2012/5/12 ཉིན་གྱི་ཞོགས་པའི་ཆུ་ཚོད་10 པའི་སྟེང་ཞི་བའི་འཐབ་རྩོད་པ་ཨ་མ་ལྡོམ་པོ་སྐྱིད་གྷོ་ར་པུར་གྲོང་ཁྱེར་ནང་ཡོད་པའི་སྨན་ཁང་ཞིག་ཏུ་བཅར་ཏེ་སྨན་བཅོས་བརྟག་དཔྱད་བྱས། བརྟག་དཔྱད་ཀྱི་གྲུབ་དོན་ལྟར་ན་ཨ་མ་ལྡོམ་པའི་རྐང་པ་དང་སྟོད་ཀྱི་རུས་པར་ཆག་སྐྱོན་དང་གས་ག་ཤོར་མེད་པར་ངོས་འཛིན་བྱས་པ་དང་། ཉིན་ཤས་རིང་གི་སྨན་དང་སྦྱར་རྩི་སོགས་སྤྲད་རྗེས་ཕྱིར་སྡོད་གནས་སུ་ལོག
ཚེ་བརྟན་རྡོ་རྗེ་ཡིས་མུ་མཐུད་བྱེད་འཆར་གྱི་ལས་རིམ་དེ་ཙམ་ཁ་གསལ་མེད་ནའང་ཆུ་ཚོད་༢༤ ནང་ཨ་མ་ལགས་ཀྱི་སྨན་བཅོས་ལེགས་འགྲུབ་ཡོང་བ་དང་། ཞི་བའི་འཐབ་རྩོད་མུ་མཐུད་བྱེད་འཆར་གྲ་སྒྲིག་ཚོད་དཔག་བྱེད་བཞིན་ཡོད། པར་འདི་ཁོང་མ་བུ་གཉིས་སྨན་ཁང་དུ་ཕེབས་པའི་ལམ་བར་རེད་འདུག
Comments on “ཚེ་བརྟན་རྡོ་རྗེས་ལས་འགུལ་མུ་མཐུད་སྤེལ་འཆར།”
Comments are closed.
ཁྱེད་མ་བུ་གསུམ་ལ་སྙིང་ནས་བཀའ་དྲིན་ཆེ།
བཙན་བྱོལ་ནང་ན་གླིང་ཚེ་རྡོར་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལྟ་བུའི་ལྷག་བསམ་དང་སྙིང་སྟོབས་ཀྱི་དཔའ་བརྟས་པའི་ཨ་མ་ག་ཚོད་ཅིག་ཡོད་ན། འདི་ལྟ་བུའི་རླབས་ཆེན་གྱི་ཨ་མ་གང་འཚམ་རེ་ཡོད་ཚེ་འཐབ་རྩོད་ཀྱི་ནུས་ཤུགས་ཀྱང་འཕེལ་འགྱུར་གྱིས་མྱུར་ལ་དམིགས་འབེན་གྱི་བསྒྲུབ་བྱའང་མགྱོགས་རེ་འགྲུབ་འོང་། ཡིན་ཡང་། འུ་བུ་ཅག་གིས་ག་དུས་ཡིན་ཡང་ལས་ལས་བྱས་བྱས་ཚང་མ་སྐྱོན་ཞིག་ཏུ་བསྲེས་ཀྱི་འདུག་པས་དངོས་གནས་སེམས་པ་སྐྱོ་སྐྱོ་རེ་ཡོང་གི་འདུག་ག །
དཔའ་བོ་ཚེ་བརྟན་རྡོ་རྗེ་དང་། ཁོང་གི་ཨ་མ། ད་དུང་བུ་མོ་བཅས་ཀྱིས་དཀའ་དུབ་ཡོད་ཚད་ང་ཚོའི་དོན་དུ་མྱོང་བཞིན་ཡོད་པ་ཚང་མས་ཤེས་པར་གལ་ཆེ། ཁ་ཤས་ཤིག་གིས་དུ་དུང་སྐད་ཆ་སྐོམ་པོ་ལས་འབྲས་དང་ཁྲེལ་གཞུང་མེད་པ་དེ་འདྲ་བཤད་མཁན་འདུག་པས་བློ་ཕམ་ཡོད། ཁོང་ཚོར་ལམ་བར་བར་ཆད་མི་ཡོང་བར་ཤོག
ཆབ་ཆབ་ནི་ཕ་རོལ་ན། །
ཡར་ཆབ་ནི་ཕ་རོལ་ན། །
མྱིའི་བུ་ནི་མྱིའི་བུ་དེ། །
ལྷ་ཡི་ནི་སྲས་བོ་བཞུགས། །
ཁྱེད་མ་བུ་གསུམ་ལ་སོ་དམག་གི་རྒོལ་བརྡུང་ཕོག་དུས།
ངའི་མིག་ཆུས་སེམས་པ་རླན་གྱི་འདུག
ཁྱེད་མ་བུ་གསུམ་ལ་རང་རིགས་ཀྱིས་ཁ་རྡུང་བཟེད་དུས།
ངའི་སྙིང་ཀ་གྲི་ཡིས་གཤེགས་ཀྱི་འདུག