རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།། ད་ནང་ཞོགས་པ་འཕྲིན་ཕྲན་གྱི་བར་སྟོང་ནས་གཞན་གྱིས་བཀོད་པའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཉེ་ཆར་རྒྱ་ནག་ཁྲིན་དུ་ན་སྲོག་བླུ་གནང་བཞིན་པའི་འདྲ་པར་འགའ་ཞིག་མཇལ་བྱུང་ ཁོང་ནི་ད་བར་ངའི་མི་ཚེའི་ནང་ལ་བག་ཆགས་ཆེ་ཤོས་འཇོག་མཁན་གྱི་བསམ་བློའི་ལམ་མཁན་ཞིག་ཡིན། ངས་རྟག་པར་རང་ཉིད་ཁོང་གི་རྗེས་འབྲངས་པ་ཞིག་ཡིན་པའི་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་ཁོང་གི་ཞབས་རྗེས་ཟིན་མཁན་གྱི་རྗེས་འབྲངས་པ་ཞིག་གཏན་ནས་མ་རེད། དེ་ནི་ཁྱད་པར་རེད། ཁོང་གིས་རྟག་པར་སེེམས་ཤུགས་ཆེན་པོས་ཉམ་ཆུང་དུད་འགྲོའི་ཚེ་སྲོག་ལ་ལག་ལེན་དངོས་ཀྱི་ཐོག་ནས་གོང་བཀུར་གནང་གིན་ཡོད། ཁོང་གིས་མི་དག་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་བཞིན་དུད་འགྲོ་དག་ལ་ཡང་ཚེ་སྲོག་གི་གཞི་རྩའི་འཚོ་གནས་ཀྱི་ཐོབ་ཐང་གཅིག་མཚུངས་སུ་ཡོད་ཅེས་གསུངས།
ཁྱད་པར་དུད་འགྲོ་དག་ལ་རང་ཉིད་ཀྱི་བདག་པོའམ། ཁོར་ཡུག་གཅིག་པའི་འགྲོ་བ་མི་ཚོར་རང་གི་སེམས་ཚོར་མཚོན་པའི་སྐད་འབོད་སོགས་བྱེད་ཤེས་ཀྱི་མེད་པས་དུད་འགྲོ་དེ་དག་ལ་ཡང་རང་དབང་མགྲིན་ཚབ་པ་ཞིག་ཡོད་འོས་པར་འདོད་ཅིང་། ད་ཆ་ཁོང་རང་ཉིད་ཉམ་ཆུང་དུད་འགྲོ་དེ་དག་གི་རྒྱབ་རྩར་ལངས་པའི་རང་འདུན་གྱི་མགྲིན་ཚབ་པ་ཞིག་གནང་ཡོད། ཁོང་གིས་ལོ་མང་པོའི་རིང་ནས་༼ཉིན་བརྒྱའི་སྲོག་བླུ༽འི་ལས་འགུལ་ཆེན་མོ་འདི་རྒྱུན་སྐྱོང་གནང་ཞིང་། འདི་ནི་ད་ཆ་མི་ཚོགས་ཧ་ཅང་མང་པོ་མཉམ་ཞུགས་གནང་ཡུལ་གྱི་གཞི་རྒྱ་ཆེ་བའི་བྱམས་བརྩེའི་ལས་འགུལ་ཞིག་ཆགས་ཟིན་པ་རེད།
འགའ་ཞིག་གིས་ཕོན་ཆེ་བའི་ཚེ་ཐར་སྲོག་བླུ་ལ་སྐྱོན་བརྗོད་བྱེད་པ་མཐོང་ཞིང་། སྐྱེ་ཁམས་སོགས་ཀྱི་གནས་སྟངས་ཉི་ཚེ་བའི་ངོས་ནས་སྲོག་བླུ་བྱེད་སྟངས་སོགས་ལ་ལེགས་བཅོས་ངེས་ཅན་བྱ་རྒྱུའི་རྒྱུ་མཚན་ཡང་མཐོང་གིན་ཡོད།
འོན་ཀྱང་། ཚུལ་ཁྲིམས་བློ་གྲོས་ཀྱིས་རྟག་པར་ཟོངས་འཁོར་དག་གི་ཁ་ནས་ཁོང་ངོ་མས་ནབ་སྟོད་ཀྱི་ཕུ་དུང་གྲུ་མོར་བརྫིས་ཏེ། དོ་བོ་སྐྱེལ་འདྲེན་བྱེད་མཁན་གྱི་ལག་དོ་བ་ཞིག་ལྟར། ཉིན་གང་པོར་ཉ་ལྕོང་འབའ་འབུ་དེ་དག་འོར་འདྲེན་བྱེད། མཐར་ཧ་ཅང་དཀྱུས་མ་དང་ཉམ་ཆུང་གིས་དུད་འགྲོ་དེ་དག་གི་མཐའ་ན་འགྲེང་སྟེ། ལག་གཉིས་ཐལ་མོ་སྦྱར་བཞིན་ཐུགས་ཧ་ཅང་ཚིམ་པའི་རྣམ་འགྱུར་དང་བཅས་བསྔོ་སྨོན་གྱི་མཚམས་སྦྱོར་བཟང་པོ་བྱེད་ཅིང་། ཉམ་ཆུང་གི་ཚེ་སྲོག་དེ་དག་ལ་རང་དབང་ཐོབ་པའི་འཛད་མཐའ་མེད་པའི་ཁྱད་པར་གྱི་དགའ་ཚོར་ཞིག་ལ་རོལ་མྱོང་བྱེད་བཞིན་པའི་སྣང་བརྙན་དེ་དག་གིས་ང་ལ་བག་ཆགས་གཏིང་ཟབ་བཞག་བྱུང་། སྐབས་དེའི་ཚུལ་ཁྲིམས་བློ་གྲོས་ནི་བྱམས་པ་དང་བརྩེ་བ་མཐའ་ཡས་པའི་ཏིང་ངེ་འཛིན་གྱི་དམིགས་པ་ལ་སྙོམས་པར་གནས་ཤིང་། སྣང་བརྙན་འདི་ནི་ཧ་ཅང་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པ་ཞིག་རེད།
ངས་སྐྱེ་བ་གཞན་དུ་དུད་འགྲོ་འདི་དག་བཞིན་གཤས་རའི་ནང་དུ་གཤན་པ་དག་གིས་གསོད་པའི་དུད་འགྲོ་གཞན་ཞིག་བྱས་མིན་ད་ཆ་མི་དྲན་ན་ཡང་། བཙོན་འཁོར་གྱི་ནང་ནས་ལག་པ་ལྕགས་སྒྲོག་གིས་བསྡམས་ཏེ་ལམ་ནས་འཁྲིད་པའི་འདས་དོན་གྱི་ཉམས་མྱོང་དག་ད་ལྟའང་དྲན་སོས་ཀྱི་འདུག མ་གཞི་འདི་ནི་བཤད་རིན་ཡོད་པའི་སྡུག་བསྔལ་ཞིག་མ་རེད་དེ། སྐབས་དེར་བཙོན་འཁོར་གྱི་ལྕགས་དྲའི་དྲ་མིག་ཆུང་ཆུང་གི་གསེབ་ནས་ཕྱི་ལོགས་ཀྱི་འཇིག་རྟེན་ལ་མིག་ཟུར་གྱིས་ཡུད་ཙམ་ཡུད་ཙམ་ལྟ་བའི་གོ་སྐབས་དང་ཚོར་བ་ནི་བློ་ཡུལ་དུ་འཆར་མ་མྱོང་བ་ཞིག་ཡིན། བཙོན་འཁོར་གྱི་ལྕགས་དྲ་ནི་སྐབས་དེར་ངས་ཚེ་སྲོག་རང་དབང་གི་སྒུལ་སྐྱོད་ལ་གོ་བ་ལེན་པར་ཆེས་ལེགས་ཤོས་ཀྱི་རྒྱང་ཤེལ་ལྟ་བུའི་ཡོ་ཆས་ཤིག་རེད་ཅེས་ཅེས་བསམ་མྱོང་། དེ་བཞིན་བཤན་པ་དག་གིས་གསོད་ལ་ཉེ་བའི་དུད་འགྲོ་དག་གི་སྡུག་བསྔལ་ནི་ཡང་ཧ་ཅང་བརྗོད་ཐབས་བྲལ་བ་ཞིག་རེད།
ཉེ་ཆར་དྲ་ལམ་ཁག་ཏུ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་འབྲོག་ཁུལ་གྱི་སྲང་ལམ་ཤ་མང་པོ་བཀྲམས་ཏེ་ཡོད་ས་ཞིག་ཏུ་གཡག་ཅིག་ཡོང་སྟེ། བཟོད་པར་དཀའ་ཞིང་སྐྱི་གཡའ་བའི་ངུ་ངུར་གྱི་སྒྲ་དྲག་པོ་རྣ་ལ་གཟན་པ་ཞིག་འབྱིན་བཞིན་གསོད་ཟིན་པའི་ཕྱུགས་ཟོག་ཅིག་གི་ཤ་པགས་ལ་ཨ་སྐོར་ཡང་སྐོར་བྱས་ནས་སྣོམ་གྱིན་ཁ་བྲལ་མི་འདོད་པར་སྡོད་པའི་བརྙན་ཐུང་ཞིག་ཚང་མས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། དེས་ཀྱང་དུད་འགྲོ་དག་གི་སེམས་ཀྱི་བརྩེ་གདུང་དང་འདུ་འབྲལ་གྱི་ཚོར་བ་སོགས་ང་ཚོ་མི་དག་དང་གཅིག་པ་ཡོད་པའི་གསལ་བཤད་བྱས་ཡོད།
ད་དུང་ད་ལོའི་ལོ་སྐེད་ཙམ་གྱི་ཉིན་ཞིག མེ་གླིང་ལྷོ་མའི་གཞུང་ལམ་ཞིག་གི་ཐོག་ཏུ་གཤས་རར་འཁྲིད་བཞིན་པའི་ཕག་པ་ཞིག་སྲོག་ལ་མི་འཛེམས་པར་མྱུར་བགྲོད་གཞུང་ལམ་གྱི་ཐོག་ན་ཧ་ཅང་མགྱོགས་པོས་བསྐྱོད་བཞིན་པའི་ཟོང་འཁོར་ལས་འཆོང་བཞིན་པའི་བརྙན་ལྡན་གསར་འགྱུར་ཞིག་ལ་རྒྱལ་སྤྱིའི་དོ་སྣང་བྱས་ཤིང་། རྒྱུད་ལམ་ཁག་གིས་ཕག་པ་དེར་ཚེ་སྲོག་གི་འཐབ་མོ་བ་ཞེས་པའི་ཆེ་བསྟོད་བྱས། དེ་མིན་ན་ཡང་། ལོ་སྔ་མར་རྒྱ་ནག་བཀྭང་ཀྲུའུ་ཀྱི་ཡུལ་ནས་ཀྱང་དེ་དང་ཧ་ཅང་འདྲ་བའི་དོན་དག་ཅིག་བྱུང་ཡོད།
དུད་འགྲོ་མང་པོ་ཞིག་གཤས་རའི་ནང་ནས་མིག་ཆུ་འདོན་པ་སོགས་ཀྱིས་རང་གིས་སེམས་ཀྱི་འཇིགས་སྐྲག་དང་སྡུག་བསྔལ་དག་ཅི་ཐུབ་ཀྱི་མཚོན་པར་བྱེད་པ་ང་ཚོས་ཡང་ཡང་མཐོང་ཐུབ་ཀྱི་ཡོད། འདི་ནི་ཁོང་ཚོའི་ངོས་ནས་བཤད་ན་ཚེ་སྲོག་གི་ཆེས་ཟབ་ས་ནས་འཆེད་པའི་འབོད་སྒྲ་ཡིན་པ་རེད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ། དུས་རྒྱུན་ང་ཚོས་དེ་དག་ཚང་མ་སྣང་མེད་དུ་བཞག་སྟེ། ད་དུང་རང་ཉིད་ཡ་རབས་དང་རྣམ་དཔྱོད་དང་ལྡན་པ་ཡིན་པའི་ཡིད་ཆེས་ཀྱིས་ཁེངས་ཏེ་བསྡད་ཡོད།
མདོར་ན། དོན་དངོས་ཐོག་འཇིག་རྟེན་འདི་ནི་ཚེ་སྲོག་ལས་གཅེས་པ་འགའ་ཡང་མེད་པས། ས་སོའི་ངོས་ནསགཞན་གྱི་ཚེ་སྲོག་ལ་འཚོ་གནས་ཀྱི་རིན་ཐང་ཡང་དག་པ་སྤྲོད་རྒྱུའི་བསམ་སྦྱོར་འཆང་དགོས་ཤིང་། ལག་ལེན་དངོས་ཀྱི་ཐོག་ནས་དུད་འགྲོའི་ཚེ་སྲོག་གི་མགྲིན་ཚབ་གནང་མཁན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལྟ་བུའི་སྐྱེས་བུ་དམ་པ་གཞན་དག་ལ་ཡང་སེམས་ཀྱི་གཏིང་ནས་རྒྱབ་སྐྱོར་དང་ཡི་རངས་བྱེད་དགོས། ཚེ་སྲོག་གི་བདེན་པ་རྒྱལ་བར་གྱུར་ཅིག
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཐའེ་ཝན་ཡེ་ཤེས་འཁོར་ལོ་རུ་སྤྱི་ལོ་༢༠༡༤ ཟླ་༡༡ ཚེས་༥ ཕྱི་དྲོ་འཕྲལ་དུ་བྲིས། །
ཁོང་གི་ངོ་སོ་བསྟོད།
རེད་རེད། མགྲིན་ཚབ་པ་རེད།
ཁྱོད་གཉིས་ཀས་ཤ་ཟ་བཞིན་ཡོད་པཱ
མི་འདིའི་རིགས་ཁྲི་མཐོན་པོའི་སྟེང་ནས་སྐྱིད་གཏམ་བཤད་ཀྱི་རེད། རང་ཉིད་ཀྱིས་ཤ་ཟ་གི་ཡོད་དམ་མེད། ཡོད་ན་ཁ་རྒྱགས་པའི་རྒྱགས་གཏམ་རང་རེད། ཡིག་ཐོག་ཏུ་འབྲི་རྒྱུར་སླ་ཡང། ལག་ཏུ་ལེན་རྒྱུ་དཀའ་བ་ཡིན།
འདི་སྐོར་ང་ཚོ་སེམས་ཅན་ཐམས་ཅད་གླེང་མཁན་དག་གིས་བསམ་བློ་ལེགས་པོ་ཞིག་གཏང་དགོས་པར་འདུག ལྷག་པར་སོ་ཐར་གྱི་སྡོམ་པ་དང་ལྡན་ཞིང་། ངུར་སྨྲིག་བསྣམས་པ་དག་གིས་དམིགས་བསལ་སྤངས་བླངས་བྱ་དགོས་པར་མཐོང་།
འབྲོག་ཁུལ་བྱང་ཐང་སྐྱ་མོར་ཤ་རྐྱང་ལས་བཟའ་རྒྱུའི་མཐུན་རྐྱེན་རྩ་ནས་མེད་པ་མང་པོས། རྩམ་པ་དང་དཱ་ལིས་འཐུས་པར་བྱས་ནས་སེམས་ཅན་གཞན་གྱི་རང་དབང་ལ་བརྩི་བཀུར་རྣམ་དག་ཞུ་མཁན་དངོས་སུ་མང་པོ་མང་པོ་མཐོང་སོང་།
ང་ཚོ་རྒྱ་ཐང་ཚལ་རིགས་སྣ་འཛོམས་དང་། ཕྱི་རྒྱལ་ཡར་ཐོན་དུ་གནས་སྡོད་དག་གིས་འདི་ལྟར་བསམ་བློ་མེད་པ་ནི། དྲང་བདེན་དང་ཆོས་པའི་ཞག་ཚི་མེད་པའི་རྟགས་རང་རེད།
བཤད་དུ་བཅུག་ན་ཕ་བསད་བུ་ལའང་གཏམ་རྒྱུ་ལབ་རྒྱུ་ཡོད་པས། དངོས་གནས་ང་ཚོ་ཆེན་པོ་དང་རྩ་ཆེན་གླེང་མཁན་ཚོས། འདི་ལ་དགོངས་པ་མ་བཞེས་པར་རྒྱགས་གཏམ་སྤེལ་རྐྱང་བྱས་ན་ཡག་པོ་མ་རེད་ལ་འཛམ་གླིང་ཆོས་པ་ཚོས་འཕྱ་སྨོད་བྱ་ཡུལ་དངོས་དེ་འདི་རང་རེད།
ཉེ་ཐོས་སྡེ་པ་ཚོས་སྐྱོན་འཛུགས་ཇི་ལྟར་བྱེད་འོང་གིན་འདུག ཁྱེད་ཚོས་དེ་ལ་ལན་འཐེབ་པ་ཞིག་བཤད་རྒྱུ་ཡོད་དམ། དཀའ་མོ་རེད། མདོར་ན། ང་ཚོ་དཀར་ཟས་ལ་རོལ་དགོས་པ་ལས། དམར་ཟས་ལ་འདུར་མི་ཉེན་ཟེར་བ་ཡིན།
ང་རང་ནི་ཁྱིམ་མི་དཀྱུས་མ་དམར་ཟས་སྤངས་ནས་མི་ལོ་བདུན་ལ་བལྟས་སོང་བས། སེམས་སྐྱིད་ལུས་བདེ་ཡི་ཚོར་བ་གཤའ་མ་ཞིག་ཡོང་གིན་འདུག་པས། དྲ་གྲོགས་རྣམས་ནས་གང་ཐུབ་སྤང་བླང་བྱ་དགོས་པ་ལས་རྒྱགས་གཏམ་མ་གསུངས་རོགས་ཞུ།
xxབོད་ནང་གི་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་དངོས་ལ་བསམ་བློ་ཐོངས། xxxསངས་རྒྱས་ལ་ལྷུང་བཟེད་དང་གཡུག་པ་ལས་ཅི་ཡང་མེད། ཁྱོད་རང་ཚོ་ལམ་ཁ་དེར་མི་ཞུགས་དོན་ཅི།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་གིས་ཤ་བཞེས་ཀྱི་ཡོད་དམ། འདི་ནི་འགོག་མི་ཐུབ་པའི་དྲི་བ་ཞིག་རེད། གལ་ཏེ་ཁོང་གིས་ཤ་བཞེས་ཀྱི་ཡོད་ན་ཁ་སྐྱེངས་དགོས་པའི་གནས་ཚུལ་ཞིག་ཀྱང་རེད།།
མཁན་པོ་ཚུལ་ཁྲིམས་བློ་གྲོགས་ཀྱིས་ཤ་བཞེས་རྒྱ་བཞག་ནས་བླ་རུང་ཆོས་སྒར་ནང་བཞུགས་མཁན་གྲྭ་ཇོ་ཁྲི་ཕྲག་ཁྲོད་ཤ་བཞེས་མཁན་རེ་གཉིས་ལས་མེད་པ་རེད། ཕྱོགས་རིས་ཅན་ཚོ་དོན་མེད་ཐུགས་ཁྲལ་མ་གནང་།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཤ་ཟ་བཞིན་མེད་པའི་མནའ་ཞིག་བསྐྱེལ་རོགས་བྱོས། དེ་ཡང་རྒྱལ་བ་རིན་པོ་ཆེན་མགོ་བཞག་ནས་དམར་ཟས་སྤྱོད་བཞིན་མེད་པའི་མནའ་ཞིག་བསྐྱེལ་ཐུབ་ས་ཨེ་རེད། xxx
ཁྲི་མཐོན་པོའི་སྟེང་ནས་མར་ཁ་འཁོར་ནས་སྐད་ཆ་རྫིག་གཏམ་བཤད་མཁན་དེ་ཚོས་རང་ཉིད་ཀྱིས་ཆེ་དྲེགས་དེ་ཚོ་དོར་ནས་མི་དམངས་ཉམས་ཆུང་དང་ལྷན་དུ་སྒོ་གསུམ་འགྲོགས་ནས་ཉམས་ཐག་འགྲོ་བ་དེ་ཚོར་ཕན་རེ་ཐོགས་ཐུབ་ན་ལེགས། དེ་མིན་ཁ་སྟོང་ནང་གི་ཚིག་སྟོང་རང་རེད། རང་ཉིད་སྣུམ་འཁོར་སྒོར་མོ་ས་ཡ་མང་པོའི་སྣུམ་འཁོར་ནང་དུ་འགྲོ། ཁང་པ་ཐོག་བརྩེགས་མང་པོའི་སྟེང་དུ་བསྡད། གོས་ཟས་ལེགས་རི་ལེགས་ཚད་ལ་ལོངས་སུ་སྤྱོད། ཁ་པར་རིན་གོང་ཆེ་རི་ཆེ་ཚད་ལག་ཏུ་བཟུང། གློག་ཀླད་རིན་པ་ཆེ་བ་ཀུ་ཤུའི་རྟགས་ཅན་རེ་ཉར་ནས་གློག་བརྙན་འདྲ་མིན་བལྟ། ད་དུང་འབྲོག་པ་ཉམས་ཆུང་ཐོག་ལ་འདི་ཆོག་དང་མི་ཆོག་ཅེས་བཤད་པ་འདི་ཚོའི་སྐད་ཆ་ལ་ཆ་འཇོག་གང་ཡང་མེད། བླ་རྫུས་སྤྲུལ་རྫུས་འདི་རིགས་ཀྱིས་མ་བཤད་པ་དང་མ་བྱས་པ་གང་ཡང་མེད། ད་ནི་དུས་རབས་ཉེར་གཅིག་པ་ཡིན་པས་མགོ་འཁོར་གྱི་འོག་ཏུ་ནམ་ཡང་ཚུད་མི་ཉན།
དཀར་ཟས་ཟ་བ་ཁ་འཕྲོག་རྒྱབ་འཕྲོག་ཡིན།
དམར་ཟས་ཟ་བ་སྲོག་ཟ་ཁྲག་འཐུང་ཡིན།
བལ་རྩིད་བཞར་བ་གསོན་ཤུན་བྱས་བ་ཡིན།
ཀོ་པགས་ར་རུས་བཀོལ་བ་སྲོག་མེད་མིན།
ལས་འཁོར་བ་འདི་ལས་ཐར་བ་ཞིག།
མ་འགྲོ་བར་ཐོབ་རྒྱུ་མེད་པ་འདི།
དུས་ད་རུང་ཡིད་ལ་མི་དྲན་པ།།
ཁ་བྲག་ལ་གཏད་རྒྱུ་མང་པོས་རྟགས།།
ཤ་ཟ་བ་ཤ་ཅན་སྐྱོང་བའི་རྟགས།།
ཀོ་གོན་ན་ཀོ་རིན་ཡོད་པའི་རྟགས།།
བདག་བདག་པོས་ཅི་བྱེད་བདག་པོ་ཡིན།
དེ་མིན་ན་སྤྱང་ཁུའི་དམར་མཆོད་ཡིན།
དུད་འགྲོར་རང་དབང་ཐོབ་ཐང་ཐོབ་པར་ཤོག །
ཅོ་རི་ཉི་མ་ལ་རྒྱབ་སྐྱོར་ཡོད། རྫ་ཚེ་རིང་གིས་ཤ་བཞེས་བཞིན་ཁྲག་འཐུང་བཞིན་དུ་ཚུལ་འཆོས་དང་མགོ་སྐོར་གྱི་སྐད་ཆ་འདི་འདྲ་བཤད་ན་ལས་རྒྱུ་འབྲས་དང་འཇིག་རྟེན་མི་ལུགས་གཉིས་ཀ་ལ་འགལ་ཡོད་རེད། གལ་ཏེ་ཤ་བཅད་ནས་དཀར་ཟས་མཆོད་མཁན་དང་སྲོག་ལྡན་ཉམ་ཆུང་དུད་འགྲོ་ལ་བྱམས་བརྩེ་གནང་མཁན་ཞིག་ཡིན་ན་ལག་གཉིས་ཐལ་མོ་སྦྱར་ནས་རྗེས་སུ་ཡི་རང་དང་བསྔག་བརྗོད་ཞུ།
ཕོ་རང་ལ་ཆ་བཞག་ན་ཤ་ལ་དགའ་པོ་ཞེ་དྲག་ཡོད། ཡིན་ཀྱང་ཤ་ཡི་ཆེད་དུ་སྲོག་གཅོད་གྱི་སྦྱོར་བ་ག་དུས་ཡང་བྱེད་ཕོད་ས་མ་རེད། སེམས་ལ་ཡང་འཁོར་མ་མྱོང། དེས་ན་ཉམས་ཆུང་དུད་འགྲོའི་ཚེ་སྲོག་སྐྱོབ་པའི་ཐབས་ལ་འབད་བརྩོན་གནང་མཁན་དེ་དག་ལ་རྗེས་སུ་ཡི་རང་ཞུ།
ཁམ་བུ་ཟ་འདོད་མ་རེད། ཡལ་ག་བཅག་འདོད་རེད། ཞེས་པའི་གཏམ་དཔེ་བཞིན། སྤྱི་དོན་ཁ་ལ་ཁྱེར་ནས་སྙིང་གཙུབས་ཞེ་ནས་དམོད་མཁན་དེ་ཚོ་ཡང་སྤྱང་མདོག་ཞེ་དྲག་མ་བྱེད་ཨ།
ཤ་ཟ་བཞིན་ཟ་བཞིན་སྲོག་སྐྱོབ་བཞིན་སྐྱོབ་བཞིན་བྱས་ན་ཅི་མ་ིའགྲིགས་པ་རེད། ངས་ཤ་ཟ་གི་ཡོད། གོ་སྐབས་གང་ཐོབ་ལ་སྲོག་ཀྱང་སྐྱོབ་གིན་ཡོད། དེ་གཉིས་འགལ་བ་ཞིག་ལ་ཅང་མཐོང་མ་སོང་།
ཚུལ་ཁྲིམས་བློ་གྲོས་ཀྱིས་ཤ་ཟ་བཞིན་ཡོད་མེད་མི་ཤེས། སྲོག་སྐྱོབ་བཞིན་ཡོད་པ་དངོས་མཐོང་རེད། དེ་གཉིས་འགལ་བ་ཞིག་ཅང་མ་རེད་བསམ་གི།
བསྟན་པའི་བདག་པོ་སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་ཤ་བཞེས་རེད། སྐུ་འདས་རྐྱེན་ཡང་ཕག་ཤ་བཞེས་ཤིང་གསོལ་གྲོད་བསྙུངས་ནས་སྐུ་གཤེགས་པ་རེད། ཁོང་གིས་སྲོག་ཀྱང་བསྐྱབས་ཡོད་རེད། ཤ་མི་ཟ་བ་འདི་ལྷས་བྱིན་གྱི་བརྟུལ་ཞུགས་ལྔའི་གཅིག་ཡིན་པ་མ་གཏོགས་སངས་རྒྱས་ཀྱིས་ཀྱིས་དེ་ཙམ་བཀག་མི་འདུག
དངོས་གནས་སྙིང་ཐག་པ་སྙིང་རྗེ་ཤུགས་དྲག་ཅིག་སྐྱེས་ན་སེམས་ཅན་དེའི་ཤ་ཟ་འདོད་ཅིག་ཡོད་ཀྱི་མ་རེད་བསམ། དེ་མིན་ཁ་ནས་བཤད་རྒྱུ་ལས་སླ་བོ་རེད། ལག་ལེན་དུ་བསྟར་རྒྱུ་ལས་སླ་བོ་མ་རེད།
བྱ་བ་གང་ཞིག་ཡིན་ཀྱང་འགོག་འདོད་ན། དང་བོ་རང་ཉིད་ཀྱིས་ལམ་ཁ་དེ་སྤང་དགོས་པ་སྨོས་མེད་རེད། དེ་མིན་རང་ཉིད་ཀྱིས་མ་སྤང་བར་གཞན་ལ་སྤོངས་རོགས་ཀྱིས་་ཟེར་ན་གད་མོ་ཤོར་བའི་གནས་རེད། །
ཤ་ཟ་བར་སྡིག་པ་ཡོད་པ་ངས་ཤེས་གི། ཤ་སྤངས་བའི་སྙིངས་སྟོབས་ང་ལ་མེད་གི། མི་གཞན་གྱིས་ཤ་སྤངས་ཐུབ་ན་རྗེས་སུ་ཡི་རང་ཡོད། ཤ་སྤངས་ཐུབ་ན་བཟང་གི་ཟེར་ནས་སྐུལ་མ་བྱེད་གི་ཡོད། དེ་འགལ་བ་ཞིག་ལ་ཅང་མཐོང་གི་མེད།
ཤ་ཟ་གི་ཡོད་ན་འདྲ། མེད་ན་འདྲ། སྲོག་སྐྱོབ་ཐུབ་མཁན་ཡོད་ན་དེ་བྱ་བ་བཟང་པོ་ཞིག་རེད། ཁྱེད་ཚོ་འཚེ་བ་ཆོས་སུ་སྨྲ་མཁན་གྱི་རྗེས་འབྲངས་རེ་འདྲ་ཡིན་ན་མ་གཏོགས། འཚེ་བ་མེད་པའི་ཆོས་ལ་དད་མོས་ཡོད་མཁན་ཞིག་ཡིན་ན་སྲོག་རེ་རེ་བསྐྱབས་ཐུབ་ན་ཡང་དགེ་རྩ་བསམ་གྱིས་མི་ཁྱབ་པ་རེད། ཤ་ཟོས་པ་ཙམ་གྱིས་སྡིག་པ་ཡོད་པའི་ངེས་པ་མེད་དེ་དེ་ལས་ཀྱིས་ཤི་བའི་སེམས་ཅན་གྱི་ཤ་བཞིན་ནོ།།
ངས་ཤ་སྤངས་མི་ཐུབ་པ་རྒྱུ་མཚན་དུ་བྱས་ན་མི་གཞན་ལ་ཤ་སྤོང་བའི་སྐུལ་སློང་བྱེད་མི་ཆོག་དོན་ཅི་ཡིན་ནམ། ཤ་སྤངས་མཁན་ཧ་ཅང་མང་པོ་རེད། རྒྱ་ནག་སོགས་སུ་ཐེག་ཆེན་བྱང་ཆུབ་སེམས་དཔའི་ཆོས་ཉམས་སུ་ལེན་མཁན་ཕལ་ཆེ་བས་ཤ་མི་བཞེས་པ་དང་། བོད་དུ་ཡང་བླ་གྲྭ་མི་སྐྱ་མང་པོས་ཤ་བཅད་སྲོལ་སྔོན་ནས་ཡོད་ཡོད་པ་རེད། ཉ་སྟོང་སོགས་དུས་ཆེན་ཁག་ལ་ཤ་གཅོད་མཁན། ཉིན་ཤ་སྤོང་མཁན། རྒྱུན་དུ་ཤ་ཧ་ཅང་ཉིང་ལས་མི་ཟ་བ་རང་རང་གི་བློ་ནུས་ཆ་རྐྱེན་དང་བསྟུན་ནས་དཀར་ཟས་བརྟེན་སྲོལ་ཅི་རིགས་པ་རེད། རང་རང་ཤ་བཞེས་མཁན་དང་མི་བཞེས་མཁན་ག་འདྲ་ཞིག་ཡིན་རུང་། ཤ་མི་ཟ་བའི་སྲོལ་རྒྱུན་བཟང་པོ་དེ་ལུགས་རྒྱུན་སྐྱོང་གནང་རོགས་ཟེར་ནས་འབོད་སྐུ་ཞུ་རྒྱུ་དང་། མཐུན་རྐྱེན་བསྒྲུབ་རྒྱུ། དེ་ལུགས་ཀྱི་ལས་འགུལ་གང་ན་སུས་སྤེལ་ན་དེ་ལ་རྒྱབ་སྐྱོར་དང་། དེ་མ་ནུས་ན་ཡང་རྗེས་སུ་ཡི་རང་བྱེད་ནུས་ན་དགེ་རྩ་བསམ་གྱིས་མི་ཁྱབ་པ་རེད་བསམ་གི།
སྤོབས་མཐའི་སྐད་ཆ་བདེན་པ་རེད། རང་ཉིད་ཀྱིས་ལག་ལེན་མི་ཐུབ་པ་ཞིག་གཞན་ལ་གཏན་ནས་བཤད་རྒྱུ་མེད་ན། དེང་སང་གི་ཆོས་སྨྲ་བ་ཕལ་མོ་ཆེ་ཞལ་བཙུམ་ནས་བཞུགས་རྒྱུ་རེད། བཤད་མཐོ་དམན་ཙམ་ལས་དེང་སང་གི་ཆོས་བཤད་མཁན་ཕལ་མོ་ཆེ་ནི། བླ་མ་ཞིག་གིས། ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན། རྩྭ་འགོའི་ཟིལ་པ་ཙམ་ཡང་འཐུང་མི་བྱ། ང་ནི་ཆུང་ཆུང་དུས་ནས་ངན་ལབ་ཚར་བ་ཡིན། ཞེས་བཤད་པའི་གཏམ་རྒྱུད་ཅིག་ཡོད་པ་དེ་དང་ཅིག་མཚུངས་མིན་ནམ།
སྐུལ་མ་བྱས་ཆོག་གི་རེད།
ཡིན་ནའང་། ཁྲིམས་ལྟ་བུ་བཞག་ཆོག་གི་མ་རེད།
ཁྲིམས་བཞག་ན་ངལ་རྩོལ་མི་དམངས་དཀའ་རལ་ཞེ་དྲག་འཕྲད་ཀི་རེད།
དགེ་བཅུའི་ཁྲིམས་ཟེར་བ་ལྟ་བུ།
སྲོག་གཅིག་སྐྱོབ་ཐུབ་ནའང་ཧ་ལས་པ་ཡག་པོ་རེད། ཡིན་ནའང་། ཤ་ཟ་མི་ཆོག
ཤ་ཟོས་ན་སྡེ་གྲལ་ནས་ཕུད་ཀི་ཡིན་ལབ་ན་ཡག་པོ་མི་འདུག་ལབ་ཀྱི་ཡོད་པ་རེད།
ཁྱོད་ཚོས་གྲལ་གྱི་ཤ་ཟ་དང་ཟ། མྱི་ཤ་མཁན་གྱི་ས་དུང་བྷ་བྷ་ཚོའི་རྗེས་འབྲངས་པ་ཚོས་ཤ་མི་ཟ་པ་སྲིད་ཀྱི་མ་རེད། འཚེ་བ་ཆོས་སུ་མི་འདོད་ན་ཚོགས་ཤ་དང་ཚོགས་ཆང་སུ་ལ་ཕུལ་གྱི་ཡོད་དམ། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་འཐུང་བསད་པ་དང་ལྷ་ལུང་དཔལ་རྡོས་བོད་ཀྱི་རྒྱལ་མཆོག་དར་མ་དཀྲོངས་པ་དེ་ཆོས་ཡིན་ཟེར་མཁན་ཁྱོད་ཚོ་མིན་ནམ།་་ཧཧ
སྙིང་རྗེ་ཆེ་མདོག་ཡོད། ཉམ་ཆུང་མི་དམངས་ཀྱི་ཁ་བཀག་ཀྱི་མ་གཏོགས་ཅང་མེད་པ། སོ་སོའི་དཀོར་ཕོར་དང་ཐུག་འོང་དུས་བོད་ཀྱི་རྒྱལ་པོ་ཡིན་ནའང་གསོད་ཀྱི་རེད་བ། ད་དུང་་་འཚེ་བ་ཆོས་སུ་མི་འདོད་ན་ལྷ་སྲུང་མདའ་ཁུར་མདུང་ཁུར་དེ་དག་སུ་གསོད་མཁན་རེད་ཨ། དེ་དག་གི་མདུན་དུ་རྔ་སྒོག་རྡུངས་ནས་སུ་གསོད་རོགས་བྱོས་ཟེར་ནས་འདོན་བསྡད་ཀྱི་ཡོད་དམ། བདུད་གསོད་མཁན་ཡིན་ནའང་འཚེ་བ་བྱེད་མཁན་དང་རེད་བ། བདུད་ཡང་སེམས་ཅན་ཡིན་པའི་ཕྱིར། མ་གྱུར་སེམས་ཅན་གྱི་ཁུངས་སུ་ཚུད་པའི་ཕྱིར། xxx
མྱི་ཤ་ཟ་མཁན་གྱི་ས་དུང་བྷ་བྷ་ཚོའི་རྗེས་འབྲངས་པ་ཚོས་ཤ་མི་ཟ་པ་སྲིད་ཀྱི་མ་རེད།་་་ཅེས་བྱོས་རོགས
ཨོ་རེད་་་་བོད་ལ་གཏམ་དཔེ་ཞིག་ཡོད་རེད། བཤས་མ་བཤའ་གསུངས་མཁན་བླ་མ་རེད། ཤ་ཚིལ་པོ་ཟ་མཁན་བླ་མ་རེད་ཅེས་ཟེར་སྲོལ་ཡོད་ལེ་རེད། སྲོག་ཡང་སྐྱོབ་དགོས། ཤ་ཡང་ཟ་དགོས་ཟེར་བ་འདི་ནང་འགལ་མིན་ན་འཇིག་རྟེན་འདི་ལ་ནང་འགལ་ཟེར་བ་ཤིག་ཡོད་མདོག་མི་འདུག་ག
སོ་སོས་ཤ་རྒྱག་ཚོད་ཟས་ནས་ཤན་པ་ཚོས་བཤས་མ་བཤའ་ཞེས་བསླབ་བྱ་རྒྱབ་མཁན་མི་དེ་ལ་ཁྲམ་པ་ཟེར་ལེ་རེད་གོ སྤོབས་མཐའ་་་ཁྱོད་ཀྱིས་ཤི་ཤ་ཟ་བཞིན་ཡོད་པར་འདྲ། མྱི་ཤི་བའི་ཤི་ཤ་དང་ཡིན་གྱི་མ་རེད། འཛམ་གླིང་ཐོག་ཏུ་རྒྱ་གར་མ་གཏོགས་མྱི་ཤ་ཟས་ན་ཁྲིམས་འགལ་རེད། རྒྱ་གར་གཅིག་པོ་ལ་ཁྲིམས་མཐུན་རེད། ས་དུང་བྷ་བྷ་ཚོས་མྱི་ཤི་བའི་ཤ་ཟ་ཆོག་པར་ཁྲིམས་མཐུན་རེད།
ཁྱིམ་པས་ཉ་ཤ་ཟོས་ཀྱང་སྡིག་པ་ཡིན།
ཆོས་པས་མྱི་ཤ་ཟོས་ཀྱང་དགེ་བ་ཡིན།
དམངས་མགོ་སྐོར་ལ་མཁས་པའི་ཆོས་པ་ཚོ།
དགེ་སྡིག་ལས་ཀྱི་རྒྱ་མ་བཅག་མཁན་རེད།
ཁྱིམ་པས་རྩམ་པ་ཟོས་ཀྱང་སྡིག་པ་ཡིན།
ཆོས་པས་དཀོར་ཟས་ཟོས་ཀྱང་དགེ་བ་ཡིན།
དམངས་མགོ་སྐོར་ལ་མཁས་པའི་ཆོས་པ་ཚོ།
དཀར་ནག་ལས་འབྲས་མགོ་གཏིང་སློག་མཁན་རེད།
ཁྱིམ་པས་འབུ་ཞིག་བསད་ཀྱང་སྡིག་པ་ཡིན།
ཆོས་པས་རྒྱལ་པོ་བསད་ཀྱང་དགེ་བ་ཡིན།
དམངས་མགོ་སྐོར་ལ་མཁས་པའི་ཆོས་པ་ཚོ།
ཤཀྱའི་བཅའ་ཁྲིམས་རྡོག་རོལ་བཏང་མཁན་རེད།
བླ་མ་ཁྲི་ལ་བཞུགས་ཀྱང་སྡིག་པར་མཐོང་།། དགེ་འདུན་ཚོགས་སུ་བཞུགས་ཀྱང་སྡིག་པར་མཐོང་།། ཁྱིམ་པ་ལས་སུ་བཞུགས་ཀྱང་སྡིག་་མཐོང་།། ཅོ་རི་དཀྲུག་ཤིང་རྒྱབ་ཀྱང་དགེ་བར་མཐོང་།།
མ་གྱུར་སེམས་ཅན་གྱི་ཁོངས་སུ་བདུད་དང་ཉམས་ཆུང་དུད་འགྲོ་གཉིས་ཀར་ཚུད་ལུགས་འདྲ་འདྲ་རེད། མ་ཡི་སྲོག་གཅོད་མི་དགོས་ཙམ་ཞིག་བྱུང་ན་སྙམ། དེ་ཙམ་ཞིག་རེད་མ་གཏོགས་ཆགས་སྡང་གི་ངལ་བ་བསྟན་འདོད་གང་ཡང་མེད། ལྷ་ལུང་དཔལ་རྡོར་དང་གླང་དར་མའི་སྐོར་སྐབས་དོན་གྱི་བརྗོད་བྱ་མིན་པས་རེ་ཞིག་འདིར་མི་སྤྲོ། སྤྱིར་སྤྱང་ཀི་ཤ་ཟན་དང། རི་བོང་རྩྭ་ཟན་གྱི་རྩོད་པ་འདྲ་ཞིག་མ་གཏོགས། མི་དང་མི་རྩོད་པ་འདྲ་ཞིག་རྣམ་དཔྱོད་ཡོད་པའི་མི་དཀོན་པོ་རེད་མི་འདུག་གམ།
སྤོབས་པ་མཐའ་ཡས་འདིའི་སྐད་ཆ་ཉན་ཡ་མི་འདུག སྐབས་རེ་ཁོ་ཆོས་སེམས་ཡོད་མདོག་ཁ་བོ། སྐབས་རེ་ལོག་ལྟ་ཆེ་མདོག་ཁ་བོ་ཡོད་རེད། དེ་མིན་མི་གཞན་གྱི་སྤྱོད་ལམ་བཟོ་བཅོས་རྒྱག་པ་ལ། དང་བོ་རང་ཉིད་ཀྱི་སྤྱོད་ལམ་ཡག་པོ་དགོས་རྒྱུ་ལ། དེ་མིན་སུ་ཞིག་ཡིད་ཆེ་ཡོད། གཞན་གྱི་སྲོག་གཅོད་འགོག་ན། དང་བོ་རང་ཉིད་ཀྱི་སྲོག་གཅོད་དང་ཤ་སྤངས་པ་སོགས་བྱས་ན་ལུགས་དང་མཐུན་པ་རེད། །
http://www.amdotibet.cn/html/jd/2014-11/17590.html
འདིར་སྤྱན་དཀྱུས་གཡོ་བ་གནང་རོགས། །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཤ་བཞེས་ཀྱི་མེད་པར་མ་ཟད། མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱི་སློབ་བུ་ཡང་རྩེ་ཞིག་ཀྱང་རེད། མཁན་པོ་འཇིགས་ཕམ་གྱི་སློབ་མ་མང་ཆེ་བས་ཤ་སྤངས་ཡོད་པ་རེད། མཁན་པོ་འཇིགས་ཕམ་ནི་ལུང་རྟོགས་གཉིས་ཀྱིས་ཕྱུག་པའི་བླ་མ་ཁྱད་འཕགས་ཤིག་བྱུང་ཡོད་ལགས། དེ་ནི་ང་ཚོ་སྐལ་བ་བཟང་བོ་རེད་སྙམ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱང་མཁན་པོ་འཇིགས་ཕམ་ལྟ་བུ་ཡིན་ཀུན་གྱིས་གླེངས་སོ། །
ལུང་རྟོགས་གཉིས་གི་ཕྱུགས་པའི་སྐྱེས་བུ་དམ་པ་ཞིག་ཡིན་ཚེ་འཁོར་མང་པོ་རྟེན་མི་དགོས་པར་སེམས་ཅན་གི་འགྲོ་དོན་བསྒྲུབས་དགོས་དེ་ལྟར་མ་ཡིན་པར་དགོན་པ་ཆེན་པོ་ཞིག་རྒྱབ་མི་ཚོགས་མང་པོ་ཞིག་འཛོམས་པར་ལུང་རྟོགས་གི་ཕྱྱུགས་པ་མ་ཡིན་པར་དཔལ་འབྱོར་གི་ཕྱུུགས་པ་ཟེར་།།
ད་འཚེ་བ་ཆོས་སུ་སྨྲ་བའི་རྗེས་འབྲངས་པ་ཚོས་རང་རྟགས་གསལ་པོར་བསྟན་ཡོང་གིན་འདུག གསོད་དགོས་གཏུབ་དགོས་ཟེར་གྱིན་འདུག མ་གསོད་མ་གཏུབ་ཟེར་མཁན་ལ་དགྲ་རུ་ལྟ་བཞིན་འདུག
ང་གསད་རྒྱུ་ལ་ཅང་མི་དགའ། གོང་ས་མཆོག་གིས་སྲོག་བླུའི་ལས་འགུལ་སྤེལ་ན་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཚུལ་ཁྲིམས་བློ་གྲོས་ཀྱིས་སྲོག་བླུའི་ལས་འགུལ་སྤེལ་ན་ཡང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བོན་པོ་ཞིག་གིས་སྲོག་བླུའི་ལས་འགུལ་སྤེལ་ན་ཡང་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
བོད་སྤྱི་ལ་བསམ་བློ་བཏང་ན་ཡང་བསད་བསད་གཏུབ་གཏུབ་ཀྱིས་ཕྱུག་པོར་གྱུར་པ་ཅང་མཐོང་མ་སོང་། ཁྱེད་རང་ཚོའི་ཆོས་ལུགས་ཀྱི་ཕྱག་ལེན་རེ་ཉམས་འགྲོ་བར་ཕངས་ན་ནི་ཅང་ཞུ་ཕོད་མ་མཆིས། མ་གཞི་ཚུལ་ཁྲིམས་བློ་གྲོས་ཀྱིས་སྲོག་བླུ་བྱས་པ་ཡན་ཆོད་ལ་དགག་པ་རྒྱག་མཁན་འདི་རིགས་དམར་མཆོད་རིང་ལུགས་པའི་རྗེས་འབྲངས་པ་ཚོའི་འཚེ་བ་ཆོས་སུ་སྨྲ་བའི་བྱེད་སྟངས་མ་རུང་པ་ཞིག་ཡིན་པ་འདྲ།
གུས་པ་རང་ངོས་ནས་ཤ་མ་ཟོས་ནས་ལོ་ཉི་ཤུ་རྩ་གྲངས་ཡིན། གསལ་བཤད་ཙམ་ཡིན། ཚང་མར་ཕེབས་གསུ་ཞུ། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་བསོད་རྒྱས་སོགས་ཀྱིས་ཤ་བཞེས་ཀྱི་ཡོད་ནི་མ་རེད།
མ་གཞི་ངས་ཤ་ཟ་མིན་དང་། ངས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྲོག་སྐྱབས་པར་ཡི་རངས་བྱེད་པ་གཉིས་ལ་འགལ་འབྲེལ་གང་ཡང་མི་འདུག དཔེར་ན། མི་སྐྱ་ཆོས་སེམས་ཅན་ཞིག་གི་བླ་མ་བཟང་པོ་ཞིག་ལ་ཡིད་སྨོན་དང་ཡི་རངས་བྱེད་པ་ལྟ་བུ་ཞིག་རེད། ང་ཚོའི་དྲ་གྲོགས་འདི་ལགས་གི་ནང་སེམས་རྣལ་དུ་ཕབ་ནས་སྐད་ཆ་བཤད་མཁན་ཧ་ཅང་རྙེད་དཀའ་བ་འདི་ཅི་ཞིག་གིས་མ་རེད་ནི་ཡིན་ནམ།
རྫ་ཚེ་རིང་བཀྲ་ཤིས་ལགས་ལ་རྗེས་སུ་ཡི་རངས་ཡོད། རང་ཉིད་མི་ཞིག་ཡིན་པའི་ཆ་ནས་ཤ་མ་ཟོས་པར་མི་ཚེ་འཚོ་གནས་བྱེད་པ་ནི་ཆེས་གཟི་བརྗིད་ལྡན་པ་ཞིག་ཏུ་མཐོང་ལ། མི་ཚེའི་འཚོ་གནས་བྱེད་སྟངས་ཡག་ཤས་ཤིག་ཏུའང་འདོད། ད་དུང་ཉམ་ཆུང་དུད་འགྲོ་མང་པོ་ཚེ་ཐར་ལ་བཏང་ནས་སྲོག་བླུའི་བྱ་འགུལ་སྤེལ་བཞིན་པར་བསྔགས་བརྗོད་དང་ཡི་རང་གྲངས་མེད་ཞུ
གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས།།དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབས་ཀུན་ལ་ཡི་རང་ངོ༌། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ༌། །མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། ། གཞན་གྱི་སྲོག་སྐྱབས་སྦྱིན་པ་གཏོང་བ་དང༌། །སྡོམ་པ་སྲུང་ཞིང་བདེན་པར་སྨྲ་བ་དང༌། །འཁོན་པ་སྡུམ་དང་ཞི་དུལ་དྲང་པོར་སྨྲ། །དོན་དང་ལྡན་པའི་གཏམ་བརྗོད་འདོད་པ་ཆུང་། །བྱམས་དང་སྙིང་རྗེ་སྒོམ་ཞིང་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ༌།།
བྲིས་ན་བདེ་སྨོན་ཆ་ཚང་ཞིག་བྲིས་ཧ་ཧ་།།
གཡོགས་ཞོག་སྤོབས་མཐའ་ལགས། དུད་འགྲོ་ལ་སྙིང་རྗེ་མདོག་བྱེད་བཞིན་བོན་བན་དབར་དུ་དཀྲུགས་གཏམ་བཤད་དགོས་མ་རེད། ཉམ་ཆུང་བོད་མི་དམངས་ཀྱི་ལྟོ་གོས་འཕྲོག་མཁན་དཀོར་ཟན་ཞིག་གིས་དུད་འགྲོ་ལ་སྙིང་རྗེ་མདོག་བྱེད་པའི་ཁྲོམ་སྟོན་ལ་སུ་ཡིས་ཡིད་ཆེས་ཀྱི་རེད། སྙིང་རྗེ་ཡོད་ན་བོད་མི་ཉམ་ཐག་དེ་དག་གི་ཆེད་དུ་ཅིག་བྱོས་དང་། དུད་འགྲོའི་འཚོ་བ་ལས་བཟང་ཙམ་དང་མིའི་འཚོ་བ་ལས་སྐྱོ་ཙམ་ཡོད་མཁན་བོད་མི་དེ་དག་ལ་མིའི་འཚོ་བ་ལྡན་ཞིག་ཡོང་ཐབས་ལ་ཐུགས་བསམ་བཞེས་དང་། མི་གྲལ་དུ་ཚུད་ཐབས་ལ་བསམ་བློ་ཐོངས་དང་། དེ་མིན་ན་་ཆོས་པ་ཡིན་ན་ཤཀྱའི་རྒྱལ་པོ་ལྟར་མཁར་རྒྱུག་དང་ལྷུང་བཟེར་ལག་ཏུ་བཟུང་ནས་ཕེབས་རོགས་བྱོས། ལྷ་ཡི་དབང་པོ་རྒྱལ་ཆེན་མི་ཡུལ་དུ་ཕེབས་པ་ལྟར་བྱས་མཁན་གྱི་ཤཀྱའི་དགེ་སློང་ཞིག་ཡོད་མདོག་མེད་དོ།
ཤ་མེད་རྒྱག་པ་དེ་དག་གིས་ཤ་ཟ་གི་མེད་ཟེར་བ་ཙམ་གྱིས་སུ་ཡི་ཡིད་ཆེས་ཀྱི་རེད་དམ། དམངས་མགོ་སྐོར་ལ་མཁས་པའི་དཀོར་ཟན་ཚོ་ལ་སུ་ཡིས་ཡིད་ཆེས་བྱེད་ནུས་སམ།
ཤ་མི་ཟ་ནིས་ཤ་ཟ་ནི་ལ། ཤ་ཟ་བ་ནི། ཤ་མི་ཟ་བ་ཚོ་ལས་སྡུག་དུ་མཐོང་བ་ནི། ཤ་ཟ་ནི་ཚོས། ཤ་མི་ཟ་ནི་ཚོ། དམྱལ་བ་ལ་སྐྲག་རྒྱུ་མང་སོང་བ་ལས། ཅང་ཨེ་ཡོད་ན་བསམ།
ཤ་ཚོ་པོ་དང་ཞོ་སྐྱུར་མོ་མེད་ན། མཎི་ཡིག་དྲུག་འདི་ཡང་བརྗེད་འགྲོ་ས་རེད། ཧ་ཧ་ཧ།
མཁྱེན་དཔྱོད་ལྡན་པ་སྐུ་ཞབས་ཉི་མ་ལགས། གཡག་མ་བཤའ་ཟེར་ན་བོན་པོ་ལ་གནོད་དོན་ཅང་ཨེ་ཡོད་ན།
སྡོད་མ་ཚུགས་ནས་རོང་རྒན་ཚང་གི་ལྷ་འདྲེ་ཡོད་ཚད་བོད་ལ་གདན་དྲངས། ད་དུང་ཤ་མ་ཟ་དུད་འགྲོ་མ་གསོད་ཟེར་ན་ཁྱེད་རང་ཚོ་ལ་བཀའ་ཆད་ངན་པ་ཕོག་ཡོང་ད། བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་དུད་འགྲོ་མ་གསོདགསུངས་པ་དེ་ལ་རྒྱུ་མཚན་མེད་པ་ག་ལ་ཡིན། །
ཤ་མ་བཟས་ལུས་པོར་བདེ། །
སྲོག་མ་བཅད་སེམས་པར་བདེ། །
རོ་ལངས་པ་ཚོ། ལུང་རིགས་འཕྲུལ་འཁོར་གྱི་མདའ་མོ་འཕེན་དགོས་ཐུག་ན་ཅི་དགའ་མི་ཡོང་ད།
ཡི་རྩི་དང་ཙག་བཀྲ་བཟོ་མི་ཤེས་མཁན་ཞིག་གིས་འཕྲུལ་འཁོར་གྱི་མདའ་མོ་ག་འདྲ་བྱས་ནས་འཕེན་རྒྱུ་ཡིན་ནམ། ཧཧཧ
འཚེ་བ་ཆོས་སུ་སྨྲ་བའི་ཆོས་ལུགས་དེ་གང་ཡིན་ནམ། ལོ་རྒྱུས་ལུང་རིགས་བཀོད་ན་ལེགས། དེ་མིན་རྟག་པར་རང་ལྟར་མཆོག་འཛིན་རྐྱང་བཤད་ནས་གང་ཕན། བོད་འདིར་འཚེ་བ་ཆོས་སུ་སྨྲ་བའི་ཆོས་ལུགས་ཞིག་ཡོད་རྒྱུ་མ་རེད་བསམ།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སེམས་ཅན་གྱི་ཚེ་སྲོག་ལ་དགོངས་པ་དང་། ཤ་སྤངས་པ་དང་། གཞན་ལ་སྤོང་དུ་འཇུག་ནས་ཚེ་སྲོག་ལ་སྲུང་བརྩི་ཞུ་བ་དེར་དཔྱོད་ལྡན་སུ་མི་གུས།
བོད་ལ་སྔོན་མ་བོན་ཆོས་དར་ནས་དམར་མཆོད་དང་ཁྲག་མཆོད་སྤེལ་ནས། སེམས་ཅན་ག་ཚོད་བསད་མེད་དམ། ད་དུང་ནག་ཆུ་དང་རེབ་གོང་ཁུལ་ལ་དམར་མཆོད་དར་ནས་སེམས་ཅན་ག་ཚོད་གསོད་ཀྱིན་པ་མ་ཡིན་ནམ། ལྷག་པར་དུ། ༧མཁན་པོ་ཚུལ་ཁྲིམས་ནས་ཨ་མདོ་ཁུལ་ལ་བོན་ཆོས་སྐྱར་དར་བྱས་ནས་དམར་མཆོད་འགོ་ཚུགས་སྐབས་དང་དེའི་གནས་སྟངས་ལ་གཟིགས་ནས་བོན་ཆོས་འགོག་ཐབས་ལ་ཆོས་ལུགས་དེའི་ཐུན་མིན་སྤྱོད་པ་སྟེ་དམར་མཆོད་བཀག་ནས་ཤུགས་ལ་བོན་མཆོག་འགོག་པ་དེ་རླབས་ཆེན་གྱི་ཐབས་འཇུས་ཡིན་པས། དེ་ལ་སེམས་ཅན་གྱི་སྲོལ་ལ་གཅེས་པའི་མིའི་རིགས་ཀྱི་དཔུང་ཤུགས་ཚང་མས་རྒྱབ་སྐྱོར་བྱེད་དགོས་སོ།
དྲ་གྲོགས་ཁྱུང་སེ་ཅན་ལགས། བོད་ན་འཚེ་བ་ཆོས་སུ་སྨྲ་མཁན་ཡོད་ནི་ཡོད་ཐག་ཆོད་རེད། དེའི་ལོ་རྒྱུས་སྟོན་དགོས་གསུངས་པའི་ཞུ་ངོ་མ་ཐེག་པར་འདི་ན་གཅིག་དྲངས་ཡོད་ལགས། སྤྱིར་ན་ལོ་རྒྱུས་ཡིག་ཆ་མང་པོ་ན་འདུག དཔེར་ན། དུས་རབས་བཅུ་གཉིས་པའི་ནང་དུ་ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་བདུད་རྩིའི་བཅུད་ཀྱི་ནང་ལ་འདི་ལྟར། “གསོན་གྱི་ལྷ་བོན་བྱེད་ཟེར་ནས་གཡའ་རི་དང་གངས་རིའི་ལྷ་འདྲེ་ལ་ཞུང་ཤང་། སྲབ་ཤང་། གསེར་སྐྱེམས་ཀྱིས་མཆོད། གཤིན་དུར་བྱེད་ཟེར་ནས་མི་ཤི་བ་ལ་མགོ་གནོན་དང་། སྐྱིད་ཀྱི་ལྷ་ལུག་དང་། རྟ་རྒོད་མ་གསོད། མི་ན་བའི་གླུད་དུ་ངེས་པ་མེད་ཟེར་ནས་ར་ལུག་དང་། བྱ་ཕག་དང་། ཡས་ཐག་གཏོང་ཟེར་ནས་སྲོག་ཆགས་གསོད།” ཅེས་བྲིས་འདུག དེ་འདྲ་བ་ཧ་ཅང་མང་པོ་འདུག ད་དུང་དགོས་ན་ད་དུང་དྲངས་ཆོག་ལགས།
རོ་ལངས་དགུ་ཚང་ན་འཕྲུལ་མདའ་གཅིག་གི་སྡེབ་གསོད་མི་བྱེད་རེ། དགུ་ཐོན་ཤོག་ཨ།
མདའ་རྒྱག་དགོས་ན་ཁྱེད་ཚོ་ལ་ཡོད། ངོ་མ་བྱང་ཆུབ་པ་རེད། དེང་སང་འདི་ཚོས་འཕྲུལ་ཆའི་མདའ་ཡང་བཟོས་ཚར་ཡོད་ས་གདའ། ཡར་རྒྱས་ཆེན་པོ་ཕྱིན་བཞག ཕལ་ཆེར་ཚན་རིག་སྦྱངས་བའི་འབྲས་བུ་ཡིན་འགྲོ །
ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་བདུད་རྩིའི་བཅུད་ཟེར་བའི་་ལུང་ཚིག་དེ་ནི་བོན་པོའི་སྐོར་ལ་གང་ཡང་མི་ཤེས་མཁན་ཞིག་བྲིས་པ་རང་རེད། བྱབ་ཉོག་བྱོབ་ཉོག་རེད་འདུག འོལ་འོལ་ཚོད་ཚོད་ཀྱིས་བྲིས་པ་རང་རེད་བཞག བོད་ཀྱི་སྔར་སྲོལ་རིང་ལུགས་ལ་བརྩི་བཀུར་རྩ་བ་ནས་མེད་པའི་ཤོད་སྟངས་བན་ལུགས་དམར་རྗེན་མ་དེ་རེད། ཁྱེད་ཚོས་རོང་ལྷ་མ་ཧཱ་ཀ་ལ་དང་མ་ཧཱ་ཀ་ལི་ལ་གསོལ་མཆོད་གང་དང་གང་འབུལ་གྱི་ཡོད་དམ། སྔར་གང་ཕུལ་ཡོད་དམ། དེང་སང་ག་རེ་འབུལ་བཞིན་ཡོད། །
ཁྱི་ནག་ལ་ལན་ཞིག་མ་རྒྱབ་རང་རྒྱབ་བྱས་སོང་། ཁྱོད་ཀྱིས་ད་དུང་རེབ་ཀོང་དང་ནག་ཆུ་སོགས་སུ་དམར་མཆོད་དར་ནས་སེམས་ཅན་ག་ཚོད་གསོད་བཞིན་པ་ཟེར་བ་དེ་ནི་སྐྱག་རྫུན་ཁོ་ན་རེད། ཅི་འདྲའི་བོན་ལ་སྡང་ཡང་དྲང་བོ་བཤད་ནམ་ཡང་གལ་ཆེའོ། རེབ་ཀོང་དང་ནག་ཆུ་ན་དམར་མཆོད་བྱེད་ཀྱི་མེད་པ་ངས་གསལ་པོ་ཤེས་ཀྱིན། གང་ཡིན་ཞེ་ན་ང་རང་སྐྱེས་ས་རེབ་ཀོང་ནས་ཡིན། ཁྱོད་རང་བོན་ལ་ག་ཚད་སྡང་ཡང་འདི་འདྲའི་རྫུན་བྱེད་ན་ཤིན་ཏུ་ནས་ཐ་ཆད་ཡིན་པར་མ་ཟད། ཁྱོད་ལ་འདི་དང་ཕྱི་མ་གཉིས་སུ་བདེ་བའི་གོ་སྐབས་ཤིག་མེད་པ་ངས་ཤེས་ཐུབ། སྐད་ཆ་ཅི་ཞིག་བཤད་ཀྱང་དྲང་བོ་བཤད་རྒྱུ་དེ་ཅིས་ཀྱང་གལ་ཆེ་བོར་མངོན་ནོ།།
གངས་ལྗོངས་ཆོས་ལྡན་ཞིང་གི། རྒྱལ་བསྟན་ཀུན་གྱི་བདག་པོ།
མཉམ་མེད་མཁན་ཆེན་ཆེན་པོ། ཚུལ་ཁྲིམས་བློ་གྲོས་རྒྱལ་ཅིག
བསླབ་པ་ཀུན་གྱི་མ་ཕྱི། ཚུལ་ཁྲིམས་སྟེང་ལ་གནས་པ།
ཚུལ་ཁྲིམས་སྲོག་དང་བརྗེ་མཁན། མཁན་ཆེན་ཚུལ་ཁྲིམས་རྒྱལ་ཅིག
བསླབ་པ་ཤེས་རབ་མ་ཕྱི། བསམ་གཏན་ཁོ་ན་ཡིན་པས།
བསམ་གཏན་ཀུན་ལ་དབང་བ། མཁན་ཆེན་ཚུལ་ཁྲིམས་རྒྱལ་ཅིག
བསླབ་པ་ཀུན་གྱི་ཡང་རྩེ། བསླབ་པ་ཤེས་རབ་ཡིན་པས།
ཤེས་རབ་སྒྲོན་མེའི་བདག་ཉིད། མཁན་ཆེན་ཚུལ་ཁྲིམས་རྒྱལ་ཅིག
བསླབ་གསུམ་མཛོད་ཀྱི་བདག་པོ། གངས་ལྗོངས་ཆོས་ཀྱི་རྒྱལ་པོ།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས། ནག་ཕྱོགས་དཔུང་གི་དགྲ་ལྷ།
ཁོང་ལ་རྒྱུ་ནོར་མི་དགོས། བསླབ་གསུམ་ནོར་གྱིས་ཕྱུག་ཡོད།
ཁོང་ལ་དབང་ཐང་མི་དགོས། དུག་གསུམ་འོག་ལ་མནན་ཡོད།
ཤ་མི་བཟའ་ཅི་བཟའ། རྩྭ་བཟའ་ལེ་མ་རེད་གོ། ཁྱོད་ཚོའི་བཤད་རྒྱུ་མེད་ནི་ཞིག་བཤད་གོ་གི། བཟའ་མིའི་ནང་ནས་ཡག་ཞོལ་དང་ཞིམ་ཞོལ་དེ་ཤ་རེད། དེ་མི་བཟའ་ཅི་བཟའ།
འབྲོག་པས་ཤ་མ་ཟ་དང་། ཤ་ཚོང་མི་རུང་ཞེས་པ་མི་རུང་ཡང་། འབྲོག་པས་ཤ་ཚོད་མེད་མ་ཟ་དང་། ཤ་ཚོད་མེད་་ཚོང་མི་རུང་ཞེས་པ་འདི་རུང་བའོ།།
ཤ་སྤང་བསམ་གྱི་འདུག རྩ་བ་ནས་སྤང་རྒྱུ་དཀར་བར་སྣང་ངོ་། སྔོན་ཆད་དང་བསྡུར་ན་ཧ་ཅང་ཉུང་བ་ཡིན། ཡིན་ནའང་ཆུ་ནང་གི་སྲོག་ཆགས་རིགས་ཀྱི་ཤ་གཏན་ནས་ཟ་ཀི་མེད། ཤ་མི་བཟའ་མཁན་ཚོར་རྗེས་སུ་ཡི་རང་ཡོད། ཆུང་ནས་ཤ་ཟ་རྒྱུ་གོམས་མེད་པ་ཚོས་གཏན་ནས་མ་ཟོས་ནས་ཡག་པོ་འདུག དེང་དུས་འབྲོག་པ་ཡིན་ཀྱང་ཤ་སྤང་རྒྱུ་འདུ་ཤེས་ཡོད་ན་ཟ་མ་གཞན་གང་དགོས་རེག་གི་རེད། །
ཤ་སྤང་བསམ་གྱི་འདུག རྩ་བ་ནས་སྤང་རྒྱུ་དཀར་བར་སྣང་ངོ་། སྔོན་ཆད་དང་བསྡུར་ན་ཧ་ཅང་ཉུང་བ་ཡིན། ཡིན་ནའང་ཆུ་ནང་གི་སྲོག་ཆགས་རིགས་ཀྱི་ཤ་གཏན་ནས་ཟ་ཀི་མེད། ཤ་མི་བཟའ་མཁན་ཚོར་རྗེས་སུ་ཡི་རང་ཡོད། ཆུང་ནས་ཤ་ཟ་རྒྱུ་གོམས་མེད་པ་ཚོས་གཏན་ནས་མ་ཟོས་ནས་ཡག་པོ་འདུག དེང་དུས་འབྲོག་པ་ཡིན་ཀྱང་ཤ་སྤང་རྒྱུ་འདུ་ཤེས་ཡོད་ན་ཟ་མ་གཞན་གང་དགོས་རེག་གི་རེད། །
་་་་་སྲོག་བསླུ་་་་དང་་་་་སྲོག་བླུ་་་་་འབྲི་སྟངས་མི་འདྲ་བ་གཉིས་ལ་ཁྱད་པར་གང་ཡོད་དམ། །
བོན་གྲོགས་ཁྱེད་རྣམས་ཀྱིས་རྣམ་དཀར་ཚེ་ཐར་སྲོག་བསླུའི་དགེ་བའི་བྱ་བ་རྒྱ་ཆེར་གནང་བ་ལ་འདི་ནས་ཐུགས་རྗེ་ལེགས་འབུལ་སྙིང་ནས་ཞུ་བཞིན་ཡོད། ཡིན་ནའང་ཚིག་ཕྲེང་འདི་བཀླགས་རྗེས་བསམ་བློ་ཞིག་གཏོང་དགོས་པ་བྱུང་། །
༼རྒྱ་མིའི་ཉ་གྲོང་ན་སྲོག་དབང་འགག་ལ་ཉེ་བའི་ཉ་འབུམ་ཕྲག་གཉིས་དང་རྒྱ་མ་ལྔ་ སྟོང་ཚེ་ཐར་སྲོག་བསླུ་བྱས་ཏེ་་་གནས་རི་བྲག་ཡེར་པའི་འདབ་ཞོལ་དྭངས་གཙང་ཆུ་བོའི་ནང་དུ་ཉེན་མེད་གློད་བཀྲོལ་དང༽
གསུངས་འདུག་པས་མ་འོངས་པར་འདི་རིགས་ལ་གཟབ་གཟབ་གནང་དགོས་པའི་གནད་དོན་འགའ་ཞུ་བར་སྤྲོ་བས་ཉན་དང་མི་ཉན་ཁྱེད་རྣམ་པའི་ཐུགས་འདོད་རེད། ང་ནི་ཕྱི་ལོགས་སུ་སྡོད་མཁན་བོན་པོ་ཞིག་ཡིན། རང་ལ་ཤེས་ཡོན་དང་འཇོན་ཐང་ཟེར་བ་སྣ་གཅིག་ཀྱང་མེད། ཡིན་ནའང་ལུང་པ་འདི་ཚོར་རང་འབྱུང་ཁོར་ཡུག་སྲུང་སྐྱོབས་ཀྱི་སྐོར་ལ་བལྟ་རྒྱུ་དང་མཐོང་རྒྱུ་གོ་རྒྱུ་སོགས་མང་པོ་འདུག། རྒྱུ་མཚན་དེ་ལ་བརྟེན་ནས་ཚིག་ཁ་ཤས་ཤིག་ཞུ་བར་སྤྲོ། །
དཔེར་ན་ཁྱེད་རྣམ་པས་རྒྱ་མིའི་ཉ་གྲོང་ནས་ཉོས་པའི་ཉ་འབུམ་ཕྲག་གཉིས་དང་རྒྱ་མ་ལྔ་སྟོང་དེ་ཚོ་ཕལ་ཆེར་རྒྱ་ནག་ནས་ཡར་ནང་འདྲེན་བྱས་ཡོང་བ་གཏན་གཏན་ཡིན་ངེས། དེ་འདྲ་ཡིན་དུས་རྒྱ་ནག་གི་གཙང་ཆུ་དང་མཚོ་དང་ཚེའུ་དེ་ཚོའི་ཚ་དྲོད་ཀྱི་གནས་བབ་དང་བོད་ཡུལ་གྱི་གཙང་ཆུ་དང་མཚོ་དང་ཚེའུ་གནས་བབ་གཉིས་འབད་དེ་ཁག་ཁག་ཡིན་པ་རེད། ཉ་དེ་ཚོ་གཅིག་བྱས་ན་དུས་ཡུན་འཐུང་ངུའི་ནང་འཆི་སྐྱོན་དུ་འགྲོ་སྲིད། ད་དུང་ཉན་ཁ་ཆེ་ཤོས་ཅིག་ནི་ཉ་རིགས་སྲོག་ཆགས་དེ་ཚོས་གཅིག་གིས་གཅིག་ལ་ཟ་རེས་བྱས་ནས་ཆུ་ནང་དུ་འཚོ་བ་སྐྱེལ་བཞིན་ཡོད། དེ་འདྲ་ཡིན་དུས་རྒྱ་ནག་ནས་ཡར་ཁྱེར་ཡོང་བའི་གིས་ཉ་རིགས་དེ་ཚོས་བོད་ཀྱི་གཙང་ཆུའི་ནང་གི་གདོད་མའི་བོད་ཡུལ་རང་གི་ཉ་རིགས་དེ་ཚོ་བཟས་པ་ཡིན་ན་རྩ་སྟོང་དུ་འགྲོ་སྲིད་པས་ཤིན་ཏུ་ཉན་ཁ་ཆེན་པོ་རེད། །
ད་དུང་ཉ་རིགས་ཕན་ཚུན་ནད་ན་ཚ་ཡང་མང་པོ་བགོ་རྒྱུ་ཡོད་པས་ནད་ངན་གྱིས་རྐྱེན་བྱས་ནས་བོད་ཀྱི་གདོད་མའི་ཆུ་ནང་གི་སྲོག་ཆགས་མང་པོ་འཆི་ལམ་དུ་གྱུར་སྲིད། ད་དུང་ཉ་རིགས་སྲོག་ཆགས་ཁ་ཤས་སྐྱེ་འཕེལ་དལ་པོ་ཡོད་པ་རེད། ཉ་རིགས་སྲོག་ཆགས་ཁ་ཤས་སྐྱེ་འཕེལ་ཤིན་ཏུ་མྱུར་པོ་ཡོད་པ་རེད། དེ་འདྲ་ཡིན་དུས་རྒྱ་ནག་ནས་ཡར་ནང་འདྲེན་བྱས་ཡོང་བའི་ཉ་རིགས་དེ་ཚོ་སྐྱེ་འཕེལ་མྱུར་སོང་ན་བོད་ཡུལ་གྱི་གཙང་ཆུའི་ནང་གི་གདོད་མའི་ཉ་རིགས་རྣམས་ཡོངས་རྫོགས་བཟས་ནས་རྩ་སྟོང་དུ་འགྲོ་སྲིད། གནས་ཚུལ་འདི་རིགས་འཛམ་གླིང་ཡོངས་ལ་ལབ་གླེང་ཤིན་དུ་ཆེན་པོ་རེད། །
བོད་ཡུལ་གྱི་གཙང་ཆུ་དང་མཚོ་དང་ཚེའུ་དེ་ཚོའི་ནང་དུ་བོད་ཡུལ་རང་གི་ཁྱད་པར་དུ་བྱས་པའི་ཐུན་མོངས་མ་ཡིན་པའི་གདོད་མའི་སྲོག་ཆགས་རིན་ཐང་ཅན་མང་པོ་ཡོད་པ་རེད། དེ་ཚོ་གསོ་བ་རིག་པའི་ཐོག་ནས་བཤད་པ་ཡིན་ནའང་གལ་གནད་ཤིན་དུ་ཆེན་པོ་ཆགས་ཀྱི་ཡོད། དབྱིན་སྐད་དུ་་་native species ཟེར་ནས་སོ་སོའི་ལུང་པའི་སྲོག་ཆགས་དང་རྩ་ལྡུམ་རིགས་རྣམས་ཤིན་ཏུ་རྩ་ཆེན་བརྩི་བཞིན་འདུག །
དཔེར་ན་ཡར་ཀླུང་གཙང་པོའི་ཆུ་གནས་ཀྱི་ཉ་རིགས་དང་སྲོག་ཆགས་དེ་དག་འཇུས་ནས་ཡར་འབྲོག་གཡུ་མཚོའི་ནང་དུ་གཏོང་ཆོག་གི་ཡོད་མ་རེད། དེ་བཞིན་མ་པང་གཡུ་མཚོའི་ནང་གི་ཉ་རིགས་དང་སྲོག་ཆགས་དེ་དག་འཇུས་ནས་གནམ་མཚོ་ཕྱུག་མོའི་ནང་དུ་གཡུག་ཆོག་གི་ཡོད་མ་རེད། གནད་དོན་འདི་ཚོ་ངེས་པར་དུ་ཤེས་དགོས། དེ་འདྲ་ཡིན་དུས་རྣམ་པ་ཚང་མས་གདོད་མའི་རང་མལ་དུ་གནས་པའི་སྲོག་ཆགས་ཡོངས་རྫོགས་བཙུད་པའི་ཁོར་ཡུག་སྲུང་སྐྱོབས་ཀྱི་སྐོར་ལ་ཐུགས་སྣང་དོ་ནན་དགོས་པ་ནི་ཤེས་བཞིན་པའི་ལས་འགན་གལ་ཆེན་ཞིག་ཡིན་འགྲོ་བསམ་གི་ཡོད། བྱུང་ན་རྒྱ་མིའི་ཉ་གྲོང་གི་ཉ་དེ་རྣམས་མཚོ་ཆུ་ག་བ་ནས་ཐོག་མར་འཇུ་ས་དེར་རང་འཇག་ཕར་གཏོང་དགོས་པ་རེད། ཐུགས་རྗེ་ཆེ། །
དྲྭ་རྒྱ་གཞན་ཞིག་ཏུ་འདི་འདྲ་བྲིས་པ་འདུག གོ་བ་འདྲ་ཡོད་ན་བསམ་བློ་ཐོངས། །
སྤོབས་མཐའ་ལགས་ངས་ཁྱེད་རང་རིགས་པའི་རྗེས་འབྲེང་ཞིག་རེེད་བསམ་ཡོད། བྱས་ཙང་རིགས་པ་རྒྱུ་མཚན་ཡང་དག་ཅིག་དགོས་པ་རེད་མ་གཏོགས་ཚུར་ཕྱོགས་ཀྱིས་ཕར་ལྟ་ཚུལ་དང་བཟུང་ཚུལ་དེ་ལུང་འདྲེན་བྱས་ན་ཡང་དག་ཞིག་ཏུ་ཁས་ལེན་ནུས་སམ། དཔེར་ན་ང་ཚོ་ནང་པའི་གཞུང་ལུགས་ནས་ཧིན་དྷུ་ལས་སོགས་ཀྱི་ཆོས་ལུགས་ལ་ལྟ་ལོག་མུ་སྟེགས་ལོག་ཆོས་ཞེས་ག་ཚོད་ཅིག་སྨད་མེད་དམ་དེ་ཚོ་བདེན་པ་ཡིན་ནམ། ཕ་རོལ་གྱི་ལོ་རྒྱུས་བཤད་དུས་ཕ་རོལ་གྱི་ལོ་རྒྱུས་ལ་གཞིར་བཟུང་ནས་སྐད་ཆ་ཤོད་དགོས་པ་མ་གཏོགས་ཚུར་ངོས་ཀྱི་ལྟ་ཚུལ་དེ་རང་བཤད་ན། དགེ་ལུགས་པའི་ངོར་རྙིང་མའི་ལྟ་བ་འཁྲུལ་པ་དང། རྙིང་མས་ལྟས་ནས་དགེ་ལུགས་འཁྲུལ་པར་བཤད་ཡོད་པས་ད་སུ་བདེན་པ་ཡིན་ནམ། ཉང་ཉིའི་ཁུངས་བཅོལ་ས་བོན་པོའི་ཆོས་དཔེ་དེ་འདྲ་ཡོད་དམ། ཡང་ན་ད་ལྟ་ཁྱེད་ལ་དེ་འདྲི་ལོ་རྒྱུས་ཆོ་ག་སོངས་བོན་པོ་རང་གིས་མཛད་པ་དེ་འདྲ་སྟོན་རྒྱུ་ཡོད་དམ། འོན་ཀྱང་ནང་པའི་ཆོས་ད་མི་ཤེས། ནང་པའི་དགེ་སློང་ནང་པའི་བླ་མ་ནང་པའི་སྤྲུལ་སྐུ་ནང་པའི་གྲྭ་བ་དེ་ཚོས་གཏན་གཏན་དམར་མཆོད་དམར་གསོད་གཏན་གཏན་བྱས་འདུག་བསམ་པ་ཞིག་མ་ཟད་ལོ་རྒྱུས་ནས་གསལ་འདུག དཔེར་ན་ལྷ་བླ་མ་ཡེ་ཤེས་འོད། ལྷ་ལུང་དཔལ་རྡོར། ར་ལོ་ཙྭ་བ་ལས་སོགས་མང་པོ་འདུག་ད་དེ་ཚོ་ལའང་གཅིག་དཔྱད་རོགས་་་་་ཡང་་་སྤྲུང་པོས་འཁྲབ་པ་ཐལ་སློང། ཕྱུག་པོས་འཁྲབ་པ་ཞབས་བྲོ་ཡིན་ན་གནས་ཚུལ་ལོགས་ཁ་རེད་གང་ཡང་བཤད་རྒྱུ་མེད།
སྐབས་འཚོལ་རང་ལུགས་པ་ཚོ་གཟབ་གཟབ་གནང་རོགས། མཁན་པོ་ཚུལ་ལོའི་རྩེ་བྱད་མ་བྱས་ན་བཟང་གི་བསམ་་་་་་་ཁྱེད་ཚོས་ལྷག་བསམ་ཡིན་མིན་དང་་་དད་འདུན་ཡོད་མེད་ཚང་མ་ཤེས་གི་རེད་་་
བཀུར་འོས་ཁ་བརྡ་བ་ཁྱུང་སེ་ལགས། ཁྱེད་ཀྱིས་བོད་དུ་འཚེ་བ་ཆོས་སུ་སྨྲ་བ་ཡོད་པའི་ཁུངས་སྐྱེལ་དུ་ལོ་རྒྱུས་ཡིག་ཆ་ཞིག་དྲོངས་ཤོག་གསུངས་པའི་ཞུ་ངོ་མ་ཐེག་པར་ཡིག་ཆ་འདི་དྲངས་པ་ཡིན། ཁྱེད་ཀྱིས་ལོ་རྒྱུས་ཡིག་ཆའི་ཁུངས་ཤིག་དྲོངས་ཤོག་གསུངས་པ་མ་གཏོགས་བན་དེས་ཡིག་ཆ་དྲངས་ན་རྩིས་མེད་ཡིན་ཚུལ་འདྲ་ནི་གསུངས་མ་སོང་། ངས་དྲངས་པའི་ལོ་རྒྱུས་དེ་དུས་རབས་བཅུ་གཉིས་པའི་ནང་དུ་བྲིས་པའི་ཡིག་ཆ་ཞིག་རེད། ངས་ནི་དུས་རབས་བཅུ་གཉིས་པའི་གོང་དུ་བོན་པོས་བྲིས་པའི་ལོ་རྒྱུས་ཡིག་ཆ་འདྲ་མཇལ་མ་མྱོང་། ཁྱེད་ཀྱིས་ཀློག་མྱོང་ན་དེའི་གོང་དུ་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་དང་སྦྲགས་ནས་ངོ་སྤྲོད་གནང་རོགས་དང་ཕན་ཐོགས་འདུག མ་གཞི་ནས་བན་གྱི་ཡིག་ཆ་ལ་ཡིད་མ་ཆེས་ན་བོན་གྱི་ཡིག་ཆ་ལ་ཡིད་ཆེས་ཆོག་པའི་རྒྱུ་མཚན་ཅི་ཞིག་ཡོད།
རྙིང་མས་དགེ་ལུགས་འཁྲུལ་ཚུལ་དང་དགེ་ལུགས་ཀྱིས་རྙིང་མ་འཁྲུལ་ཚུལ་བཤད་ཡོད་པ་ངས་གོ་མ་མྱོང་། དགེ་ལུགས་ཀྱི་ཁུངས་གཏུག་ས་དེ་རྗེ་ཙོ་ཁ་པ་མ་གཏོགས་སུ་ཡོད། ཁོང་གིས་ནི་ལམ་རིམ་ཆེན་མོར་བོན་ལ་སྐྱབས་སུ་འགྲོ་མི་རུང་ཚུལ་གསུངས་ཡོད་པ་མ་གཏོགས་རྙིང་མ་ལ་སྐྱབས་སུ་འགྲོ་མི་རུང་ཚུལ་བྲིས་མི་འདུག་བསམ་སོང་།
ངེད་ཚང་གི་བུ་རྒོད་ལྷ་ལུང་དཔལ་རྡོར་སོགས་ཀྱིས་དཔའ་བོ་སྟག་གཡག་ཁ་སྤྲོད་ཀྱིས་བུ་དང་བུ་གཏུག་ནས་རྒྱལ་ཕམ་བརྩད་ཅིང་དཔའ་བོའི་དཔའ་རྟགས་བཞག་པ་མ་གཏོགས་ལུག་རྒན་རྟ་རྒན་ལ་སྡུག་གྱོང་བསྐུར་བའི་དམར་མཆོད་ཀྱི་ལས་མཐའ་དེ་འདྲ་ལ་ཐུག་ག་ལ་སྲིད་དེ་མི་སྲིད་དོ།།
སྲོག་སླུ་ལས། སྲོག་བླུ་འདི་དག་པར་འདྲ།
སྤོབས་མཐའ་ལགས་་་་་ཧིན་དྷུའི་ཆོས་ལུགས་ཡག་མིན་དང་ལྟ་གྲུབ་གང་ཡིན་ཧིན་དྷུ་རང་གི་ལྟ་གྲུབ་ཀྱི་གཞུང་ལུགས་ལ་དཔྱད་ནས་སྐད་ཆ་བཤད་དགོས་པ་རེད་མ་གཏོགས་ནང་པའི་གཞུང་ནས་ཅིག་བཤད་འདུག་ཟེར་ནས་ས་འཕྱར་གནམ་འཕྱར་བྱས་ནས་ཕན་ཐོགས་ཨ་ཡོད་ན། དེ་ལྟ་བཤད་ཀྱི་རེད་པ་རང་རད་དབུ་མར་བསམ་གྱི་རེད། ཁྱེད་རང་དངོས་གནས་ཕྱོགས་སུ་ལྷུང་ནས་སྐད་ཆ་བཤད་པའམ་ཡང་ན་གཡག་ཞར་གྱིས་རྩ་ཟ་སྟངས་བྱས་ནས་སྐད་ཆ་བཤད་ཀྱི་འདུག་ག རྗེ་ཙོང་ཁ་པའི་བསམ་གཟུགས་ཀྱི་གསུང་དུ། རྙིང་མའི་རྫོགས་ཆེན་གྱི་ལྟ་བ་དེ་ལ་ཅི་ཞིག་བཤད་མེད་དམ། ལེགས་ན་བསམ་གཏན་གྱི་གནས་སུ་སྐྱེ་བྱེད་དང། ཉེས་ན་བྱོལ་སོང
གི་གནས་སུ་སྐྱེ་བྱེད་ཙམ་ཞིག་སྒྲུབ་མི་འདུག་གམ། མ་གཞི་ནས་ང་བོན་གྱི་གཞུང་ལུགས་ལ་དེ་ཙམ་གྱི་ལྟ་མྱོང་མེད་མོད། ང་ཚོ་བོད་ཀྱི་ནང་པ་བ་རྣམས། བསྡོད་ས་པྲལ་པར་བསྡད་ནས། མིག་ལ་ཐལ་བ་འདེབ་ཚུལ་བྱས་ན་ཡག་པོ་མཐོང་གི་མི་འདུག ངོ་མ་བྱས་ན་བོད་ཡུལ་ནི་བོན་ཡུལ་ཡིན། བནཡུལ་ནི་རོང་ཡུལ་རེད། ཅོ་རི་ལགས་དང་ང་ཡི་ལྟ་ཚུལ་དེ་འདྲ་ཡིན། དེ་ནས་རྙིང་མས་རྗེ་ཙོང་ཁ་བར་ག་རེ་གསུང་ཡོད་མེད་ངས་ཁྲོམ་བསྒྲགས་དགོས་ཀྱི་མ་རེད་བསམ་་་་ཤེས་ཤེས་ཁ་རེད་པ།
༼ཨ་རོ་སྤོབས་མཐའ་ལགས་གཞིས་སྡོད་བོད་མི་ཚན་རིག་ཞིབ་འཇུག་པ་བན་དེ་བ་ཞིག་ནས་་་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱས་ནས་ཚན་རིག་གི་སྐད་ཆ་བཤད་འདུག ཁྱེད་རང་ང་རྒྱལ་སྤོབས་པས་མ་བརྒྱངས་པར་འདི་ཚོ་ལ་ལྟ་ཙམ་བགྱིས་་་མི་གྲལ་དུ་སྐད་ཆ་ཤོད་རིན་འདྲ་ཡོང་སྲིད་དེ་མིན་གཡག་ཞར་གྱིས་རྩ་ཟ་ཚུལ་རང་རེད༽
ལན་གྲུ་སློབ་ཆེན་མི་རིགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ངག་དབང་རྒྱ་མཚོ་ལགས་ལ་
ཀྲུང་གོ་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་གཟེངས་རྟགས་ཐོབ།
dsc_0038%202.jpg
ད་ལོ་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་གཟེངས་རྟགས་ཐོབ་མཁན་གྱི་གྲས་སུ་ལན་གྲུ་སློབ་ཆེན་མི་རིགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ངག་དབང་རྒྱ་མཚོ་ལགས་བདམས་ཐོན་བྱུང་ཡོད་ཅིང་། ཁོང་གི་དཔྱད་རྩོམ《བོན་པོ་ལེ་གུ༼ལེའུ༽ཞེས་པའི་མིང་གི་བྱུང་ཁུངས་དང་དེའི་གོ་དོན་མཐའ་དཔྱོད》ལ་བོད་ཡིག་གི་རིག་གཞུང་དཔྱད་རྩོམ་གྱི་ཨང་དང་པོའི་གཟེངས་རྟགས་ཐོབ། འདིའི་ཡར་སྔོན་དུ་བྱ་དགའི་རྣམ་གྲངས་འདི་ནི་སྟོང་ཆར་གནས་ཡོད། ཁོང་གི་འབུམ་རམས་པའི་དཔྱད་རྩོམ《འབྲུག་དཀར་གཙང་བོ་སྟོད་རྒྱུད་ཀྱི་བོན་ཆོས་ཞིབ་འཇུག》ལ་ཡང་ད་ལོ་སི་ཁྲོན་ཞིང་ཆེན་འབུམ་རམས་པའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཐོབ།
༢༠༡༤ ལོའི་ཟླ་དྲུག་པའི་ཚེས ༡༦ ཉིན། རྒྱལ་ཁབ་ཀྱི་ཙུང་ལི་ལིའུ་ཁུ་ཆིང་ལགས་གྱིས་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་པོ་ཏི་ལིན་དཔེ་མཛོད་ཁང་ལ་ལེགས་སྐྱེས་སུ་གནང་བ་ནི་འབྲུག་ཐར་དང་། ངག་དབང་རྒྱ་མཚོ། རྡོ་རྗེ་ཚེ་རིང་བཅས་ཀྱིས་གཙོ་སྒྲིག་བྱས་པའི་དེབ《ཀན་སུའུ་དང་མཚོ་སྔོན་སི་ཁྲོན་ཀྱི་དམངས་ཁྲོད་བོད་ཡིག་བོན་ཆོས་ཡིག་རྙིང》ཞེས་པ་དེ་ཡིན།
W020141110519314164332.jpg
བོན་ཆོས་ཞིབ་འཇུག་མཁན་ངག་དབང་རྒྱ་མཚོ་ལགས་ཀྱིས་བཤད་རྒྱུར། རང་ས་རང་ཡུལ་ནས་དར་རྒྱས་བྱུང་བའི་བོན་ཆོས་ཀྱིས་བོད་ཀྱི་རིག་གནས་དང་ནང་སྒོས་སུ་དམངས་སྲོལ་ལ་ཤུགས་རྐྱེན་ཆེར་ཐེབས་ཡོད། བོན་ཆོས་ཀྱིས་བོད་ཀྱི་བསམ་པའི་རིག་གནས་དང་དངོས་པོའི་རིག་གནས། དམངས་ཁྲོད་ཀྱི་འཛེམ་བྱའི་རིག་གནས་ཐམས་ཅད་ལ་ཚད་མི་འདྲ་བའི་སྒོ་ནས་ཤུགས་རྐྱེན་ཐེབས་ཡོད་པས། དམངས་སྲོལ་གྱིས་ཆོས་ལུགས་ཉམས་པར་བྱས་པའི་ལྟ་ཚུལ་ལྟར། བོན་ཆོས་ཀྱང་རྐྱང་བར་གནས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་མ་ཡིན་པར། དེའི་འཕེལ་རྒྱས་ལ་མི་རིགས་གཞན་གྱི་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་ཡོད།
“དམངས་ཁྲོད་དུ་དར་བའི་བོན་ཆོས་ཞིབ་འཇུག་ནི་བོད་ཀྱི་རིག་གནས་ཀྱི་རྩ་བར་ཞིབ་འཇུག་བྱེད་ཆེད་ཡིན་ལ། དམངས་ཁྲོད་ཀྱི་བོན་ཆོས་ལ་སངས་རྒྱས་ཆོས་ལུགས་ཀྱིས་ཤན་ཐེབས་ཡོད་མོད། དེའི་ནང་ནས་རིན་ཐང་ལྡན་པའི་རིག་གནས་མང་པོ་རྙེད་ཐུབ་པ་ལས་གཞན་བོན་ཆོས་ཀྱི་ངོ་བོ་ཡང་རྟོགས་ཐུབ། མིག་སྔར་རིག་གཞུང་ཞིབ་འཇུག་གི་སྡེ་རུ་བོན་ཆོས་ནི་སངས་རྒྱས་ཆོས་ལུགས་ཀྱི་བསྐྱར་དཔར་དངོས་པོ་དང་། བོན་དཀར་ནག་ཐ་ན་བོན་ཆོས་ལ་ཆོས་ལུགས་ནག་པོ་ཞེས་པའི་ལྟ་ཚུལ་མ་དག་པ་ཡོད་ལ། ང་ཚོས་དམངས་ཁྲོད་ཀྱི་བོན་ཆོས་ལ་བརྟག་དཔྱད་དང་། འཚོལ་སྡུད་བྱས་པའི་རྒྱུ་ཆ་ལེགས་སྒྲིག་བྱས་པར་བརྟེན་ཚན་རིག་གི་སྡོམ་ཚིག་བཞག་ཡོད་ལ། བོན་ཆོས་ལ་གོ་བ་ལོག་པ་བླངས་པའི་རྒྱུ་རྐྱེན། དེ་ནས་དེའི་ལོ་རྒྱུས་ཀྱི་དོན་དངོས་དང་རིག་གཞུང་ཞིབ་འཇུག་གི་དམིགས་ཡུལ་བཅས་གསལ་བོ་བསྟན་ཡོད”བོན་གྱི་དམངས་ཁྲོད་ཆོ་ག་སྤེལ་མཁན་ནི་གདོད་མའི་བོན་ཆོས་ཀྱི་འགྱུར་རྡོ་གསོན་པོ་ལྟ་བུ་ཡིན་ལ། དེ་ནི་བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་དང་། སྲོལ་རྒྱུན་གྱིགོམས་སྲོལ། སྤངས་བླང་གི་རྣམ་གཞག་གི་སྟེང་དུ་སིམ་པར་བྱས་ཡོད་པས། འདི་ལ་ཞིབ་འཇུག་མ་བྱས་ན་བོན་ཆོས་ཆ་ཚང་ལ་ཞིབ་འཇུག་བྱེད་མི་ཐུབ་པ་དང་། ཐ་ན་བོད་ཀྱི་རིག་གནས་ལ་ཡང་ཞིབ་འཇུག་ལེགས་པོ་བྱ་མི་ཐུབ། མིག་སྔར་བོན་ཆོས་ཀྱི་ཞིབ་འཇུག་ལ་སྟོང་བའི་ཆ་མང་རྐྱེན། དམངས་ཁྲོད་བོན་ཆོས་ཞིབ་འཇུག་ནས་མགོ་བརྩམས་ཏེ་བོན་ཆོས་ལ་ཞིབ་འཇུག་བྱ་རྒྱུ་ནི་བོད་རིག་པའི་ཞིབ་འཇུག་གི་འཕེལ་ཕྱོགས་སུ་
《བོན་པོ་ལེ་གུ༼ལེའུ༽་ཞེས་པའི་མིང་གི་བྱུང་ཁུངས་དང་དེའི་གོ་དོན་མཐའ་དཔྱོད》ཞེས་པའི་ཞིབ་འཇུག་ནི༢༠༠༤ལོར་མགོ་བརྩམས་ཏེ༢༠༠༥ལོར་འགྲུབ་པ་ཡིན་ལ། ༢༠༠༨ལོར་ཚན་པ་ཁ་ཤས་དུས་དེབ་ཀྱི་སྟེང་དུ་བཀོད་པ་ཡིན། ༢༠༡༠ལོར་ཇོ་མོ་གླང་མའི་གཟེངས་རྟགས་ཨང་གསུམ་པ་ཐོབ་ཅིང་། ལོ་དེའི་སྤྱི་ཟླ་དྲུག་པའི་ཚེས་གཉིས་ཉིན་ཉི་འོད་ཚགས་པར་གྱིས་གསར་འགྱུར་དུ་བཀོད་ཅིང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་མཐུན་ཚོགས་ཀྱི་མགོ་བCharlesA.E.Rambleཡིས་བོད་ཡིག་ཏུ་བསྒྱུར། ༢༠༡༡ལོར་ཡང་བསྐྱར་པར་སྐྲུན་བྱས་ལ། ༢༠༡༤ ལོར་་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ཇོ་མོ་གླང་མའི་གཟེངས་རྟགས་ཐོབ། ངག་དབང་རྒྱ་མཚོ་ལགས་ཀྱིས་བརྗོད་པ་ལྟར་ན། བོན་ཆོས་ཀྱི་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཡིན་ལ། དེ་དང་རྒྱའི་རིག་གནས་ལ་ཡང་འདྲ་བའི་ཆ་མང་དུ་མཆིས་ཏེ། བོན་གྱི་དགོན་པའི་འཆམ་སོགས་རྒྱའི་ཁུང་ཙི་དང་ལོ་ཙི་ལ་འབྲེལ་བ་ཡོད་པ་ཡིག་ཆར་འཁོད་ཡོད། དེར་མ་ཟད་བོན་ཆོས་ནི་རང་བྱུང་ལ་དད་པ་བྱེད་པའི་ཆོས་ལུགས་ཤིག་ཡིན་ལ། རི་ཆུར་བསྐོར་བ་བྱེད་པའི་གོམས་སྲོལ་ཡོད། ཡིག་ཆ་བཙལ་བའི་བརྒྱུད་རིམ། 《བོན་པོ་ལེ་གུ༼ལེའུ༽་ཞེས་པའི་མིང་གི་བྱུང་ཁུངས་དང་དེའི་གོ་དོན་མཐའ་དཔྱོད》ཞེས་པའི་དཔྱད་རྩོམ་འདི་འབྲི་བར་བོན་དང་འབྲེལ་བའི་ལོ་རྒྱུས་རྒྱུ་ཆ་འཚོལ་སྡུད་དང་ལེགས་སྒྲིག་བྱས་པ་དང་། སྔ་གཞུག་ཏུ་བོན་གྱི་རྒྱུ་ཆ་དེབ་ལྔ་བཅུ་ལྷག་ལ་ཟུར་བལྟ་བྱས།
ངག་དབང་རྒྱ་མཚོའི་གསར་འགོད་པར་བཤད་རྒྱུར། “ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་དུ་ཆོས་ལུགས་དད་མོས་ཀྱི་རྟགས་མཚམས་ལས་བརྒལ་ཏེ་ཞིབ་འཇུག་གི་རྣམ་འགྱུར་གསར་བར་བརྟེན་ནས་བོད་ཀྱི་དམངས་ཁྲོད་བོན་ཆོས་ལ་ཞིབ་འཇུག་བྱས་ལ། ཞིབ་འཇུག་གི་རིན་ཐང་ཐད་ནས་ཡང་རྨོངས་དད་ཀྱི་ཞིབ་འཇུག་ལས་བརྒལ་ཏེ་བོད་ཀྱི་རིག་གནས་ཀྱི་རྩ་བ་འཚོལ་བ་དེ་ཡིན”བོན་པོ་ལེ་གུ་ནི་གཙོ་བོ་ཀན་སུའུ་ཐེ་བོ་རྫོང་དང་། འབྲུག་ཆུ་རྫོང་། ཏེང་ཁྲང་རྫོང་། ཁྲུན་རྫོང་། སི་ཁྲོན་ཞིང་ཆེན་རྔ་བ་ས་ཁུལ་གྱི་མཛོད་དགེ་རྫོང་དང་། ཆུ་ཆེན་དང་ཁྲོ་ཆུ། དཀར་མཛེས་ས་ཁུལ་གྱི་ཀྱི་ཉག་རོང་དང་དེའི་ཉེ་འཁོར་གྱི་ས་གནས་སུ་ཁྱབ་ཡོད་ལ། གཡུང་དྲུང་བོན་རྒྱ་ཁྱབ་ཏུ་དར་ཁྱབ་སོང་བ་དང་སྦྲགས། ལེ་གུའི་བྱེད་ནུས་དེ་ལམ་ལུགས་ཅན་དང་གཞུང་ལུགས་ཅན་སོགས་ཚད་མཐོ་བའི་གཡུང་དྲུང་བོན་ཆོས་ཀྱིས་ཚབ་བྱས་ཏེ། དམངས་ཁྲོད་ཀྱི་དད་མོས་འདིའི་རིགས་རིམ་བཞིན་ཉམས་རྒུད་དུ་གྱུར་ཡོད།
ངག་དབང་རྒྱ་མཚོ་ལགས་ཀྱིས་གསར་འགོད་པར་བཤད་རྒྱུར། “བདག་གིས་ཐེ་ཆུའི་སྟོད་རྒྱུད་ཀྱི་རྫོང་ཁག་གཉིས་དང་། ཤང་བཅུ། སྡེ་བ་ཞེ་དྲུགཁྱིམ་ཚང་སྟོང་། བོན་དགོན་བཅུ་བཅས་ནས་ཞིབ་འཇུག་བྱས། འབྲུག་དཀར་གཙང་བོའི་སྟོད་རྒྱུད་ཀྱི་ལེ་གུ་ཕལ་ཆེར་ལྷག་མེད་པ་དང་རྒྱུན་འཛིན་པ་ཆད་པའི་ཉེན་གནས་སུ་ལྷུང་ཡོད”ངག་དབང་རྒྱ་མཚོ་ལགས་ཀྱིས་ཞིབ་འཇུག་བརྒྱུད་དེ་ཤེས་རྟོགས་བྱུང་བ་ནི། སྔོན་ཆད་ལེ་གུ་མང་བའི་ཐེ་ཆུའི་སྟོད་རྒྱུད་དུ་ད་ལྟ་ལེ་གུ་ལྔ་ལས་མེད་ལ། ལེ་གུ་རྣམས་ནི་ལོ་ན་རྒན་ཞིང་གྲངས་ཀ་ཇེ་ཉུང་ཡིན་རྐྱེན། དམངས་ཁྲོད་བོན་གྱི་རིག་གནས་རྒྱུན་འཛིན་ཉམས་ཉེས་སུ་འགྲོ་བའི་གནས་སུ་ལྷུང་ཡོད། ཞིབ་འཇུག་དང་སྦྲགས། ངག་དབང་རྒྱ་མཚོ་ལགས་ཀྱིས་ས་གནས་ཀྱི་གཏམ་དཔེ་དང་། ངག་རྒྱུན། གཏམ་རྒྱུད། དམངས་གླུ་བཅས་འཚོལ་སྡུད་དང་བཅར་འདྲི་མང་པོ་བགྱིས་ཏེ་ཞིབ་འཇུག་གི་རྒྱུ་ཆའི་ཁ་བསྐངས།
ཆེས་ཐོག་མར་ཞིབ་འཇུག་གི་ལས་ལ་འཇུག་སྐབས། ཁོང་གིས་བོན་ཆོས་ཀྱི་ཡིག་ཆ་རྣམས་ལེ་གུའི་ལག་ནས་བླངས་ཏེ་རྫོང་ཐོག་ཏུ་འོངས་ནས་བསྐྱར་དཔར་བྱས་ཏེ་ཕྱིར་བསྐྱལ་བ་དང་། རྗེས་སུ་དེ་ལྟར་ན་བདུན་ཕྲག་གཅིག་རིང་གི་དུས་ཚོད་ཆུད་ཟོས་སུ་འགྲོ་བ་ཡིན་པས། ༢༠༠༧ལོར་ཁོང་གིས་པར་ཆས་ཤིག་ཉོས་ཏེ་ཡིག་ཆ་ཚང་མ་པར་དུ་བརྒྱབ་པ་རེད། རྗེས་སུ་པར་ཆས་བཀོལ་ཐེངས་མང་རྐྱེན་གློག་གཡིས་ལྷུང་བས་ཐ་གུ་ཞིག་གིས་བསྡམས་ཏེ་བཀོལ་བ་རེད། འདི་ལྟར་ཁོང་གིས་གདོད་མའི་བོན་གྱི་ཆོས་དཔེ་དེབ་ལྔ་བརྒྱ་པར་དུ་བླངས་ཤིང་། རྗེས་སུ་དེ་དག《ཀྲུང་ཧྭ་བོད་ཀྱི་རིག་གཏེར་ཆེན་མོ》ལས་བོན་གྱི་སྐོར་གྱི་རྒྱུ་ཆའི་ཡོངས་ཁུངས་གཙོ་བོར་གྱུར་ལ། ཁོ་རང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ལས་གཞི་ཆེན་པོ《ཀྲུང་ཧྭ་བོད་ཀྱི་རིག་གཏེར་ཆེན་མོ》ལས་བོན་གྱི་སྐོར་གྱི་གཙོ་སྒྲིག་པར་གྱུར།
ངག་དབང་རྒྱ་མཚོ་ལགས་ཀྱིས་ལོ་ངོ་འདི་འགའི་རིང་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་རྩོམ་མང་པོ་སྤེལ་ལ། ཆེད་རྩོམ་དེབ་གཉིས་དང་། རྩོམ་སྒྲིག་དེབ་གཉིས། དཔྱད་རྩོམ་སུམ་ཅུ་ལྷགདེའི་ནང་དེབ་གཙོ་བོའི་སྟེང་དུ་བཀོད་པ་དེབ་བཅོ་ལྔ་ཡོད། དེར་མ་ཟད་འཇར་མན་པོ་ལིན་སློབ་ཆེན་དང་། ཐེའེ་པེ། ཤང་ཀང་སོགས་ས་ཆར་རིག་གཞུང་ཚོགས་འདུར་ཞུགས་པ་དང་། ལས་གཞི་གལ་ཆེན་བདུན་གྱི་འགན་འཁུར་ཡོད་དོ། །
སྲོག་བླུ་་་དག་པ་ཡིན་ན་་་སྦྱོར་མེད་སྤྲང་པོ་ཚོས་་་སྲོག་བླུའི་དགེ་བ་་་ཇི་ལྟར་བྱ་དགོས་སམ། བླུ་བའི་དོན་ནི་དངུལ་དངོས་འགྲོ་སོང་བཏང་ནས་ཉོ་བའི་དོན་རེད། འདིའི་སྐོར་ལ་མཁས་དབང་ཚོས་དགོངས་འཆར་འབེབ་པར་འཚལ་ལོ། །
སྤོབས་པ་མཐའ་ཡས་འདིས་སྐད་ཆ་བཤད་སྟངས་ལ་གཅིག་བལྟོས་དང་། སོ་སོས་འདོད་ན་བོད་གངས་ཅན་པའི་རྒྱལ་མཆོག་བཀྲོངས་མཁན་ལ་ཡང་དཔའ་བོ་དང་བུ་རྒོད་ཡིན་རབས་བཤད། འགྲིག་རབས་དང་འཇོན་རབས་བཤད། སོ་སོ་མ་དགའ་ན་ར་ལུག་ཞིག་བསད་ནའང་སྡིག་སྐྱ་ཡིན་མདོག་བཤད། ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་བཟི་ཚར་བའི་མྱི་འདི་དག་གིས་སྐད་ཆ་དྲང་པོ་ཞིག་མི་བཤད་ངོ་མ་རེད་འདུག དྲང་བདེན་དང་རྒྱུ་འབྲས་མེད་པའི་མི་ལ་མི་གཞིའི་རིན་ཐང་ཞིག་ཡོང་ཐབས་ག་ན་ཡོད། ཆོས་པ་རྣམ་དག་ཞིག་འོང་ཐབས་ག་ན་ཡོད། བྱས་ཙང་སྐྱ་མིན་སེར་མིན་གྱིས་ལུང་པ་ཁེངས། ཆོས་མི་སྲིད་མིན་གྱིས་ཡུལ་ལུང་ཕུང་ལ་སྦྱར་ནས་བསྡད་ཡོད་རེད། དཀོན་མཆོག་མཁྱེན། མི་འདི་དག་ཆོས་ལུགས་ཀྱི་བཟི་དྭངས་བའི་དུས་ཤིག་ག་དུས་སླེབས་འོང་གི་ཡོད་ན།
བདེན་པར་གྲུབ་པའི་ཤ་བ་མཐོང་མ་སོང་་་ཟེར་བའི་ཕན་པའི་རྫུན་དེ་ཡང་་་སྲོག་སླུ་བའི་་་དོན་ལ་གོ་དགོས་པར་སེམས། །
སླུ་ནི་གཡོ་སྒྱུ་དང་མགོ་བསྐོར་བའི་དོན་རེད། བླུ་ནི་རིན་པ་སྤྲད་ནས་ཉོས་པའི་དོན་རེད། དེ་གཉིས་ལ་ཁྱད་པར་ཆེན་པོ་འདུག །
སྤོབས་མཐའི་སྐད་ཆ་ལ་གནས་ལུགས་དང་ལྗིད་གོག། རྣམ་དཔྱོད་གྱི་རྩལ་སོགས་གང་ཅི་ཐད་ལ་རྒྱབ་སྐྱོར་ཡོད།
གང་ལྟར་་་སྲོག་བསླུ་་་ཞེས་པའི་ཚིག་སྦྱོར་འདིའི་གོ་དོན་དང་ཁྱབ་རྒྱ་གང་གི་ཆ་ནས་བྱས་ཀྱང་ནང་དོན་ཕུན་སུམ་ཚོགས་པར་འདུག་པས་སྲོག་བསླུ་འདི་དག་པར་སེམས་སོ། སྲོག་བསླུ་་་བའི་རྣམ་དཀར་གྱི་བྱ་བ་འདི་ཡང་་་ཆོ་གའི་་་རིམ་པ་ཞིག་རེད་མ་གཏོགས་་ཉོ་ཚོང་་གི་ལས་འགུལ་ལྟ་བུ་ཞིག་ག་ལ་ཡིན། སྡིག་ཅན་སྲོག་བདག་བཤན་པ་སོགས་ལ་འདོད་པའི་ཡོན་ཏན་དང་སྙན་པའི་གཏམ་དང་དྲན་དགུའི་ཐབས་ཤེས་སོགས་ཀྱི་ལམ་ནས་མགུ་བ་དང་འཚིམས་པ་བློ་བསྒྱུར་བར་བྱས་ནས་བསླུས་ཏེ་སེམས་ཅན་གྱི་སྲོག་སྐྱོབས་པའི་ལས་ལ་འབད་པར་བྱེད་པ་དེ་ལ་སྲོག་བསླུ་ཞེས་སུ་བརྗོད་ན་གཞུང་དོན་དང་མཐུན་པར་སེམས་སོ། ། ངས་འདི་འདྲ་ཞིག་དྲན་ཁྱེད་རྣམ་པར་དགོངས་ཚུལ་གང་ཡོད་དམ། །
སྡིག་ཅན་སྲོག་བདག་བཤན་པ་སོགས་ལ་འདོད་པའི་ཡོན་ཏན་དང་སྙན་པའི་གཏམ་དང་དྲན་དགུའི་ཐབས་ཤེས་སོགས་ཀྱི་ལམ་ནས་མགུ་བ་དང་འཚིམས་པ༼ར་མགོ་སྐོར་གྱིས་༽བློ་བསྒྱུར་བར་བྱས་ནས་བསླུས་ཏེ་སེམས་ཅན་གྱི་སྲོག་སྐྱོབས་པའི་ལས་ལ་འབད་པར་༼བྱས་ན་ཡང་བློ་སྒྱུར་བྱེད་༼༼བླུ་༽༽རིན་མ་སྤྲད་པར་སྲོག་ཆགས་ཀྱི་སྲོག་ཐར་ཐབས་མེད་པས་སྲོག་བླུ་ཉིད་དག་པར་སེམས་སོ།།༽
བསླུ་བ་ཡིན་ཚད་མགོ་སྐོར་བཏང་བའི་དོན་ལ་གོ་ན་འགྲིག་ས་མ་རེད། བསླུ་བ་ནི་འཇིགས་རྟེན་གྱི་ཆོས་ཉིད་ཅིག་ཡིན་པའི་མུ་ལ་བཞག་ན་ཡག་བར་སེམས། ཆོས་འཇིགས་གཉིས་སུ་ཕྱེས་པའི་ནང་ནས་འཇིགས་རྟེན་ཁས་ལེན་ཤེས་དགོས་པ་རེད། བདེན་པ་གཉིས་སུ་ཕྱེས་པའི་ནང་ནས་ཀུན་རྫོབ་བདེན་པ་ཁས་ལེན་ཤེས་དགོས་པ་རེད། སྟོང་ཉིད་ཉམས་སུ་བླང་བྱ་ཡིན་ན་ཡང་སྟོང་གཞི་བོན་ཅན་ཡོད་པར་ཁས་ལེན་ཤེས་དགོས་པ་རེད། འགྲོ་ས་མྱང་འདས་ཡིན་ན་ཡང་སྡོད་ས་འཁོར་བ་ཡིན་པ་ཤེས་དགོས་པ་རེད་དོ། འདི་ཚོ་ཚང་མ་མགོ་སྐོར་བཏང་བསྡད་པ་ཞིག་ཨ་ཡིན་ན། །
ནོར་མེད་ན་བོད་པ་ཚང་ལ་མགྲིན་ཚབ་པ་ཞིག་དང་ད་འདིར་དུད་འགྲོ་ལ་མགྲིན་ཚབ་པ་ཞིག་སླེབས་འདུག