བློ་གྲོས་རབ་བརྟན།
གྲོས་ཚོགས་ཚོགས་དྲུང་དང་འོས་བསྡུ་འགན་འཛིན་གཉིས་སྤྱི་འཐུས་ཉི་ཤུ་རྩ་གཉིས་ཀྱི་འཇིག་སྐུལ་འོག་ཡོད་དམ། འཇིག་སྐུལ་ཟེར་བ་དེ་ཁྲིམས་འགལ་སྒྲིག་འགལ་བྱེད་མཁན་ཚོས་ལག་བསྟར་གནང་རྒྱུ་ཞིག་ལས་བདེན་པ་དང་དོན་དངོས། ཁྲིམས་མཐུན་དང་སྒྲིག་གཞི་བརྩི་མཁན་ཞིག་གིས་ནམ་ཡང་དེ་ལྟར་བྱ་མི་སྲིད་དེ། ཁྲིམས་མཐུན་ལ་ཁྲིམས་སྒྲིག་གི་སྲུང་སྐྱོབ་ཡོད་པས་དེ་ལྟར་བྱ་དགོས་པའི་གནས་སྟངས་མེད།
ནམ་རྒྱུན་༧གོང་ས་མཆོག་ལ་མ་རངས་པའི་རྣམ་འགྱུར་སྟོན་ཅིང་། བསྐུལ་འདེབས་དང་ཟུར་ཟ་ལ་དགའ་མཁན་ཚོར། ད་རེས་༧གོང་ས་མཆོག་གི་སྐུ་པར་་གློ་བུར་དུ་རྩ་ཆེན་པོ་ཆགས་དོན་ཅི།རྩ་ཁྲིམས་དང་སྐུ་པར་མདུན་ནས་དམ་བཅའ་བླངས་ཁུལ་རེད། བཅའ་ཁྲིམས་དང་འགལ་པའི་ལས་ཀ་བྱས་ཏེ་བཅའ་ཁྲིམས་མདུན་ནས་དམ་འབུལ་ཞུས་པ་ཡིན་ཟེར་ན། དེ་ག་འདྲ་ཞིག བཅའ་ཁྲིམས་བཀུར་ཀྱིན་ཡོད་
ན། བཅའ་ཁྲིམས་སུ་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་དགོས་པ་ལོང་བས་མཐོང་ས་དང་། འོན་པས་གོ་ས་རེད། མགོ་རྟིང་ལོག་པའི་ལས་ཀ་དེ་འདྲ་སེམས་ལྡན་ཞིག་ཡིན་ན་བྱེད་ཀྱི་མ་རེད་དེ། སྤྱི་འཐུས་མིང་ཅན་ཉི་ཤུ་རྩ་གཉིས་དེ་སེམས་མེད་ཡིན་ནམ། མི་བསམ་བློ་ཅན་ཞིག་ཡིན་ན་ཁྲེལ་དགོད་ཤོར་ཞིང་། རང་ཉིང་ལིང་ལ་བཏོན་པའི་བྱ་སྤྱོད་འདི་དག་ལྷ་ངུ་ཡ་འདྲེ་དགོད་ཡ་ལས་མ་འདས།
ང་ཚོ་ཚང་མ་མ་ཤི་གསོན་པོ་རེད། གདོང་ཕར་གཏད་ཚུར་གཏད་རེད། ༧གོང་ས་མཆོག་ཅི་ཙམ་བརྩི་བཞིན་ཡོད། ་ཁྱོད་ཚོས་མ་བཤད་ཀྱང་བཙན་བྱོལ་བོད་མི་ཚོའི་སེམས་ན་ཡོད། ༧གོང་ས་མཆོག་ལ་བསྐུལ་འདེབས་མཁན། བཀའ་གསུང་ལ་ལོག་འགྲེལ་རྒྱག་མཁན། ལམ་སྟོན་འོག་འགྲོ་གི་མིན་མདོག་མདོག་སྟོན་མཁན། བོད་མིའི་སྒྲིག་འཛུགས་འདི་ཁ་ཆག་སྣ་རལ་གཏོང་ལ་འབད་མཁན། ཁྱོད་ཚོ་སྤྱི་འཐུས་ཉི་ཤུ་རྩ་གཉིས་དེའི་ནང་ན་ཡོད་པ། ཧ་ལམ་ཁྱོད་ཚོ་ཚང་མ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཁ་གཏད་དུ་ལངས་ཏེ། དགྲ་དགའ་གཉེན་སྡུག་བྱེད་མཁན་ཡིན་པ། མང་པོ་བཤད་མི་དགོས་ཏེ། ད་ཐེངས་ཀྱི་སྤྱི་འཐུས་དམ་འབུལ་བརྒྱུད་དེ། ལྟས་ངན་ལིང་ལ་ཐོན་པ་འདི་རེད། མི་ལ་ངོ་ཚ་མེད་ན། ད་དུང་གསར་འགོད་པར་”བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ཚེ་འདི་ཕྱིའི་སྐྱབས་གནས། “ ཟེར་ནས་གཡོ་སྒྱུའི་དགོས་མཁོ་ཞིག་གི་ཆེད་དུ། སྒྲིག་འཛུགས་གཏོར་བཤིག་གི་ཆེད་དུ། མི་མང་མགོ་སྐོར་གྱི་ཆེད་དུ།རང་ཉིད་བཅའ་ཁྲིམས་དང་འགལ་བའི་ཉེས་པ་འགེབས་སྲུབ་ཀྱི་ཆེད་དུ༧གོང་ས་མཆོག་གི་མཚན་སྨྲོས་པ་ལས་༧གོང་ས་མཆོག་བརྩི་མཁན་ཞིག་ཡིན་དང་མིན། ཁྱོད་ཚོ་དང་ཁྱོད་ཚོའི་ཕྱོགས་གཏོགས་ཀྱི་འདས་པའི་ལོ་རྒྱུས་ལས་ཤེས་ཐུབ་པ་མ་ཟད། ཁྱོད་ཚོ་བྱ་སྤྱོད་ངོ་མའི་སྟེང་ནས་བོད་མི་ཚོར་མིག་མཐོང་ལག་ཟིན་དུ་ར་སྤྲད་དང་སྤྲོད་མུས་རེད།
ཡར་འགྲོ་ས་ཡོད་པ། ཁྲིམས་སྒྲིག་དང་མཐུན་པ། བོད་མིའི་སྒྲིག་འཛུགས་འདི་ལ་དཀའ་ངལ་ཐོལ་བ་བཟོ་མི་དགོས་པའི་ལམ་ཁ་ཡོད་བཞིན་དུ། དེ་མ་བསྐྱོད་པར་ལམ་ལོག་ཁྲིམས་སྒྲིག་དང་ཡེ་ནས་མི་མཐུན་པའི་རང་སྣང་གང་དྲན་བྱེད་ཀྱིན་པ་འདི་ནི། བཙན་བྱོལ་སྒྲིག་འཛུགས་ལ་ཁྲིམས་ཀྱི་དབང་བསྒྱུར་འཐུས་ཚང་ཞིག་མེད་སྟབས། སྤྱི་འཐུས་མིང་ཅན་ཉི་ཤུ་རྩ་གཉིས་ཀྱིས་མཐོང་ཆུང་དང་། ཁྱད་གསོད། བརྙས་བཅོས་དང་ཐུབ་ཚོད་རེད། མིག་སྐྲང་སྒང་ལ་ཁུ་ཚུར་རེད།ཁྲིམས་སྒྲིག་དང་འགལ་ན་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་ལས་ཁྲིམས་འགལ་སྒང་ལ་ཁྲིམས་འགལ་གྱི་ལས་ཀ་གཏད་ནས་བྱེད་མི་འོས། བཅའ་ཁྲིམས་བརྩིས་ན་བརྩིས་པ་རེད།ཁྲིམས་མཐུན་རེད། ཁྲིམས་ཀྱི་དབང་བསྒྱུར་རེད། ཁྲིམས་མ་བརྩིས་ན་ཁྲིམས་མེད་ལུགས་མེད་རེད། གང་ཟག་གི་དབང་བསྒྱུར་རེད། ད་ནི་གང་ཟག་གི་དབང་བསྒྱུར་ལ་ཕྱོགས་ཏེ་བཅའ་ཁྲིམས་ནུས་མེད་ཆགས་རྒྱུ་ཡིན་ནམ། གལ་ཏེ་དེ་ལྟར་ཡིན་ན་དེའི་ཉིན་མོ་ནས་བཟུང་ལོ་ངོ་དྲུག་ཅུའི་རིང་གི་བྱུང་བ་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་འཐོར་བ་རེད། སྤྱི་འཐུས་ཉི་ཤུ་རྩ་གཉིས་ཀྱིས་གཏོར་བ་རེད།
སྤྱི་འཐུས་ཚོ་དུམ་བུ་གཉིས་ཆགས་པའི་དེ་རིང་། མི་སྐོར་ཞིག་གིས་ཕྱོགས་གཉིས་ནས་ཕྲན་བུ་གུ་ཡངས་གནང་སྟེ། ལམ་དབུ་མ་ཞིག་གི་སྒང་ལ་འགྲོ་དགོས་རེད་ཅེས་བསམ་ཚུལ་འདོན་མུས་རེད།ཁྲིམས་མཐུན་དང་ཁྲིམས་འགལ་གཉིས་ཀྱི་བར་ན་ལམ་དབུ་མ་ཞིག་ཡོང་སྟངས་རེད། ཁྲིམས་འགལ་ལ་འགྲོ་ས་ཡོད་པ་ནི་ཉེས་ཆད་དང་བཙོན་ཁང་རེད། ཁྲིམས་སྒྲིག་སྣང་མེད་དུ་བཞག་སྟེ་ཁྲིམས་མེད་ལུགས་མེད་དུ་བསྐྱོད་རྒྱུ་ཡིན་ན། གནས་སྐབས་ཙམ་འགྲིག་པའི་ལམ་དབུ་མ་ཞིག་ཡོད་སྲིད་ཀྱང་། དེས་མ་འོངས་པ་ན་དེ་ལས་དཀའ་ངལ་མང་ཞིང་། དེ་ལས་ཚབས་ཆེ་བའི་ཆག་སྒོ་མང་པོའི་སྣ་འདྲེན་དུ་འགྱུར་རྒྱུ་རེད།
ཅི་བྱ་གང་བྱ་མེད་པ་ཆགས་ཚར་འདུག་ད་ཚར་སོང་་བཙན་བྱོལ་བོད་མའི་ཁྲིམས་ལུགས་ལྟར་འགྲོ་མི་འདོད་ན་ལམ་ཀ་གཅིག་རང་མ་གཏོགས་མེད་དེ་ནི་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་ཁྱབ་ཁུངས་ནས་འགྲོ་རྒྱུ་མ་གཏོགས་ཐབས་ཤེས་གང་ཡང་མེད། ཅིག་བྱས་འགྲོ་འདོད་ཡོད་ན་ཐང་།
ལན་གཅིག་སྡོད་མ་ཤེས་ན་ལན་བརྒྱ་ལངས་མི་ཐུབ་ཟེར་བའི་དཔེ་དེ་བདེན་བྱུང་།ཁྲིམས་འགལ་གྱི་ཡིག་ཆ་ཨང་ ༣༩ དེ་ཕྱི་འཐེན་ནུས་མེད་མ་བཏང་བར་སྙོགས་གླེང་འདི་སུ་གཅིག་གི་སེལ་མི་ཐུབ་པ་དང་། བཅའ་ཁྲིམས་ལ་བརྩི་བསྐུར་དང་། བློ་གཏད་། ཡིད་ཆེས་ཞུས་ནས་དམ་བཅའ་བཞག་ནས་བཅའ་ཁྲིམས་ནང་མ་གསལ་བའི་ཐ་སྙད་༸གོང་ས་མཆོག་གི་སྐུ་པར་མདུན་དམ་འབུལ་ཞུ་རྒྱུ་དེ་ཁྲིམས་འགལ་ནས་ཁྲིམས་འགལ་ལ་ཁ་ཕྱོགས་པ་མ་རེད་དམ་?
བདེན་ནོ་བློ་གྲོས་ལགས། འགའ་རེས་བྱེད་སྟངས་འདི་ཧ་ཅང་ཐབས་སྡུག བཅའ་ཁྲིམས་རིན་པོ་ཆེ་བརྩི་སྲུང་བྱེད་དང་མི་བྱེད་གཉིས་ཀྱི་ཁྱད་པར་མ་གཏོགས། དབུ་མ་ལམ་ཞིག་འཚོལ་རྒྱུའི་གདམ་ག་མེད། དེ་ཟེར་མཁན་གྱི་གང་ཟག་དག་ཀྱང་ཆང་གིས་བཟི་བའམ་ཆོལ་ཁའི་སྨྱོ་བའི་རིགས་ཡིན་སྲིད།
ཁྲིམས་དཔོན་གནས་དབྱུང་གི་ཁྲིམས་འཆར་བཅའ་ཁྲིམས་རིན་པོ་ཆེ་དང་འགལ་བས་རང་བཞིན་གྱི་ནུས་མེད་ཆགས་ཟིན། ད་ལྟའི་ཆར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གནས་སྟངས་དེ་ཁྲིམས་དཔོན་གནང་དབྱུང་གི་ཁྲིམས་འཆར་མ་བྱུང་བའི་སྔོན་གྱི་གནས་སྟངས་སུ་བསྡད་དགོས་པ་ཁྲིམས་ཀྱི་འགྲོ་སྟངས་ཡིན། དེས་ན། གལ་ཏེ་བཅའ་ཁྲིམས་བཞིན་སྤྱི་འཐུས་མ་རུང་བ་འགའ་ཡིས་དམ་འབུལ་མ་ཞུས་པ་དེ་བཅའ་ཁྲིམས་རིན་པོ་ཆེ་དང་འགལ་བས་ཁོང་རྣམས་བཙན་བྱོལ་བོད་མིའི་སྤྱི་འཐུས་ཆགས་ཐུབ་མེད་པས། ཁོང་རྣམས་ཀྱི་བཀག་བསྡད་པའི་སྤྱི་འཐུས་ཀྱི་ས་མིག་སྟོང་པ་བཟོས་ཏེ་སྒུག་ཐོ་བང་རིམ་ན་གནས་པའི་སྤྱི་འཐུས་འདེམས་ཐོན་རྣམས་ལ་གོ་སྐབས་གནང་དགོས། དེ་དག་ལའང་བཅའ་ཁྲིམས་རིན་པོ་ཆེའི་དཀའ་ངལ་ཡོད་ཚེ། བཙན་བྱོལ་བོད་མིའི་ཁྲོད་ནས་འོས་བསྡུ་བྱ་རྒྱུ་ལས་ལམ་ཁ་གཞན་མེད་པས། དེ་དོན་བཙན་བྱོལ་བོད་གཞུང་གི་འོས་བསྡུ་ལས་ཁུངས་ནས་འགན་ལེན་ཞུ་དགོས། གང་ལྟར་ཡང་། ངན་པ་རྒྱ་ཡན་དུ་མ་སོང་བ་གནང་དགོས་པ་ད་ལྟའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན་པས། བོད་མི་མ་རུང་བ་རྣམས་ལ་བརྡ་ལན་གསལ་པོ་ཞིག་འཕྲོད་དགོས།
བཙན་བྱོལ་བའི་ཆོལ་ཁ་འཐོར་རུང་། ༧རྒྱལ་བས་གནང་པའི་དམངས་གཙོ་མ་འཐོར་བ་བྱེད་རྒྱུ་དེ། ང་ཚོ་བོད་ཕྱི་ནང་གི་མིག་འབྲས་ཁོ་ན་ཡིན་པས། ཚང་མས་ཤུགས་སྐྱོན་རོགས་ཞུ། ང་ཚོས་རྡོག་རྩ་གཅིག་སྒྲིལ་བྱེད་བཞིན་སྲུང་དགོས།
སྔོན་མ་ཡིན་ན་ཡང་་བཙན་བྱོལ་རྩ་ཁྲིམས་དང་རྡོག་རྩ་ཧམ་བཟུང་བྱེད་དུ་མི་ངན་དེ་འདྲ་རབས་དང་རིམ་པ་མང་པོ་ཡོང་པ་རེད། ༧སྐུ་མདུན་རིན་པོ་ཆེ་མི་ཞིག་གི་དབང་དུ་བཏང་ན། ཆོལ་ཞེན་ཅན་དེ་ཚོས་༧སྐུ་མདུན་ལ་ཡང་སྐྱག་པ་ཤོར་ཤོར་མང་པོ་བཟོས་པ་རེད། ཁྱེད་རང་ཚོས་ཕྱི་ལྟོས་བྱས་དང་གསལ་གསལ་རེད།
རྡེ་ར་རྫོངས་ནས་ཨམ་འདྲེ་སྐོར་ཞིག་གིས་ས་ཡོད་ཆུ་ཡོད་ཟེར་ནས་བཙན་བྱོལ་རྡོག་རྩ་ལ་གཏོར་ཇུས་བྱུང་རེ་འཐེན་པ་རེད། ལམ་སློང་མ་བྱུང་པ་རེད། དེ་བཞིན་ཁམས་འདྲེ་ནི་མཐའ་དང་ཡ་མེད་པ་བྱུང་བ་རེད། ད་ལྟ་བྷར་གཞི་ཆགས་སོགས་ནས་ཡང་ས་ཡོད་ཆུ་ཡོད་ཟེར་ནས་བཙན་བྱོལ་རྡོག་རྩ་གཏོར་བཞིན་པ་རེད། དེ་ལ་མགོ་སྒུར་ནས་ཁྲིམས་ལུགས་མ་ཡིན་པའི་གཉིས་མོས་ཞིག་ནམ་ཡང་ནམ་ཡང་མ་གནང་རོགས། ཕྱི་ལོག་གི་ཆོལ་ཁ་འཐོར་ན་འཐོར། དེ་གལ་ཆེན་པོ་མ་རེད། ནང་ལོག་གི་བོད་རིགས་སྤུན་ཟླ་སྡུག་མཉམ་འཁུར་དང་རྒྱལ་ཁབ་གཅིག་འོག་གི་བསམ་བློ་ནམ་ཡང་དོར་མི་སྲིད། ད་ལྟ་བར་དུ་རང་ལུས་མེ་ལ་སྲེག་ནས་གསལ་སྟོན་བྱས་ཡོད།
ཁམས་རོ་ནད་རོ་ཅན་འདི་ཚོ་འགྲོ་འགྲོ་ས་ལ་འགྲོ་རུ་བཅུག། ང་ཚོས་ཡང་དག་རྒྱལ་བའི་བཀའ་དགོངད་དང་རྩ་ཁྲིམས་གཙང་མ་བཟུང་ནས་འདུག་གོ།
ལྟོས་དང་ཉོན་དང་།
རྒྱལ་བ་མི་དགོས་སྐུ་པར་དགོས།
ཁྲིམས་ཚིག་མི་དགོས་ཁྲིམས་དཔེ་དགོས།
སྤྱི་ཞེན་མི་དགོས་ཆོལ་ཞེན་དགོས།
ཁྲིམས་དཔོན་མི་དགོས་ང་ཚོ་དགོས།
འདྲེ་དེ་ཚོ་ལ་ངོ་ཚ་མི་འདུག། ཀླད་པ་མི་འདུག། མི་དེ་འདྲ་བས། བཙན་བྱོལ་ཙམ་གྱི་ཁམས་ཚབ་ཙམ་ཡང་ཉན་རྒྱུ་མ་རེད། བོད་ནང་གི་ཁམས་ཚབ་ཞིག་གང་ནས་གང་ནས་ཡོང་།
བཙོན་ཁང་དང་བཙོན་སྲུང་མེད་པས་འདྲེ་མགོ་་རྒྱལ། ཁ་ཚོད་མེད་ཡིན་རུང་། ཁྲིམས་ཡང་དག་གི་སྒོ་ནས་ཁྲིམས་སྒོ་སྲུང་ཐུབ་པ་བྱེད་དགོས།
ཇག་ཚོགས་དེ་ཚོ། སྤྱི་འཐུས་ཚོགས་ར་ལ་ཡོང་དུ་མ་འཇུག་རོགས ཁམས་པ་བཟང་པོ ཤ་ཚ་མོ། ཆོས་དད་ཅན། བོད་ཞེན་ཅན་མང་པོ་ཡོད་པ། དེ་ཚོ་ལ་ལམ་ཁ་བསལ་རོགས་ཞུ།
བློ་རབས་ལགས་བཙོམས་དེ་ཤི་ཏུ་བདེན་ནོ་བཀའ་དྲིན་ཆེ་
ད་དུང་ཨ་དཀྲུག་ཚེ་བརྟེན་གྱི་ཁ་ནས་བཤད་པའིབཅའཁྲིམས་་ནང་མེད་ཀྱང་མི་མངས་ཀྱི་མངོན་འདོདཞེས་པ་འདི་དུས་ནམ་ཡང་མི་མངས་ལ་བཅའ་ཁྲིམས་ནང་མེད་པའི་མི་མངས་ཀྱི་མངོན་འདོད་ཞིག་གཏན་ནས་་མེད་དེ་ན་ཁོ་པས་བོད་རྒྱ་ཆེའི་མི་མངས་ལ་ངོས་འཛིན་འདི་རང་ནས་་ཁོ་པ་སྤྱ་འཐུས་ཀྱི་འོས་དཔྱོད་མ་ཚངས་བ་གསལ་པོ་རེད་པ་་་་ད་་་རང་དབང་ཅན་བདེན་མཚན་འོས་བསྡུ་ལས་འཁུང་ལགས་རང་དབང་ཅན་གྱི་མཚན་དེ་བལ་སྤྱད་ནས་བཅའ་ཁྲིམས་གཞི་ཟུངས་ཕེབས་རོགས་གནང་
བརྒྱ་བཤད་སྟོང་བཤད་རུང་རྙོག་དྲ་ཀུན་གྱི་ཡོང་ཁུངས་བློ་བཟང་སེངྒེ་རང་རེད་ཁོང་འགྲོ་ཁར་སྐྱག་པ་ཆེ་ཐག་གཅོད་ཞིག་བཏང་ནས་འགྲོ་བ་རེད།