྣ་བ་འོན་ནས་མ་ཐོས་པ་ཡིན།
བཀྲ་ཤིས་བདེ་ལེགས།
གྲོགས་པོ་རྣམ་པ་ཕེབས་པར་དགའ་བསུ་ཞུ།
དགོན་ན་གནས་པའི་གྲྭ་བ་དང་། །
གྲོང་ན་གནས་པའི་ཁྱིམ་པ་གཉིས། །
ཁ་ཁ་དབྱེ་བ་བཀར་ན་ཆོག །
མ་བཀར་གཅིག་ཏུ་བརྩིས་ནའང་ཆོག །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ་བཞིན་ཡ་རབས་བཟང་སྤྱོད་སོགས་མི་ཉམས་རྒྱུན་འཛིན་གྱི་ཆེད་ཆོས་དང་མཐུན་པའི་གོམ་བསྟབས་འགྱུར་དགོས་པར་དམིགས་ནས། བཀའ་སློབ་གང་གནང་བ་དེ་བཅོས་ལྷད་མེད་པའི་ཕྱག་དེབ་སྤུས་དག་ཞིག་འགྲེམས་སྤེལ་གནང་འཆར་ཡོད་པ་ལ། ལྟ་ལོགས་ཧཱུཾ་ཤི་ཕཊ་འགྱེལ་ཁྱོད་ཀྱིས་ལོགས་ཡིག་འགྲེམས་སྤེལ་བྱེད་ཀྱི་ཡོད་པར་བརྗོད་པ་དེའི་འབྲས་བུས་དཀར་ཕྱོགས་ཀྱི་སྲུང་མའི་གཞལ་ནས་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོག་ནས་་ཁྱོད་ཀྱི་ལུས་ངག་ཐལ་བར་བརླགས་ནས་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར་བའི་འཕྲིན་ལས་མཛོད་ཅིག ། ཧཱུཾ་ཤི་ཕཊ་འགྱེལ།་
༡༥༽ ཀརྨ་དགེ་ལེགས་ནས།
་་་་་དགོས་པར་འདུག ལྷག་པར་བོད་ནང་ནས་ཡར་རྒྱས་སུ་མ་བཏང་ན་ཕྱི་ལོག་༼ ལོགས་༽ནས་དཀའ་མོ་རེད།
༢༤༽ དགྲ་འདུལ་གཉེན་སྐྱོངས་ནས།
་་་་་་་ཞིག་འགྲེམས་སྤེལ་གནང་འཆར་ཡོད་པ་ལ། ལྟ་༼ལོག་༽ལོགས་ཧཱུཾ་ཤི་ཕཊ་འགྱེལ་ཁྱོད་ཀྱིས་་་་་་་་་་
ད་འདྲིག་སོང་ངས་ཁ་སང་ནས་རེ་བསྐུལ་ཞུས་ཡོད་། འདིའི་སྐོར་ཡག་སྡུག་སོགས་དང་དགའ་སྡུག་ཡིག་རིག་བཏང་སྙོམས་འཇོག་ན་དགེ། དོན་མེད་དུ་དམ་པ་ཁོང་ལ་ཕྱི་ནང་གསང་གསུམ་གྱིས་སྐུ་བསྔལ་མི་འབྱུང་མི་སྲིད་པས། ཡ་སྐུ་ཚེ་རིང་རིང་རྒྱུ། ནཏང་སྙོམས་འཇོག་གནང་མཆན་བུ་འདིའི་དོན་ལ་གཟབ་པར་ཞུ།