དུས་བབ་ལས་དྲངས།
ན་གཞོན་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས། རྒྱ་གཞུང་ལ་ཞི་བའི་དགོས་འདུན་དོན་ཚན་ལྔ་བཏོན་ཏེ། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་ངྷ་ས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་གོམ་བགྲོད་གནང་རྒྱུ་ཡིན་འདུག
དཀྱིལ་ཤར་རྒྱལ་ཁབ་ཨེ་ཛི་རལ་ནང་གནས་བཞུགས་བོད་རིགས་གཞོན་སྐྱེས་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་འམ། སྨྱུག་མིང་ལ་མི་འགྱུར་གངས་ཕྲུག་ལགས་ཀྱིས་ཟླ་འགའི་གོང་ནས་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་སྔ་རྗེས་སུ་སྤེལ་ཏེ། བོད་ནང་གི་ཛ་དྲག་གནས་ཚུལ་རིམ་བསྟུད་དུ་ཐོས་ཡོང་སྐབས་ཉན་པ་རྣ་བའི་མི་བཟོད་ཅིང་། དྲན་པ་སེམས་སུ་མ་ཤོང་བའི་ན་ཟུག་འོག ཁོང་གིས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔའི་འོག་ད་ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་ཏེ། བཞུགས་སྒར་ངྷ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་གོམ་བགྲོད་གནང་རྒྱུའི་དམ་བཅའ་བཞག་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཁོང་ཨེ་ཛི་རལ་ནས་ནང་མི་བུ་ཕྲུག་སོགས་ལ་ཁ་གྱེས་ཏེ་བཞུགས་སྒར་ངྷ་རམ་ས་ལར་འབྱོར་འདུག
ཁ་སང་ཕྱི་ཚེས་ ༤ ཉིན་གསར་འགོད་པ་ཆེད་དུ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྡོད་གནས་སུ་བསྐྱོད་དེ། གོམ་བགྲོད་མགོ་འཛུགས་ཇི་ལྟར་གནང་འཆར་ཡོད་མེད་རྒྱུས་ལོན་བྱས་པར། ལས་འགུལ་དེ་བཞུགས་སྒར་ངྷ་རམ་ས་ནས་ནས་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཏེ། གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་སྟེང་དངོས་སུ་མགོ་འཛུགས་གནང་རྒྱུ་ཡིན་འདུག་ལ། ཁོང་དང་མཉམ་དུ་རང་ལོ་ ༥༤ ཡིན་པའི་ཁོང་གི་ཨ་མ་སྡོམ་པོ་སྐྱིད་ལགས་དང་། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དགུ་བར་སློབ་སྦྱོང་བྱེད་བཞིན་པའི་རང་ལོ་ ༡༨ ཡིན་པའི་ཁོང་གི་གཅུང་མོ་ལྷ་མོ་སྐྱིད་གཉིས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གོམ་བགྲོད་འདིའི་ཐད་ཆོད་སེམས་བརྟན་པོ་དང་སེམས་ཐག་གཙང་བཅད་གནང་སྟེ། ཉེ་ལམ་རྒྱ་གར་ནང་ཕེབས་ཁར་ཁྲིམས་ཐོག་ནས་ཁོ་རང་གི་ཆུང་མ་དང་ཁ་ཁ་བཟོས་ཡོད་པ་མ་ཟད། བུ་ཕྲུག་གཉིས་ཀྱང་ཁྲིམས་ཐོག་ནས་ཆུང་མར་རྩིས་སྤྲད་དེ་ས་རྟགས་བརྒྱབ་ཡོད་འདུག
ཚེ་བརྟན་རྡོ་རྗེ་ལགས་ཀྱི་འབོད་ཚིག་ ༥ ནི། གཅིག ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། གཉིས། ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། གསུམ། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས། བཞི། བོད་མིར་རང་ཡུལ་ནས་ཆོས་གོས་དང་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས། ལྔ། ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་དགོས་རྒྱུ་བཅས་ཡིན་འདུག
གསར་འགོད་པས་ཁོང་ལ་བོད་ནང་གོམ་བགྲོད་གནང་དགོས་པའི་རྒྱུ་མཚན་དྲིས་པའི་ལན་དུ་ཁོང་གིས “ ང་རང་བདེན་པ་དང་འཚེ་མེད་ཞི་བར་མཐའ་ཡོད་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན། འགྲོ་བ་ཀུན་ལ་ཕན་པའི་བོད་ཀྱི་ནང་པའི་རིག་གཞུང་འདི། ཅུང་མ་འགོར་བར་སྲིད་གཞུང་ངན་པ་ཞིག་གི་ལག་འོག་ཏུ་འཇིགས་ཉེན་ཡོད་སྟབས། བོད་ནང་གི་བོད་མི་ཚོས་སེམས་ཀྱིས་མ་བཟོད་པར་རང་ལུས་མེར་བསྲེགས་གཏོང་བཞིན་ཡོད་ལ། དེ་ནི་རང་གི་ཚེ་སྲོག་གཞན་དོན་དུ་ཕུལ་བ་ཞིག་ཀྱང་རེད། དེར་ང་རང་གིས་ཞི་བའི་མེ་ལྕེ་དང་སྙིང་རྗེའི་མེ་ལྕེ་ཟེར་གྱི་ཡོད། མ་འོངས་པར་མེ་ལྕེ་དེ་ཞེ་སྡང་གི་མེ་ལྕེ་རུ་མི་འགྱུར་བའི་ངེས་པ་མེད་ལ། གལ་སྲིད། ཞེ་སྡང་གི་མེ་ལྕེ་རུ་འགྱུར་བ་ཡིན་ན། བོད་རྒྱ་མི་རིགས་གཉིས་བར་ཁྲག་གི་འཁོར་ལོ་བསྐོར་རྒྱུའི་ཉེན་ཁ་ཡོད། གནད་དོན་དེ་དག་མི་འབྱུང་ཆེད་རང་ཉིད་ནས་མགོ་བརྩམས་ཏེ་ཞི་བའི་འཐབ་རྩོད་འདིའི་ནང་ཞུགས་པ་ཡིན་ ” ཞེས་བརྗོད་སོང་།
ལས་འགུལ་མཐའ་འཁྱོལ་གནང་རྒྱུར་དམ་བཅའ་གང་འདྲ་ཡོད་མེད་དྲིས་པར། “ འཐབ་རྩོད་ཟེར་ན་ཉི་མ་རེ་ཟུང་དང་དུས་ཚོད་ཁ་ཤས་ནང་བསྒྲུབ་ཐུབ་པ་ཞིག་མ་རེད། མི་ཚེ་ཧྲིལ་པོར་ལུས་པོ་འདི་བོད་མི་རིགས་ཆེད་འབུལ་རྒྱུ་ཡིན་སྙམ་པའི་དམ་བཅའ་ཞིག་དང་། ཁྱིམ་ཚང་གི་གནས་ཚུལ་ཙག་ཙིག་ཐོག་མགོ་འཁོར་ནས་སྡོད་རྒྱུ་མིན་པའི་དམ་བཅའ་ཞིག་དགོས་པ་རེད། སྔོན་མ་ཐེངས་མང་པོར་བོད་ནང་གོམ་བགྲོད་གནང་ཡོད་ཀྱང་། ས་མཚམས་ལའང་བསླེབས་ཐུབ་ཡོད་པ་མ་རེད། དེ་རིགས་ལ་མཚོན་ན་ལས་འགུལ་ཙམ་ལས་འཐབ་རྩོད་ཅིག་རེད་བསམ་གྱི་མེད། ངས་ཐེངས་འདིའི་ང་རང་གི་གོམ་བགྲོད་འདི་ལ་འཐབ་རྩོད་ཟེར་གྱི་ཡོད། གང་ཡིན་ཟེར་ན། གོམ་བགྲོད་སྐབས་རྒྱ་གར་ས་གནས་གང་ཞིག་ཏུ་འཛིན་བཟུང་བཙོན་འཇུག་བྱས་ཀྱང་། ནམ་ཞིག་ཕྱིར་ཀློད་ཡོང་གི་རེད། གང་ནས་ཀློད་ན་ས་དེ་རང་སླར་ཡང་གོམ་མགྲོད་མཇུག་སྐྱོང་བྱ་རྒྱུ་ཡིན། ངའི་འབོད་ཚིག་དེ་དག་ལ་བརྡ་ལན་ཞིག་མ་རག་པ་ཡིན་ན། ངའི་གོམ་བགྲོད་མཚམས་འཇོག་རྒྱུ་མིན། གོམ་བགྲོད་འདིའི་ཆེད་དུ། ད་ཐེངས་ཚུར་ཡོང་ཁར་སྐྱེས་དམན་དང་ཁྲིམས་ཐོག་ནས་ཁ་ཁ་བཟོས་ཟིན་ལ། བུ་ཕྲུག་གཉིས་ཀྱང་ཁྲིམས་ཐོག་ནས་ཆུང་མར་རྩིས་སྤྲད་དེ་ས་རྟགས་བརྒྱབ་ཡོད། ཤི་གསོན་གྱི་གནས་ཚུལ་གང་འདྲ་བྱུང་ཡང་སེམས་ཐོགས་ས་མེད་པ་བཟོས་ཡོད ” ཅེས་བརྗོད་སོང་།
གོམ་བགྲོད་དེའི་ནང་མི་གཞན་ཞུགས་ཆོག་གི་ཡོད་མེད་དང་། གལ་སྲིད་ཞུགས་པ་ཡིན་ན་ཆ་རྐྱེན་གང་དག་ཚང་དགོས་མིན་དྲིས་པར། “ ངས་ད་བར་ལས་འགུལ་འདིའི་ནང་མི་གཞན་པ་ཞུགས་དགོས་པའི་འབོད་སྐུལ་འདྲ་ཞུས་མེད། བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་སྟེ་ཞི་བདེ་རང་དབང་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་སྒྲོག་གི་ཡོད་དུས། ཕྱི་ལོགས་ནས་ཁོང་ཚོའི་འབོད་སྒྲ་དེའི་རྒྱབ་ཏུ་བཞེངས་མ་ཐུབ་ན་ངོ་ཚ་རེད་བསམ་མཁན་ཡོད་ན། གོམ་བགྲོད་འདིའི་ནང་ཞུགས་དགོས་པ་རེད་བསམ་གྱི་ཡོད། མགོ་བཀའ་བློན་ཁྲི་པ་ནས་མཇུག་ང་ལྟ་བུའི་ཟ་ཁང་ནང་ལས་ཀ་བྱེད་མཁན་ཚང་མ་མཉམ་ཞུགས་གནང་ཆོག་གི་རེད། ཆ་རྐྱེན་མང་པོ་ཚང་དགོས་པ་དེ་འདྲ་མ་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་བྱས་ཏེ་བསྐྱོད་དགོས་པ་རེད། གལ་ཆེ་ཤོས་བློས་གཏོང་དང་སེམས་ཐག་ཆོད་པོ་ཡོད་དགོས་པ་རེད། ང་རང་གིས་གོམ་བགྲོད་འདིར་ཐོག་མར་འཆར་གཞི་སྒྲིག་སྐབས་ཕ་མ་གཉིས་ལ་བཤད་པ་ཡིན། ཁོང་གཉིས་ཀྱིས་རྒྱབ་སྐྱོར་གནང་སོང་བ་མ་ཟད། ཨ་མ་ལགས་དང་སུ་ཇཱ་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་ངའི་གཅུང་མོ་གཉིས་ཀྱང་ང་དང་མཉམ་དུ་གོམ་བགྲོད་བྱ་རྒྱུའི་དམ་བཅའ་བཞག་སོང” ཞེས་བརྗོད་བྱུང་།
མཇུག་ཏུ་གསར་འགོད་པས་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པ་སྐྱིད་ལགས་སུ་དགོངས་ཚུལ་གང་འདྲ་ཡོད་མེད་བཅར་འདྲི་ཞུས་པའི་ལན་དུ་ཁོང་མོས། “ ངེད་ཚང་ཆ་རྐྱེན་འཛོམ་པོ་དང་ཤེས་ཡོན་ཆེན་པོ་ཡོད་མཁན་དེ་འདྲ་གང་ཡང་མིན། ཚེ་བརྟན་རྡོ་རྗེ་ཁོ་རང་གི་ཨ་ཕ་ལོ་ ༥༧ རེད། ལས་ཀ་ཡོད་པ་མ་རེད། ང་རང་གིས་ལས་ཁུངས་ཤིག་གི་མ་ཆེན་བྱེད་ཀྱི་ཡོད། དེ་དཀའ་ངལ་ཆེན་པོ་གང་ཡང་མ་རེད། བོད་ནང་ཉིན་ལྟར་རང་ལུས་མེར་བསྲེགས་གཏོང་བཞིན་པ་གོ་ཡོང་ན་སེམས་ནས་བཟོད་ཀྱི་མི་འདུག མཚམས་རེར་ངུས་བསྡད་པ་ཡིན། ང་རང་ཡིག་རྨོངས་ཡིན་ནའང་། ང་རང་གི་བུས་འགྲེལ་བཤད་བརྒྱབ་ཡོང་དུས། སོ་སོའི་ཚེ་སྲོག་འགྲོ་དགོས་ན་ཡང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུ་དང་། བོད་ནང་གི་བོད་མི་ཚོས་སྡུག་བསྔལ་མྱོང་མི་དགོས་པར་ཕན་ཞིག་ཐོགས་ཀྱི་ཡོད་ན། ང་ཚོ་ནང་མི་གསུམ་པོ་གོམ་བགྲོད་ནང་ཤི་སོང་རུང་འགྱོད་པ་གང་ཡང་མེད་ ” ཅེས་བརྗོད་སོང་།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི་ ༡༩༧༧ ལོར་བོད་མདོ་སྨད་བླ་བྲང་དུ་སྐྱེས་ཤིང་། ཁོང་གི་སྨྱུག་མིང་ལ་མི་འགྱུར་གངས་ཕྲུག་ཟེར། ༡༩༩༨ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་ནས་བོད་དབྱིན་གཉིས་ཐོག་སློབ་སྦྱོང་གནང་ཡོད། ༢༠༠༨ ལོ་ནས་ཨེ་ཛི་རལ་རྒྱལ་ཁབ་ཏུ་ཕྱིན་ཏེ། ད་ལྟ་ཁོང་ལ་ལོ་ ༣ ཅན་གྱི་བུ་མོ་ཞིག་དང་ཟླ་ ༦ ཅན་གྱི་བུ་ཞིག་བཅས་ཡོད་འདུག
ཁོང་གིས་ད་བར་བོད་ཡིག་ཐོག་དེབ་ ༤ བརྩམས་ཡོད་ཅིང་། དེ་དག་ནི། ༼ བརྩེ་དུང་གི་ཨ་ལོང་ནས་ཤོར་བའི་སེམས་འཕྲིན་དམར་པོ ༽ དང་། ༼ བརྩེ་དུང་། མི་རྐྱང་རི་ལ་ཆས་པའི་གཏམ་རྒྱུད ༽ ༼ རྣམ་ཤེས་ཀྱི་བརྩེ་དུང ༽ ༼ གྲྭ་པ་མི་བྱེད། སྦྱིན་བདག་མི་དགོས ༽ བཅས་ཡིན་འདུག
ན་གཞོན་རྩོམ་པ་པོ་མི་འགྱུར་གངས་ཕྲུག་ལགས་ཀྱིས་ནམ་རྒྱུན་སྨྱུག་མིང་འདྲ་མིན་འོག བོད་ཕྱི་ནང་གི་དྲ་ཚིགས་ཁག་ཏུ་བོད་དོན་དང་འབྲེལ་བའི་བསམ་ཚུལ་དང་རྩོམ་ཡིག་འདྲ་མིན་སྤེལ་ཡོད་འདུག་ལ། ཉེ་ལམ་ཁོང་གིས་བོད་ནང་གོམ་བགྲོད་གནང་རྒྱུའི་སེམས་ཐག་བཅད་རྗེས། དྲ་ཚིགས་ཁག་ཏུ་གསལ་བསྒྲགས་སྤེལ་ཏེ། དེ་སྔོན་བརྒྱུད་ལམ་ཁག་ཏུ། བོད། ཤ་ཁྲག་རུས་གསུམ་ཟེར་བ་དང་། བོད་ལྷ་ཀླུ་གཉན་གསུམ་ཟེར་སོགས་ཀྱི་མིང་ཐོག་ནས་རྩོམ་ཡིག་འདྲ་མིན་སྤེལ་བ་ཡང་ཁོ་རང་ཡིན་པ་གསལ་བཤད་གནང་ཡོད།
གསར་འགོད་པ། དཔལ་ལྡན།
རླབས་ཆེན་གྱི་ནང་མི། རླབས་ཆེན་གྱི་ལས་འགུལ། རླབས་ཆེན་གྱི་བློས་གཏོང་།
དཔའ་བོ་ཁྱེད་ཀྱི་སྙིང་སྟོབས་ལ་ཡིད་སྨོན་དང་རྗེས་སུ་ཡིད་རིང་ཞུ། ཁྱེད་གཅིག་བུ་མ་ཡིན་པར་ཆུང་མ་དང་བུ་ཕྲུག་ཁྱེད་གསུམ་ལ་བཀའ་དྲིན་བླ་མེད་ཞུ་ཉིད་ཀྱི་ཆོད་སེམས་དེ་རྒྱལ་ཁའི་ངང་འགྲུབ་པར་ཤོག བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ་ལགས། བོད་རྒྱལ་ལོ།
གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་སྡོམ་པོ་སྐྱིད་། ད་དུང་གཅུང་མོ་ལྷ་མོ་སྐྱིད་བཅས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ད་སང་ཁྱེད་སྐྱེམ་མས་ཁ་བཏག་གཡོག་ཏུ་ཡོང་ངས་ཡིན་ལགས། ངས་ཁྱེད་ལ་སེམས་གཏང་ནས་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི་ཁྱེད་ཀྱི་གཅུང་མོ་ལགས་ཀྱིས་བོད་མི་རིགས་ཀྱི་ཆེད་སེམས་ཐགས་བཅད་པ་ལ་རྗེས་སུ་ཡི་རང་ཡོད། ཡིན་ནའང་གཅུང་མོ་ལགས་ད་དུང་ལོ་ན་ཧ་ཅང་ཆུང་བ་མ་ཚད་ཁོང་གི་སློབ་སྦྱོང་བྱེད་བཞིན་ཡོད་པས་ཁོང་གི་གོ་སྐབས་རྩ་ཆེན་འདི་ཆད་སོང་ན་དེ་ནི་ངོ་མ་ཁྱེད་ཁྱིམ་ཚང་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ཀྱོང་ཚབ་ཆེན་ཞིག་ཏུ་ངོས་འཛིན་ཆོག། དེས་ཕྱིར་ཁོང་གི་སློབ་སྦྱོང་མི་མཐུད་དུ་བྱེད་རྒྱུ་བྱས་ན་ངོ་མ་རང་མི་རིགས་ཀྱི་གཉན་འཕྲང་ཆེ་བའི་སྐབས་འདིར་ཕན་ཐོག་པ་དེ་རེད། དེས་ན་ཐུགས་རྗེ་གཟིགས་གནས་སྐབས་རིང་མོ་ཕྱིར་འཐེན་ཡོང་བས་རེ་བ་སྙིང་ཁུངས་ནས་ཞུ་བཞིན་ཡོད།
དགོངས་དག་ཞུ་ངས་ནོར་སོང་བ་འདྲ་ངས་ཁ་བྱང་མ་གཏོགས་ཚིག་གཞུང་མ་བཀླགས་པས་ནོར་འཁྲུལ་བྱུང་སོང་དགོངས་དག་ཞུ།
ཁྱེད་དང་ཨ་མ་སྡོམ་པོ་སྐྱིད་གཅུང་མོ་ལྷ་མོ་སྐྱིད་བཅས་ལ་སྙིང་ནས་རྗེས་སུ་ཡིད་རིང་ཞུ། འདི་ལྟར་བློས་བཏང་གནང་པས་བོད་མི་རིགས་ཀྱི་བདེན་མཐའ་མྱུར་དུ་གསལ་པའི་རྒྱུ་རུ་འགྱུར་བར་ཤོག བོད་རྒྱལ་ལོ།
ཐུགས་རྗེ་ཆེ། ང་ཚོ་བོད་མི་ཚང་མས་རང་སོ་སོས་གང་འཇོན་པ་རེ་བྱེད་དགོས་ངེས་རེད།
ཚེ་བརྟན་རྡོ་རྗེ་ཁྱེད་ཀྱིས་ཕྱི་ཡུལ་ནས་བློས་བཏང་ཆེན་པོ་དེས་ཕྱི་གླིང་གི་བོད་པ་ཚོ་སྡོད་བཟོད་མི་ཐུབ་པ་དང་ཁ་སྐྱེངས་སུ་བཅུག ངོ་མ་བོད་པ་ཚང་གི་མིག་དཔེ་འོས་བའི་ནང་མི་ལར་ཞེན་ཅན་རེད།
བཞེད་དོན་གེགས་མེད་མྱུར་དུ་འགྲུབ་པའི་སྨོན་འདུན་གྲངས་མེད་ཡོད།
ཚེ་བརྟན་ནང་མི་ལྷན་རྒྱས་ལ་གུས་པའི་ཁ་ཙམ་མིན་པར་སོར་བཅུ་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ། ཁྱེད་ཀྱིས་བོད་མི་རིགས་ཀྱི་རྩ་དོན་ལ་བློ་གཏོང་དེ་འདྲ་ལ་སེམས་གཏིང་ནས་ཡིད་རང་ངོ་།
ཁྱེད་ཨ་མ་དང་མྱིང་སྲིང་གསུམ་གྱི་འདོད་དོན་ཐམ་བཅད་ལྷུན་གྱིས་འགྲུབ་པར་ཤོག ཕྱོགས་གཞན་ཞིག་ནས་བཤད་ན། ཁྱེད་ལ་ཞེན་ཅན་གྱི་ནང་མི་གསུམ་ནས། ད་སྐབས་བོད་ནང་དཔའ་ཕོ་མོ་ཚོའི་རླབས་ཆའི་བློས་གཏང་གི་ཤུལ་དུ། ངེད་ཕྱི་གླིང་དུ་གྱལ་བའི་གཞུང་དམངས་གཉིས་ཀྱི་ངོས་ནས། ཛ་དྲག་གནས་སྟངས་སྐབས་དཔའ་ཕོ་མོ་ཚོའི་རེ་འདོད་ལྟར་མ་འཇོན་པའི་ཚོད་འདིར། ལ་ཞེན་སྙིང་སྟོབས་ཆེན་བའི་ཁྱེད་ནང་མི་གསུམ་གྱིས་ང་ཚོའི་ཚབ་དུ། རྒྱ་ཆེའི་གཞིས་བཞུགས་བོད་མི་ཚོའི་རེ་འདོད་ལྟར་ཁོང་ཅག་ལ་ཡང་། དགའ་བ་ཞིག་དང་རེ་བ་ཞིག་སྟེར་ངེས་པས། གང་ཡང་མི་འཇོན་མཁན་ངས་ཁྱེ་རྣམ་པར་སེམས་གཏིང་ནས་བཀའ་དྲིན་བླ་མེད་ཆེ་ཞུ།
ང་ཚོ་བོད་པ་ཚང་ལ་ལ་ཞེན་ཅན་གྱི་ཁྱེད་མ་བུ་གསུམ་ཡོད་པར་ཧ་ཅང་དགའ་སྤོབས་ཆེ། ཁྱེད་གསུམ་ལ་དཀོན་གསུམ་གྱིས་ཀྱང་གཟིགས་ངེས་རེད། བོད་རྒྱལ་ལོ། རྡ་སར་མཇལ་དུ་ཡོང་གཏན་འཁེལ་བས་རྗེས་སུ་མཇལ་ཡོང། བོད་རྒྱལོ།
ཁྱེད་མ་བུ་གཅུང་མོ་གསུམ་གྱི་རླབས་ཆེ་བའི་ལས་འགུལ་ལ་སྙིང་ནས་ཡི་རངས་དང་འཕྲལ་ཕུགས་ཀྱི་བསམ་དོན་ལྷུན་གྱིས་གྲུབ་པའི་སྨོན་པ་བློ་རྩེ་གཅིག་གིས་ཞུས།
ང་ཚོའི་མི་རིགས་འདི་ལ་འདི་འདྲའི་སྙིང་སྟོབས་ཅན་གྱི་མི་ཚོང་བརྒྱ་ཡོད་ན་རིང་པོ་མི་ཐོག་པ་ང་ཚོ་ཕ་ཡུལ་དང་ཕ་སའི་སྟེང་དུ་ཕྱིར་ལོག་ཐུབ། དེས་ན་ངས་སྙིང་ཐག་པ་ནས་ཁྱེད་རང་ནང་མི་སྤུན་མཆེད་ཚོ་ལ་གུས་འདུད་ཞུ་བ་དང་བཅས་ཁྱེད་རྣམས་ཀྱི་བསམ་བློ་དང་ཕུག་མདུན་ནི་ང་ཚོ་ཚང་མའི་རེ་བ་དང་སྨོན་མདུན་ཡིན་པས་རེ་བ་དེ་རེ་སྟོང་མི་ཡོང་བའི་ཡིད་ཆེད་དང་སྨོན་ལམ་ཡོད།
ཐུགས་རྗེ་ཆེ།།
དཔའ་བོ་ཚེ་བརྟན་རྡོ་རྗེ་ལགས། ང་ནི་ཁྱེད་ཀྱི་ཆ་རྐྱེན་ལྔ་པོ་དེ་རྒྱ་ཡིག་ཐོག་ཏུ་སྒྱུར་མཁན་དེ་ཡིན། ངས་ཁྱེད་དང་ཁྱེད་ཀྱི་ཨ་མ་ལགས་དང་། སྲིང་མོ་བཅས་ལ་བསྟོད་བསྔགས་དང་། ལམ་དུ་བར་དུ་བར་ཆད་མེད་པའི་སྨོན་ལམ་དང་། གྲུབ་འབྲས་བཟང་པོ་ཡོང་བའི་རེ་བ་དང་སྨོན་འདུན་ཡོད།
༡) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་ཕེབས་འཇུག་དགོས།
1.不要求任何條件之下,讓達賴喇嘛返回西藏.
༢) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཆུང་སྤྲུལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ གཙོས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་བཙོན་ལས་གློད་དགོས།
2.不要求任何條件之下,釋放班禪根頓卻吉尼瑪及其相關的全部政治犯.
༣) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་མི་ཚོ་རང་གི་སྐད་དང་ཡི་གེ་སྤྱོང་བའི་བདག་དབང་སྤྲོད་དགོས།
3.不要求任何條件之下,讓西藏人民有學習西藏語文的權利.
༤) བོད་མི་རྣམས་རང་ཡུལ་ནས་རང་གི་ཆོས་གོས་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས།
4.讓西藏人在自己的土地上可以有宗教,服飾與文化上的自由.
༥) ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱེད་དགོས།
5.召回日前以激烈手段迫害藏民的所有士兵.
བོད་པའི་སྙིང་ཡོད་མཁན་ཚོ་ང་ཡི་རྒྱབ་དུ་ལོངས་ཤོག འགྲོ་བ་མིའི་སེམས་ཡོད་མཁན་དག་གིས་ང་ལ་རྒྱབ་སྐྱོར་བྱེད་རོགས།
有心的西藏人,請跟著我; 有心的人,請支持我!!!
ཁོང་ལྟ་བུའི་སྙིང་སྟོབས་ཅན་སྟོང་གཅིག་ཡོད་ན་ཅི་མ་རུང་། བོད་པ་ཚང་གི་ལྷ་ཀླུ་ཞི་བདག་ཚང་མས་ད་ཐེངས་ཁོང་མ་བུ་སྤུན་གསུམ་ལ་སྲུང་སྐྱོབ་དང་། དགོངས་དོན་ལྷུན་གྱིས་འགྲུབ་པར་ཤོག
xxxxxxxxx
xxxxxxxxx
xxxxxxxxx
གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་སྲིང་མོ་གསུམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། དཀོན་མཆོག་གསུམ་དང་བོད་ཡུལ་ལྷ་སྲུང་རྣམས་ཀྱི་སྐྱོབ་མཛོད། བཀའ་ཁྲིའི་གསུངས་པ་བཞིན་སྐབས་དང་དུས་ལ་སླེབས་སོང་།
xxxxxxx
xxxxxxxxxx
རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་མཇལ་བའི་ཚོར་བ་དངོས་མྱོང་བྱུང་། བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་ལམ་འདུན་ཞུ།
སྤྱིར་བསམ་ཚུལ་ཟེར་བ་འདི་མི་སོ་སོའི་སེམས་ཁམས་དང་ལྟ་བའི་གཤིས་ཀའི་གྲུབ་སྟངས་ནས་ཡོང་གིས་ཡོད་ཙང་། དེ་རེད་དང་འདི་མ་རེད་ཅེས་ཞུ་ཚོད་ཐུབ་པ་ཞིག་མིན་ན་ཡང་སྐུ་ཉིད་མ་བུ་ལྷན་རྒྱས་ཀྱིས་་ཐུགས་ཐག་ཆོད་པོ་དེ་འདྲ་ཞིག་གནང་བར་སེམས་གཏིང་ནས་གུས་ཞབས་དང་ཐུགས་རེ་ཇི་བཞིན་འགྲུབ་པས་ཡིད་སྨོན་ཞུ་བཞིན་ཡོད།
རྩོམ་པ་པོ་ཚད་ལྡན་ཟེར་ན་དེ་འདྲའི་བློ་ངར་དང་ཁོག་རྒྱ་ཡངས་བ། སེམས་ཐག་ཆོད་པོ་ཞིག་ལོས་ཡིན། ཁོང་མ་བུ་གསུམ་གས་དཀའ་བ་ཕྲག་ཏུ་བླངས་ནས་ཡིད་འོང་ལྟ་ན་སྡུག་པའི་ལས་འགུལ་ཞིག་གི་མགོ་བརྩམས་སོང་། འདི་ལྟ་བུའི་ལས་འགུལ་ནི་བཙན་བྱོལ་ནང་ཐེངས་དང་པོ་རེད། མི་མང་པོ་ཞིག་ལ་སེམས་འགུལ་ཐེབས་པ་དང་མིག་མཐའ་ནས་མཆུ་མའི་རླབས་ཕྲེང་འཁོར་བཞིན་ཁྱེད་མ་བུ་གསུམ་ལ་བར་ཆད་མི་ཡོང་བའི་སྨོན་འདུན་ཞུ།
དྲ་གྲོགས་བོད་ལྷ་ཀླུ་གཉན་གསུམ་ལགས། ལས་འགུལ་ལ་དགའ་བསུ་ཡོད་ལགས། དགེའོ། དགེ་བར་འགྱུར་ཅིག །
གླིང་ཚེ་རྡོར་ཁོང་གི་རང་དབང་གོམ་བགྲོད་ལ་གྲུབ་་འབྲས་ག་འདྲ་ཞིག་ཐོན་མིན་བཤད་དཀའ་ཡང་བོད་མི་ཞིག་ཡིན་པའི་ངོས་ནས་འགན་འདི་ལྟར་བླངས་པ་བསྔགས་བརྗོད་དང་འབྲེལ་ལས་འགུལ་འདིར་རྒྱབ་སྐྱོར་ལ་རང་གི་ཨ་མ་དང་ནུ་མོ་གཉིས་ཀྱང་མཉམ་ཞུགས་བྱ་ཀི་ཡོད་པའི་གསར་འཕྲིན་ཀློག་དུས་སེམས་པ་ཀྱོང་ངོ་འདི་ཡང་རེ་ཞིག་ཚ་ལམ་ལམ་བྱས་སོང་ལ་འདི་ལྟ་བུའི་བཟའ་ཚང་འགའ་རེ་ཡོད་ནའང་སྙམ་བྱུང་།
བོད་། ལྷ་གླུ་གཉན་གསུམ་ལགས། ཨ་མ་སྡོམ་པོ་སྐྱིད་། སྲིང་མོ་ལྷ་མོ། ལགས་ཁྱོད་མ་བུ་གསུམ་་གྱི་རླབས་ཆེན་གྱི་བློས་བཏང་དེ་ལ་སྙིང་ཁུང་རིས་གཏིང་ནས་གུས་འདུད་ཞུ་།
དེད་དཔོན་པོ་གླང་ཚང་བ་ལགས་། ཉེ་བར་ཆར་དྲ་ལམ་ཁག་དུ་བཀོད་པའི་སྐུ་ཉིད་ཀྱི་རྩོམ་ཡིག་དེ་དག་ཀློག་ན་ཀློག་མི་ཐུབ་ལ་། མ་ཀློག་པར་འཇོག་མི་ཐུབ་པ་སོགས་ཀྱི་ཚོརབ་་གཟེར་ཅན་ཞིག་གི་ཕོ་རྡུགས་ངའི་ཁྱི་སེམས་ཡང་དྲོད་མཁོར་ཞིང་། དབུ་འཚང་། ཁ་ཤ་འདར་། མིག་ཆུ་འཐོར་། མིད་པ་འགག། ་་་་་གཡུག་ཤོག། དེ་རིང་འདི་རང་ཉིད་ཀྱི་མ་འཇོན་པས་སྡུག་སྐད་མི་རྒྱག་།
སྐུ་ཉིད་ཀྱི་ལས་དེ་ལམ་འགྲོ་ཡོང་བར་བཀྲ་ཤེས་བདེ་ལེགས་དང་། མཆོག་གསུམ་དང་དཀར་ཕྱོགས་སྐྱོང་བའི་ལྷ་ཆོས་སྐྱོང་སྲུང་མས་གདོང་གྲོགས་དང་མགོན་སྐྱབས་གནང་རོགས་ཞེས་ཨ་རི་ནས་།
དོན་འགྲུབས་ཚེ་རིང་གི་
ཁྱོད་ཚོས་སྙིང་སྟོབས་ལ་རྗེས་སུ་ཡི་རང་མི་བྱེད་མཁན་ཞིག་ག་ལ་ཡོད ཁྱོད་ཀྱི་གཅུང་མོ་ལོ་ན་བཅོ་བརྒྱད་ལ་མ་གཏོགས་སོན་མེད་པའི་འདིའི་མདུན་ལམ་ལ་ཡང་བསྐྱར་བསམ་བློ་ཅིག་བཏང་ན་དགེ་མཚན་ཆེ མོ་མཉམ་དུ་འཁྲིད་ན་ལམ་ཁ་ནས་ཕན་ལས་གནོད་ཆེ ལམ་བར་གྱི་ཡུལ་མི་ཚོ་ག་འདྲ་ཞིག་ཡིན་པ་ཁྱོད་ཀྱི་ཧ་གོ་ངེས་རེད།
བཙན་བྱོལ་ནང་ཁྱེད་ཚོ་ལྟ་བུ་བོད་མི་ཡོངས་ལ་སེམས་ཤུགས་དང་བློས་གཏོང་ཡོད་ཚེ་ང་ཚོའི་རྩ་དོན་བསྒྲུབ་དཀའ་བ་མིན། ཐུགས་རྗེ་ཤིན་ཏུ་ནས་ཆེ།།
གོང་གི་དཀོན་མིང་གི་བསམ་འཆར་ལྟར་ ༧གོང་ས་མཆོག་རང་ཉིད་ནས་
བོད་ལ་འཕེབས་རྒྱུའི་དགོས་མདུན་གྱི་བསྙན་ཞུ་ཞིག་འཛམ་གླིང་རྒྱལ་སྤྱི་མདུན་བཅོག་གང་
བཞག་ན་ནུས་པའམ་ཡང་ན་མངས་ཚོགས་ནས་དོ་སྣང་ཆེར་མི་ཡོང་ངམ་བསམ་མོ།
སྐབས་འདིར་ངས་ང་དང་ང་ལྟ་བུར་མཚོན་པའི་གང་ཡང་མི་འཇོན་ལ་གང་ཡང་མེད་པའི་མི་བུ་ཚོའི་ཚབ་བྱེད་དེ། རྒྱལ་ཞེན་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཁྱེད་ནང་མི་བཟའ་ཚང་བུ་ཕྲུག་དང་བཅས་པ་ལ། བྱ་བ་ལམ་ལྷོང་དང་ཁྱེད་ཅག་གི་སྙིང་སྟོབས་ལ་མངོན་པར་བསྟོད་དོ།
གུས་པའི་རྩོམ་པ་པོ་གླང་ཚ་ཚེ་བརྟན་རྡོ་རྗེ་ལགས།
ཁྱེད་མ་བུ་གསུམ་གྱི་གོམ་འགྲོད་ལས་འགུལ་ལ་གུས་བརྩི་དང་བཅས་ཞུ་རྒྱུར། ཁྱེད་རང་གིས་ཡོད་ཚད་བློས་བཏང་ནས་རང་དབང་གི་རྒྱལ་ཁབ་ཅིག་ནས་མ་བསྡད་པར་ཕྱིར་ལོག་པས་ལྷག་བསམ་དང་སྙིང་སྟོབས་ལ་བརྩི་བཀུར་ཡོད། ཡིན་ནའང་ཁྱེད་ཀྱི་ཨ་མ་དང་སྲིང་མོ་གཉིས་མ་འཁྲིད་རོགས། སྲིང་མོར་མུ་མཐུད་དུ་སློབ་སྦྱོང་བྱེད་དུ་ཆུག རྗེས་ནས་ཏན་ཏན་བོད་མི་རིགས་ལ་ཕན་ཐོགས་ངེས། ཨ་མར་དཀའ་ལས་མ་སྤྲོད།སྐུ་མཁྱེན།
གླིང་ཚ་ཚེ་རྡོ་ལགས། རང་ཉིད་བོད་མི་ཞིག་ཡིན་པའི་འདུ་ཤེས་ཟབ་མོ་བཅངས་ཏེ་རང་ཉིད་ནས་འགོ་བརྩམས་པའི་བྱ་འགུལ་དེ་ལ་ཧ་ཅང་གི་རྗེས་སུ་ཡི་རངས་དང་། ཁྱོད་ཀྱི་བྱ་འགུལ་དེའང་གོ་རིམ་ལྡན་པ་དང་འཆར་གཞི་ཡོད་པ་ཞིག་བྱེད་རྒྱུར་ཡིད་ཆེས་ཀྱང་ཡོད་ལ། དེ་བཞིན་དུའང་མཛོད་་ཅིག རང་ཉིད་ཀྱི་ལས་ཞིག་དེ་འདྲ་ཞིག་འགོ་འཛུགས་གནང་བ་ནི་བར་དོ་བ་དག་ལ་མིག་དཔེ་ཞིག་བསྟན་པ་ཡིན་པས་ཧ་ཅང་གི་དོན་སྙིང་ལྡན་ཀི བཀའ་ཁྲིས་ཀྱང་ཉེ་སྔོན་ནེའུ་ཡོག་ཏུ་གསུང་མྱོང་སྟེ། ད་ལྟའི་སྐབས་འདིར་གཞུང་སྒེར་གང་ཞིག་ཡིན་ཡང་ལས་འགུལ་སྤེལ་བའི་དུས་ལ་བབས་སོང་ཟེར། ངོ་མ་དེ་འདྲ་ཞིག་ཏུ་མཐོང་སོང་། དེས་ན་ཁྱོད་ཀྱི་ལས་གཞི་དེའང་གཞི་རིམ་མང་ཚོགས་ནས་འགོ་འཛུགས་གནང་བའི་མིག་དཔེ་དང་པོ་ཡིན་པས་རིན་ཐང་ཆེས་ཆེར་ལྡན། ། མཐར་ཁྱོད་ཅག་གི་དམིགས་བྱ་ཇི་བཞིན་འགྲུབ་པའི་སྨོན་འདུན་དང་ལྷ་བླ་མར་སྐྱབས་འཇུག་ཞུ་ཆོག
ཁྱོད་ཀྱི་བྱེད་སྟངས་འདི་བསམ་ན། ཁྱེད་ཀྱི་ཆོད་སེམས་དང་བློས་གཏོང་ལ་། གསེར་གྱི་རིན་ཐང་དང་སྨྱུག་ཁ་ན་བོད་ཀྱི་གནད་དོན་གླེང་མཁན་གུས་བ་ལྟ་བུའི་རིགས་ལ་སྐྱག་པའི་རིན་ཐང་མ་གཏོགས་གཞན་ཅང་མི་འདུག་བསམ་པའི་ཚོར་བ་དེ་ཡོང་གི་འདུག
རྒྱལ་གཅེས་དཔའ་བོ་ཚེ་རྡོར་ལགས་གོང་གི་མཆན་འབྲི་མཁན་རྣམས་ཀྱི་རེ་བ་ལྟར། ཁྱོེད་ཀྱི་ཚང་མ་བློས་བཏང་བ་ཙམ་གྱིས་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད། ཡིན་ཡང་ཁྱེད་ཀྱི་མ་ཡུམ་དང་སྲིང་ཆུང་མ་མ་ཁྲིད་ན་ལེགས་སྙམ། གལ་ཏེ་ཕར་འབྱོར་བའི་དབང་དུ་བཏང་ཡང། ལམ་ཁར་མ་བུ་ཁ་ཐོར་དུ་གཏོང་བ་སོགས་དཀའ་ངལ་འཕྲད་ན་དཀའ་ནི་རེད་ཡ།
རྒྱལ་གཅེས་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། ངས་ཁྱེད་མ་བུ་གསུམ་གྱི་བློས་བཏང་ལ་གུས་འདུད་དང་སེམས་ཁོང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཁྱེད་མ་བུ་གསུམ་གྱིས་བཏོན་པའི་དོན་ཚན་ལྔ་པོ་བསམ་བཞིན་དུ་འགྲུབ་པའི་སྨོན་ལམ་ཡོད། བོད་རྒྱལ་ལོ།།
དཔའ་བོ་ཚེ་བརྟན་རྡོ་རྗེ་ལགས་དགོངས་དག ངའི་མིག་ལིང་ཐོག་གིས་བསྒྲིབ་ནས་རྡ་ས་ནས་ལྡི་ལི་བར་ཟེར་བ་འདྲ་བོ་ཞིག་མཐོང་ནས།བསམ་ཚུལ་ཁྱི་འདྲ་བོ་དེ་བྲིས་པ་རེད།ང་རྩ་བ་ནས་ནོར་འདུག ཁ་བརྡ་ཚང་གིས་བསུབ་འདུག་པ་ཐུགས་རྗེ་ཆེ ། དགོངས་དག དགོངས་དག དགོངས་དག སྙིང་ཐག་པ་ནས་དགོངས་དག་ཞུ།
རང་ལྕེ་རང་གིས་གཅོད་པའི་འགྱོད་པ་དང་བཅས །
བཀུར་ཞིག་བསྔགས་པར་འོས་པའི་དྲ་གྲགས་བཟང་པོ་བོད། ལྷ་གླུ་གཉན་གསུམ་མམ་ཤ་ཁྲག་རུས་གསུམ་ལགསདང་། ཨ་མ་སྡོམ་པོ་སྐྱིད་། སྲིང་མོ་ལྷ་མོ་གསུམ་གྱིས་བློས་གཏོང་ཆེན་པོས་བོད་མི་རིགས་དང་རྒྱལ་ཁབ་ཆེད་དུ་འདི་ལྟ་བུའི་ལས་འགུལ་གཞི་རྒྱ་ཆེ་ཞིང་དམིགས་ཡུལ་ངེས་ཅན་ལྡན་པ་ཞིག་གི་དབུ་ཁྲིད་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་དང་། སེམས་གཏིང་ནས་བསྟོད་བསྔགས་འབུལ་ཞིང་། ཁྱོད་ཚོའི་དགོངས་དོན་བཞིན་རྒྱ་གཞུང་གིས་ཁས་ལེན་དང་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱལ་ཁ་འཐོབ་པའི་རེ་སྨོན་མཉམ་དུ་ཞུ།
མཐར་སྐུ་གཟུགས་ལ་གཅེས་སྐྱོང་དང་ལམ་བར་དག་ཏུ་གསར་འགོད་པ་དང་མི་སྒེར་བ་མང་པོས་དྲི་བ་འདྲ་མིན་སྣ་ཚོགས་འབྱུང་ངེས་ལ་ཟབ་རླིང་བབ་གསུམ་གྱི་ལན་འདེབས་ཀྱང་སེམས་ནས་གྲ་སྒྲིག་བྱེད་དགོས་ངེས་སོགས་ཐུགས་ལ་འཇགས་རོགས་ཞུ།
མཇལ་ཡོང་།
དེང་དུས་བོད་མི་རིགས་འདི་འཚོ་ཐབས་བརྩོན་པའི་དུས་ལས། འཆི་ཐབས་འབད་པའི་དུས་མིན་པས་མཁྱེན་པར་མཛོད་ཅིག་གུ། །
ཁ་བཤད་དང་ལག་ལེན་གཉིས་ཀ་མཐུན་པའི་མི་བུ་འདི་རིགས་མཐོང་ན་ངོ་མས་ཡིད་སྨོན་འཆོར་ནི་ཞིག་རེད།
དངོས་སུ་ལས་འགུལ་དེར་ཞུགས་པའི་སྐལ་བ་མ་ལྡན་ནའང་ཁྱེད་མ་བུ་དག་གི་རླབས་ཆེན་གྱི་བྱ་གཞག་ལམ་ལྷོང་ཡོང་བའི་སྨོན་ལམ་གྲངས་མེད་འདེབས།
བཀུར་འོས་བའི་ཆོལ་གསུམ་སྤུན་ཟླ་རྣམས་པ་ལགས ། ཟླ་༣ཚེས༡༠ཉིན་ལ་བོད་མི་རིགས་དང་རིག་གཞུང་སོགས་ཀྱིས་ཆེད་དུ་མ་བུ་གསུམ་གྱི་རང་གི་ཁྱིམ་གཞི་དང་ཚེ་སྲོག་གི་རིན་ཐང་སོགས་བོད་མི་རིགས་ཀྱི་ཆེད་དུ་ཕུལ་བཞིན་ཡོད་པ་ཀུན་གྱིས་ཤེས་ནི་རེད ། དེའི་རྐྱེན་གྱིས་ཉིན་མོ་དེ་ཆོལ་གསུམ་སྤུན་ཟླ་མང་བོ་ཞིག་ཁོ་མ་བུ་གསུམ་དང་མཉམ་ཞུགས་བྱེད་མི་ཐུབ་རུང་ཉིན་དེར་ཁོ་མ་བུ་གསུམ་པོས་བྱ་བ་ཐམས་ཅན་འགྲུབ་ཆེད་ཚང་མ་ཡོང་ནས་ཁ་བཏགས་དཀར་བོ་རེ་ཡིས་བསྐྱལ་མ་བྱེད་རྒྱུ་ནི་ངས་རེ་བ་ཉག་ཅིག་ཡིན།
ཁ་བརྡ་ཚང་གིས་གོང་དུ་མཆན་མང་པོ་ཞིག་ལ་སྐོར་རྟགས་བརྒྱབ་ནས་མེད་པ་བཟོས་འདུག དེ་ཡིན་ན་བོད་རིགས་ཆིག་སྒྲིལ་གྱི་དུས་ཚིགས་འདིར་ཁ་ཤས་ཀྱིས་ཆེད་དུ་དམིགས་ནས་གཏོར་གཤིག་གཏོང་བཞིན་ཡོད་པས། ངས་ཁ་བརྡ་ཚང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། xxxxxxxx
ལྷག་བསམ་སྙིང་སྟོབས་ཀྱིས་རབ་ཏུ་ཕྱུག་པའི་ཚེ་བརྟན་རྡོ་རྗེ་མ་བུ་ལྷན་རྒྱས་ཀྱིས་བོད་
མིའི་གྱེན་ལངས་ཐེངས་ང་བཞི་པའི་སུམ་ཅུའི་དུས་དྲན་ཉིན་། བོད་ཀྱི་སྣོད་གཅུད་ཡོངས་རྫོགས་དང་། ལྷག་པར་གཞི་ལུས་བོད་མིའི་སྙིང་སྟོབས་དང་བློས་གཏོང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། བཙན་བྱོལ་བོད་མིའི་སྟི་གནས་བཞུགས་སྒར་རྡ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་གྱི་ཞི་བའི་གོམ་བགྲོད་ལ་བླ་ན་མེད་པའི་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་།
སྨྲས་པ།
ཚེེ་ཡི་འདུ་བྱེད་བཏང་བའི་དཔའ་རྒོད་ལ།།
བརྟན་ཅིང་འགྱུར་བ་མེད་པའི་དམ་བཅའ་ཡིས།།
རྡོ་ལ་རི་མོ་བྲིས་འདྲའི་ཞབས་རྗེས་ཞིག །
རྗེ་་འབངས་ས་ཡ་དྲུག་གི་སེམས་སུ་བཞགས།།
སྐྱེས་ཕོ་རབ་ཅིག་བྱེད་སྟངས་དེ། དགྲ་ཕར་རྒྱག་གི་སྔོན་མ་ནོམ་ཚུར་ལེན་གྱི་རྟིང་མ་ཟེར་སྲོལ་ཡོད་པ་བཞིན། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། ཕར་འགྲོ་སྟོང་གི་མགོ་མ་བྱེད་ནས་ཕེབས་པ་འདི། ཤི་བ་རླབ་ཆེ་ཞིང་གསོན་པ་གཟི་བརྗིད་ཆེ་བ་ཟེར་བ་དེ་རེད། དེ་དང་ལྷན་རྒྱལ་གཅེས་མ་སྡོམ་མོ་སྐྱིད་དང་ལྷ་མོ་སྐྱིད་རྣམ་གཉིས་ཀྱང་། དགོས་འདུན་དོན་ཚན་ལྔ་པོ་ཕྱག་ལ་བསྣམས་ནས་ཅི་དང་གང་ལའང་ཕྱི་བཤོལ་མེད་པར་ཕེབས་གནང་ཡོད་པ་འདི་ནི། ང་དང་ང་འདྲ་བའི་དྲ་འབུ་སྨྱུག་ཁ་ནས་བོད་དོན་ཆུ་བཞིན་བཞུར་བ་དག་གི་ལག་ལེན་ལ་ལྟ་ཅི་བསམ་ཙམ་མི་ནུས་པའི་དོན་དག་ཡིན་པས་ངོ་མ་ངོ་གནོང་དགོས་པ་རང་རེད། དཔའ་མཛངས་རྟུལ་ཕོད་ལྡན་པའི་ཁྱེད་མ་བུ་གསུམ་གྱི་ལས་དང་བྱ་བ་ལམ་འགྲོ་ཆུ་བཞིན་རྒྱུག་པའི་སྨོན་ལམ་ཡོད། གོང་དུ་གྲོགས་པོ་འགས་རེ་བསྐུལ་ཞུས་པ་བཞིན་ཅུང་མོ་ཁྲིད་པ་མ་གནང་ན་ཡག་པོ་འདུག་ལགས།
ངས་གོང་དུ་འདི་འདྲ་ཞིག་བྲིས་ཡིན་ཏེ་བཀོག་ཚར་འདུག ས་འདི་ནས་ཀྱང་སྨྲ་རྗོད་ལ་རང་དབང་མེད་ཀི་ཡ།
ཡིན་ནའང་ཤར་ཁུགས་ཟེར་བ་ཞིག་གིས་ཁ་བརྡའི་རྩོམ་སྒྲིག་པའི་མིང་བེད་སྤྱད་ནས། མཐུན་སྒྲིལ་ལ་ཆེད་དུ་གཏོར་གཤིག་དང་དབྱེན་དཀྲུགས་ཚབ་ཆེན་བྱེད་བཞིན་འདུག་པར། གཏིང་ནས་བློ་ཕམ་ཡོད།
དེད་དཔོན་ཆེན་པོ་གླང་ཚ་བ་ལགས།
དངོས་བོ་ཅི་ཞིག་བོར་སོང་བ་འམ། ཡང་ན། དོན་དག་ཅི་ཞིག་བརྗེད་སོང་བ་ལྟ་བུའི་བསམ་བཞིག་ཞིག་གི་ངང་ཁ་སང་དེ་རིང་གི་སེམས་པ་དེ་རང་དབང་ན་མི་འདུག། ང་། རང་གཅེས་འཛིན་གྱི་གཅོང་ནད་དེའི་དྲ་ལས་ཐར་མེད་སྟབས་། རེ་བ་ཞིག་ཞུ་། འ་མ་དང་། སྤུན་ཆུང་མ་། མ་ཁྲིད་རོགས་གནང་། ཉིད་ཀྱི་གནས་ཚུལ་མཁོ་སྒྲུབས་ཀྱི་ཆེད་རྡ་སར་བཞག་རོགས། ༼དོན་འགྲུབ་དབང་ཆེན་གྱི་མཉམ་མྱོང་ལས་ཀྱང་ཤེས་ཐུབ་༽
དོན་འགྲུབ་ཚེ་རིང་གི་ཨ་རི་ནས་།
རྒྱལ་གཅེས་ལྷག་བསམ་གྱི་སྙིང་སྟོབས་ལྡན་ཞིང་རང་དབང་གི་རྩོམ་པ་པོ་་་ཚེ་བརྟན་རྡོ་རྗེ་ལགས་དང་་་་་་ཁོང་གི་ཨ་མ་དང་གཅུང་མོ་གསུམ་གྱི་མི་ཚེ་འདིའི་ཡོད་ཚད་རྒྱབ་ཏུ་གཡུག་ཏེ་་་་་་བོད་གངས་ཅན་པའི་རྩ་དོན་ཧ་ཅང་ཛ་དྲག་གི་གནས་སྐབས་འདིར་་་་་ལས་དོན་རླབས་ཆེན་འདི་འདྲ་ཞིག་གི་འགོ་བརྩམ་ཏེ་་་་་བཙན་བྱོལ་བོད་གཞུང་དམང་གཉིས་ཀ་གཉིད་ལས་སད་རན་པའི་དུང་ཆེན་ཞིག་འབུད་བཞིན་་་་་་རྡ་ས་ནས་ཕ་ཡུལ་ཕྱོགས་སུ་གོམས་ཁ་སྤོར་བ་འདི་་་་་ཞི་བའི་ལས་འགུལ་རླབས་ཆེན་ནང་གི་དོན་ཆེན་ཞིག་རེད་ལ་་་་་་རྗེས་སུ་ཡི་རང་དང་གདུང་སེམས་ཉམས་བསྐྱེད་བཅས་ཁ་བཏགས་དཀར་པོ་ཞིག་གི་ཚུལ་དུ་ལས་དབང་གཅིག་པའི་་་གངས་བུ་ཞིག་གི་་་་་དབྱིན་ཇིའི་རྒྱལ་ས་ལོན་ཏོན་ནས་་་་གུས་སྤྲིངས།། བོད་རྒྱལ་ལོ་བླ་མ་བོད་ལ་ཕེབས་པར་ཤོག། བུ་རྒྱལ་ལོ་བོད་དོན་བདེན་མཐའ་གསལ་བར་ཤོག། མ་རྒྱལ་ལོ་མ་ལོའི་རེ་སྨོན་འགྲུབ་པར་ཤོག། གཅུང་རྒྱལ་ལོ་གཅུང་མོ་བར་ཆད་མེད་པར་ཤོག། བོད་རྒྱལ་ལོ།།
དྲྭ་གྲོགས་ཚོ་ང་ཚོས་གླེང་ཚ་མ་བུ་གསུམ་ཇི་ལྟར་སྐྱེལ་མ་བྱེད་ཀྱི་ཡིན་ནམ། ཁོང་མ་བུ་གསུམ་གྱི་སྙིང་སྟོབས་དང་ལྷག་བསམ་ལ་གཞིག་ཐེངས་རེར་ངའི་སེམས་པ་ཅི་ཡང་བཤད་མི་ཕོད་པའི་ལྐུག་པ་ཞིག་ཏུ་བསྒྱུར་སོང།
ལྷ་ས་བར་གང་ཤེ་ས་འཚམས་བར་སླེབས་ན་ཡག་པོ་རིད
ངས་ཁྱེད་ཅག་གི་རླབས་ཆེན་གྱི་བྱ་བ་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་གྲངས་མེད་ཅེས་ཞུ་ཞུ།
ལྷག་བསམ་རྣམ་དག་ལ་ཡི་རངས་ཞུ། ཁྱེད་ལྟ་བུ་མང་ན་བོད་ལ་རེ་བ་ཆེན་པོ་འདུག