ཤར་ཕྱོགས་ཁུག་རྟ།
གནས་མཆོག་རྡོ་རྗེ་གདན་དུ་༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་དུས་དབང་ཐེངས ༣༢ པ་སྩོལ་བའི་དུས་བཟང་དང་བསྟུན། ༧རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ལ་དབུ་མའི་ལམ་བཟང་གི་བོད་རྒྱ་འབྲེལ་མོལ་སྐོར་གྱི་བྱུང་རིམ་དང་གནས་བབ་བཅས་ཀྱི་ཐད་ཅི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ སྟེང་རྙིང་མ་དགོན་པར་བཀའ་སློབ་སྩོལ་རྒྱུ་གཏན་འཁེལ་བྱུང་བ་ལགས་ན། རྒྱ་བོད་འབྲེལ་བའི་སྐོར་གྱི་བྱུང་རིམ་ཆ་ཚང་ཤེས་འདོད་ཡོད་མཁན་གྱི་དོན་གཉེར་ཅན་རྣམས་ཆུ་ཚོད ༤།༣༠ སྔོན་ཚོགས་རྭར་བཅར་གནང་ཡོང་བ་ཞུ།
དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ནས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་ནི་རྒྱ་བོད་འབྲེལ་མོལ་ཐད་ཀྱི་ཐུགས་འགན་བཞེས་མཁན་གཙོ་བོ་ཡིན་པ་དང་། དེ་བཞིན་རྒྱ་བོད་འབྲེལ་མོལ་ཐད་ཀྱི་ལོ་རྒྱུས་རིང་ཤོས་ཆགས་ཡོད་པས། ༧རྒྱལ་མཆོག་བཅུ་བཞི་པས་བོད་སྐྱོབ་མཛད་རིམ་ནང་རྒྱ་བོད་འབྲེལ་མོལ་ཐད་ཀྱི་ལོ་རྒྱུས་ཀྱི་མགོ་ཁུངས་དང་ཡིག་མཛོད་ལྟ་བུར་ཆགས་ཡོད།
བོད་གངས་ཅན་ལྗོངས་གཙོས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་བོད་མི་ཚོས་རྒྱ་བོད་འབྲེལ་མོལ་ཐད་ཀྱི་གནས་ཚུལ་ངེས་པར་དུ་ཤེས་དགོས་ལ་དེ་ཤེས་རྒྱུའི་ཐོབ་ཐང་ཀྱང་ཡོད། ད་ཐེངས་དུས་དབང་སྐབས་གཞིས་བྱེས་མཉམ་འཛོམས་བྱུང་བ་ལྟ་བུའི་རྒྱ་བོད་འབྲེལ་མོལ་གྱི་ལོ་རྒྱུས་གསར་པའི་ཆ་རྐྱེན་འོག དབུ་མའི་ལམ་བཟང་གི་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་མི་མང་ལ་ངེས་པར་དུ་བརྡ་སྤྲོད་བྱ་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་རེད་ལ། གོང་ན་མེད་པའི་རང་རེའི་ཆབ་སྲིད་རྩ་དོན་ཡང་རེད། གཞན་ཡང་གོ་སྐབས་ཡག་ཤོས་འདི་འདྲར་གནད་དོན་འདི་བཞིན་མི་མང་ལ་སྙན་གསེང་ཞུ་རྒྱུ་བག་མེད་ཀྱིས་ལུས་པ་ཡིན་ན། རྩ་དོན་ལ་འཐུས་ཤོར་བྱུང་སྟེ་བོད་གངས་ཅན་པ་ཚང་མར་གྱོང་རེག་ངེས་པ་ནི་སོམ་ཉི་བྲལ་བ་ཞིག་ཡིན་སྟབས། འདི་ག་དབུ་མའི་ལམ་ལས་འགུལ་ཁང་གི་ཞུ་དོན་ལ་དམིགས་བསལ་སྐུ་ཚབ་མཆོག་གིས་ཐུགས་བརྩེས་ཞལ་བཞེས་ཐོབ་སྟེ་གོ་སྒྲིག་བྱ་འཆར་ཡོད་པ་བཅས་ཀྱི་གསལ་བསྒྲགས་སུ།
༢༠༡༢། ༡། ༧།
Comments on “ཕྱི་ཚེས་ ༩ ཉིན་དམིགས་བསལ་སྐུ་ཚབ་མཆོག་གི་གཏམ་བཤད་དང་བགྲོ་གླེང་ཡོད།”
Comments are closed.
འདི་ནི་དངོས་ནས་བཀོད་སྒྲིག་ཡག་པོ་ཞིག་རེད་འདུག་ལ། དྲི་བ་དྲི་ལན་གྱི་ངོ་བོའི་སྟེང་ནས་འགྲོ་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་ཞིག་བྱུང་ངེས་རེད།
དངོས་གནས་ཡག་པོ་འདུག
དྲི་བ་དྲིས་ལན་གྱི་ལམ་ནས་ཕེབས་ཐུབ་ན་ཡག་པོ་རེད། དེ་ལྟར་བཀོད་སྒྲིག་བྱེད་རོགས།
ཀ་དག་ཆོས་དབྱིངས་ཟེར་བའི་ཀླུ་མཁར་བྱམས་སླེབས་འདུག ཤར་ཁུག་དང་འདི་གཉིས་དགོད་བྲོ་བོ་རེད། དོན་དག་མེད་པར།
སྐུ་ཚབ་རྒྱ་རི་མཆོག་ལ་བཀྲ་ཤིས་བདེ་ལེགས། སྤྱི་དོན དང་སྒེར་དོན གཉིས་ལ་འཇོན་ཤེས་གཉིས་ཅན་ཞིག་རེད། ད་བར་༧ གོང་ས་མཆོག་ལ་དད་དམ་ཚིག་གཙང་བར་ལང་ཕྱོགས་གཙང་མ་ཞིག་ཡིན་རྒྱ་རི་རྒྱལ་ལོ།
ཁུག་རྟའི་སྤྱི་སེམས་འདི་ལ་་་་་་་
བོད་ཕྱི་ནང་གཉིས་བོད་མི་རྣམས་ཡོད་པའི་སར་སྐུ་ཚབ་མཆོག་ནས་བོད་རྒྱ་འབྲེལ་མོལ་སྐོར་འགྲེལ་བཤད་བྱས་ན་ཡག་པོ་འདུག།
ང་འཇམ་དཔལ་རལ་གྲིས་རྒྱུན་རིང་མཆན་བཏབས་པ་ཡིན། ངས་དྲང་ཚུགས་དང་གནས་ལུགས་གཞི་རྩར་བཟུང་བ་ཡིན། ཡིན་ཡང་། དེ་རིང་ངའི་སྤྱོད་མཁན་ཞིག་གིས་དཀྲུག་ཤིང་རྒྱག་གི་འདུག་པས། རྒྱ་མིའི་སོ་པ་འདྲ་བ་འདི་ཕྲན་དོགས་པ་བྱུང་། ཁ་བརྡའི་རྩོམ་སྒྲིག་པས་མི་འདི་འདྲ་གཏན་འགོག་བྱེད་རོགས།
སྐུ་མཁྱེན་ཕྲག་དོག་ཅན་རྣམས་ཀྱིས་ཅི་བྱ་ན་བྱས་ཤིག འོན་ཀྱང་ངའི་མིང་བེད་སྤྱོད་མ་བཏང་། གོང་གི་མཆན་ཨང ༡༤ པ་དེ་ང་མིན་ལ། དེ་བཞིན་བགྲོ་གླེང་གསལ་བསྒྲགས་སུ་བཀོད་པ་དེའང་ང་མིན་པའི་གསལ་བཤད་ཙམ་དུ།