ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་འོས་མིར་བཞེངས་པ། Posted on 2015-08-042015-08-04 By ཁ་བརྡ་ 38 Comments on ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་འོས་མིར་བཞེངས་པ། གསལ་བསྒྲགས།
འདི་ལ་གཟིགས་དང་། བདེན་པ་མིན་པར་ཤོག ཡིན་ན་བོད་ཀྱི་མིང་བརླག་འདུག་ག http://www.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/
ཅོ་རི་ཉི་མ་། མདོག་མེད་ནའང་སྤྱོད་པ་ཡོད་ཙམ་བྱས་ན་ཡག མདོག་ཀྱང་མེད། སྤྱོད་པའང་མེད་ན་ཁྱེད་རང་མིར་སྐྱེས་ཀྱང་གོ་མི་ཆོད་པ་རེད་ལ་རང་ཉིད་ཆུ་ལ་མཆོང་ནས་ཤི་བཞག་ན་ཡག་གི་རེད། ཁྱེད་ལྟ་བུ་བོད་དང་བོད་མི་ལ་ཕན་ཐོགས་ཀྱི་མ་རེད།
xxxབཙན་བྱོལ་སྒྲིག་འཛུགས་xxལྟ་བུ་ལ་སྒྱུར་འདོད་མཁན་དང་། བོད་རང་བཙན་ཟེར་བའི་མིང་ཙམ་ཡང་གོ་ཡ་མེད་པ་བཟོ་དགོས་མཁན་ཚོས་སྤེན་ཚེ་ལ་འོས་འཕོངས།
སྤེན་ཚེ་སྲིད་སྐྱོང་ལ་ཡོང་བ་དང་པོ་མི་བསད་ལག་དམར་ཡིན་མིན་ཁ་གསལ་གཏིང་བསལ་བཟོ་དགོས་པ་གལ་ཆེ་རེད། རྙོག་སྒྲ་འདི་བདེན་མིན་བོད་མི་ཡོངས་ནས་གསལ་བོ་བཟོ་རྒྱུ་གལ་ཆེ། སྤྱིར་བཏང་སྤེན་ཚེའི་མི་གཞི་དེ་ཧམ་པ་ཚ་བོ་དང་འུར་ཤོབ་ཅན་ནོར་བ་ངོས་ལེན་མི་བྱེད་མཁན་ཅིག་རེད། དཔེར་ན་གྲོས་ཚོགས་སྐབས་སྐྱོན་བརྗོད་བྱས་དུས་དགོངས་པ་ཞུ་མདོག་གིས་ཕྱི་ལ་ཐོན་པ་དང་རྒྱ་མིའི་གཞུང་གིས་བོད་པ་ལ་རོགས་རམ་མཐུན་འགྱུར་གང་ལེགས་གནང་དང་གནང་བཞིན་ཡོད་ལ་མ་འོངས་པར་དེ་ལས་ལྷག་མེད་ན་སྡུག་མི་འགྲོ་བས་ཡིད་ཆེས་ཡོད་ཟེར་བཤད་པ་དེ་ཚོ་ནོར་ཡོད་ན་ནོར་བ་ངོས་འཛིན་དང་སྦྲགས་ངོས་ལེན་གསལ་བཤད་ངེས་པར་དུ་དགོས་རེད། བོད་མི་ཆིག་སྒྲིལ་གལ་ཆེ་ཡིན་གཏམ་བཤད་པ་དེར་ད་བར་དུ་ཚོགས་གཙོ་མིང་ཁུར་ནས་རང་དང་ལྟ་བ་མ་མཐུན་མཁན་རྣམས་གོང་ས༧མཆོག་དང་དབུས་སྒྲིག་འཛུགས་ཁ་ལ་ཁུར་ནས་རྩ་མེད་གཏོང་རྐྱང་བྱས་པ་ས་རིས་ཐང་གསལ་རེད། གང་ལྟར་ཡང་སྲིད་སྐྱོང་ལང་མིན་རང་འདོད་རེད།
སྤེན་ཚེ་ལངས་པར་འཆར་གཞི་མེད་པ་འདྲ། མི་ཚོས་ལོངས་ལབ་ཀྱི་འདུག དེ་ནས་ལངས་ཡིན་ལབ་དུས་ཁོ་རང་གསལ་བོ་ཆགས་སོང་།
བོད་རང་བཙན་དང་བོད་མི་རིགས་ཀྱི་དགྲ་བོ་རྒྱལ་བཙོང་བ་ཁྱོད་ཚོའི་་ལག་ཏུ་ཤི་ཐུབ་པ་བྱུང་ན་་་་ངས་བསམ་དོན་འགྲུབ་པ་ཡིན།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་འོས་མིར་ལངས་པར་དགའ་བསུ་ཞུ། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་འོས་མི་ལ་བཞེངས་རྒྱུའི་གསལ་བསྒྲགས་དེ་རྡ་སར་གནང་སྐབས་་་་་་ ནོར་ཝེ་རླུང་འཕྲིན་ཁང་དང་། ཨེ་ཤ་ཡ་རླུང་འཕྲིན་ཁང་། ཨ་རིའི་རླུང་འཕྲིན་ཁང་གསུམ་ལས་གཞན་གཞུང་དང་། གཞུང་འབྲེལ་མིན་པའི་གསར་ཤོག་དང་། བརྒྱུད་ལམ་ཁག་ལ་བརྡ་སྦྱོར་གནང་མེད་པ་དེའི་དགོས་པ་གང་ཡིན་ནམ་བསམ་གྱི་འདུག ཐོག་མར་སྲིད་སྐྱོང་ལ་བཞེངས་རྒྱུའི་གསལ་བསྒྲགས་དེའི་སྐབས་བོད་པའི་གསར་འགོད་པ་དག་དབྱེ་འབྱེད་གནང་བའམ། རིན་ཐང་ལ་ཁྱད་པར་ཡོད་པ་ལྟ་བུ་གནང་བའི་མཐོང་སྣང་བྱུང་། གཅིག་བྱས་ན་དེ་ཡང་ཁོང་གི་དམིགས་བསལ་དགོངས་པ་བཞེས་ཕྱོགས་ཤིག་ཡིན་རྒྱུ་རེད། གང་ལྟར་སྲིད་སྐྱོང་འོས་མིར་ལངས་པར་བཀྲ་ཤིས་བདེ་ལེགས་ཡོད།
སུ་གང་གི་རྐུབ་ལྡག་པ་མིན་མོད། སུ་ཞིག་སྲིད་སྐྱོང་གི་འོས་མིར་ལངས་ན་བཀྲ་ཤིས་བདེ་ལེགས་ཞུས་ན་མ་འགྲིག་པ་ཅི་ཡོད།
ཨོ་རེད་་་བསམ་བློ་ཞིག་བཏངས་དུས་དགོད་མོ་ཤོར་ནས་མིག་ཆུ་ཐོན་བྱུང་། ཅོ་རི་ལ་མདོག་མི་འདུག་ཨེ། སྤེན་ཚེ་མདོག་ཡག་པོ་ཨེ་རེད། xxxx་་་་ཧཧ
ཨ་ལ་ལ། ད་སྐུ་མཁྱེན་ང་ཤི་འཇུག་རོགས། མི་བུ་འདི་ལ་མདོག་མེད་ལ་སྤྱོད་པ་ཡང་དེ་འདྲ་མེད། ར་འཐུང་དུད་འཐེན་ཞིག་ཡིན། ངེད་ནས་ཁོ་ལ་རྒྱབ་སྐྱོར་བྱེད་པ་ལས་ཤར་རྒྱག་པེ་ཅིན་ལ་དགོང་དགས་ང་ནོར་འདུག་ཟེར་ནས་ཡི་གེ་ཞིག་འབྲི་ངེས་ཡིན།
སྤེན་ཚེ། བློ་སེང་། བཀྲས་དབང་གསུམ་སུ་ལ་འཐོབ་རུང་། བཀའ་ཤག་སྔོན་མའི་འཇུག་སྐྱོང་རྒྱུ་རེད། དེ་མིན་གསར་གཏོད་དམིགས་བསལ་ཡོད་མ་རེད། སྤེན་ཚེ་མི་བསད་པའི་ནག་ཉེས་ཡོད་པ་རྒྱ་གར་དང་བོད་པའི་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་མཁན་སུ་ཡང་བྱུང་ཡོད་མ་རེད། བྱས་ཙང་འདི་ནི་གཏམ་འཆལ་ཞིག་ལ་ངོས་འཛིན་བྱེད་དགོས། འཇུ་ཆེན་གྱི་དེབ་ལ་ཡོད་རེད་ཟེར་ན་རྐུབ་ནས་འགད་མོ་ཤོར་ཡེ་རེད། ང་རང་གི་དགའ་འོས་པ་དེ་བཀྲས་དབང་ཡིན། གང་ཡིན་ཟེར་ན་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་གྲུབ་འབྲས་སྟོན་རྒྱུ་ཡོད་རེད། རྒྱ་བོད་ཞི་མོལ་ཁོང་ཚོ་གསུམ་གྱི་འཇོན་གྱི་མ་རེད། རྒྱ་ནག་གཞུང་གི་༧ གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་ལས་གཞན་ནི་ཁས་མི་ལེན།
སྲིད་སྐྱོང་སུས་བྱས་ཀྱང་ཁྱད་པར་མེད་ གཞུང་གི་ལས་དོན་ཆེ་ཁག་རྣམས་ཐག་བཅོད་མཁན་ནི་དགའ་ལྡན་ཕོ་བྲང་དང་གནས་ཆུང་གཉིས་ཀྱིས་གནང་གི་རེད་ སྲིད་སྐྱོང་ནི་༧གོངས་ས་མཆོག་གི་འཆིབས་ཞབས་ལ་འཕེབས་རྒྱུ་དང་གསུང་ཆོས་ཞུ་རྒྱ་རྩམ་རེད།།
ཨ་ཁུ་ནོར་བུ་་་་རྒྱལ་གཅེས་པ་ཀླུ་མཁར་བྱམས་ལགས་ཀྱིས་བྲན་གཡོག་བྱེད་མདོག་ཁག་པོ་མ་རེད། ཁོང་ལ་འོས་ཐོབ་ན་བོད་མི་རིགས་རང་ཚུགས་ཟིན་ཐུབ་པའི་རེ་བ་ཆེན་པོ་འདུག་བསམས་ཀྱི་འདུག
ཀླུ་བྱམས་ལགས། དུས་སྐབས་འདི་ལ་འོས་ཐོབ་རྒྱུ་ཁག་པོ་རེད། ང་ཚོའི་འཁོར་ཡུག་དེ་མགོ་འདོགས་རིང་ལུགས་ཀྱིས་ཟིན་ནས་སྡོད་ཡོད་པས་རེད། ང་ཚོའི་མི་སེལ་ཚོར་རང་ཉིད་ཀྱིས་དཔྱོད་ཤེས་ཀྱི་བསམ་བློ་མེད་ཁར་མགོ་འདོགས་རིང་ལུགས་པའི་ཁ་འོག་ལག་འོག་ནས་ཐར་ཐབ་ཡོད་མ་རེད།
ཡང་ཅོ་རི་ཟེར་བའི་ཐ་ཤལ་བ་འདིས་རང་འཚང་སྟོན་གྱི་འདུག་གཱ བཀུར་འོས་ཚོགས་གཙོ་མཆོག་སྲིད་སྐྱོང་ལ་འོས་ཐོབ་མེད་པ་ཡིན་ན་འདས་པའི་ལོ་ཟླའི་ཁྲོད་ཁོང་གིས་བྱས་མྱོངས་པའི་ཕྱག་ལས་གང་དང་གང་འཐུས་ཤོར་ཏུ་བཏང་བ་ཁག་བདེན་དཔང་དང་བཅས་འདིར་གསལ་བཤད་བྱེད་པ་ཡིན་ན་མི་ཞིག་གི་བྱེད་སྟངས་རེད། དེ་མ་ཡིན་པར་ཚོགས་གཙོ་ལ་མདོག་མེད་རབས་ལྟ་བུའི་སྐད་ཆ་འདི་ལྟ་བུ་མཐོང་ན་ངོ་ཚ་ཡོང་གི བོད་པའི་འཐབ་རྩོད་ལ་མདོག་ཡོད་མེད་གལ་ཆེན་པོ་ཨེ་ཡིན། བྱིས་པའི་ལབ་བརྡོལ་མ་བྱེད། བཙན་བྱོལ་བོད་གཞུང་སྒོ་བརྒྱབ་པ་དང་རང་བཙན་ཟེར་བའི་མིང་ཙམ་གོ་རྒྱུ་མཐོང་མེད་པར་གཏོང་མཁན་ཡང་ཚོགས་གཅོ་མཆོག་རེད་ཟེར། ད་ལྟོས་དང་ཅོ་རི་ཟེར་བའི་ཐ་ཤལ་བ་འདིས་བྱིས་པ་ལོ་ལྔ་དྲུག་ཅན་གྱི་སྐད་ཆ་ལས་ཡིད་མུག་པ་རེད་མི་འདུག་གམ། ཁྱོད་ཚོགས་གཙོ་མཆོག་ལ་སྒེར་འཁོན་ཡོད་ན་སྒེར་ཐོག་ནས་སྒེར་དོན་གླེང་དགོས་པ་རེད་མ་གཏོགས་སྤྱི་དོན་བཤད་སར་སྐད་ཆའི་རྫབ་ལུད་འཁྱེར་ཡོང་ན་འདིར་ཡོད་པའི་དྲྭ་གྲོགས་ཐམས་ཅད་པོ་ཁྱོད་འདྲ་བའི་གླེན་པ་ལུག་འདྲ་བ་གཏན་ནས་མིན་པས་ཁྱོད་ཀྱི་སྐད་ཆ་རྫབ་དོང་དུ་གཡུགས་རྐྱང་བྱེད་ཀི་རེད། ཚོགས་གཅོ་མཆོག་གིས་བདག་པོ་བསད་སོང་ཟེར། འདི་ལས་དགོད་བྲོ་བ་ཞིིག་གང་དུ་འདུག མི་ལོ་ཉི་ཤུར་མི་གསོད་ཅིག་གྲོས་ཚོགས་ར་བ་བསྡད་པ་རེད་ཟེར་ན་དོན་གྱིས་ཁྱོད་དང་ཁྱོད་ལྟ་བུའི་ཐ་ཤལ་བ་དག་གིས་ཕྲག་དོག་གི་དུག་ཆུ་བསྐོལ་བཞིན་བོད་མི་རིགས་སྤྱི་ལ་མཐོང་ཆུང་བྱེད་པ་རེད། xxx
སྤེན་ཚེ་ལ་ཤེས་འཇོན་སྤོབས་གསུམ་ཡོད་ཀྱང་རང་ཚུགས་མི་བརྟན་ཞིང་ཆོལ་ཁའི་འཐེན་འཁྱེར་དང་སྒེར་དོན་སྤྱི་ལ་སྤུང་མཁན་སོང་ཙང་ཁོང་སྲིད་སྐྱོང་ཐོབ་ཚེ་ཆོལ་ཁའི་འཐབ་རྩོད་ཡ་ང་བ་ཞིག་འབྱུང་ངེས་པ་ནི་ཁོས་མེ་བུས་ཤུལ་གྱི་ས་དྲོད་མ་ཡལ་བ་གྲོས་ཚོགས་ར་བའི་ནང་ཡོད་པས་སོ།
ཚོལ་ཁའི་འཐེན་འཁྱེར་གང་ཡང་མེད་པའི་མི་བུ་བཟང་པོ སྤེན་པ་ཚེ་རིང་ལས་ལྷག་པ་ཅིག་ཀྱང་སྲིད་སྐྱོང་འོས་མི་མི་འདུག་པས་ཚང་མས་ཤུགས་རྒྱོབས་ཤོག འཐོབ་ཁོ་ཐག་ཡིན།
ལས་མེད་དྲ་་འབུའི་མཆན་འགོད་སྙན་དང་གཅིག་། ཧམ་ཅན་མི་སྣ་སྲིད་སྐྱོང་ལ་ཚང་ཁ་རྒྱག་དང་གཉིས་། ཕྱོགས་གཏོགས་ཚོགས་སྐྱིད་དྲན་རྒྱུ་མང་དང་གསུམ་། ཁྲིམས་སྲུང་མི་མང་མགོ་བོ་འཐོམ་དང་བཞི་། སྲིད་སྐྱོང་བློ་སེང་ཕྱོགས་ལས་རྣམ་པར་རྒྱལ་། སུའི་བཤད་ཀྱང་རུང་མ་བཤད་ཀྱང་རུང་སྲིད་སྐྱོང་བློ་སེང་རང་འཇགས་ལ་བཀྲིས་བདེ་ལེགས་ཞུ་།།
ཕྱོགས་ཞེན་ཆང་གིས་བཟི་མཁན་ཞིག་མིན་ན། ཚོགས་གཙོའི་ཁ་ཐུག་དང་དྲང་བདེན་གྱི་བསྒྲགས་གཏམ་དེ་ལ་གཙང་ཉན་བྱས་ན་གོ་བ་ལེགས་པོ་ཞིག་སྟེར་ངེས་རེད།
ཆོལ་ཁའི་འཐེན་འཁྱེར་གང་ཡང་མེད་པའི་མི་བུ་བཟངཔོ་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་འོས་མི་ཨང་དང་པོ་རེད་འདུག་པས་ཚང་མས་ཤུགས་རྒྱོབས་ཤོག འཐོབ་ཁོ་ཐག་ཡིན།
བོད་མིའི་ཚོགས་སྡེ་ཆུང་ཆུང་འདི་ཡང་དམངས་གཙོ་རེད། ཚོགས་གཙོའི་བཤད་སྟངས་དེ་ཏག་ཏག་ཅིག་མཐོང་མ་སོང་། ང་ལ་འདོད་པ་མེད་དེ་མིའི་སྡོད་བཅུག་མ་སོང་འདོག་འདོག་ཅིག་ལབ་ཀྱི་འདུག
དཔོན་པ་ཚེ་རིང་ལགས་ལ་ཁ་ཕྱོགས་དང་ཆོད་སེམས་གཏན་པོ་མེད་ཀྱང་གཞན་གྱིས་རྒྱུད་སྐུལ་སྟོབས་ཀྱི་སྲིད་སྐྱོང་གི་འོས་མིར་ལང་གི་ཡིན་བཤད་པ་དེ་ནི་མང་གཙོའི་འགྲན་རྩོད་ཀྱི་ལྟ་གྲུབ་དང་རྒྱབ་འགལ་བཤད་པ་རེད། རང་འགན་རང་གིས་མ་འཁུར་བའི་སྐད་ཆ་ཞིག་ཀྱང་རེད། རིང་མིན་སྲིད་སྐྱོང་འོས་མི་རྣམ་པའི་བགྲོལ་གླེང་གི་སྐབས་སུ་ཀླུ་བྱམས་ལགས་ཀྱིས་དཔོན་ཚེའི་ནང་ཁྲོམས་འགའ་སྟོན་ཡོང་གི་རེད། དེ་དུས་སྟོན་མོ་ཆེན་པོ་ཡོང་། བཀྲ་དབང་ལགས་ཀྱིས་བློ་སེང་གི་སྣུམ་རྩི་འགའ་ཡང་བསྟན་འདོགས་རེད། སྲིད་སྐྱོང་འོས་མི་ཚོས་བགྲོལ་གླེང་ལ་དོ་སྣང་གལ་ཆེའོ།
ཉེ་བའི་རེས་གཟའ་ཟླ་བ་ལ་ལོ་ཕྱེད་ཡིག་རྒྱུགས་གཏོང་རྒྱུ་ལགས་ན། དེ་ལུགས་རེས་གཟའ་ཕུར་བུ་ལས་མི་འགྱང་བར་དྲི་བ་རྣམས་ལས་ཁུངས་ལ་བསྐྱལ་ཐུབ་པའི་རེ་བསྐུལ་ཞུ། གཞི་རིམ་སློབ་གྲྭའི་དྲི་བ་རྣམས་བོད་ཡིག་སློབ་ཚན་ནས་གཏོང་རྒྱུ། དེ་ལ་དམའ་རིམ་འབྲིང་རིམ་ཚད་གཞི་གང་དགོས་དགེ་རྒན་ཚོས་གཟིགས་སྐྱོང་ཞུ། བཤད་སློབ་ཚང་མ་གཅིག་གྱུར་གྱིས་དྲི་བ་༡༠ ལས་རང་མོས་༨ ལ་ཡིག་རྒྱུགས་གཏོང་རྒྱུ་ཕྱི་ཡོངས་ལྟར་བྱེད། དུས་ཚོད་ལས་མི་འགྱང་བར་འབུལ་ཐུབ་ཐབས་དགོས། རྩིས་འཕྲུལ་ནང་བཙུགས་ཡ་དང་། བསྐྱར་དཔར་སོགས་དགོས་ཕྱིར་ཅུང་ཙམ་ལས་དོན་འགའ་རེ་འདུག་ན་ཐུགས་ལ་ངེས་འཛིན་ཡོད་པར་ཞུ་ལགས་སོ། ༢༠༡༥/༨/༣
སྤེན་པ་ལ་འཆར་གཞི་ཞིག་མེད་པ་འདྲ། བོད་ཀྱི་གླུ་བ་མགོ་སྟོང་ནང་བཞིན་མི་དམངས་ལ་མཐུན་སྒྲིལ་བྱེད་ཟེར་བ་ལྟ་བུའི་ཅོལ་ཆུང་སྐད་ཆ་ལས་གཞན་མི་འདུག དྲང་མོ་བཤད་ན་འདས་པའི་གྲོས་ཚོགས་ནང་ཆོལ་ཁའི་དཀྲུགས་རྐྱེན་ཡོད་མཁན་དེ་སྤེན་པ་ཚེ་རིང་རང་རེད། ད་དུང་ལྐུགས་པ་ལུག་འདྲ་བོ་ཚོས་ཁོ་ལ་མཁས་པ་དང་སྐུ་ངོ་བརྩིས་ན་ངོ་མ་ཡ་མཚར་རོ
ཅོ་རི་འུ་ཐུག་ན་དཀོན་མཆོག་དཔང་བོར་འབོད་ཀི ཁྱོད་ཀྱི་སྐད་ཆ་ཤོད་སྟངས་ལ་རང་ལག་བྲང་ལ་བཞག་ནས་བསམ་བློ་ཞིག་ཐོངས་དང་། དཀོན་མཆོག་ལ་ཡིད་ཆེས་བློ་འགེལ་བྱེད་མཁན་ཞིག་གིས་དཔང་རྟགས་དང་རྒྱབ་བརྟེན་ཅི་གང་མེད་པར་མི་ཞིག་གིས་མི་ཞིག་བསད་སོང་ཟེར་བའི་ཚིག་འདི་ཁ་ནས་འབུད་ཀི་རེད་དམ། ཆབ་སྲིད་མི་སྣ་ཚོ་ལ་སྐྱོན་བརྗོད་བྱེད་ལོས་ཆོག་ཡིན་ཡང་དེ་ལ་ཚད་དང་ཚོད་ཅིག་ཡོད་པ་རེད། ལམ་དང་ལུགས་སྲོལ་ཞིག་ཡོད་པ་རེད། གནས་ལུགས་བཤད་དགོས་པ་རེད། བདེན་པ་བརྡར་དགོས་པ་རེད། ར་སྤྲོད་དགོས་པ་རེད། ད་དུང་ཁ་ཤས་ཤིག་གིས་ཅིག་གིས་དཀྲུགས་སོང་དེ་ཡིས་གཏོར་སོང་ཟེར་བ་ཡ་མི་ང་ངོ་མི་ཚ། བདེན་པ་དང་རྒྱུ་མཚན་སྣ་གཅིག་བཤད་མེད་ལྦཱ། གཏོར་མཁན་དང་དཀྲུགས་རང་ཉིད་ཡིན་པ་བརྗེད་ཀྱིན་འདུག
སྒྲིག་འཛུགས་ཤིག་གི་འགན་འཛིན་རང་རེད་བསམ་པ་འདྲ། འཆར་གཞི་མེད་པ། སྤོབས་པ་མེད་པ། སྲིད་ཇུས་མེད་པ། འདོད་པ་མེད་པ། མེད་པ་བཞིའི་ཐོག་ནས་སྲིད་སྐྱོང་ལ་འཛའ་གྲོགས་ཁ་ཤས་ཀྱི་ངོ་གསོ་འམ་འདོད་མོས་ལྟར་ལང་པ་རེད་འདུག སྲིད་ཇུས་དབུ་མ་པ་ལ་སྲིད་སྐྱོང་དེ་འདྲ་ལང་པ་ཡིནའང་མ་རན་པ་མེད། https://www.facebook.com/tsewang.rinzin.7/posts/711265422333548
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁོ་རང་བཀའ་ཤག་སྐབས་བཅུ་དྲུག་པའི་སྲིད་སྐྱོང་འོས་གཞིར་བཞེངས་ཀྱི་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་སྟབས། འདི་གའི་གསར་ཁང་ནས་ཁོང་ལ་སྲིད་སྐྱོང་འོས་མིར་བཞེངས་བའི་དགོས་དམིགས་དང་མ་འོངས་ལས་འཆར་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས། དྲི་བ། སྐུ་ཉིད་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་དགོས་པའི་རྒྱུ་མཚན་གཙོ་བོ་ག་རེ་ཡིན་ནམ། ལན། ད་ལྟའི་དུས་ཚོད་འདིར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་ཡོད་པ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ལས་ག་ཚོད་སྐྱོན་ཡོད་མེད་ང་རང་ཚོ་ཚང་མས་ཤེས་གསལ་རེད། དེའི་ཕྱིར་ང་ཚོའི་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་འགན་འཁུར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ། ལྷག་པར་དུ་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་༸གོང་ས་མཆོག་གིས་ཆོལ་ཁ་དང་ཆོས་བརྒྱུད་ནང་ལོགས་ཀྱི་མཐུན་ལམ་ཐོག་སྐུ་ལས་ཞེ་དྲགས་བསྐྱོན་ཡོད་སྟབས། དེ་ཚོ་མི་ཉམས་གོང་འཕེལ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། དེ་ང་འོས་མིར་ལངས་པའི་དོན་དག་གཅིག་ཡིན། དོན་དག་གཉིས་པ་དེ་བོད་ནང་དུ་ཡོད་པའི་བོད་མི་ཚོས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་རེ་བ་རྒྱག་གི་ཡོད་པ་དང་། དེ་བཞིན་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་དང་ལྷག་བསམ་ལ་རེ་བ་ཞིག་གཏད་དེ། ང་ཚོ་གཅིག་གིས་གཅིག་ལ་རེ་ལྟོས་བྱས་ནས་བསྡད་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ལ་དམངས་གཙོའི་ལམ་སྲོལ་དང་མཐུན་པའི་དམངས་གཙོའི་ཀ་བ་གསུམ་ཡོད་པ་དེས་ནུས་པ་མཉམ་སྤུངས་བྱས་ནས་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག དེར་བརྟེན་དཔེར་ན་ང་སྲིད་སྐྱོང་དུ་འོས་འདེམས་བྱུང་བ་ཡིན་ན། དམངས་གཙོའི་ཀ་བ་གསུམ་གྱིས་ནུས་པ་མཉམ་དུ་འདོན་ཐུབ་པར་འབད་བརྩོན་བྱས་ཏེ། ད་ལྟ་ལས་ལྷག་ཅིག་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད། དེ་གཉིས་གཙོ་བོ་རེད། གཞན་ལྷན་ཁང་སོ་སོའི་ནང་གི་ལས་དོན་བྱེད་ཕྱོགས་དང་། རྒྱ་ཆེ་ས་ནས་ད་ལྟ་སྤྱི་ཚོགས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད་སྟབས། འབྱུང་འགྱུར་གྱི་ལོ་ལྔ་ནས་བཅུ་དང་། བཅོ་ལྔའི་ནང་ག་རེ་བྱེད་དགོས་ཀྱི་ཡོད་མེད་དེ་འདས་པའི་ལོ་ལྔ་ནས་བཅུ། བཅོ་ལྔའི་གནས་སྟངས་ལ་ཉམས་ཞིབ་བྱས་ཏེ། རྨང་གཞི་བརྟན་པོ་ཞིག་འདིང་མ་ཐུབ་པ་ཡིན་ན། ནམ་ཞིག་ང་ཚོར་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཞིག་ཡོད་སྟབས། དེ་ཚོའི་ཐོག་ལ་ཤུགས་རྒྱག་པའི་ཆེད་དུ་ང་སྲིད་སྐྱོང་གི་འོས་མིར་ལངས་རྒྱུའི་འདོད་པ་བྱུང་། ངས་ནམ་རྒྱུན་ཞུས་བསྡད་པ་ལྟར། སྲིད་སྐྱོང་ལ་ལངས་པར་ཕྱོགས་གཅིག་ནས་སོ་སོར་འདུན་པ་དང་འདོད་པ་ཞིག་ཡོད་དགོས་པ་རེད་ལ། དེ་བཞིན་སོ་སོས་འཇོན་གྱི་རེད་བསམ་པའི་གདེང་ཚོད་ཅིག་ཀྱང་དགོས་པ་རེད། གདེང་ཚོད་དེ་འདས་པའི་ལོ་ ༢༠ རིང་སྤྱི་འཐུས་བྱས་པ་དང་། ལྷག་པར་སྤྱི་འཐུས་ཚོགས་གཙོ་ལོ་ ༧ དང་ཕྱེད་རིང་བྱས་སྐབས། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བྱས་པའི་ཉམས་མྱོང་ལ་བརྟེན་ནས་ང་ལ་གདེང་ཚོད་དེ་ཏན་ཏན་ཡོང་གི་འདུག དེའི་སྒང་ལ་ཆ་རྐྱེན་གཉིས་པ་དེ་སོ་སོས་བྱེད་རྒྱུ་ཡིན་ལབ་པ་གཅིག་པུས་འགྲིག་གི་ཡོད་པ་མ་རེད། མི་མང་གི་རྒྱབ་སྐྱོར་དགོས་ཀྱི་ཡོད་སྟབས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ངེད་གཉིས་སྲིད་སྐྱོང་གི་འོས་གཞིར་བཏོན་པ་རེད། ཕྱིས་སུ་དབུས་གཙང་ཆོལ་ཁའི་ངོས་ནས་མང་མོས་ཚད་མཐོ་བོའི་ཐོག་ནས་ང་རང་སྲིད་སྐྱོང་འོས་མིར་བཏོན་པ་རེད། དེ་བཞིན་མི་མང་ནང་ལོགས་ནས་ཀྱང་དུས་ཀྱི་དགོས་མཁོ་མང་པོ་ཞོིག་ཁྱེད་རང་གིས་གནང་ཐུབ་ཀྱི་འདུག་ཅེས་རེ་བ་ཆེན་པོ་གནང་གི་འདུག དེ་ནས་ཆ་རྐྱེན་གསུམ་པ་དེ་ལས་དབང་ཞིག་ཀྱང་དགོས་པ་རེད། ལས་དབང་མེད་ན་ཡོང་གི་མ་རེད། དེར་བརྟེན་ད་ལྟའི་སྐབས་ལ་ཆ་རྐྱེན་གཉིས་དེ་འཛོམས་པའི་ཐོག་ནས་ལས་དབང་ཞིག་ཡོད་པ་ཡིན་ན། འགན་འཁུར་དགོས་བསམ་པའི་འདོད་པ་ཤུགས་ཆེན་པོ་ཡོད། དྲི་བ། སྐུ་ཉིད་སྤྱི་འཐུས་ལོ་ ༢༠ གནང་བ་དང་། ལྷག་པར་དུ་དུས་ཡུན་དེའི་ནང་ལོ་ངོ་ ༧ ལྷག་ལ་སྤྱི་འཐུས་ཚོགས་གཙོ་གནང་བའི་རིང་གྲུབ་འབྲས་ཆེ་ཤོས་གང་དང་གང་བྱུང་བར་ངོས་འཛིན་གནང་གི་ཡོད། ལན། ལོ་བདུན་དང་ཕྱེད་ཀར་ཚོགས་གཙོ་བྱས་པའི་དུས་ཡུན་ནང་སྤྱི་འཐུས་ལྷན་ཁང་གི་ངོ་བོའི་ཐོག་ནས་སྤྱི་འཐུས་རྣམ་པ་ཕྱོགས་སྐྱོད་དུ་ཕེབས་རྒྱུ་དང་། མི་མང་ལ་འགན་འཁུར་བ་སོགས་ཀྱི་ཐོག་ལེགས་བཅོས་བྱེད་ཐུབ་སོང་བསམ་གྱི་འདུག དེ་བཞིན་གྲོས་ཚོགས་ནང་ལོགས་སུ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དང་ཆབ་སྲིད་ཀྱི་ཐོག་བགྲོ་གླེང་གནང་བ་སོགས་གང་ཅིའི་ཐོག་ནས་ཚད་མཐོ་རུ་ཕྱིན་ཡོད་པ་དང་། རྒྱ་གར་གཙོ་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྤྱི་འཐུས་རྣམ་པ་ཚོས་འགན་འཁུར་ཏེ་བོད་དོན་ཞུ་གཏུག་དང་མི་སྣར་མཇལ་འཕྲད་གནང་རྒྱུ་དེ་ཚོའི་ཐོག་སྔར་དང་མ་འདྲ་བའི་ཤུགས་རྒྱག་ཐུབ་པ་བྱུང་སོང་། ཆུང་ས་ནས་གྲོས་ཚོགས་ཀྱི་ཚོགས་ཁང་བརྒྱབ་པ་སོགས་ཐོག་མར་ཚོགས་གཙོ་བྱེད་སྐབས་དེ་བྱེད་དགོས་བསམ་པ་མང་པོ་ཞིག་འགྲུབ་སོང་བསམ་པའི་སྤོབས་པ་ཡོད། དེ་ཚོ་ཞུས་པའི་སྐབས་སུ་ང་ཚོགས་གཙོ་གཅིག་པུས་འཇོན་ཡོད་ཟེར་གྱི་མེད། ལས་དོན་ག་འདྲ་ཞིག་ཡིན་ནའང་མཉམ་རུབ་ཀྱི་ནུས་པ་འདོན་དགོས་པ་དེ་གལ་ཆེན་པོ་ཡིན་སྟབས། ང་ཚོགས་གཙོ་ཡིན་པའི་ཆ་ནས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། དེའི་སྔོན་ལ་རྒྱ་རི་སྒྲོལ་མ་ལགས་གཉིས་ཀྱིས་མཐུན་འགྱུར་ཡག་པོ་གནང་བ་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོས་མཐུན་འགྱུར་ཡག་པོ་གནང་བ། གྲོས་ཚོགས་ཀྱིས་མཐུན་འགྱུར་ཡག་པོ་གནང་བ་བཅས་ལ་བརྟེན་ནས་བྱུང་བ་རེད། མ་འོངས་པར་སྲིད་སྐྱོང་བྱས་པ་ཡིན་ནའང་སྲིད་སྐྱོང་མི་གཅིག་པུས་འཇོན་པ་གང་ཡང་ཡོད་པ་མ་རེད། ཡིན་ནའང་སྲིད་སྐྱོང་གིས་མགོ་ཁྲིད་པའི་ཐོག་ནས་བཀའ་བློན་རྣམ་པ་ཚོས་མཉམ་རུབ་ཀྱི་ནུས་པ་འདོན་ཐུབ་ལ། འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཐུན་མོང་གིས་ཆབ་སྲིད་ཀྱི་ཐོག་ལ་ནུས་པ་མཉམ་སྤུངས་བྱེད་དགོས་ཀྱི་འདུག འཛིན་སྐྱོང་གི་ཐོག་ལ་ལས་དོན་ཐ་དད་ཡིན་ནའང་གྲོས་ཚོགས་ལ་འགན་འཁུར་རྒྱུ་དང་ལན་རྒྱག་རྒྱུ་སོགས་གང་ཅིའི་ཐོག་ནས་སྤྱི་འཐུས་ བྱས་པའི་ལོ་ ༢༠ ཡི་ཉམས་མྱོང་དང་། དེའི་སྒང་ལ་ཚོགས་གཙོ་བྱས་པའི་ཉམས་མྱོང་ཡོད་སྟབས་འགྲོ་ལུགས་འགྲོ་ སྟངས་དེ་ཚོ་ཚད་དང་ལྡན་པ་སྒྲིག་གཞི་དང་མཐུན་པའི་ཐོག་ནས་འགྲོ་ཐུབ་ཀྱི་རེད་བསམ་གྱི་ཡོད། དྲི་བ། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་སླད་དམངས་གཙོའི་ཀ་བ་གསུམ་གྱི་ནུས་པ་མཉམ་དུ་སྤུངས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་གསུངས་པ་ལྟར། དམངས་གཙོའི་ཀ་བ་གསུམ་གྱི་ནུས་པ་མཉམ་དུ་སྤུངས་ཐུབ་པར་འཆར་གཞི་ག་རེ་ཡོད། ལན། རྩ་བའི་ཆབ་སྲིད་ལས་དོན་དང་འཛིན་སྐྱོང་གི་འགན་དེ་འཛིན་སྐྱོང་ནས་འཁུར་དགོས་ཀྱི་ཡོད་ལ། དེའི་ནང་ནས་ཀྱང་སྲིད་སྐྱོང་གིས་འཁུར་དགོས་ཀྱི་ཡོད་སྟབས། འཛིན་སྐྱོང་གི་ངོས་ནས་ནུས་པ་གང་ཡོད་པ་དེ་འདོན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་། གྲོས་ཚོགས་ནང་འཐུས་མི་མང་པོ་ཡོད་པའི་ཆ་ནས་མིའི་ནུས་པ་ཆེ་བ་ཡོད་པ་རེད། ད་ལྟའི་ང་ཚོའི་ཆབ་སྲིད་གནས་བབ་གཞིར་བཞག་སྟེ་རྩ་བའི་འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་བཅས་ནས་སོ་སོས་སོ་སོའི་དབང་ཆ་འཆར་འགོད་བྱས་ཏེ་འཛིན་སྐྱོང་གིས་སྟངས་འཛིན་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་ཆབ་སྲིད་ཀྱི་གནས་བབ་ལ་གཞིར་བཞག་ཡོང་དུས། འཛིན་སྐྱོང་གི་ནུས་པའི་སྒང་ལ་གྲོས་ཚོགས་ཀྱི་ནུས་པ་མཉམ་དུ་སྤུངས་ཏེ་གཉིས་ཀ་ཡག་པོ་ལྷུ་བསྒྲིགས་ནས་འགྲོ་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། དཔེར་ན། རྒྱལ་སྤྱིའི་ནང་ཆ་བཞག་ན། ཕྱི་རྒྱལ་དོན་གཅོད་ཁག་གིས་ལས་དོན་བྱེད་ཕྱོགས་ལྟ་བུ་ཡིན་ན། དོན་གཅོད་དང་ས་གནས་སྤྱི་འཐུས། བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཚང་མས་གཅིག་གིས་གཅིག་ལ་ལས་འགན་ངོ་འཕྲོད་པ་བྱས་ཏེ། ང་ཚོར་ནུས་པ་གང་ཡོད་པ་དེ་ཚང་མ་ལྷུ་ག་འདྲ་བསྒྲིག་དགོས་པ་སོགས་ཀྱི་ཐོག་ཤུགས་རྒྱག་དགོས་ཀྱི་འདུག དྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་ཡར་རྒྱས་དང་ཚགས་ཚུད་དུ་གཏོང་བར་སྔར་ཡོད་ལས་དོན་ཡར་རྒྱས་གཏོང་དགོས་པ་དང་། གསར་དུ་མགོ་རྩོམ་དགོས་པ་གང་དག་མཐོང་གི་ཡོད་དམ། ལན། ཆོས་རིག་དང་བདེ་སྲུང་ལྟ་བུ་ཡིན་ན། ད་ལྟའི་ལས་དོན་གང་ལ་གང་འཚམ་ཞིག་རང་འཇགས་ལྷག་གི་རེད་བསམ་གྱི་འདུག ཡིན་ནའང་། བདེ་སྲུང་ཡིན་ན་དེང་སང་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་སྟབས། སྐུ་ཕྱྭ་དང་ཉེན་ཚབ་ཡོད་པའི་གནད་དོན་དེ་ཚོའི་སྒང་ལ་ཞིབ་ཚགས་སུ་གཏོང་རྒྱུ་དང་། འབྲེལ་ཡོད་གང་ཟག་དེ་ཚོའི་རྒྱབ་ལྗོངས་ལོ་རྒྱུས་དང་དངོས་ཡོད་གནས་སྟངས་ག་རེ་ཆགས་ཀྱི་ཡོད་མེད་ལ་ཞིབ་ཚགས་ཀྱིས་ལྟ་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་དོལ་རྒྱལ་བསྟེན་མཁན་མི་རེ་རེའི་རྒྱབ་ལྗོངས་དང་དེ་ཚོ་གང་ནས་ཡོང་གི་འདུག བོད་པ་ཙམ་མིན་པར་ཕྱི་རྒྱལ་མི་རིགས་ཚོ་ཡིན་ནའང་ཁོངས་ག་འདྲ་རེད་འདུག རྒྱབ་ལྗོངས་དང་དམིགས་ཡུལ་ག་རེ་རེད་འདུག དེ་ཚོ་ཚང་མར་ཞིབ་ཚགས་ཀྱིས་བལྟས་ཏེ་གདོང་ལེན་བྱེད་སྟངས་ཐད་བསམ་བློ་གཏོང་དགོས་ཀྱི་འདུག ཉེ་ཆར་ང་ཨ་རིར་ཕྱིན་སྐབས་གནས་སྟངས་དེ་ཚོར་གདོང་ལེན་བྱེད་སྟངས་རེ་རེའི་ཐོག་ནས་བསམ་བློ་གསར་པ་མང་པོ་ཞིག་ཡོང་གི་འདུག དེ་བཞིན་ཆོས་རིག་ལས་ཁུངས་ཡིན་ན། ཆོས་རིག་ལས་ཁུངས་བརྒྱུད་དེ་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་བླ་མ་དགེ་བཤེས་ཚོས་བོད་རིགས་གཞོན་སྐྱེས་དང་། ལྷག་པར་དུ་མཐོ་སློབ་ཁག་གི་སློབ་མ་ཚོ་ཡིན་ན་གང་ལ་གང་འཚམ་མགོ་ཚོས་མཁན་ཡིན་དུས། དེ་ཚོར་དམིགས་བསལ་གྱིས་གུང་གསེང་གི་སྐབས་སུ་ནང་ཆོས་རང་གི་ཐོག་ནས་སློབ་སྦྱོང་སྤྲོད་ཐུབ་པ་ཡིན་ན་ཏན་ཏན་ཐུགས་ཕན་གསོ་ཐུབ་ས་རེད་བསམ་གྱི་འདུག གང་ཡིན་ཟེར་ན། མི་རབས་གསར་པ་མང་པོ་ཞིག་ལམ་ཀ་མ་ནོར་བ་ཞིག་ལ་འཁྲིད་དགོས་ཀྱི་ཡོད་པས་དེ་ཚོའི་ཐོག་ཤུགས་རྒྱག་དགོས་ཀྱི་འདུག ནང་སྲིད་ལས་ཁུངས་ལྟ་བུ་ཡིན་ན། དཔེར་ན། ཉམ་ཐག་ཞིབ་འཇུག་གི་ལས་གཞི་ཞིག་འགྲོ་བཞིན་ཡོད་ལ། སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་ཉམ་ཐག་མང་དུ་འགྲོ་ཡི་ཡོད་པ་འདྲ་བོ་དང་། གསོ་སྐྱོང་མང་བ་བྱེད་བསྡད་དགོས་པའི་གནས་སྟངས་ཤིག་ཡོང་གི་ཡོད་སྟབས། ཉམ་ཐག་ཞིབ་འཇུག་བསྐྱར་དུ་བྱེད་དགོས་པ་ཞིག་མཐོང་གི་འདུག དངོས་ཡོད་ཉམ་ཐག་ཡིན་མཁན་ལ་ང་ཚོས་ཏན་ཏན་རོགས་པ་བྱེད་དགོས་པ་རེད། ཡིན་ནའང་། སྤྱི་ཚོགས་ཡར་རྒྱས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ཏེ་ཉམ་ཐག་མང་དུ་འགྲོ་བཞིན་ཡོད་པ་དེ་བསམ་བློའི་ནང་མ་ཤོང་བའི་གནས་སྟངས་ཤིག་ཆགས་ཡོད་སྟབས། དངོས་ཡོད་གནས་སྟངས་གཞིར་བཞག་ནས་དེ་ལ་འགྲོ་སྟངས་ཤིག་བཟོ་དགོས་ཀྱི་འདུག དེ་བཞིན། གཞིས་ཆགས་དང་སློབ་གྲྭ་ཁག་གི་གནས་སྟངས་ཡིན་ན། ཤེས་རིག་ལའང་འབྲེལ་བ་ཆགས་བསྡད་ཡོད་པ་རེད། གཞིས་ཆགས་འཚོ་ཐུབ་ལ་མ་ཐུབ་བྱས་ནས་ཁ་འཐོར་དུ་གནས་བསྡད་པ་ལས་གཞིས་ཆགས་ཆེ་བ་ཁ་ཤས་ནང་ཟླ་སྒྲིལ་བཏང་སྟེ། གནས་སྟངས་ཡར་རྒྱས་བཏང་ནས་སྨན་ཁང་ཡིན་ན་སྨན་ཁང་ཚད་ལྡན། སློབ་གྲྭ་ཡིན་ན་སློབ་གྲྭ་ཚད་ལྡན། རྒན་གསོ་ཁང་ཡིན་ན་རྒན་གསོ་ཁང་ཚད་ལྡན་ཡོད་པ་སོགས་གཞིས་ཆགས་འཚོ་ཐུབ་པའི་གནས་བབ་བཟོ་བར་ད་ལྟ་ནས་བསམ་བློ་བཏང་སྟེ། འདས་པའི་ལོ་ ༡༠ དང་ ༡༥ ནང་སྤྱི་ཚོགས་ལ་འགྱུར་བ་ག་འདྲ་ཕྱིན་འདུག དེ་ཚོར་ཏན་ཏན་གྲངས་ཐོ་ཞིག་ལེན་དགོས་ཀྱི་འདུག གྲངས་ཐོ་དེའི་ཐོག་ནས་ཉམས་ཞིབ་ཅིག་བྱས་ཏེ་འབྱུང་འགྱུར་གྱི་ལོ་ ༡༠ དང་ ༡༥ ནང་ག་འདྲ་ཆགས་ས་རེད། དེ་ལ་དཔག་པའི་གདོང་ལེན་བྱེད་སྟངས་ཆ་ཚང་ཞིག་བང་སྒྲིག་དགོས་ཀྱི་འདུག དེ་དང་འབྲེལ་བ་ཡོད་པའི་ཤེས་རིག་དང་འཕྲོད་བསྟེན་ཡིན་ནའང་དེ་བཞིན་ཆགས་ཡོང་གི་ཡོད་པ་རེད། དེ་ནས་དཔལ་འབྱོར་གནས་སྟངས་ལྟ་བུ་ཡིན་ན། སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་ཡོད་སྟབས་ང་ཚོས་དངོས་གནས་རང་ཁ་རང་གསོ་བྱེད་དགོས་ཀྱི་ཡོད་ན། བོད་པ་རང་ངོས་ནས་དཔལ་འབྱོར་འདུ་འགོད་སོགས་གང་ཅིའི་ཐད་ལ་གོམ་པ་རྒྱག་དགོས་ཀྱི་ཡོད་པ་རེད། ད་ལྟ་ང་ཚོའི་དངུལ་འཛིན་ནང་ཨ་སྒོར་ས་ཡ་ ༣༨ ཡི་འགྲོ་སོང་གཏོང་གི་ཡོད་པ་དང་། དེའི་ནང་བོད་པ་རང་གི་དངུལ་བསྡུས་པ་དེ་ས་ཡ་ ༢ ཙམ་མ་གཏོགས་སླེབས་ཀྱི་ཡོད་པ་མ་རེད། དེ་ཚོ་རིམ་གྱིས་བོད་མིའི་བསམ་བློའི་ནང་བླུགས་ཏེ་བོད་པ་རང་གི་འཐབ་རྩོད་ལ་རོགས་པ་བྱེད་པ་དང་། བོད་པ་ཕྱུག་པོ་ཚོས་བོད་པ་སྐྱོ་བོ་ཚོར་རོགས་བྱེད་པ་སོགས་ཀྱི་ཐད་བསམ་བློ་རང་གི་ཐོག་ལ་འགྱུར་བ་གཏོང་ཐུབ་པར་འབད་བརྩོན་དགོས་པ་གལ་ཆེན་པོ་ཆགས་འདུག ཕྱི་འབྲེལ་ཡིན་ན་རྩ་བའི་ངས་གོང་དུ་ཞུས་པ་ལྟར། འཛམ་གླིང་ནང་སྙོབ་ཐུབ་པའི་ལས་ཁུངས་ཁག་ཅིག་ཡོད་ཀྱང་། ལས་ཁུངས་བཅུ་གཉིས་བཅུ་གསུམ་ཞིག་གིས་འཛམ་གླིང་ཁྱོན་ཡོངས་ལ་ལྟ་དགོས་སྟབས། མིའི་ནུས་པ་དང་དཔལ་འབྱོར་གྱི་ནུས་པ་ཞན་པོ་རེད་དེ། ཞན་པོ་དེ་ལ་དཔག་པའི་ནུས་པ་མཉམ་སྤུངས་ག་འདྲ་བྱེད་དགོས་ཀྱི་ཡོད་མེད་ངས་གོང་དུ་ཞུས་པ་ལྟར་རེད། བོད་རིགས་སྤྱི་མཐུན་ཚོགས་པ་དེ་ཚོ་ནུས་པ་ལྡན་པ་ག་འདྲ་བཟོ་དགོས་ཀྱི་འདུག ད་ལྟའི་སྐབས་ལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོ་བོ་དེ་ཞེ་དྲགས་གསལ་བོ་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་སྟབས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ལོགས་ནས་ཤུགས་ཆེ་བ་དེ་ཚོས་ལས་དོན་བྱེད་ཕྱོགས་ཐད་ས་གནས་སྤྱི་འཐུས་བཅས་ཚང་མ་མཉམ་རུབ་ཀྱིས་ག་འདྲ་བྱེད་དགོས་ཀྱི་འདུག དེ་ཚོའི་སྒང་ལ་ད་ལྟ་ལས་ཤུགས་མང་བ་རྒྱག་དགོས་ཀྱི་འདུག་མ་གཏོགས། ད་ལྟའི་གནས་སྟངས་ཐོག་མུ་མཐུད་གནས་བ་ཡིན་ན། ནམ་ཞིག་གནས་སྟངས་ཁག་པོ་ཞིག་ཆགས་ས་རེད་བསམ་གྱི་འདུག དྲི་བ། ད་ལྟ་ཕྱི་རྒྱལ་ཁག་ཏུ་བོད་མི་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད། བོད་པའི་འཐབ་རྩོད་ནང་ཆ་ཤས་ལེན་ཐུབ་དང་བོད་པ་མཉམ་རུབ་ཡོང་ཐབས་ཐོག་འཆར་གཞི་གང་འདྲ་ཡོད་དམ། ལན། བྱང་ཨ་མེ་རི་ཁ་འདྲ་བོ་ཡིན་ན་ལུང་པ་གཉིས་ཀྱི་ནང་བོད་རིགས་སྤྱི་མཐུན་ཚོགས་ པ་ ༣༠ ཙམ་ཡོད་པ་རེད། ཡུ་རོབ་ཡིན་ན་ལུང་པ་མང་པོ་ཞེ་དྲགས་ཡོད་ལ། ཕལ་ཆེར་ལུང་པ་རེ་རེའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་རེ་རེ་ཡོད་དུས། དོན་གཅོད་ཀྱིས་སྙོབ་མ་ཐུབ་པའི་ས་ཆ་དེ་ཚོར་ཆབ་སྲིད་ཀྱི་ཞུ་སྐུལ་དང་ལས་འགུལ་སྤེལ་དགོས་ཀྱི་ཡོད་ན་རེད། སྤྱི་ཚོགས་རུག་རུག་བཟོ་དགོས་ཀྱི་ཡོད་ནའང་རེད། དེ་ཚོའི་ཐོག་ལ་བོད་རིགས་སྤྱི་མཐུན་ཚོགས་པ་ཚོར་ལས་འགན་ཤུགས་ཆེན་པོ་ཆགས་ཀྱི་ཡོད་པ་ལྟར། ལས་འགན་འཁུར་ཐུབ་པའི་ཆེད་དུ་ཁོང་ཚོར་སློབ་སྦྱོང་ག་རེ་སྤྲོད་དགོས་ཀྱི་འདུག མཐུན་རྐྱེན་ག་རེ་སྦྱོར་དགོས་ཀྱི་འདུག་དེ་ཚོར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། དེ་བཞིན། ཤེས་ཡོན་གྱི་ཐོག་ལ་སྐད་ཆ་བཤད་ཡོང་དུས། དཔེར་ན། བོད་མི་མང་པོ་ཕར་འགྲོ་ཡི་ཡོད་པས་ཕར་ཕྱོགས་ནས་བོད་པའི་སློབ་གྲྭ་འཛུགས་ཐུབ་ཀྱི་རེད་དང་མ་རེད་ཟེར་བ་དེ་ཚོའི་གྲས་དེ། སློབ་གྲྭ་འཛུགས་པ་ལ་སློབ་ཕྲུག་དགོས་པ་རེད་མ་གཏོགས་ཁང་པ་དང་ས་ཆ་ཉོ་བར་ཨ་རི་དང་ཡུ་རོབ་གང་ལའང་དཀའ་ངལ་ཡོད་པ་རེད་བསམ་གྱི་མི་འདུག ཡིན་ནའང་། མགོ་མ་བཙུགས་པའི་སྔོན་དུ་དབྱར་ཀའི་གུང་གསེང་སྐབས་བོད་པའི་བྱིས་པ་རྒན་གཞོན་བར་གསུམ་ཚང་མ་ཡོང་ས་ཡོད་པ་དང་། དེའི་ནང་མགོ་ཁྲིད་ཀྱི་ཟབ་སྦྱོང་དང་ནང་ཆོས་ངོ་སྤྲོད། བོད་སྐད་ཡིག་སློབ་ཁྲིད་སོགས་ནས་རིམ་གྱིས་མགོ་བཙུགས་ཏེ། བོད་པའི་སློབ་གྲྭ་འཛུགས་ཐུབ་ས་རེད་དང་མ་རེད་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་འདུག བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་ཐོག་ནས་ད་ལྟའི་བཀའ་ཤག་གིས་གང་ལ་གང་འཚམ་ཞིག་གནང་ཡོད་ཀྱང་། ད་དུང་ཤུགས་ཆེ་ཙམ་གནང་སྟེ་བོད་པ་ཅི་ཙམ་གྱིས་འཐོར་བསྡད་ཡོད་ནའང་། དབྱིན་ཇིའི་སྐད་ནང་(Inclusiveness)སྟེ་ཚང་མ་ནང་ལ་ཚུད་ཐུབ་པར་འབད་བརྩོན་བྱེད་རྒྱུ་དེ་དགོས་མཁོ་དང་པོ་དང་། གཞན་ལ་བརྟེན་མི་དགོས་པར་ང་རང་ཚོའི་ངོས་ནས་བྱེད་ཐུབ་པ་དེ་རེད་འདུག ཡིན་ནའང་། བོད་པ་ཁ་ཤས་ཀྱིས་སོ་སོའི་འཚོ་བ་སྐྱེལ་ཐབས་འགྲིག་གི་འདུག་ན་གཞན་པ་དགོས་ཀྱི་མི་འདུག་བསམ་གྱི་ཡོད་པ་དེ་ཚོར་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། འོན་ཀྱང་། ང་རང་ཚོས་འབད་བརྩོན་ལྷོད་མེད་བྱས་པ་ཡིན་ན། བོད་པ་ཚོ་རུག་རུག་ཆགས་ཐུབ་པ་དེ་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ཡིན་ལ། བོད་མིའི་སྒྲིག་འཛུགས་འདི་གནས་བ་ཡིན་ན་དགེ་མཚན་ག་རེ་འདུག མ་གནས་ན་སྐྱོན་ག་རེ་ཆགས་ཀྱི་འདུག་དེ་ཚོ་མི་མང་གིས་ཧ་གོ་དགོས་པ་དེ་དཔེ་གལ་ཆེན་པོ་ཡིན་སྟབས། དེ་ཚོ་མི་མང་ནང་ངོ་སྤྲོད་བྱ་རྒྱུ་དང་། ལྷག་པར་དུ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་ཚོར་དཔེ་མི་སྲིད་པའི་འགན་ཆེན་པོ་འདུག དེ་ཚོ་ཚང་མ་ང་ཚོས་རིམ་གྱིས་བང་ཞིག་བསྒྲིགས་ཏེ་ནུས་པ་སྒྲིལ་ཐུབ་པར་འབད་ བརྩོན་བྱེད་པའི་ཐད། ངས་སྲིད་སྐྱོང་གི་འགན་ཞིག་འཁུར་བ་ཡིན་ན་ནུས་པ་འཐོན་ཐུབ་པའི་ལས་ཀ་ཏན་ཏན་མང་པོ་ཡོད་པ་རེད་བསམ་གྱི་ཡོད། དྲི་བ། བོད་རྒྱའི་འབྲེལ་མོལ་ཆད་དེ་ལོ་ཤས་ཕྱིན་ཡོད་སྟབས། གལ་སྲིད་སྐུ་ཉིད་སྲིད་སྐྱོང་ཆགས་པ་ཡིན་ན། འབྲེལ་མོལ་བསྐྱར་མཐུད་ཡོང་བར་ཐབས་ཤེས་ག་རེ་ཡོད། ལན། ད་ལྟ་ང་ཚོགས་གཙོ་ཡིན་པའི་ཆ་ནས་དེའི་ཐད་དམིགས་བསལ་གྱིས་ལས་འགན་མེད་སྟབས། འདི་དང་དེ་གནང་གི་ཡོད་པ་རད་དང་མ་རེད་ཟེར་ནས་ཞུ་ཐུབ་ཀྱི་མི་འདུག་སྟེ། གལ་སྲིད་ང་སྲིད་སྐྱོང་ཆགས་པ་ཡིན་ན། རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་ཡོད་མཁན་བོད་མིའི་ནང་ཡོད་རྒྱུ་རེད་ལ། རྒྱ་མི་དང་རྒྱལ་སྤྱིའི་ཚོགས་པ་དེ་ཚོའི་ནང་དུའང་ཆབ་སྲིད་ཀྱི་ཐོག་ནས་མེད་ཀྱང་། ཚོང་གི་འབྲེལ་ལམ་གྱི་ཐོག་ནས་རྒྱ་ནག་གི་དཔོན་རིགས་ཁག་ལ་ཐད་ཀར་འབྲེལ་བ་ཡོད་མཁན་དེ་འདྲ་སྔོན་མར་བྱུང་ཡོད་པ་རེད་ལ། མ་འོངས་པར་ཡང་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག དེ་འདྲ་བརྒྱུད་དེ་ཐད་ཀར་སྙོབ་ཐུབ་པ་ཞིག་ག་རེ་འདུག དེ་མིན་རྒྱལ་ཁབ་གཞན་པའི་ཆབ་སྲིད་པ་སྙན་གྲགས་ཅན་དེ་འདྲ་བརྒྱུད་དེ། བོད་པའི་དཀའ་རྙོག་སེལ་བ་ཡིན་ན་རྒྱ་ནག་ལ་ཁེ་ཕན་གང་དང་གང་ཡོད་པ་གོ་བརྡ་སྤྲོད་ཐུབ་པའི་གནས་སྟངས་ག་རེ་འདུག ཡང་མིན་ན་ཤེས་ཡོན་ཅན་དེ་འདྲ་བརྒྱུད་ནས་བྱ་རྒྱུ་ག་རེ་འདུག ལྷག་པར་དུ་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ལོ་རྒྱུས་ལ་མཁས་པ་དང་རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་མང་པོ་ཡོད་སྟབས། ཁོ་ཚོ་མི་སྒེར་གྱི་བསམ་ཚུལ་དང་ཐུན་མོང་གི་བསམ་ཚུལ་ལ་གཞི་བཅོལ་ཏེ་ལས་ཀ་ག་འདྲ་བྱེད་དགོས་ཀྱི་འདུག དེ་བཞིན་རྒྱལ་སྤྱིའི་ནང་ཞི་མོལ་ཐོག་མཁས་པ་དེ་འདྲ་ཡོད་པ་ཚོར་འབྲེལ་བ་བྱས་ཏེ་ལམ་སྟོན་ཞུ་དགོས་པ་ག་རེ་འདུག གང་ལྟར་ཕྱོགས་ཡོངས་ནས་ང་རང་ཚོས་འབད་བརྩོན་བྱེད་དགོས་པ་རེད། རྒྱ་ནག་གི་ད་ལྟའི་དམར་པོའི་གཞུང་དེ་མུ་མཐུད་གནས་ཀྱི་རེད་དམ་ཟེར་ན་བཤད་ཁག་པོ་རེད། དཔེར་ན། ཉེ་ཆར་རྒྱ་ནག་གི་ཁྲོམ་རའི་ནང་མ་རྩ་མང་པོ་བརྡིབས་བསྡད་པའི་གནས་སྟངས་དེ་ཚོ་ཡིན་ན། ང་ཚོས་ཞིབ་ཚགས་པོ་བྱས་ནས་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན། དེའི་རྐྱེན་གྱིས་རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་གནས་བབ་ལ་དོ་ཕོག་ག་རེ་འགྲོ་ས་རེད། དེ་བཞིན་ཆབ་སྲིད་གནས་བབ་ལ་དོ་ཕོག་ག་འདྲ་འགྲོ་ས་རེད། ད་ལྟ་རྒྱ་ནག་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་པའི་སྐབས་འདིར་གོ་སྐབས་ཤིག་བྱུང་མཚམས། ང་ཚོས་གོ་སྐབས་དེ་འཛིན་ཐུབ་པའི་ཆེད་དུ་ཚོགས་ཆུང་མི་འདྲ་བ་ཇི་ལྟར་འཛུགས་དགོས་ཀྱི་འདུག གང་ལྟར་ཆབ་སྲིད་དང་ཆོས་ཕྱོགས། ཁོར་ཡུག་སོགས་གང་ཅིའི་ཐོག་ནས་ང་ཚོས་གྲ་སྒྲིག་ཨང་གསར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲའི་གནས་སྟངས་ཤིག་མ་བསླེབས་བར་དུ་ང་ཚོའི་བོད་མིའི་སྒྲིག་འཛུགས་འདི་སྲ་བརྟན་གནས་ཐུབ་པ་དང་། མང་ཚོགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་བློ་གཏད་ཐུབ་པ། དེ་བཞིན་རྒྱལ་སྤྱིའི་ནང་བོད་པའི་གནད་དོན་དེ་གནས་ཐུབ་པར་འབད་བརྩོན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ཕྱོགས་གཅིག་ནས་རྒྱ་ནག་ལ་ཕར་ག་ཚོད་སྙོབ་ཐུབ་ཐུབ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་ནང་དང་བོད་པའི་སྤྱི་ཚོགས་འདི་སྲ་ཐག་ཐག་གནས་ཐུབ་དགོས་པ་གལ་ཆེ་ཤོས་ཆགས་ཡོད། དྲི་བ། བཙན་བྱོལ་བོད་མིའི་དགོན་སྡེ་དང་སློབ་གྲྭ་ཁག་གི་ནང་འཛུལ་ཞུགས་བྱེད་མཁན་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་ཆ་བཞག་ནའང་ལས་བྱེད་མང་པོས་རྩ་དགོངས་ཞུས་འགྲོ་ཡི་ཡོད་པའི་ཐད་ག་རེ་གནང་དགོས་པར་དགོངས་ཀྱི་ཡོད། ལན། ཆོས་རིག་ལས་ཁུངས་ནས་ད་ལྟ་རྒྱ་བལ་འབྲུག་གསུམ་ནང་བོད་པའི་དགོན་སྡེ་ ༢༦༥ ཡོད་པའི་གྲངས་ཀ་རྩི་ཡི་ཡོད་པ་དང་། ཁྱོན་གྲྭ་བཙུན་ཁྲི་ ༤ ཙམ་ཡོད་པའི་ནང་ནས་བརྒྱ་ཆ་ ༥༤ ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཡིན་པ་དང་། བརྒྱ་ཆ་ ༤༦ བོད་པ་ཡིན་པའི་འགྲེལ་བཤད་སྐྱོན་གྱི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་ནས་ནང་པའི་ཆོས་བྱེད་མཁན་དེ་ངེས་པར་དུ་དགེ་འདུན་པ་གཅིག་པུ་ཡིན་དགོས་པ་མ་རེད་ཅེས་གསུང་གི་ཡོད་པ་ལྟར། ནང་ཆོས་སློབ་སྦྱོང་དེ་སྐྱ་བོ་ཕོ་མོ་ག་འདྲ་ཞིག་ཡིན་ནའང་བྱེད་ཆོག་པ་ཞིག་རེད། དགོན་སྡེའི་ནང་གྲྭ་བ་དང་བཙུན་མ་གང་ཡོད་པ་དེ་སྤུས་དག་པོ་ཞིག་ཡིན་དགོས་པ་གལ་ཆེན་པོ་རེད། ངས་གྲྭ་བཙུན་མང་ཉུང་གི་ཁྱད་པར་མིན་པར་སྤུས་ཚད་ཡག་ལུགས་ཀྱི་ཁྱད་པར་རེད་བསམ་གྱི་འདུག སྐྱ་བོ་ཡིན་ནའང་ཐར་པ་ཐོབ་མ་ཆོག་པ་གང་ཡང་མ་རེད། བོད་པ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་ཧི་མ་ལ་ཡའི་རི་རྒྱུད་པ་ཚོ་མང་དུ་འགྲོ་བཞིན་ཡོད་ལ། དེ་བཞིན་ནུབ་ཕྱོགས་མི་རིགས་ནང་དུའང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད། དྷ་རམ་ས་ལའི་ལྷན་ཁང་ཁག་གི་ལས་བྱེད་མང་པོ་ཞིག་ཕར་ཚུར་འགྲོ་ཡི་ཡོད་པ་དེ་དངོས་ཡོད་རེད། ཉེ་ཆར་ག་འདྲ་ཡིན་པ་ངས་ཧ་གོ་མ་སོང་མ་གཏོགས་ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་གྱི་གནས་སྟངས་ཐད་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་སྐད་ཆ་འདྲི་སྐབས། མི་ ༡༠༠ ཡར་འཛུལ་བ་ཡིན་ན་མི་ ༤༧ མར་ཐོན་འགྲོ་ཡི་འདུག་ཟེར་བའི་འགྲེལ་བཤད་ཅིག་གནང་ཡོད་པ་རེད། ད་ལྟ་གཅིག་བྱས་ན་དེ་ལས་མང་དུ་ཕྱིན་ཡོད་སྲིད་པ་རེད། དེ་ཚོ་མང་པོ་ཞིག་འཚོ་བའི་ཐོག་བསམ་བློ་བཏང་ནས་ཐོན་འགྲོ་ཡི་ཡོད་པ་དང་། ཡང་མང་པོ་ཞིག་སོ་སོའི་ཕྲུ་གུར་མདུན་ལམ་ཡག་པོ་ཞིག་ཡོང་བའི་ཆེད་དུ་འགྲོ་ཡི་ཡོད་པ་དེ་འདྲ་ཡོང་གི་འདུག ཡང་ཁག་ཅིག་ཕར་ཕྱོགས་ནས་མི་སེར་ཆགས་ཚར་ན་ཡང་ཚུར་ཡོང་སྟེ་ཞབས་ཞུ་ཞུ་ཡི་ཡོད་པ་རེད། ཡིན་ནའང་། ད་ལྟའི་དུས་ཚོད་ནང་མང་པོ་ཞིག་ལ་ཕར་འགྲོ་བའི་བསམ་བློ་ཤུགས་ཆེ་བ་ཡོད་པ་དང་། ཕར་ཕྱོགས་ཀྱི་སོ་སོའི་འཚོ་བའི་རྟེན་གཞི་དེ་དང་པོ་ཡག་པོ་ཞིག་ཆགས་དང་མ་ཆགས་ཀྱི་གནས་སྟངས་འོག་ལྷག་བསྡད་ཡོད་པ་ཞིག་མཐོང་གི་འདུག ནམ་ཞིག་ཕར་ཕྱོགས་ཀྱི་འཚོ་བའི་གནས་སྟངས་ཡག་པོ་ཞིག་ཆགས་པ་ཡིན་ན། ཚུར་སོ་སོའི་སྤྱི་ཚོགས་ནང་ཡོང་སྟེ་ལས་ཀ་བྱེད་པའི་རིམ་པ་ཞིག་ལོ་ ༥ དང་ ༡༠ ཡི་ནང་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག ཡང་ཕྱོགས་གཞན་ཞིག་ནས་གཞོན་སྐྱེས་མང་པོ་ཞིག་ལ་ལས་ཀ་མི་འདུག་ཟེར་གྱི་ཡོད་དུས། འདི་ནས་ཉམས་མྱོང་བསགས་རྗེས་ཕར་ཕྱོགས་ནས་བྱེད་དགོས་པ་དེ་ཚོ་བྱས་ན། བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་མྱོང་བའི་རྒྱུ་མཚན་ལ་བརྟེན་ནས་བོད་པའི་གནད་དོན་མགོ་འཚོས་པོ་ཡོད་པ་རེད། དཔེར་ན། དགེ་རྒན་ཞིག་ཡིན་ན། འདི་ནས་དགེ་རྒན་མང་པོ་ཞིག་ཕར་འགྲོ་ཡི་འདུག་ཅེས་སྐད་ཤོར་གྱི་ཡོད་ཀྱང་། ཕར་ཕྱོགས་ནས་གཟའ་སྤེན་པ་ཉི་མའི་བོད་ཡིག་འཛིན་གྲྭ་དེ་ཚོར་ཕན་ཞེ་དྲགས་ཐོགས་ཀྱི་འདུག འདིར་བོད་མིའི་སྒྲིག་འཛུགས་ནང་མི་ལྔ་བརྒྱ་དྲུག་བརྒྱ་ཞིག་ལ་མ་གཏོགས་ལས་ཀ་སྤྲོད་ཐུབ་ཀྱི་མེད་སྟབས། མི་རྙིང་པ་ཤ་སྟག་བསྡད་བསྡད་པ་ཡིན་ན་གསར་པ་ཚོ་འཛུལ་སའི་གོ་སྐབས་མེད་སྟབས། ད་ལྟའི་བརྒྱུད་སྤྲོད་དེ་མཚམས་མཚམས་ལ་སེམས་ཁྲལ་ཆེན་པོ་བྱེད་དགོས་པ་ཞིག་ཡིན་ཡང་། མཚམས་མཚམས་ལ་གོ་སྐབས་ཤིག་ཆགས་ཀྱི་འདུག་བསམ་པའང་ཡོང་གི་འདུག དྲི་བ། མ་འོངས་པར་མི་མང་ནང་སྲིད་སྐྱོང་འོས་མིའི་གསུང་བཤད་དང་ཁྱབ་བསྒྲགས་སོགས་ཀྱི་ལས་རིམ་ག་འདྲ་ཡོད། ལན། འོས་གཞིའི་ནང་ལངས་མཁན་ཁག་ཅིག་ལ་དུས་ཚོད་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ས་གནས་ཁག་མང་པོ་ཞིག་ལ་ཕེབས་ཏེ། སོ་སོའི་རྒྱབ་ལྗོངས་ལོ་རྒྱུས་དང་། མ་འོངས་པར་ག་རེ་གནང་ཐུབ་ཀྱི་ཡོད་དང་མེད་སོགས་ཤོད་ཀྱི་ཡོད་སྟབས། དེ་ཚོ་ཡག་པོ་རེད་བསམ་གྱི་འདུག འོན་ཀྱང་གནང་མི་ཐུབ་པ་ཞིག་གནང་ཐུབ་ཀྱི་ཡོད་ལབ་པ་ཡིན་ན་མི་མང་ལ་མགོ་སྐོར་ཆགས་ཀྱི་ཡོད་པ་རེད། མི་མང་ལ་མགོ་སྐོར་བཏང་ན་འཕྲལ་སེལ་ཁེ་ཕན་ཞིག་ཡོང་མདོག་ཁ་བོ་རེད་དེ། ཕུགས་ལ་རང་གཞན་གཉིས་ཀར་གནོད་ཚབས་ཆེན་པོ་ཡོང་གི་ཡོད་པ་རེད། ང་ལ་མཚོན་ན། ད་ལྟ་སྤྱི་འཐུས་ཚོགས་གཙོའི་ལས་འགན་འཁུར་བསྡད་ཡོད་སྟབས། ས་གནས་སུ་ཕྱིན་ཏེ་མི་མང་ལ་འགྲེལ་བཤད་རྒྱག་རྒྱུ་དེ་དུས་ཚོད་ཀྱིས་ལྕོག་གི་མི་འདུག་ས་གནས་མང་ཚོགས་ལ་དགོངས་སེལ་ཞུ་བཞིན་ཡོད། མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁས་ང་རང་སྲིད་སྐྱོང་འོས་མིར་བཏོན་ཡོད་སྟབས། རྒྱབ་ལྗོངས་ལོ་རྒྱུས་སོགས་གང་ཡོང་ཅི་ཡོང་གིས་འགྲེལ་བཤད་བསྐྱོད་ཀྱི་རེད་བསམ་གྱི་འདུག སྔོན་འགྲོའི་སྔོན་ལ་ང་མང་ཚོགས་ལ་བཅར་ཐུབ་ཀྱི་མི་འདུག གལ་ཏེ་སྔོན་འགྲོའི་ནང་འོས་གང་ལ་གང་འཚམ་ཐོབ་སྟེ་དངོས་གཞིའི་ནང་ཞུགས་དགོས་པའི་གནས་སྟངས་བྱུང་བ་ཡིན་ན། བགྲོ་གླེང་གི་གླེང་སྟེགས་དེ་འདྲའི་ནང་གྲོས་བསྡུར་ཡོང་གི་རེད་ལ། ས་གནས་ཁག་ཚང་མའི་ནང་སྙོབ་ཐུབ་རྒྱུ་ཁག་པོ་རེད་དེ་ས་ཆ་ཁ་ཤས་ནང་སྐོར་བ་རྒྱག་རྒྱུ་ཡོང་གི་རེད། ང་ལ་འོས་བླུགས་པར་ངས་ཅིག་འཇོན་གྱི་རེད་བསམ་པའི་ཐོག་ནས་འོས་བླུག་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། དེ་མ་གཏོགས་ངས་འཇོན་གི་མ་རེད་བསམ་གྱིན་བསམ་གྱིན་ངའི་ཕ་ཡུལ་གཅིག་པ་ཡིན། སྤུན་མཆེད་དུ་འགྲོ་ཡི་ཡོད། གྲོགས་པོ་ཡིན། དེ་བཞིན་གཞིས་ཆགས་གཅིག་པ་ཡིན་ཞེས་བླུགས་ན་ཕན་ཐོགས་ཡོད་པ་མ་རེད། དེར་བརྟེན། འོས་གཞིའི་ནང་དུ་ལངས་མཁན་སུ་ཡོད་ནའང་ཚང་མའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་བལྟས་ཏེ། སོ་སོའི་རྣམ་དཔྱོད་རྩལ་དུ་བཏོན་ནས་ཡིད་ཆེས་རྙེད་པའི་ཐོག་ནས་བླུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གསར་འགོད་པ། པདྨ་མཚོ།
རྒྱ་བོད་གཉིས་ཀྱི་དཀའ་རྙོག་དེ་སྤེན་པ་ཚེ་རིང་གིས་སེལ་མི་ཐུབ་པ་ས་རིས་ཐང་གསལ་རེད། བཙན་བྱོལ་བོད་མིའི་ནང་ཁུལ་རྙོག་གླེང་རྣམས་སེལ་མ་ཐུབ་པར་ཧཧཧཧཧཧཧཧ་་་་་་་་་་ཅིག་ཚོད་ལྟ་གྱིས་དང་མཐོང་ཀི་རེད།
བོད་མི་ཕྱི་རྒྱ་འགྲོ་ཡ་ལ་ཀག་འགོག་བྱེད་མཁན་གཙོ་བོ་ཞིག་རེད། བྷེལ་ཇམ་དུ་སྐྱབས་བཅོལ་མ་རགས་པའི་གཞི་རྩ་གཅིག་ཁོང་ལ་ཐུག་པའི་སྐད་ཆ་ཡོད་ཡོད་པ་རེད། མི་གསད་པའི་གྱོད་གཞི་ཡོད་པར་ཁོ་རང་གི་ངོས་འཛིན་བཞིན་གྲོས་ཚོགས་རྭ་བ་ནས་ཕྱིར་བུད་བྱེད་སྐད་ཆ་གཙང་མ་མ་བཟོས་ན་ལས་སླ་མོ་མི་བཞག་པའི་གཏམ་བཤད་ཀྱིས་འཇུག་བསྡུས་པར་ད་དུང་དྲ་བརྙན་དུ་གསལ་གསལ་ཐེང་ཐེང་འདུག་ན་ཅིའི་ཕྱིར།
འདི་ལ་གཟིགས་དང་། བདེན་པ་མིན་པར་ཤོག ཡིན་ན་བོད་ཀྱི་མིང་བརླག་འདུག་ག
http://www.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/
ཅོ་རིས། རང་དང་རིགས་མཐུན། ཀླུ་བྱམས་ལགས་ལ། རྒྱབ་སྐྱོར་མ་བྱས་པར་འདིར་་་་་་
སྲིད་སྐྱོང་ལ་རྔམས་མཁན་ཚང་མར་བཀྲིས་བད་ེལེགས་ཡོད་ཐུགས་རྗེ་ཆེ་།
ཅོ་རི་ཉི་མ་། མདོག་མེད་ནའང་སྤྱོད་པ་ཡོད་ཙམ་བྱས་ན་ཡག མདོག་ཀྱང་མེད། སྤྱོད་པའང་མེད་ན་ཁྱེད་རང་མིར་སྐྱེས་ཀྱང་གོ་མི་ཆོད་པ་རེད་ལ་རང་ཉིད་ཆུ་ལ་མཆོང་ནས་ཤི་བཞག་ན་ཡག་གི་རེད། ཁྱེད་ལྟ་བུ་བོད་དང་བོད་མི་ལ་ཕན་ཐོགས་ཀྱི་མ་རེད།
ཚོགས་གཙོ་རྒྱལ་ལོ། སྤེན་པ་ཚེ་རིང་རྒྱལ་ལོ། བོད་རྒྱལ་ལོ།
སྐུ་ངོ་སྤེན་པ་ཚེ་རིང་ལ་བཀྲ་ཤིས་བདེ་ལེགས་ཞུ། སྲིད་སྐྱོང་ཁ་སྟོང་བློ་སེང་ལས་ཁྱེད་རང་ལེགས་པ་འདུག
xxxབཙན་བྱོལ་སྒྲིག་འཛུགས་xxལྟ་བུ་ལ་སྒྱུར་འདོད་མཁན་དང་། བོད་རང་བཙན་ཟེར་བའི་མིང་ཙམ་ཡང་གོ་ཡ་མེད་པ་བཟོ་དགོས་མཁན་ཚོས་སྤེན་ཚེ་ལ་འོས་འཕོངས།
སྤེན་ཚེ་སྲིད་སྐྱོང་ལ་ཡོང་བ་དང་པོ་མི་བསད་ལག་དམར་ཡིན་མིན་ཁ་གསལ་གཏིང་བསལ་བཟོ་དགོས་པ་གལ་ཆེ་རེད། རྙོག་སྒྲ་འདི་བདེན་མིན་བོད་མི་ཡོངས་ནས་གསལ་བོ་བཟོ་རྒྱུ་གལ་ཆེ། སྤྱིར་བཏང་སྤེན་ཚེའི་མི་གཞི་དེ་ཧམ་པ་ཚ་བོ་དང་འུར་ཤོབ་ཅན་ནོར་བ་ངོས་ལེན་མི་བྱེད་མཁན་ཅིག་རེད། དཔེར་ན་གྲོས་ཚོགས་སྐབས་སྐྱོན་བརྗོད་བྱས་དུས་དགོངས་པ་ཞུ་མདོག་གིས་ཕྱི་ལ་ཐོན་པ་དང་རྒྱ་མིའི་གཞུང་གིས་བོད་པ་ལ་རོགས་རམ་མཐུན་འགྱུར་གང་ལེགས་གནང་དང་གནང་བཞིན་ཡོད་ལ་མ་འོངས་པར་དེ་ལས་ལྷག་མེད་ན་སྡུག་མི་འགྲོ་བས་ཡིད་ཆེས་ཡོད་ཟེར་བཤད་པ་དེ་ཚོ་ནོར་ཡོད་ན་ནོར་བ་ངོས་འཛིན་དང་སྦྲགས་ངོས་ལེན་གསལ་བཤད་ངེས་པར་དུ་དགོས་རེད། བོད་མི་ཆིག་སྒྲིལ་གལ་ཆེ་ཡིན་གཏམ་བཤད་པ་དེར་ད་བར་དུ་ཚོགས་གཙོ་མིང་ཁུར་ནས་རང་དང་ལྟ་བ་མ་མཐུན་མཁན་རྣམས་གོང་ས༧མཆོག་དང་དབུས་སྒྲིག་འཛུགས་ཁ་ལ་ཁུར་ནས་རྩ་མེད་གཏོང་རྐྱང་བྱས་པ་ས་རིས་ཐང་གསལ་རེད། གང་ལྟར་ཡང་སྲིད་སྐྱོང་ལང་མིན་རང་འདོད་རེད།
སྤེན་ཚེ་ལངས་པར་འཆར་གཞི་མེད་པ་འདྲ། མི་ཚོས་ལོངས་ལབ་ཀྱི་འདུག དེ་ནས་ལངས་ཡིན་ལབ་དུས་ཁོ་རང་གསལ་བོ་ཆགས་སོང་།
བོད་རང་བཙན་དང་བོད་མི་རིགས་ཀྱི་དགྲ་བོ་རྒྱལ་བཙོང་བ་ཁྱོད་ཚོའི་་ལག་ཏུ་ཤི་ཐུབ་པ་བྱུང་ན་་་་ངས་བསམ་དོན་འགྲུབ་པ་ཡིན།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་འོས་མིར་ལངས་པར་དགའ་བསུ་ཞུ།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་འོས་མི་ལ་བཞེངས་རྒྱུའི་གསལ་བསྒྲགས་དེ་རྡ་སར་གནང་སྐབས་་་་་་ ནོར་ཝེ་རླུང་འཕྲིན་ཁང་དང་། ཨེ་ཤ་ཡ་རླུང་འཕྲིན་ཁང་། ཨ་རིའི་རླུང་འཕྲིན་ཁང་གསུམ་ལས་གཞན་གཞུང་དང་། གཞུང་འབྲེལ་མིན་པའི་གསར་ཤོག་དང་། བརྒྱུད་ལམ་ཁག་ལ་བརྡ་སྦྱོར་གནང་མེད་པ་དེའི་དགོས་པ་གང་ཡིན་ནམ་བསམ་གྱི་འདུག
ཐོག་མར་སྲིད་སྐྱོང་ལ་བཞེངས་རྒྱུའི་གསལ་བསྒྲགས་དེའི་སྐབས་བོད་པའི་གསར་འགོད་པ་དག་དབྱེ་འབྱེད་གནང་བའམ། རིན་ཐང་ལ་ཁྱད་པར་ཡོད་པ་ལྟ་བུ་གནང་བའི་མཐོང་སྣང་བྱུང་། གཅིག་བྱས་ན་དེ་ཡང་ཁོང་གི་དམིགས་བསལ་དགོངས་པ་བཞེས་ཕྱོགས་ཤིག་ཡིན་རྒྱུ་རེད།
གང་ལྟར་སྲིད་སྐྱོང་འོས་མིར་ལངས་པར་བཀྲ་ཤིས་བདེ་ལེགས་ཡོད།
འཇིགས་བྲལ་་་སྤེན་ཚེ་རྒྱག་པའི་རྐུབ་ལྡག་མ་སྡོད།
སུ་གང་གི་རྐུབ་ལྡག་པ་མིན་མོད། སུ་ཞིག་སྲིད་སྐྱོང་གི་འོས་མིར་ལངས་ན་བཀྲ་ཤིས་བདེ་ལེགས་ཞུས་ན་མ་འགྲིག་པ་ཅི་ཡོད།
ཨོ་རེད་་་བསམ་བློ་ཞིག་བཏངས་དུས་དགོད་མོ་ཤོར་ནས་མིག་ཆུ་ཐོན་བྱུང་། ཅོ་རི་ལ་མདོག་མི་འདུག་ཨེ། སྤེན་ཚེ་མདོག་ཡག་པོ་ཨེ་རེད། xxxx་་་་ཧཧ
ཨ་ལ་ལ། ད་སྐུ་མཁྱེན་ང་ཤི་འཇུག་རོགས། མི་བུ་འདི་ལ་མདོག་མེད་ལ་སྤྱོད་པ་ཡང་དེ་འདྲ་མེད། ར་འཐུང་དུད་འཐེན་ཞིག་ཡིན། ངེད་ནས་ཁོ་ལ་རྒྱབ་སྐྱོར་བྱེད་པ་ལས་ཤར་རྒྱག་པེ་ཅིན་ལ་དགོང་དགས་ང་ནོར་འདུག་ཟེར་ནས་ཡི་གེ་ཞིག་འབྲི་ངེས་ཡིན།
བློ་སེང་དང་ཁོང་གཉིས་སུ་ལ་ཐོབ་ཀྱང་རྒྱབ་སྐྱོར་ཡོད།
སྤེན་ཚེ། བློ་སེང་། བཀྲས་དབང་གསུམ་སུ་ལ་འཐོབ་རུང་། བཀའ་ཤག་སྔོན་མའི་འཇུག་སྐྱོང་རྒྱུ་རེད། དེ་མིན་གསར་གཏོད་དམིགས་བསལ་ཡོད་མ་རེད། སྤེན་ཚེ་མི་བསད་པའི་ནག་ཉེས་ཡོད་པ་རྒྱ་གར་དང་བོད་པའི་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་མཁན་སུ་ཡང་བྱུང་ཡོད་མ་རེད། བྱས་ཙང་འདི་ནི་གཏམ་འཆལ་ཞིག་ལ་ངོས་འཛིན་བྱེད་དགོས། འཇུ་ཆེན་གྱི་དེབ་ལ་ཡོད་རེད་ཟེར་ན་རྐུབ་ནས་འགད་མོ་ཤོར་ཡེ་རེད། ང་རང་གི་དགའ་འོས་པ་དེ་བཀྲས་དབང་ཡིན། གང་ཡིན་ཟེར་ན་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་གྲུབ་འབྲས་སྟོན་རྒྱུ་ཡོད་རེད། རྒྱ་བོད་ཞི་མོལ་ཁོང་ཚོ་གསུམ་གྱི་འཇོན་གྱི་མ་རེད། རྒྱ་ནག་གཞུང་གི་༧ གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་ལས་གཞན་ནི་ཁས་མི་ལེན།
སྲིད་སྐྱོང་སུས་བྱས་ཀྱང་ཁྱད་པར་མེད་ གཞུང་གི་ལས་དོན་ཆེ་ཁག་རྣམས་ཐག་བཅོད་མཁན་ནི་དགའ་ལྡན་ཕོ་བྲང་དང་གནས་ཆུང་གཉིས་ཀྱིས་གནང་གི་རེད་ སྲིད་སྐྱོང་ནི་༧གོངས་ས་མཆོག་གི་འཆིབས་ཞབས་ལ་འཕེབས་རྒྱུ་དང་གསུང་ཆོས་ཞུ་རྒྱ་རྩམ་རེད།།
ཨ་ཁུ་ནོར་བུ་་་་རྒྱལ་གཅེས་པ་ཀླུ་མཁར་བྱམས་ལགས་ཀྱིས་བྲན་གཡོག་བྱེད་མདོག་ཁག་པོ་མ་རེད། ཁོང་ལ་འོས་ཐོབ་ན་བོད་མི་རིགས་རང་ཚུགས་ཟིན་ཐུབ་པའི་རེ་བ་ཆེན་པོ་འདུག་བསམས་ཀྱི་འདུག
ཀླུ་བྱམས་ལགས། དུས་སྐབས་འདི་ལ་འོས་ཐོབ་རྒྱུ་ཁག་པོ་རེད། ང་ཚོའི་འཁོར་ཡུག་དེ་མགོ་འདོགས་རིང་ལུགས་ཀྱིས་ཟིན་ནས་སྡོད་ཡོད་པས་རེད། ང་ཚོའི་མི་སེལ་ཚོར་རང་ཉིད་ཀྱིས་དཔྱོད་ཤེས་ཀྱི་བསམ་བློ་མེད་ཁར་མགོ་འདོགས་རིང་ལུགས་པའི་ཁ་འོག་ལག་འོག་ནས་ཐར་ཐབ་ཡོད་མ་རེད།
ཡང་ཅོ་རི་ཟེར་བའི་ཐ་ཤལ་བ་འདིས་རང་འཚང་སྟོན་གྱི་འདུག་གཱ བཀུར་འོས་ཚོགས་གཙོ་མཆོག་སྲིད་སྐྱོང་ལ་འོས་ཐོབ་མེད་པ་ཡིན་ན་འདས་པའི་ལོ་ཟླའི་ཁྲོད་ཁོང་གིས་བྱས་མྱོངས་པའི་ཕྱག་ལས་གང་དང་གང་འཐུས་ཤོར་ཏུ་བཏང་བ་ཁག་བདེན་དཔང་དང་བཅས་འདིར་གསལ་བཤད་བྱེད་པ་ཡིན་ན་མི་ཞིག་གི་བྱེད་སྟངས་རེད། དེ་མ་ཡིན་པར་ཚོགས་གཙོ་ལ་མདོག་མེད་རབས་ལྟ་བུའི་སྐད་ཆ་འདི་ལྟ་བུ་མཐོང་ན་ངོ་ཚ་ཡོང་གི བོད་པའི་འཐབ་རྩོད་ལ་མདོག་ཡོད་མེད་གལ་ཆེན་པོ་ཨེ་ཡིན། བྱིས་པའི་ལབ་བརྡོལ་མ་བྱེད། བཙན་བྱོལ་བོད་གཞུང་སྒོ་བརྒྱབ་པ་དང་རང་བཙན་ཟེར་བའི་མིང་ཙམ་གོ་རྒྱུ་མཐོང་མེད་པར་གཏོང་མཁན་ཡང་ཚོགས་གཅོ་མཆོག་རེད་ཟེར། ད་ལྟོས་དང་ཅོ་རི་ཟེར་བའི་ཐ་ཤལ་བ་འདིས་བྱིས་པ་ལོ་ལྔ་དྲུག་ཅན་གྱི་སྐད་ཆ་ལས་ཡིད་མུག་པ་རེད་མི་འདུག་གམ།
ཁྱོད་ཚོགས་གཙོ་མཆོག་ལ་སྒེར་འཁོན་ཡོད་ན་སྒེར་ཐོག་ནས་སྒེར་དོན་གླེང་དགོས་པ་རེད་མ་གཏོགས་སྤྱི་དོན་བཤད་སར་སྐད་ཆའི་རྫབ་ལུད་འཁྱེར་ཡོང་ན་འདིར་ཡོད་པའི་དྲྭ་གྲོགས་ཐམས་ཅད་པོ་ཁྱོད་འདྲ་བའི་གླེན་པ་ལུག་འདྲ་བ་གཏན་ནས་མིན་པས་ཁྱོད་ཀྱི་སྐད་ཆ་རྫབ་དོང་དུ་གཡུགས་རྐྱང་བྱེད་ཀི་རེད། ཚོགས་གཅོ་མཆོག་གིས་བདག་པོ་བསད་སོང་ཟེར། འདི་ལས་དགོད་བྲོ་བ་ཞིིག་གང་དུ་འདུག མི་ལོ་ཉི་ཤུར་མི་གསོད་ཅིག་གྲོས་ཚོགས་ར་བ་བསྡད་པ་རེད་ཟེར་ན་དོན་གྱིས་ཁྱོད་དང་ཁྱོད་ལྟ་བུའི་ཐ་ཤལ་བ་དག་གིས་ཕྲག་དོག་གི་དུག་ཆུ་བསྐོལ་བཞིན་བོད་མི་རིགས་སྤྱི་ལ་མཐོང་ཆུང་བྱེད་པ་རེད། xxx
སྤེན་ཚེ་ངེད་གཉིས་བར་དུ་སྒེར་གྱི་འཁོན་འཛིན་སྤུ་ཙམ་མེད་པར་་དཀོན་མཆོག་གསུམ་པོ་དཔང་དུ་བཙུགས་་་་་xxxx
སྤེན་པ་ཚེ་རིང་ལགས་ཨང་༡ རྒྱབས་ཀྱོར་ཡོད།
སྤེན་པ་ཚེ་རིང་གི་ལྷག་ཅིག་སྲིད་སྐྱོང་འོས་མི་མི་འདུག་པས་ཚང་མས་ཤུགས་རྒྱོབས་ཤོག འཐོབ་ཁོ་ཐག་ཡིན།
སྤེན་ཚེ་ལ་ཤེས་འཇོན་སྤོབས་གསུམ་ཡོད་ཀྱང་རང་ཚུགས་མི་བརྟན་ཞིང་ཆོལ་ཁའི་འཐེན་འཁྱེར་དང་སྒེར་དོན་སྤྱི་ལ་སྤུང་མཁན་སོང་ཙང་ཁོང་སྲིད་སྐྱོང་ཐོབ་ཚེ་ཆོལ་ཁའི་འཐབ་རྩོད་ཡ་ང་བ་ཞིག་འབྱུང་ངེས་པ་ནི་ཁོས་མེ་བུས་ཤུལ་གྱི་ས་དྲོད་མ་ཡལ་བ་གྲོས་ཚོགས་ར་བའི་ནང་ཡོད་པས་སོ།
ཚོལ་ཁའི་འཐེན་འཁྱེར་གང་ཡང་མེད་པའི་མི་བུ་བཟང་པོ
སྤེན་པ་ཚེ་རིང་ལས་ལྷག་པ་ཅིག་ཀྱང་སྲིད་སྐྱོང་འོས་མི་མི་འདུག་པས་ཚང་མས་ཤུགས་རྒྱོབས་ཤོག འཐོབ་ཁོ་ཐག་ཡིན།
ལས་མེད་དྲ་་འབུའི་མཆན་འགོད་སྙན་དང་གཅིག་།
ཧམ་ཅན་མི་སྣ་སྲིད་སྐྱོང་ལ་ཚང་ཁ་རྒྱག་དང་གཉིས་།
ཕྱོགས་གཏོགས་ཚོགས་སྐྱིད་དྲན་རྒྱུ་མང་དང་གསུམ་།
ཁྲིམས་སྲུང་མི་མང་མགོ་བོ་འཐོམ་དང་བཞི་།
སྲིད་སྐྱོང་བློ་སེང་ཕྱོགས་ལས་རྣམ་པར་རྒྱལ་།
སུའི་བཤད་ཀྱང་རུང་མ་བཤད་ཀྱང་རུང་སྲིད་སྐྱོང་བློ་སེང་རང་འཇགས་ལ་བཀྲིས་བདེ་ལེགས་ཞུ་།།
ཕྱོགས་ཞེན་ཆང་གིས་བཟི་མཁན་ཞིག་མིན་ན། ཚོགས་གཙོའི་ཁ་ཐུག་དང་དྲང་བདེན་གྱི་བསྒྲགས་གཏམ་དེ་ལ་གཙང་ཉན་བྱས་ན་གོ་བ་ལེགས་པོ་ཞིག་སྟེར་ངེས་རེད།
ཆོལ་ཁའི་འཐེན་འཁྱེར་གང་ཡང་མེད་པའི་མི་བུ་བཟངཔོ་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་འོས་མི་ཨང་དང་པོ་རེད་འདུག་པས་ཚང་མས་ཤུགས་རྒྱོབས་ཤོག འཐོབ་ཁོ་ཐག་ཡིན།
བོད་མིའི་ཚོགས་སྡེ་ཆུང་ཆུང་འདི་ཡང་དམངས་གཙོ་རེད། ཚོགས་གཙོའི་བཤད་སྟངས་དེ་ཏག་ཏག་ཅིག་མཐོང་མ་སོང་། ང་ལ་འདོད་པ་མེད་དེ་མིའི་སྡོད་བཅུག་མ་སོང་འདོག་འདོག་ཅིག་ལབ་ཀྱི་འདུག
དཔོན་པ་ཚེ་རིང་ལགས་ལ་ཁ་ཕྱོགས་དང་ཆོད་སེམས་གཏན་པོ་མེད་ཀྱང་གཞན་གྱིས་རྒྱུད་སྐུལ་སྟོབས་ཀྱི་སྲིད་སྐྱོང་གི་འོས་མིར་ལང་གི་ཡིན་བཤད་པ་དེ་ནི་མང་གཙོའི་འགྲན་རྩོད་ཀྱི་ལྟ་གྲུབ་དང་རྒྱབ་འགལ་བཤད་པ་རེད། རང་འགན་རང་གིས་མ་འཁུར་བའི་སྐད་ཆ་ཞིག་ཀྱང་རེད། རིང་མིན་སྲིད་སྐྱོང་འོས་མི་རྣམ་པའི་བགྲོལ་གླེང་གི་སྐབས་སུ་ཀླུ་བྱམས་ལགས་ཀྱིས་དཔོན་ཚེའི་ནང་ཁྲོམས་འགའ་སྟོན་ཡོང་གི་རེད། དེ་དུས་སྟོན་མོ་ཆེན་པོ་ཡོང་། བཀྲ་དབང་ལགས་ཀྱིས་བློ་སེང་གི་སྣུམ་རྩི་འགའ་ཡང་བསྟན་འདོགས་རེད། སྲིད་སྐྱོང་འོས་མི་ཚོས་བགྲོལ་གླེང་ལ་དོ་སྣང་གལ་ཆེའོ།
ཉེ་བའི་རེས་གཟའ་ཟླ་བ་ལ་ལོ་ཕྱེད་ཡིག་རྒྱུགས་གཏོང་རྒྱུ་ལགས་ན། དེ་ལུགས་རེས་གཟའ་ཕུར་བུ་ལས་མི་འགྱང་བར་དྲི་བ་རྣམས་ལས་ཁུངས་ལ་བསྐྱལ་ཐུབ་པའི་རེ་བསྐུལ་ཞུ། གཞི་རིམ་སློབ་གྲྭའི་དྲི་བ་རྣམས་བོད་ཡིག་སློབ་ཚན་ནས་གཏོང་རྒྱུ། དེ་ལ་དམའ་རིམ་འབྲིང་རིམ་ཚད་གཞི་གང་དགོས་དགེ་རྒན་ཚོས་གཟིགས་སྐྱོང་ཞུ། བཤད་སློབ་ཚང་མ་གཅིག་གྱུར་གྱིས་དྲི་བ་༡༠ ལས་རང་མོས་༨ ལ་ཡིག་རྒྱུགས་གཏོང་རྒྱུ་ཕྱི་ཡོངས་ལྟར་བྱེད། དུས་ཚོད་ལས་མི་འགྱང་བར་འབུལ་ཐུབ་ཐབས་དགོས། རྩིས་འཕྲུལ་ནང་བཙུགས་ཡ་དང་། བསྐྱར་དཔར་སོགས་དགོས་ཕྱིར་ཅུང་ཙམ་ལས་དོན་འགའ་རེ་འདུག་ན་ཐུགས་ལ་ངེས་འཛིན་ཡོད་པར་ཞུ་ལགས་སོ། ༢༠༡༥/༨/༣
སྤེན་པ་ལ་འཆར་གཞི་ཞིག་མེད་པ་འདྲ། བོད་ཀྱི་གླུ་བ་མགོ་སྟོང་ནང་བཞིན་མི་དམངས་ལ་མཐུན་སྒྲིལ་བྱེད་ཟེར་བ་ལྟ་བུའི་ཅོལ་ཆུང་སྐད་ཆ་ལས་གཞན་མི་འདུག དྲང་མོ་བཤད་ན་འདས་པའི་གྲོས་ཚོགས་ནང་ཆོལ་ཁའི་དཀྲུགས་རྐྱེན་ཡོད་མཁན་དེ་སྤེན་པ་ཚེ་རིང་རང་རེད། ད་དུང་ལྐུགས་པ་ལུག་འདྲ་བོ་ཚོས་ཁོ་ལ་མཁས་པ་དང་སྐུ་ངོ་བརྩིས་ན་ངོ་མ་ཡ་མཚར་རོ
ཅོ་རི་འུ་ཐུག་ན་དཀོན་མཆོག་དཔང་བོར་འབོད་ཀི ཁྱོད་ཀྱི་སྐད་ཆ་ཤོད་སྟངས་ལ་རང་ལག་བྲང་ལ་བཞག་ནས་བསམ་བློ་ཞིག་ཐོངས་དང་། དཀོན་མཆོག་ལ་ཡིད་ཆེས་བློ་འགེལ་བྱེད་མཁན་ཞིག་གིས་དཔང་རྟགས་དང་རྒྱབ་བརྟེན་ཅི་གང་མེད་པར་མི་ཞིག་གིས་མི་ཞིག་བསད་སོང་ཟེར་བའི་ཚིག་འདི་ཁ་ནས་འབུད་ཀི་རེད་དམ། ཆབ་སྲིད་མི་སྣ་ཚོ་ལ་སྐྱོན་བརྗོད་བྱེད་ལོས་ཆོག་ཡིན་ཡང་དེ་ལ་ཚད་དང་ཚོད་ཅིག་ཡོད་པ་རེད། ལམ་དང་ལུགས་སྲོལ་ཞིག་ཡོད་པ་རེད། གནས་ལུགས་བཤད་དགོས་པ་རེད། བདེན་པ་བརྡར་དགོས་པ་རེད། ར་སྤྲོད་དགོས་པ་རེད། ད་དུང་ཁ་ཤས་ཤིག་གིས་ཅིག་གིས་དཀྲུགས་སོང་དེ་ཡིས་གཏོར་སོང་ཟེར་བ་ཡ་མི་ང་ངོ་མི་ཚ། བདེན་པ་དང་རྒྱུ་མཚན་སྣ་གཅིག་བཤད་མེད་ལྦཱ། གཏོར་མཁན་དང་དཀྲུགས་རང་ཉིད་ཡིན་པ་བརྗེད་ཀྱིན་འདུག
སྒྲིག་འཛུགས་ཤིག་གི་འགན་འཛིན་རང་རེད་བསམ་པ་འདྲ། འཆར་གཞི་མེད་པ། སྤོབས་པ་མེད་པ། སྲིད་ཇུས་མེད་པ། འདོད་པ་མེད་པ། མེད་པ་བཞིའི་ཐོག་ནས་སྲིད་སྐྱོང་ལ་འཛའ་གྲོགས་ཁ་ཤས་ཀྱི་ངོ་གསོ་འམ་འདོད་མོས་ལྟར་ལང་པ་རེད་འདུག སྲིད་ཇུས་དབུ་མ་པ་ལ་སྲིད་སྐྱོང་དེ་འདྲ་ལང་པ་ཡིནའང་མ་རན་པ་མེད། https://www.facebook.com/tsewang.rinzin.7/posts/711265422333548
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁོ་རང་བཀའ་ཤག་སྐབས་བཅུ་དྲུག་པའི་སྲིད་སྐྱོང་འོས་གཞིར་བཞེངས་ཀྱི་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་སྟབས། འདི་གའི་གསར་ཁང་ནས་ཁོང་ལ་སྲིད་སྐྱོང་འོས་མིར་བཞེངས་བའི་དགོས་དམིགས་དང་མ་འོངས་ལས་འཆར་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས།
དྲི་བ། སྐུ་ཉིད་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་དགོས་པའི་རྒྱུ་མཚན་གཙོ་བོ་ག་རེ་ཡིན་ནམ།
ལན། ད་ལྟའི་དུས་ཚོད་འདིར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་ཡོད་པ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ལས་ག་ཚོད་སྐྱོན་ཡོད་མེད་ང་རང་ཚོ་ཚང་མས་ཤེས་གསལ་རེད། དེའི་ཕྱིར་ང་ཚོའི་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་འགན་འཁུར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ། ལྷག་པར་དུ་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་༸གོང་ས་མཆོག་གིས་ཆོལ་ཁ་དང་ཆོས་བརྒྱུད་ནང་ལོགས་ཀྱི་མཐུན་ལམ་ཐོག་སྐུ་ལས་ཞེ་དྲགས་བསྐྱོན་ཡོད་སྟབས། དེ་ཚོ་མི་ཉམས་གོང་འཕེལ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། དེ་ང་འོས་མིར་ལངས་པའི་དོན་དག་གཅིག་ཡིན། དོན་དག་གཉིས་པ་དེ་བོད་ནང་དུ་ཡོད་པའི་བོད་མི་ཚོས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་རེ་བ་རྒྱག་གི་ཡོད་པ་དང་། དེ་བཞིན་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་དང་ལྷག་བསམ་ལ་རེ་བ་ཞིག་གཏད་དེ། ང་ཚོ་གཅིག་གིས་གཅིག་ལ་རེ་ལྟོས་བྱས་ནས་བསྡད་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ལ་དམངས་གཙོའི་ལམ་སྲོལ་དང་མཐུན་པའི་དམངས་གཙོའི་ཀ་བ་གསུམ་ཡོད་པ་དེས་ནུས་པ་མཉམ་སྤུངས་བྱས་ནས་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག དེར་བརྟེན་དཔེར་ན་ང་སྲིད་སྐྱོང་དུ་འོས་འདེམས་བྱུང་བ་ཡིན་ན། དམངས་གཙོའི་ཀ་བ་གསུམ་གྱིས་ནུས་པ་མཉམ་དུ་འདོན་ཐུབ་པར་འབད་བརྩོན་བྱས་ཏེ། ད་ལྟ་ལས་ལྷག་ཅིག་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད། དེ་གཉིས་གཙོ་བོ་རེད། གཞན་ལྷན་ཁང་སོ་སོའི་ནང་གི་ལས་དོན་བྱེད་ཕྱོགས་དང་། རྒྱ་ཆེ་ས་ནས་ད་ལྟ་སྤྱི་ཚོགས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད་སྟབས། འབྱུང་འགྱུར་གྱི་ལོ་ལྔ་ནས་བཅུ་དང་། བཅོ་ལྔའི་ནང་ག་རེ་བྱེད་དགོས་ཀྱི་ཡོད་མེད་དེ་འདས་པའི་ལོ་ལྔ་ནས་བཅུ། བཅོ་ལྔའི་གནས་སྟངས་ལ་ཉམས་ཞིབ་བྱས་ཏེ། རྨང་གཞི་བརྟན་པོ་ཞིག་འདིང་མ་ཐུབ་པ་ཡིན་ན། ནམ་ཞིག་ང་ཚོར་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཞིག་ཡོད་སྟབས། དེ་ཚོའི་ཐོག་ལ་ཤུགས་རྒྱག་པའི་ཆེད་དུ་ང་སྲིད་སྐྱོང་གི་འོས་མིར་ལངས་རྒྱུའི་འདོད་པ་བྱུང་།
ངས་ནམ་རྒྱུན་ཞུས་བསྡད་པ་ལྟར། སྲིད་སྐྱོང་ལ་ལངས་པར་ཕྱོགས་གཅིག་ནས་སོ་སོར་འདུན་པ་དང་འདོད་པ་ཞིག་ཡོད་དགོས་པ་རེད་ལ། དེ་བཞིན་སོ་སོས་འཇོན་གྱི་རེད་བསམ་པའི་གདེང་ཚོད་ཅིག་ཀྱང་དགོས་པ་རེད། གདེང་ཚོད་དེ་འདས་པའི་ལོ་ ༢༠ རིང་སྤྱི་འཐུས་བྱས་པ་དང་། ལྷག་པར་སྤྱི་འཐུས་ཚོགས་གཙོ་ལོ་ ༧ དང་ཕྱེད་རིང་བྱས་སྐབས། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བྱས་པའི་ཉམས་མྱོང་ལ་བརྟེན་ནས་ང་ལ་གདེང་ཚོད་དེ་ཏན་ཏན་ཡོང་གི་འདུག དེའི་སྒང་ལ་ཆ་རྐྱེན་གཉིས་པ་དེ་སོ་སོས་བྱེད་རྒྱུ་ཡིན་ལབ་པ་གཅིག་པུས་འགྲིག་གི་ཡོད་པ་མ་རེད། མི་མང་གི་རྒྱབ་སྐྱོར་དགོས་ཀྱི་ཡོད་སྟབས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ངེད་གཉིས་སྲིད་སྐྱོང་གི་འོས་གཞིར་བཏོན་པ་རེད། ཕྱིས་སུ་དབུས་གཙང་ཆོལ་ཁའི་ངོས་ནས་མང་མོས་ཚད་མཐོ་བོའི་ཐོག་ནས་ང་རང་སྲིད་སྐྱོང་འོས་མིར་བཏོན་པ་རེད། དེ་བཞིན་མི་མང་ནང་ལོགས་ནས་ཀྱང་དུས་ཀྱི་དགོས་མཁོ་མང་པོ་ཞོིག་ཁྱེད་རང་གིས་གནང་ཐུབ་ཀྱི་འདུག་ཅེས་རེ་བ་ཆེན་པོ་གནང་གི་འདུག དེ་ནས་ཆ་རྐྱེན་གསུམ་པ་དེ་ལས་དབང་ཞིག་ཀྱང་དགོས་པ་རེད། ལས་དབང་མེད་ན་ཡོང་གི་མ་རེད། དེར་བརྟེན་ད་ལྟའི་སྐབས་ལ་ཆ་རྐྱེན་གཉིས་དེ་འཛོམས་པའི་ཐོག་ནས་ལས་དབང་ཞིག་ཡོད་པ་ཡིན་ན། འགན་འཁུར་དགོས་བསམ་པའི་འདོད་པ་ཤུགས་ཆེན་པོ་ཡོད།
དྲི་བ། སྐུ་ཉིད་སྤྱི་འཐུས་ལོ་ ༢༠ གནང་བ་དང་། ལྷག་པར་དུ་དུས་ཡུན་དེའི་ནང་ལོ་ངོ་ ༧ ལྷག་ལ་སྤྱི་འཐུས་ཚོགས་གཙོ་གནང་བའི་རིང་གྲུབ་འབྲས་ཆེ་ཤོས་གང་དང་གང་བྱུང་བར་ངོས་འཛིན་གནང་གི་ཡོད།
ལན། ལོ་བདུན་དང་ཕྱེད་ཀར་ཚོགས་གཙོ་བྱས་པའི་དུས་ཡུན་ནང་སྤྱི་འཐུས་ལྷན་ཁང་གི་ངོ་བོའི་ཐོག་ནས་སྤྱི་འཐུས་རྣམ་པ་ཕྱོགས་སྐྱོད་དུ་ཕེབས་རྒྱུ་དང་། མི་མང་ལ་འགན་འཁུར་བ་སོགས་ཀྱི་ཐོག་ལེགས་བཅོས་བྱེད་ཐུབ་སོང་བསམ་གྱི་འདུག དེ་བཞིན་གྲོས་ཚོགས་ནང་ལོགས་སུ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དང་ཆབ་སྲིད་ཀྱི་ཐོག་བགྲོ་གླེང་གནང་བ་སོགས་གང་ཅིའི་ཐོག་ནས་ཚད་མཐོ་རུ་ཕྱིན་ཡོད་པ་དང་། རྒྱ་གར་གཙོ་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྤྱི་འཐུས་རྣམ་པ་ཚོས་འགན་འཁུར་ཏེ་བོད་དོན་ཞུ་གཏུག་དང་མི་སྣར་མཇལ་འཕྲད་གནང་རྒྱུ་དེ་ཚོའི་ཐོག་སྔར་དང་མ་འདྲ་བའི་ཤུགས་རྒྱག་ཐུབ་པ་བྱུང་སོང་། ཆུང་ས་ནས་གྲོས་ཚོགས་ཀྱི་ཚོགས་ཁང་བརྒྱབ་པ་སོགས་ཐོག་མར་ཚོགས་གཙོ་བྱེད་སྐབས་དེ་བྱེད་དགོས་བསམ་པ་མང་པོ་ཞིག་འགྲུབ་སོང་བསམ་པའི་སྤོབས་པ་ཡོད།
དེ་ཚོ་ཞུས་པའི་སྐབས་སུ་ང་ཚོགས་གཙོ་གཅིག་པུས་འཇོན་ཡོད་ཟེར་གྱི་མེད། ལས་དོན་ག་འདྲ་ཞིག་ཡིན་ནའང་མཉམ་རུབ་ཀྱི་ནུས་པ་འདོན་དགོས་པ་དེ་གལ་ཆེན་པོ་ཡིན་སྟབས། ང་ཚོགས་གཙོ་ཡིན་པའི་ཆ་ནས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། དེའི་སྔོན་ལ་རྒྱ་རི་སྒྲོལ་མ་ལགས་གཉིས་ཀྱིས་མཐུན་འགྱུར་ཡག་པོ་གནང་བ་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོས་མཐུན་འགྱུར་ཡག་པོ་གནང་བ། གྲོས་ཚོགས་ཀྱིས་མཐུན་འགྱུར་ཡག་པོ་གནང་བ་བཅས་ལ་བརྟེན་ནས་བྱུང་བ་རེད། མ་འོངས་པར་སྲིད་སྐྱོང་བྱས་པ་ཡིན་ནའང་སྲིད་སྐྱོང་མི་གཅིག་པུས་འཇོན་པ་གང་ཡང་ཡོད་པ་མ་རེད། ཡིན་ནའང་སྲིད་སྐྱོང་གིས་མགོ་ཁྲིད་པའི་ཐོག་ནས་བཀའ་བློན་རྣམ་པ་ཚོས་མཉམ་རུབ་ཀྱི་ནུས་པ་འདོན་ཐུབ་ལ། འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཐུན་མོང་གིས་ཆབ་སྲིད་ཀྱི་ཐོག་ལ་ནུས་པ་མཉམ་སྤུངས་བྱེད་དགོས་ཀྱི་འདུག འཛིན་སྐྱོང་གི་ཐོག་ལ་ལས་དོན་ཐ་དད་ཡིན་ནའང་གྲོས་ཚོགས་ལ་འགན་འཁུར་རྒྱུ་དང་ལན་རྒྱག་རྒྱུ་སོགས་གང་ཅིའི་ཐོག་ནས་སྤྱི་འཐུས་ བྱས་པའི་ལོ་ ༢༠ ཡི་ཉམས་མྱོང་དང་། དེའི་སྒང་ལ་ཚོགས་གཙོ་བྱས་པའི་ཉམས་མྱོང་ཡོད་སྟབས་འགྲོ་ལུགས་འགྲོ་ སྟངས་དེ་ཚོ་ཚད་དང་ལྡན་པ་སྒྲིག་གཞི་དང་མཐུན་པའི་ཐོག་ནས་འགྲོ་ཐུབ་ཀྱི་རེད་བསམ་གྱི་ཡོད།
དྲི་བ། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་སླད་དམངས་གཙོའི་ཀ་བ་གསུམ་གྱི་ནུས་པ་མཉམ་དུ་སྤུངས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་གསུངས་པ་ལྟར། དམངས་གཙོའི་ཀ་བ་གསུམ་གྱི་ནུས་པ་མཉམ་དུ་སྤུངས་ཐུབ་པར་འཆར་གཞི་ག་རེ་ཡོད།
ལན། རྩ་བའི་ཆབ་སྲིད་ལས་དོན་དང་འཛིན་སྐྱོང་གི་འགན་དེ་འཛིན་སྐྱོང་ནས་འཁུར་དགོས་ཀྱི་ཡོད་ལ། དེའི་ནང་ནས་ཀྱང་སྲིད་སྐྱོང་གིས་འཁུར་དགོས་ཀྱི་ཡོད་སྟབས། འཛིན་སྐྱོང་གི་ངོས་ནས་ནུས་པ་གང་ཡོད་པ་དེ་འདོན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་། གྲོས་ཚོགས་ནང་འཐུས་མི་མང་པོ་ཡོད་པའི་ཆ་ནས་མིའི་ནུས་པ་ཆེ་བ་ཡོད་པ་རེད། ད་ལྟའི་ང་ཚོའི་ཆབ་སྲིད་གནས་བབ་གཞིར་བཞག་སྟེ་རྩ་བའི་འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་བཅས་ནས་སོ་སོས་སོ་སོའི་དབང་ཆ་འཆར་འགོད་བྱས་ཏེ་འཛིན་སྐྱོང་གིས་སྟངས་འཛིན་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་ཆབ་སྲིད་ཀྱི་གནས་བབ་ལ་གཞིར་བཞག་ཡོང་དུས། འཛིན་སྐྱོང་གི་ནུས་པའི་སྒང་ལ་གྲོས་ཚོགས་ཀྱི་ནུས་པ་མཉམ་དུ་སྤུངས་ཏེ་གཉིས་ཀ་ཡག་པོ་ལྷུ་བསྒྲིགས་ནས་འགྲོ་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། དཔེར་ན། རྒྱལ་སྤྱིའི་ནང་ཆ་བཞག་ན། ཕྱི་རྒྱལ་དོན་གཅོད་ཁག་གིས་ལས་དོན་བྱེད་ཕྱོགས་ལྟ་བུ་ཡིན་ན། དོན་གཅོད་དང་ས་གནས་སྤྱི་འཐུས། བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཚང་མས་གཅིག་གིས་གཅིག་ལ་ལས་འགན་ངོ་འཕྲོད་པ་བྱས་ཏེ། ང་ཚོར་ནུས་པ་གང་ཡོད་པ་དེ་ཚང་མ་ལྷུ་ག་འདྲ་བསྒྲིག་དགོས་པ་སོགས་ཀྱི་ཐོག་ཤུགས་རྒྱག་དགོས་ཀྱི་འདུག
དྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་ཡར་རྒྱས་དང་ཚགས་ཚུད་དུ་གཏོང་བར་སྔར་ཡོད་ལས་དོན་ཡར་རྒྱས་གཏོང་དགོས་པ་དང་། གསར་དུ་མགོ་རྩོམ་དགོས་པ་གང་དག་མཐོང་གི་ཡོད་དམ།
ལན། ཆོས་རིག་དང་བདེ་སྲུང་ལྟ་བུ་ཡིན་ན། ད་ལྟའི་ལས་དོན་གང་ལ་གང་འཚམ་ཞིག་རང་འཇགས་ལྷག་གི་རེད་བསམ་གྱི་འདུག ཡིན་ནའང་། བདེ་སྲུང་ཡིན་ན་དེང་སང་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་སྟབས། སྐུ་ཕྱྭ་དང་ཉེན་ཚབ་ཡོད་པའི་གནད་དོན་དེ་ཚོའི་སྒང་ལ་ཞིབ་ཚགས་སུ་གཏོང་རྒྱུ་དང་། འབྲེལ་ཡོད་གང་ཟག་དེ་ཚོའི་རྒྱབ་ལྗོངས་ལོ་རྒྱུས་དང་དངོས་ཡོད་གནས་སྟངས་ག་རེ་ཆགས་ཀྱི་ཡོད་མེད་ལ་ཞིབ་ཚགས་ཀྱིས་ལྟ་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་དོལ་རྒྱལ་བསྟེན་མཁན་མི་རེ་རེའི་རྒྱབ་ལྗོངས་དང་དེ་ཚོ་གང་ནས་ཡོང་གི་འདུག བོད་པ་ཙམ་མིན་པར་ཕྱི་རྒྱལ་མི་རིགས་ཚོ་ཡིན་ནའང་ཁོངས་ག་འདྲ་རེད་འདུག རྒྱབ་ལྗོངས་དང་དམིགས་ཡུལ་ག་རེ་རེད་འདུག དེ་ཚོ་ཚང་མར་ཞིབ་ཚགས་ཀྱིས་བལྟས་ཏེ་གདོང་ལེན་བྱེད་སྟངས་ཐད་བསམ་བློ་གཏོང་དགོས་ཀྱི་འདུག ཉེ་ཆར་ང་ཨ་རིར་ཕྱིན་སྐབས་གནས་སྟངས་དེ་ཚོར་གདོང་ལེན་བྱེད་སྟངས་རེ་རེའི་ཐོག་ནས་བསམ་བློ་གསར་པ་མང་པོ་ཞིག་ཡོང་གི་འདུག
དེ་བཞིན་ཆོས་རིག་ལས་ཁུངས་ཡིན་ན། ཆོས་རིག་ལས་ཁུངས་བརྒྱུད་དེ་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་བླ་མ་དགེ་བཤེས་ཚོས་བོད་རིགས་གཞོན་སྐྱེས་དང་། ལྷག་པར་དུ་མཐོ་སློབ་ཁག་གི་སློབ་མ་ཚོ་ཡིན་ན་གང་ལ་གང་འཚམ་མགོ་ཚོས་མཁན་ཡིན་དུས། དེ་ཚོར་དམིགས་བསལ་གྱིས་གུང་གསེང་གི་སྐབས་སུ་ནང་ཆོས་རང་གི་ཐོག་ནས་སློབ་སྦྱོང་སྤྲོད་ཐུབ་པ་ཡིན་ན་ཏན་ཏན་ཐུགས་ཕན་གསོ་ཐུབ་ས་རེད་བསམ་གྱི་འདུག གང་ཡིན་ཟེར་ན། མི་རབས་གསར་པ་མང་པོ་ཞིག་ལམ་ཀ་མ་ནོར་བ་ཞིག་ལ་འཁྲིད་དགོས་ཀྱི་ཡོད་པས་དེ་ཚོའི་ཐོག་ཤུགས་རྒྱག་དགོས་ཀྱི་འདུག
ནང་སྲིད་ལས་ཁུངས་ལྟ་བུ་ཡིན་ན། དཔེར་ན། ཉམ་ཐག་ཞིབ་འཇུག་གི་ལས་གཞི་ཞིག་འགྲོ་བཞིན་ཡོད་ལ། སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་ཉམ་ཐག་མང་དུ་འགྲོ་ཡི་ཡོད་པ་འདྲ་བོ་དང་། གསོ་སྐྱོང་མང་བ་བྱེད་བསྡད་དགོས་པའི་གནས་སྟངས་ཤིག་ཡོང་གི་ཡོད་སྟབས། ཉམ་ཐག་ཞིབ་འཇུག་བསྐྱར་དུ་བྱེད་དགོས་པ་ཞིག་མཐོང་གི་འདུག དངོས་ཡོད་ཉམ་ཐག་ཡིན་མཁན་ལ་ང་ཚོས་ཏན་ཏན་རོགས་པ་བྱེད་དགོས་པ་རེད། ཡིན་ནའང་། སྤྱི་ཚོགས་ཡར་རྒྱས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ཏེ་ཉམ་ཐག་མང་དུ་འགྲོ་བཞིན་ཡོད་པ་དེ་བསམ་བློའི་ནང་མ་ཤོང་བའི་གནས་སྟངས་ཤིག་ཆགས་ཡོད་སྟབས། དངོས་ཡོད་གནས་སྟངས་གཞིར་བཞག་ནས་དེ་ལ་འགྲོ་སྟངས་ཤིག་བཟོ་དགོས་ཀྱི་འདུག དེ་བཞིན། གཞིས་ཆགས་དང་སློབ་གྲྭ་ཁག་གི་གནས་སྟངས་ཡིན་ན། ཤེས་རིག་ལའང་འབྲེལ་བ་ཆགས་བསྡད་ཡོད་པ་རེད། གཞིས་ཆགས་འཚོ་ཐུབ་ལ་མ་ཐུབ་བྱས་ནས་ཁ་འཐོར་དུ་གནས་བསྡད་པ་ལས་གཞིས་ཆགས་ཆེ་བ་ཁ་ཤས་ནང་ཟླ་སྒྲིལ་བཏང་སྟེ། གནས་སྟངས་ཡར་རྒྱས་བཏང་ནས་སྨན་ཁང་ཡིན་ན་སྨན་ཁང་ཚད་ལྡན། སློབ་གྲྭ་ཡིན་ན་སློབ་གྲྭ་ཚད་ལྡན། རྒན་གསོ་ཁང་ཡིན་ན་རྒན་གསོ་ཁང་ཚད་ལྡན་ཡོད་པ་སོགས་གཞིས་ཆགས་འཚོ་ཐུབ་པའི་གནས་བབ་བཟོ་བར་ད་ལྟ་ནས་བསམ་བློ་བཏང་སྟེ། འདས་པའི་ལོ་ ༡༠ དང་ ༡༥ ནང་སྤྱི་ཚོགས་ལ་འགྱུར་བ་ག་འདྲ་ཕྱིན་འདུག དེ་ཚོར་ཏན་ཏན་གྲངས་ཐོ་ཞིག་ལེན་དགོས་ཀྱི་འདུག གྲངས་ཐོ་དེའི་ཐོག་ནས་ཉམས་ཞིབ་ཅིག་བྱས་ཏེ་འབྱུང་འགྱུར་གྱི་ལོ་ ༡༠ དང་ ༡༥ ནང་ག་འདྲ་ཆགས་ས་རེད། དེ་ལ་དཔག་པའི་གདོང་ལེན་བྱེད་སྟངས་ཆ་ཚང་ཞིག་བང་སྒྲིག་དགོས་ཀྱི་འདུག དེ་དང་འབྲེལ་བ་ཡོད་པའི་ཤེས་རིག་དང་འཕྲོད་བསྟེན་ཡིན་ནའང་དེ་བཞིན་ཆགས་ཡོང་གི་ཡོད་པ་རེད།
དེ་ནས་དཔལ་འབྱོར་གནས་སྟངས་ལྟ་བུ་ཡིན་ན། སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་ཡོད་སྟབས་ང་ཚོས་དངོས་གནས་རང་ཁ་རང་གསོ་བྱེད་དགོས་ཀྱི་ཡོད་ན། བོད་པ་རང་ངོས་ནས་དཔལ་འབྱོར་འདུ་འགོད་སོགས་གང་ཅིའི་ཐད་ལ་གོམ་པ་རྒྱག་དགོས་ཀྱི་ཡོད་པ་རེད། ད་ལྟ་ང་ཚོའི་དངུལ་འཛིན་ནང་ཨ་སྒོར་ས་ཡ་ ༣༨ ཡི་འགྲོ་སོང་གཏོང་གི་ཡོད་པ་དང་། དེའི་ནང་བོད་པ་རང་གི་དངུལ་བསྡུས་པ་དེ་ས་ཡ་ ༢ ཙམ་མ་གཏོགས་སླེབས་ཀྱི་ཡོད་པ་མ་རེད། དེ་ཚོ་རིམ་གྱིས་བོད་མིའི་བསམ་བློའི་ནང་བླུགས་ཏེ་བོད་པ་རང་གི་འཐབ་རྩོད་ལ་རོགས་པ་བྱེད་པ་དང་། བོད་པ་ཕྱུག་པོ་ཚོས་བོད་པ་སྐྱོ་བོ་ཚོར་རོགས་བྱེད་པ་སོགས་ཀྱི་ཐད་བསམ་བློ་རང་གི་ཐོག་ལ་འགྱུར་བ་གཏོང་ཐུབ་པར་འབད་བརྩོན་དགོས་པ་གལ་ཆེན་པོ་ཆགས་འདུག
ཕྱི་འབྲེལ་ཡིན་ན་རྩ་བའི་ངས་གོང་དུ་ཞུས་པ་ལྟར། འཛམ་གླིང་ནང་སྙོབ་ཐུབ་པའི་ལས་ཁུངས་ཁག་ཅིག་ཡོད་ཀྱང་། ལས་ཁུངས་བཅུ་གཉིས་བཅུ་གསུམ་ཞིག་གིས་འཛམ་གླིང་ཁྱོན་ཡོངས་ལ་ལྟ་དགོས་སྟབས། མིའི་ནུས་པ་དང་དཔལ་འབྱོར་གྱི་ནུས་པ་ཞན་པོ་རེད་དེ། ཞན་པོ་དེ་ལ་དཔག་པའི་ནུས་པ་མཉམ་སྤུངས་ག་འདྲ་བྱེད་དགོས་ཀྱི་ཡོད་མེད་ངས་གོང་དུ་ཞུས་པ་ལྟར་རེད། བོད་རིགས་སྤྱི་མཐུན་ཚོགས་པ་དེ་ཚོ་ནུས་པ་ལྡན་པ་ག་འདྲ་བཟོ་དགོས་ཀྱི་འདུག ད་ལྟའི་སྐབས་ལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོ་བོ་དེ་ཞེ་དྲགས་གསལ་བོ་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་སྟབས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ལོགས་ནས་ཤུགས་ཆེ་བ་དེ་ཚོས་ལས་དོན་བྱེད་ཕྱོགས་ཐད་ས་གནས་སྤྱི་འཐུས་བཅས་ཚང་མ་མཉམ་རུབ་ཀྱིས་ག་འདྲ་བྱེད་དགོས་ཀྱི་འདུག དེ་ཚོའི་སྒང་ལ་ད་ལྟ་ལས་ཤུགས་མང་བ་རྒྱག་དགོས་ཀྱི་འདུག་མ་གཏོགས། ད་ལྟའི་གནས་སྟངས་ཐོག་མུ་མཐུད་གནས་བ་ཡིན་ན། ནམ་ཞིག་གནས་སྟངས་ཁག་པོ་ཞིག་ཆགས་ས་རེད་བསམ་གྱི་འདུག
དྲི་བ། ད་ལྟ་ཕྱི་རྒྱལ་ཁག་ཏུ་བོད་མི་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད། བོད་པའི་འཐབ་རྩོད་ནང་ཆ་ཤས་ལེན་ཐུབ་དང་བོད་པ་མཉམ་རུབ་ཡོང་ཐབས་ཐོག་འཆར་གཞི་གང་འདྲ་ཡོད་དམ།
ལན། བྱང་ཨ་མེ་རི་ཁ་འདྲ་བོ་ཡིན་ན་ལུང་པ་གཉིས་ཀྱི་ནང་བོད་རིགས་སྤྱི་མཐུན་ཚོགས་ པ་ ༣༠ ཙམ་ཡོད་པ་རེད། ཡུ་རོབ་ཡིན་ན་ལུང་པ་མང་པོ་ཞེ་དྲགས་ཡོད་ལ། ཕལ་ཆེར་ལུང་པ་རེ་རེའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་རེ་རེ་ཡོད་དུས། དོན་གཅོད་ཀྱིས་སྙོབ་མ་ཐུབ་པའི་ས་ཆ་དེ་ཚོར་ཆབ་སྲིད་ཀྱི་ཞུ་སྐུལ་དང་ལས་འགུལ་སྤེལ་དགོས་ཀྱི་ཡོད་ན་རེད། སྤྱི་ཚོགས་རུག་རུག་བཟོ་དགོས་ཀྱི་ཡོད་ནའང་རེད། དེ་ཚོའི་ཐོག་ལ་བོད་རིགས་སྤྱི་མཐུན་ཚོགས་པ་ཚོར་ལས་འགན་ཤུགས་ཆེན་པོ་ཆགས་ཀྱི་ཡོད་པ་ལྟར། ལས་འགན་འཁུར་ཐུབ་པའི་ཆེད་དུ་ཁོང་ཚོར་སློབ་སྦྱོང་ག་རེ་སྤྲོད་དགོས་ཀྱི་འདུག མཐུན་རྐྱེན་ག་རེ་སྦྱོར་དགོས་ཀྱི་འདུག་དེ་ཚོར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། དེ་བཞིན། ཤེས་ཡོན་གྱི་ཐོག་ལ་སྐད་ཆ་བཤད་ཡོང་དུས། དཔེར་ན། བོད་མི་མང་པོ་ཕར་འགྲོ་ཡི་ཡོད་པས་ཕར་ཕྱོགས་ནས་བོད་པའི་སློབ་གྲྭ་འཛུགས་ཐུབ་ཀྱི་རེད་དང་མ་རེད་ཟེར་བ་དེ་ཚོའི་གྲས་དེ། སློབ་གྲྭ་འཛུགས་པ་ལ་སློབ་ཕྲུག་དགོས་པ་རེད་མ་གཏོགས་ཁང་པ་དང་ས་ཆ་ཉོ་བར་ཨ་རི་དང་ཡུ་རོབ་གང་ལའང་དཀའ་ངལ་ཡོད་པ་རེད་བསམ་གྱི་མི་འདུག ཡིན་ནའང་། མགོ་མ་བཙུགས་པའི་སྔོན་དུ་དབྱར་ཀའི་གུང་གསེང་སྐབས་བོད་པའི་བྱིས་པ་རྒན་གཞོན་བར་གསུམ་ཚང་མ་ཡོང་ས་ཡོད་པ་དང་། དེའི་ནང་མགོ་ཁྲིད་ཀྱི་ཟབ་སྦྱོང་དང་ནང་ཆོས་ངོ་སྤྲོད། བོད་སྐད་ཡིག་སློབ་ཁྲིད་སོགས་ནས་རིམ་གྱིས་མགོ་བཙུགས་ཏེ། བོད་པའི་སློབ་གྲྭ་འཛུགས་ཐུབ་ས་རེད་དང་མ་རེད་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་འདུག
བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་ཐོག་ནས་ད་ལྟའི་བཀའ་ཤག་གིས་གང་ལ་གང་འཚམ་ཞིག་གནང་ཡོད་ཀྱང་། ད་དུང་ཤུགས་ཆེ་ཙམ་གནང་སྟེ་བོད་པ་ཅི་ཙམ་གྱིས་འཐོར་བསྡད་ཡོད་ནའང་། དབྱིན་ཇིའི་སྐད་ནང་(Inclusiveness)སྟེ་ཚང་མ་ནང་ལ་ཚུད་ཐུབ་པར་འབད་བརྩོན་བྱེད་རྒྱུ་དེ་དགོས་མཁོ་དང་པོ་དང་། གཞན་ལ་བརྟེན་མི་དགོས་པར་ང་རང་ཚོའི་ངོས་ནས་བྱེད་ཐུབ་པ་དེ་རེད་འདུག ཡིན་ནའང་། བོད་པ་ཁ་ཤས་ཀྱིས་སོ་སོའི་འཚོ་བ་སྐྱེལ་ཐབས་འགྲིག་གི་འདུག་ན་གཞན་པ་དགོས་ཀྱི་མི་འདུག་བསམ་གྱི་ཡོད་པ་དེ་ཚོར་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། འོན་ཀྱང་། ང་རང་ཚོས་འབད་བརྩོན་ལྷོད་མེད་བྱས་པ་ཡིན་ན། བོད་པ་ཚོ་རུག་རུག་ཆགས་ཐུབ་པ་དེ་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ཡིན་ལ། བོད་མིའི་སྒྲིག་འཛུགས་འདི་གནས་བ་ཡིན་ན་དགེ་མཚན་ག་རེ་འདུག མ་གནས་ན་སྐྱོན་ག་རེ་ཆགས་ཀྱི་འདུག་དེ་ཚོ་མི་མང་གིས་ཧ་གོ་དགོས་པ་དེ་དཔེ་གལ་ཆེན་པོ་ཡིན་སྟབས། དེ་ཚོ་མི་མང་ནང་ངོ་སྤྲོད་བྱ་རྒྱུ་དང་། ལྷག་པར་དུ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་ཚོར་དཔེ་མི་སྲིད་པའི་འགན་ཆེན་པོ་འདུག དེ་ཚོ་ཚང་མ་ང་ཚོས་རིམ་གྱིས་བང་ཞིག་བསྒྲིགས་ཏེ་ནུས་པ་སྒྲིལ་ཐུབ་པར་འབད་ བརྩོན་བྱེད་པའི་ཐད། ངས་སྲིད་སྐྱོང་གི་འགན་ཞིག་འཁུར་བ་ཡིན་ན་ནུས་པ་འཐོན་ཐུབ་པའི་ལས་ཀ་ཏན་ཏན་མང་པོ་ཡོད་པ་རེད་བསམ་གྱི་ཡོད།
དྲི་བ། བོད་རྒྱའི་འབྲེལ་མོལ་ཆད་དེ་ལོ་ཤས་ཕྱིན་ཡོད་སྟབས། གལ་སྲིད་སྐུ་ཉིད་སྲིད་སྐྱོང་ཆགས་པ་ཡིན་ན། འབྲེལ་མོལ་བསྐྱར་མཐུད་ཡོང་བར་ཐབས་ཤེས་ག་རེ་ཡོད།
ལན། ད་ལྟ་ང་ཚོགས་གཙོ་ཡིན་པའི་ཆ་ནས་དེའི་ཐད་དམིགས་བསལ་གྱིས་ལས་འགན་མེད་སྟབས། འདི་དང་དེ་གནང་གི་ཡོད་པ་རད་དང་མ་རེད་ཟེར་ནས་ཞུ་ཐུབ་ཀྱི་མི་འདུག་སྟེ། གལ་སྲིད་ང་སྲིད་སྐྱོང་ཆགས་པ་ཡིན་ན། རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་ཡོད་མཁན་བོད་མིའི་ནང་ཡོད་རྒྱུ་རེད་ལ། རྒྱ་མི་དང་རྒྱལ་སྤྱིའི་ཚོགས་པ་དེ་ཚོའི་ནང་དུའང་ཆབ་སྲིད་ཀྱི་ཐོག་ནས་མེད་ཀྱང་། ཚོང་གི་འབྲེལ་ལམ་གྱི་ཐོག་ནས་རྒྱ་ནག་གི་དཔོན་རིགས་ཁག་ལ་ཐད་ཀར་འབྲེལ་བ་ཡོད་མཁན་དེ་འདྲ་སྔོན་མར་བྱུང་ཡོད་པ་རེད་ལ། མ་འོངས་པར་ཡང་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག དེ་འདྲ་བརྒྱུད་དེ་ཐད་ཀར་སྙོབ་ཐུབ་པ་ཞིག་ག་རེ་འདུག དེ་མིན་རྒྱལ་ཁབ་གཞན་པའི་ཆབ་སྲིད་པ་སྙན་གྲགས་ཅན་དེ་འདྲ་བརྒྱུད་དེ། བོད་པའི་དཀའ་རྙོག་སེལ་བ་ཡིན་ན་རྒྱ་ནག་ལ་ཁེ་ཕན་གང་དང་གང་ཡོད་པ་གོ་བརྡ་སྤྲོད་ཐུབ་པའི་གནས་སྟངས་ག་རེ་འདུག ཡང་མིན་ན་ཤེས་ཡོན་ཅན་དེ་འདྲ་བརྒྱུད་ནས་བྱ་རྒྱུ་ག་རེ་འདུག ལྷག་པར་དུ་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ལོ་རྒྱུས་ལ་མཁས་པ་དང་རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་མང་པོ་ཡོད་སྟབས། ཁོ་ཚོ་མི་སྒེར་གྱི་བསམ་ཚུལ་དང་ཐུན་མོང་གི་བསམ་ཚུལ་ལ་གཞི་བཅོལ་ཏེ་ལས་ཀ་ག་འདྲ་བྱེད་དགོས་ཀྱི་འདུག དེ་བཞིན་རྒྱལ་སྤྱིའི་ནང་ཞི་མོལ་ཐོག་མཁས་པ་དེ་འདྲ་ཡོད་པ་ཚོར་འབྲེལ་བ་བྱས་ཏེ་ལམ་སྟོན་ཞུ་དགོས་པ་ག་རེ་འདུག གང་ལྟར་ཕྱོགས་ཡོངས་ནས་ང་རང་ཚོས་འབད་བརྩོན་བྱེད་དགོས་པ་རེད།
རྒྱ་ནག་གི་ད་ལྟའི་དམར་པོའི་གཞུང་དེ་མུ་མཐུད་གནས་ཀྱི་རེད་དམ་ཟེར་ན་བཤད་ཁག་པོ་རེད། དཔེར་ན། ཉེ་ཆར་རྒྱ་ནག་གི་ཁྲོམ་རའི་ནང་མ་རྩ་མང་པོ་བརྡིབས་བསྡད་པའི་གནས་སྟངས་དེ་ཚོ་ཡིན་ན། ང་ཚོས་ཞིབ་ཚགས་པོ་བྱས་ནས་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན། དེའི་རྐྱེན་གྱིས་རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་གནས་བབ་ལ་དོ་ཕོག་ག་རེ་འགྲོ་ས་རེད། དེ་བཞིན་ཆབ་སྲིད་གནས་བབ་ལ་དོ་ཕོག་ག་འདྲ་འགྲོ་ས་རེད། ད་ལྟ་རྒྱ་ནག་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་པའི་སྐབས་འདིར་གོ་སྐབས་ཤིག་བྱུང་མཚམས། ང་ཚོས་གོ་སྐབས་དེ་འཛིན་ཐུབ་པའི་ཆེད་དུ་ཚོགས་ཆུང་མི་འདྲ་བ་ཇི་ལྟར་འཛུགས་དགོས་ཀྱི་འདུག གང་ལྟར་ཆབ་སྲིད་དང་ཆོས་ཕྱོགས། ཁོར་ཡུག་སོགས་གང་ཅིའི་ཐོག་ནས་ང་ཚོས་གྲ་སྒྲིག་ཨང་གསར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲའི་གནས་སྟངས་ཤིག་མ་བསླེབས་བར་དུ་ང་ཚོའི་བོད་མིའི་སྒྲིག་འཛུགས་འདི་སྲ་བརྟན་གནས་ཐུབ་པ་དང་། མང་ཚོགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་བློ་གཏད་ཐུབ་པ། དེ་བཞིན་རྒྱལ་སྤྱིའི་ནང་བོད་པའི་གནད་དོན་དེ་གནས་ཐུབ་པར་འབད་བརྩོན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ཕྱོགས་གཅིག་ནས་རྒྱ་ནག་ལ་ཕར་ག་ཚོད་སྙོབ་ཐུབ་ཐུབ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་ནང་དང་བོད་པའི་སྤྱི་ཚོགས་འདི་སྲ་ཐག་ཐག་གནས་ཐུབ་དགོས་པ་གལ་ཆེ་ཤོས་ཆགས་ཡོད།
དྲི་བ། བཙན་བྱོལ་བོད་མིའི་དགོན་སྡེ་དང་སློབ་གྲྭ་ཁག་གི་ནང་འཛུལ་ཞུགས་བྱེད་མཁན་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་ཆ་བཞག་ནའང་ལས་བྱེད་མང་པོས་རྩ་དགོངས་ཞུས་འགྲོ་ཡི་ཡོད་པའི་ཐད་ག་རེ་གནང་དགོས་པར་དགོངས་ཀྱི་ཡོད།
ལན། ཆོས་རིག་ལས་ཁུངས་ནས་ད་ལྟ་རྒྱ་བལ་འབྲུག་གསུམ་ནང་བོད་པའི་དགོན་སྡེ་ ༢༦༥ ཡོད་པའི་གྲངས་ཀ་རྩི་ཡི་ཡོད་པ་དང་། ཁྱོན་གྲྭ་བཙུན་ཁྲི་ ༤ ཙམ་ཡོད་པའི་ནང་ནས་བརྒྱ་ཆ་ ༥༤ ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཡིན་པ་དང་། བརྒྱ་ཆ་ ༤༦ བོད་པ་ཡིན་པའི་འགྲེལ་བཤད་སྐྱོན་གྱི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་ནས་ནང་པའི་ཆོས་བྱེད་མཁན་དེ་ངེས་པར་དུ་དགེ་འདུན་པ་གཅིག་པུ་ཡིན་དགོས་པ་མ་རེད་ཅེས་གསུང་གི་ཡོད་པ་ལྟར། ནང་ཆོས་སློབ་སྦྱོང་དེ་སྐྱ་བོ་ཕོ་མོ་ག་འདྲ་ཞིག་ཡིན་ནའང་བྱེད་ཆོག་པ་ཞིག་རེད། དགོན་སྡེའི་ནང་གྲྭ་བ་དང་བཙུན་མ་གང་ཡོད་པ་དེ་སྤུས་དག་པོ་ཞིག་ཡིན་དགོས་པ་གལ་ཆེན་པོ་རེད། ངས་གྲྭ་བཙུན་མང་ཉུང་གི་ཁྱད་པར་མིན་པར་སྤུས་ཚད་ཡག་ལུགས་ཀྱི་ཁྱད་པར་རེད་བསམ་གྱི་འདུག སྐྱ་བོ་ཡིན་ནའང་ཐར་པ་ཐོབ་མ་ཆོག་པ་གང་ཡང་མ་རེད། བོད་པ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་ཧི་མ་ལ་ཡའི་རི་རྒྱུད་པ་ཚོ་མང་དུ་འགྲོ་བཞིན་ཡོད་ལ། དེ་བཞིན་ནུབ་ཕྱོགས་མི་རིགས་ནང་དུའང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད།
དྷ་རམ་ས་ལའི་ལྷན་ཁང་ཁག་གི་ལས་བྱེད་མང་པོ་ཞིག་ཕར་ཚུར་འགྲོ་ཡི་ཡོད་པ་དེ་དངོས་ཡོད་རེད། ཉེ་ཆར་ག་འདྲ་ཡིན་པ་ངས་ཧ་གོ་མ་སོང་མ་གཏོགས་ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་གྱི་གནས་སྟངས་ཐད་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་སྐད་ཆ་འདྲི་སྐབས། མི་ ༡༠༠ ཡར་འཛུལ་བ་ཡིན་ན་མི་ ༤༧ མར་ཐོན་འགྲོ་ཡི་འདུག་ཟེར་བའི་འགྲེལ་བཤད་ཅིག་གནང་ཡོད་པ་རེད། ད་ལྟ་གཅིག་བྱས་ན་དེ་ལས་མང་དུ་ཕྱིན་ཡོད་སྲིད་པ་རེད། དེ་ཚོ་མང་པོ་ཞིག་འཚོ་བའི་ཐོག་བསམ་བློ་བཏང་ནས་ཐོན་འགྲོ་ཡི་ཡོད་པ་དང་། ཡང་མང་པོ་ཞིག་སོ་སོའི་ཕྲུ་གུར་མདུན་ལམ་ཡག་པོ་ཞིག་ཡོང་བའི་ཆེད་དུ་འགྲོ་ཡི་ཡོད་པ་དེ་འདྲ་ཡོང་གི་འདུག ཡང་ཁག་ཅིག་ཕར་ཕྱོགས་ནས་མི་སེར་ཆགས་ཚར་ན་ཡང་ཚུར་ཡོང་སྟེ་ཞབས་ཞུ་ཞུ་ཡི་ཡོད་པ་རེད། ཡིན་ནའང་། ད་ལྟའི་དུས་ཚོད་ནང་མང་པོ་ཞིག་ལ་ཕར་འགྲོ་བའི་བསམ་བློ་ཤུགས་ཆེ་བ་ཡོད་པ་དང་། ཕར་ཕྱོགས་ཀྱི་སོ་སོའི་འཚོ་བའི་རྟེན་གཞི་དེ་དང་པོ་ཡག་པོ་ཞིག་ཆགས་དང་མ་ཆགས་ཀྱི་གནས་སྟངས་འོག་ལྷག་བསྡད་ཡོད་པ་ཞིག་མཐོང་གི་འདུག ནམ་ཞིག་ཕར་ཕྱོགས་ཀྱི་འཚོ་བའི་གནས་སྟངས་ཡག་པོ་ཞིག་ཆགས་པ་ཡིན་ན། ཚུར་སོ་སོའི་སྤྱི་ཚོགས་ནང་ཡོང་སྟེ་ལས་ཀ་བྱེད་པའི་རིམ་པ་ཞིག་ལོ་ ༥ དང་ ༡༠ ཡི་ནང་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག ཡང་ཕྱོགས་གཞན་ཞིག་ནས་གཞོན་སྐྱེས་མང་པོ་ཞིག་ལ་ལས་ཀ་མི་འདུག་ཟེར་གྱི་ཡོད་དུས། འདི་ནས་ཉམས་མྱོང་བསགས་རྗེས་ཕར་ཕྱོགས་ནས་བྱེད་དགོས་པ་དེ་ཚོ་བྱས་ན། བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་མྱོང་བའི་རྒྱུ་མཚན་ལ་བརྟེན་ནས་བོད་པའི་གནད་དོན་མགོ་འཚོས་པོ་ཡོད་པ་རེད། དཔེར་ན། དགེ་རྒན་ཞིག་ཡིན་ན། འདི་ནས་དགེ་རྒན་མང་པོ་ཞིག་ཕར་འགྲོ་ཡི་འདུག་ཅེས་སྐད་ཤོར་གྱི་ཡོད་ཀྱང་། ཕར་ཕྱོགས་ནས་གཟའ་སྤེན་པ་ཉི་མའི་བོད་ཡིག་འཛིན་གྲྭ་དེ་ཚོར་ཕན་ཞེ་དྲགས་ཐོགས་ཀྱི་འདུག འདིར་བོད་མིའི་སྒྲིག་འཛུགས་ནང་མི་ལྔ་བརྒྱ་དྲུག་བརྒྱ་ཞིག་ལ་མ་གཏོགས་ལས་ཀ་སྤྲོད་ཐུབ་ཀྱི་མེད་སྟབས། མི་རྙིང་པ་ཤ་སྟག་བསྡད་བསྡད་པ་ཡིན་ན་གསར་པ་ཚོ་འཛུལ་སའི་གོ་སྐབས་མེད་སྟབས། ད་ལྟའི་བརྒྱུད་སྤྲོད་དེ་མཚམས་མཚམས་ལ་སེམས་ཁྲལ་ཆེན་པོ་བྱེད་དགོས་པ་ཞིག་ཡིན་ཡང་། མཚམས་མཚམས་ལ་གོ་སྐབས་ཤིག་ཆགས་ཀྱི་འདུག་བསམ་པའང་ཡོང་གི་འདུག
དྲི་བ། མ་འོངས་པར་མི་མང་ནང་སྲིད་སྐྱོང་འོས་མིའི་གསུང་བཤད་དང་ཁྱབ་བསྒྲགས་སོགས་ཀྱི་ལས་རིམ་ག་འདྲ་ཡོད།
ལན། འོས་གཞིའི་ནང་ལངས་མཁན་ཁག་ཅིག་ལ་དུས་ཚོད་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ས་གནས་ཁག་མང་པོ་ཞིག་ལ་ཕེབས་ཏེ། སོ་སོའི་རྒྱབ་ལྗོངས་ལོ་རྒྱུས་དང་། མ་འོངས་པར་ག་རེ་གནང་ཐུབ་ཀྱི་ཡོད་དང་མེད་སོགས་ཤོད་ཀྱི་ཡོད་སྟབས། དེ་ཚོ་ཡག་པོ་རེད་བསམ་གྱི་འདུག འོན་ཀྱང་གནང་མི་ཐུབ་པ་ཞིག་གནང་ཐུབ་ཀྱི་ཡོད་ལབ་པ་ཡིན་ན་མི་མང་ལ་མགོ་སྐོར་ཆགས་ཀྱི་ཡོད་པ་རེད། མི་མང་ལ་མགོ་སྐོར་བཏང་ན་འཕྲལ་སེལ་ཁེ་ཕན་ཞིག་ཡོང་མདོག་ཁ་བོ་རེད་དེ། ཕུགས་ལ་རང་གཞན་གཉིས་ཀར་གནོད་ཚབས་ཆེན་པོ་ཡོང་གི་ཡོད་པ་རེད། ང་ལ་མཚོན་ན། ད་ལྟ་སྤྱི་འཐུས་ཚོགས་གཙོའི་ལས་འགན་འཁུར་བསྡད་ཡོད་སྟབས། ས་གནས་སུ་ཕྱིན་ཏེ་མི་མང་ལ་འགྲེལ་བཤད་རྒྱག་རྒྱུ་དེ་དུས་ཚོད་ཀྱིས་ལྕོག་གི་མི་འདུག་ས་གནས་མང་ཚོགས་ལ་དགོངས་སེལ་ཞུ་བཞིན་ཡོད། མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁས་ང་རང་སྲིད་སྐྱོང་འོས་མིར་བཏོན་ཡོད་སྟབས། རྒྱབ་ལྗོངས་ལོ་རྒྱུས་སོགས་གང་ཡོང་ཅི་ཡོང་གིས་འགྲེལ་བཤད་བསྐྱོད་ཀྱི་རེད་བསམ་གྱི་འདུག སྔོན་འགྲོའི་སྔོན་ལ་ང་མང་ཚོགས་ལ་བཅར་ཐུབ་ཀྱི་མི་འདུག གལ་ཏེ་སྔོན་འགྲོའི་ནང་འོས་གང་ལ་གང་འཚམ་ཐོབ་སྟེ་དངོས་གཞིའི་ནང་ཞུགས་དགོས་པའི་གནས་སྟངས་བྱུང་བ་ཡིན་ན། བགྲོ་གླེང་གི་གླེང་སྟེགས་དེ་འདྲའི་ནང་གྲོས་བསྡུར་ཡོང་གི་རེད་ལ། ས་གནས་ཁག་ཚང་མའི་ནང་སྙོབ་ཐུབ་རྒྱུ་ཁག་པོ་རེད་དེ་ས་ཆ་ཁ་ཤས་ནང་སྐོར་བ་རྒྱག་རྒྱུ་ཡོང་གི་རེད།
ང་ལ་འོས་བླུགས་པར་ངས་ཅིག་འཇོན་གྱི་རེད་བསམ་པའི་ཐོག་ནས་འོས་བླུག་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། དེ་མ་གཏོགས་ངས་འཇོན་གི་མ་རེད་བསམ་གྱིན་བསམ་གྱིན་ངའི་ཕ་ཡུལ་གཅིག་པ་ཡིན། སྤུན་མཆེད་དུ་འགྲོ་ཡི་ཡོད། གྲོགས་པོ་ཡིན། དེ་བཞིན་གཞིས་ཆགས་གཅིག་པ་ཡིན་ཞེས་བླུགས་ན་ཕན་ཐོགས་ཡོད་པ་མ་རེད། དེར་བརྟེན། འོས་གཞིའི་ནང་དུ་ལངས་མཁན་སུ་ཡོད་ནའང་ཚང་མའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་བལྟས་ཏེ། སོ་སོའི་རྣམ་དཔྱོད་རྩལ་དུ་བཏོན་ནས་ཡིད་ཆེས་རྙེད་པའི་ཐོག་ནས་བླུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
གསར་འགོད་པ། པདྨ་མཚོ།
རྒྱ་བོད་གཉིས་ཀྱི་དཀའ་རྙོག་དེ་སྤེན་པ་ཚེ་རིང་གིས་སེལ་མི་ཐུབ་པ་ས་རིས་ཐང་གསལ་རེད། བཙན་བྱོལ་བོད་མིའི་ནང་ཁུལ་རྙོག་གླེང་རྣམས་སེལ་མ་ཐུབ་པར་ཧཧཧཧཧཧཧཧ་་་་་་་་་་ཅིག་ཚོད་ལྟ་གྱིས་དང་མཐོང་ཀི་རེད།
བོད་མི་ཕྱི་རྒྱ་འགྲོ་ཡ་ལ་ཀག་འགོག་བྱེད་མཁན་གཙོ་བོ་ཞིག་རེད། བྷེལ་ཇམ་དུ་སྐྱབས་བཅོལ་མ་རགས་པའི་གཞི་རྩ་གཅིག་ཁོང་ལ་ཐུག་པའི་སྐད་ཆ་ཡོད་ཡོད་པ་རེད། མི་གསད་པའི་གྱོད་གཞི་ཡོད་པར་ཁོ་རང་གི་ངོས་འཛིན་བཞིན་གྲོས་ཚོགས་རྭ་བ་ནས་ཕྱིར་བུད་བྱེད་སྐད་ཆ་གཙང་མ་མ་བཟོས་ན་ལས་སླ་མོ་མི་བཞག་པའི་གཏམ་བཤད་ཀྱིས་འཇུག་བསྡུས་པར་ད་དུང་དྲ་བརྙན་དུ་གསལ་གསལ་ཐེང་ཐེང་འདུག་ན་ཅིའི་ཕྱིར།