ཚོགས་པ་བཞིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ། Posted on 2015-11-042015-11-04 By ཁ་བརྡ 51 Comments on ཚོགས་པ་བཞིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ། གློག་བརྙན་།
༄༅། །གངས་ལྗོངས་འགྲོ་བའི་དཔལ་དུ་ཤར་བའི་རྟ་བདུན་དབང་པོ་པད་དཀར་འཆང་།། སྔོན་བསགས་བསོད་ནམས་དུས་སུ་སྨིན་པའི་ནུབ་ཕྱོགས་འགྲོ་རྣམས་རྗེས་བཟུང་ཕྱིར།། ཕོ་བྲང་དམར་པོ་རི་ཡི་རྩེ་ནས་འཕགས་པའི་ཡུལ་གྱི་ཡངས་རྩེར་བྱོན།། ཁྱོད་ཞལ་པད་མའི་ལྡབ་བརྒྱ་བཞད་པའི་སྐལ་ལྡན་བུང་བ་སྤྲིན་ལྟར་འདུ།། ཤེས་ལྡན་འཛམ་གླིང་སྐྱེ་བོའི་ཚོགས་རྣམས་བསྟོད་པའི་སྒྲ་སྙན་འབྲུག་ལྟར་བསྒྲགས།། ཁྱོད་ཐུགས་བྱམས་བརྩེའི་མཁའ་དབྱིངས་ངོས་ནས་ཆོས་ཀྱི་སྦྲང་ཆར་ཚིམ་པར་མཛད།། དད་ལྡན་མཁས་མཆོག་འབུམ་ཕྲག་དུ་མའི་མ་རིག་ཐེ་ཚོམ་ཁྱོད་ཀྱིས་བསལ།། སེམས་མེད་ཆུ་འཛིན་དྲ་བ་ནག་པོས་བོད་ལྗོངས་མཁའ་དབྱིངས་ཅི་སྟེ་གྲིབ།། ལོག་པའི་ལམ་ལ་རིང་དུ་གོམས་པའི་སྙིང་རྗེའི་ཡུལ་རྒྱུར་འགྲོ་རྣམས་ཀྱི།། དགེ་སྡིག་ཤན་འབྱེད་དམར་ཟླུམ་སྤྱན་གསུམ་གློག་ལྟར་མྱུར་བའི་དམ་ཅན་ཚོགས།། ཀྱེ་མ་རང་ཡུལ་འགྲོ་རྣམས་སྔོན་གྱི་ལས་ངན་ཇི་ལྟ་བུ་ཞིག་ཡིན།། འཇིག་རྟེན་མགོན་པོ་ཡིད་ལ་གོམས་བཞིན་སྡུག་བསྔལ་དང་བཅས་ལུས་འདི་དོར།། ཐབས་ཟད་ཉམ་ངའི་ལས་ལ་སྤྱོད་པས་རང་རིགས་སྤུན་ཟླ་དེ་དག་ལ།། སྲས་བཅས་རྒྱལ་བས་རྗེས་སུ་བཟུང་བཞིན་གྲུ་འཛིན་ཡུལ་དུ་སྐྱེ་བར་སྨོན།།
སྟོན་པ་ཤཀྱཱ་ཐུབ་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླངས་པར་བྱ་ཡི་གུས་ཕྱིར་མིན། ཡང་བཤེས་སྤྲིངས་ལས། བསྟོད་པས་དགའ་བར་མི་འགྱུར་ཞིང་། སྨད་པས་མི་དགར་མི་འགྱུར་བ། རང་གི་ཡོན་ཏན་ལེགས་གནས་པ། སྐྱེ་བོ་དམ་པའི་མཚན་ཉིད་ཡིན། དེ་བས། རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་མཇུག་ཏུ་འགྲིག་མ་སོང་ཐོས་སྐབས་བློ་ཕམ་ཏོག་ཙམ་ཡོང་གི་འདུག་ཅེས་པའི་ཚིག་དུམ་དེ་ཕྱིར་འཐེན་ཡོང་བའི་སྐྱབས་འཇུག་ཞུ་བཞིན་ཡོད། རྒྱུ་མཚན་གཉིས་ཡོད་དེ། ༡ རྒྱལ་བ་རིན་པོ་ཆེ་མཆོག་ནི་མིའི་རིགས་ལ་སེམས་ཁམས་ཀྱི་དཀའ་ངལ་སེལ་ཐབས་སྟོན་མཁན་ཞིག་ཡིན་པས། བློ་ཕམ་ཡོང་ཆོག་ཆོག་ཅིག་ཡིན་པའི་ལོ་རྒྱུས་ལྷག་པ་ཡིན་ན་ཞིབ་འཇུག་པ་ཚོས་དེ་ག་རང་ལོ་རྒྱུས་ཟིན་ཐོའི་ནང་འགོད་ངེས་པས། སངས་རྒྱས་ཆོས་ལུགས་ཀྱི་ཉམས་ལེན་ནི་སེམས་ཁམས་འདུལ་བྱེད་ལ་ཕན་པའི་མཐའ་བསྡོམས་དེར་དོགས་པ་ཟ་མཁན་འབྱུང་ངེས་ཡིན། ༢ གསུང་དུམ་དེ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཁར། བཙན་བྱོལ་ནང་འོས་བསྡུ་འགྲོ་བཞིན་པའི་སྐབས་སུའང་འཁེལ་ཡོད་པས། མང་ཚོགས་ནང་དབུ་མའི་ལམ་ལས་གཞན་གླེང་མི་འོས་པའི་གོ་ནོར་ཐེབས་སྲིད་ལ། རྒྱ་གཞུང་གིས་ཏཱ་ལའི་བླ་མས་སྲིད་འགན་རྩིས་སྤྲོད་རྫུན་ཡིན་ཚུལ་བཤད་ཀྱིན་པའི་སྒྲུབ་བྱེད་དུ་འགྱུར་ཉེན་ཡོད།
བོད་ཀྱི། བྲོས་བྱོལ་ཕེབས་མཁན་རྒྱལ་སྲས་ཁྱོད། ། མང་གཙོ་གསར་གཏོད་གསར་བརྗེ་པ། ། རང་བཙན་རྩོད་མཁན་དཔའ་བོ་ཁྱོད། ། དབུས་ལམ་སྟོན་མཁན་སྟོན་མཆོག་ལགས། །
འགྲིགས་མ་སོང་ཟེར་ནས་བློ་ཕམ་ཏོག་ཙམ་ཡོང་གཞི་ཆོས་ལུགས་རིག་པའི་ཁྱབ་ཁོངས་ནས་དོལ་རྒྱལ་བསྐོར་དེ་ཡིན་ནམ། ཡང་ན་ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས་རང་དབུ་གཉིས་ཀྱི་ལངས་ཕྱོགས་བསྐོར་ཡིན་གསལ་པོ་ཞིག་ངེས་པར་དུ་ཆགས་དགོས་པ་རེད། དེ་མིན་མང་ཚོགས་ནང་མགོ་ཐོམས་གཞི་ཆགས་པ་མ་ཟད་སྐབས་འཚོལ་རིང་ལུགས་པའི་ཁ་ནང་ལ་མར་ཁུ་བླུགས་ཡོད་པ་རེད།
༸གོང་ས་མཆོག་ལ་ཐུགས་ཕམ་མི་ཕམ་གྱི་རྣམ་རྟོག་ག་ལ་ཡོད་དེ་མེད་མོད་ཀྱང་། ཐུན་མོང་སྣང་ཚོད་ལ་དེ་ལྟར་ཡོད་པའི་ཚུལ་ང་ཚོ་ཚང་མའི་མཐོང་ཐོས་ཀྱི་སྤྱོད་ཡུལ་ལ་མངོན་སུམ་དུ་གྱུར་པ་འདི་རེད། དེ་ལྟར་བྱུང་དོན་ནི་རང་ཉིད་ཀྱི་ལྟ་ཚུལ་ལྟར་བྱས་ན། རང་བཙན་རྩོད་མཁན་དང་ཀླུ་གར་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་མཆིས་སོ་ཅོག་གི་བྱེད་སྟངས་དང་འབྲེལ་བ་ཡོད་པ་ཞིག་མ་ཡིན་སྙམ་སྟེ། དེ་དག་གི་ཁྲོད་ན། ཆབ་སྲིད་འཐབ་རྩོད་ཀྱི་ལངས་ཕྱོགས་ཁ་ཁེར་གྱེས་ཏེ་རང་བཙན་རྩོད་ཀྱང་ཕྱོགས་ཡོངས་ནས་༸གོང་ས་མཆོག་གི་བཀའ་དྲིན་ཤེས་ཤིང་རྗེས་དྲན་དང་མངོན་པར་བསྟོད་མཁན་མི་ཉུང་པ་ཞིག་ཡོད། དེ་དག་ནི། ལམ་རིན་ཆེན་མོར། མཐུན་པའི་ཕྱོགས་ལ་མཐུན་པར་སྤྱོད། མི་མཐུན་པའི་ཕྱོགས་ལ་མི་མཐུན་པར་སྤྱོད། ཅེས་གསུངས་པའི་དོན་དང་སོར་གང་ཡང་འགལ་མེད། དཔེར་ན། བླ་མ་གསེར་གླིང་བ་དང་སློབ་མ་ཇོ་བོ་རྗེ་ལྟ་གྲུབ་མི་མཐུན་པ་དེས་མཚོན་ནོ། །དེས་ན། རྒྱལ་བའི་དགོངས་པ་དཀྲུག་མཁན་ནི། རང་བཙན་རྩོད་ཞོར་ལ་རྒྱལ་འཚོང་བ་ཞེས་སོགས་གཞི་མེད་ཀྱི་སྐུར་འདེབས་སྐྱོན་རྗོད་བྱེད་མཁན་ཀླུ་གར་བྱམས་དང་ཀླུ་གར་བྱམས་བྱམས་འདྲ་བ་རེ་ཟུང་ཡོད་པ་དག་རེད། འདི་དག་གི་བྱེད་སྟངས་ཅི་འདྲས་བློ་ཕངས་པ་ལ་ཨ། །
བོད་ཀྱི་དོན་དུ་ཅི་ཡང་མ་བྱས་མཁན་དེ་ཚོ་ཡང་རང་གི་འདོད་པར་མ་མཐུན་པ་དང་སྐྱོན་བརྗོད་ཀྱི་ཚིག་རེ་ཟུང་བྱུང་ན་བློ་ཕམ་རབས་ཡིད་མུག་རབས་ཡི་ཐང་ཆད་རབས་བཤད་ཀྱི་འདུག་ན། གོང་ས་མཆོག་གིས་དགུང་ལོ་བཅུ་དྲུག་ནས་ད་ལྟ་བརྒྱད་བཅུ་བར་དུ་ཉིན་གྱི་མི་དང་མཚན་གྱི་ཁྱི་ལྟར་བོད་དོན་གྱི་ཆེད་དུ་སྐུ་ངལ་སྐྱོན་ཡོད་པས་ད་དུང་གཞི་མེད་སྐྱོན་བརྗོད་དང་ཟུར་ཟ་ཁོ་ན་བྱས་ན་ཐུགས་ཕམ་དང་ཕམ།
བློ་ཕམ་ཏོག་ཙམ་འོང་གིན་འདུག་གསུངས་པར་ཉན་ནོར་དང་བསམ་ནོར་རང་རེས་མ་བྱས་ན་འགྲིགས་པ་རེད། རང་རེ་ལ་སྨན་ཕྱིར་གསུངས་པས་ཟེར་བ་ཡིན། ཐེངས་འདིའི་ཁོང་གི་གསུང་བབ་སྤྱིར་བཏང་བ་འདི་ཙམ་མ་གོ་བར། དངོས་གནས་དམ་པའི་གསུང་དུམ་རེ་དྲངས་ནས་བསམ་ཚུལ་བཤད་པ་ཡིན་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས། འཁྱོགས་ལ་བླངས་ཏེ་དོན་དག་གཞན་ཞིག་གི་ཐད་ནས་བཤད་ལོ་ཡིན་ན། སྙིང་ཡང་རྗེ་ལ་དགོད་ཀྱང་འཆོར་རྐྱེན་ཞིག་རེད། བཤད་ན་བསམ་ན་ཕྱི་གསལ་ནང་གསལ་ཏེ་ཁ་བདེ་མགོ་གཡོགས་མི་བྱེད་རྒྱུ་ནི། རྗེ་བོ་དགའ་བོའི་རྩ་ཁྲིམས་ལྟར་ཡིན་གཤིས། བདེན་པ་རྫུན་བཟོ་ལ་མཁས་པའི་ཆབ་སྲིད་པ་ཚོས་ཅི་ཟེར་ཅི་བསམ་ལ་སྐྲག་ཐལ་མི་ཉན་དོན་ཤེས་སུ་ཆུགས། རེད། བློ་ཕམ་འོང་གཞི་ལ་ངེས་པར་དུ་རིས་བཅད་ནས་བཤད་ཨེ་ཐུབ་ལྟ་དགོས་པ་མ་རེད། ཁ་དྲོ། སོ་སོས་སོ་སོར་མཛུབ་མོ་རང་འཛུགས་གྱིས་ད། མྱོང་བ་མངོན་སུམ་རེད།
༧གོང་ས་མཆོག་ནས་བློ་ཕམ་བྱུང་ཞེས་གསུང་པ་ཐེངས་དང་པོ་མིན། དེ་ཡང་ཁོང་ནས་ཉིན་ཚན་མེད་པར་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་སྐུལ་ངལ་བསྐྱོན་ཡོད་པ་དེ་ལ་ད་ཆ་དོལ་རྒྱལ་ཁ་ལ་འཁྱེར་མཁན་ཚོ་ཡིན་ད་ཡིན། རང་རེའི་སྤྱི་ཚོགས་ནང་ཁོང་ལ་ཟུར་ཟ་བཤད་མཁན་མི་ཉུང་བ་བྱུང་བ་དེར་གོ་དགོས་པ་ཡིན། འོན་ཀྱང་རང་བཙན་དང་དབུ་ལམ་གཉིས་ཀྱི་ལངས་ཕྱོགས་ཐོག་བསམ་ཚུལ་བཤད་རེ་བྱེད་པ་ལ་བློ་ཕམ་བྱུང་ཞེས་གསུང་གི་མེད། དབུ་ལམ་སྲིད་ཇུས་ནི་གྲོས་ཚོགས་ནས་གཏན་འབེབས་མཛད་པ་ཞིག་ཡིན་དུས་ཁོང་ལ་བསྐྱོན་བརྗོད་བྱ་དགོས་དོན་མེད། འགྲིག་གི་མེད་ན་དེ་ལ་དཔག་པའི་མི་མང་མདུན་ཐབས་ལམ་གསར་པ་འདི་ཡིན་ཟེར་ནས་འགྲེལ་བརྗོད་ཀྱིས་མང་ཚོགས་བློ་འགུག་ཐོག་ནས་སྲིད་ཇུས་གྱུར་པ་གཏོང་ཐུབ་ན་ཇོན་པོ་ཡིན། བོད་མི་ཚོས་ད་ཟབ་ཟབ་མ་བྱེད་ན་ཉིན་གཅིག་ཁ་ཆ་རེ་ལྷག་ཉེན་དུས་ལ་སླེབས་མ་སྲིད་པ་མིན། དེ་དུས་ཕྱིས་དྲག་ཚར་བ་རེད་དོ།
རྒྱལ་བའི་དགོངས་པ་མཁའ་ལྟར་མཐའ་ཡས་པ་ཡིན་ཕྱིར་ཐུགས་ཕམ་ངོ་མ་ཞིག་ཡོང་དོན་མེད་་་་་་་ཡིན་ཡང་འུ་ཚོ་ཕྱོགས་འཛིན་པའི་ངོར་གོ་སྐབས་བཟང་པོ་རེ་ལོན་སོང་བ་རེད་་་་་་་་ལག་ཆ་རེད་་་་་་་་་་
ཐུན་མོང་གི་སྣང་ཚོད་ལ་༧གོང་ས་མཆོག་གིས་མིའི་མཛད་ཚུལ་གནང་ཡོད་ལ། བློ་ཕམ་དུ་བཅུག་པར་བློ་ཕམ་ཡོང་གིན་འདུག་ཅེས་གསུང་མ་ཆོག་པ་ཞིག་གང་ཡང་མ་རེད། དེ་ལ་ཆོས་ཕྱོགས་ཀྱི་ཉམས་ལེན་ཡོད་མེད་དང་། སྲིད་ཕྱོགས་ནས་མཛད་རྗེས་ཀྱི་ཉེས་པ་གང་ཡང་ཆགས་ངེས་མ་རེད། རང་ཉིད་ཀྱི་ལྟ་ཚུལ་དང་མི་མཐུན་པ་ཞིག་བྱུང་སྐབས་༧གོང་ས་མཆོག་ལའང་ཁ་ཚུམས་ཟེར་མཁན་ཚོར་དུས་ནམ་ཡང་ངོས་ལེན་མེད་ལ་བརྩི་བཀུར་ཡང་མེད། འདི་ནི་ང་རང་སྒེར་ལ་དབང་པའི་ཐོབ་ཐང་ཞིག་ཀྱང་ཡིན། ལོ་ངོ་བརྒྱ་ཕྲག་མང་པོའི་གོང་དུ་སློབ་དཔོན་རིན་པོ་ཆེ་ཡིས། བོད་ལ་དྲིན་ཅན་བྱས་ཀྱང་དྲིན་མི་གོ་གསུངས་ཡོད་པ་དང་། དུས་རབས་ཉེར་གཅིག་པར་༧གོང་ས་ཏྰ་ལའི་བླ་མ་མཆོག་གིས་བྱས་པར་ངོ་སོ་མེད་པར་འགྲིག་མེད་པར་བཤད་པར་བློ་ཕམ་ཡོང་གིན་འདུག་གསུངས་པ་འདི་གཉིས་ཀྱིས་སངས་རྒྱས་འཁྲུངས་ས་ན་བདུད་ཡོད་ཟེར་པའི་དཔེ་ལ་གཏན་ཚིགས་བཀོད་ཡོད་པ་དང་། དྲིན་ཅན་དྲིན་དུ་མི་གོ་བའི་བོད་མི་ཅོལ་ཆུང་བའི་རང་གཤིས་ལ་སྡོམ་ཚིག་ཅིག་ཀྱང་བརྒྱབ་པ་ཡིན། ལོ་རབས་དྲུག་ཅུ་པ་ནས་བཟུང་༧གོང་ས་ཏྰ་ལའི་བླ་མ་མཆོག་གིས་སྐུ་ངལ་ཚད་མེད་བསྐྱོན་དེ་ཆོད་གསུམ་ཆོས་ལུགས་དང་བཅས་པ་རྡོག་ལ་བསྒྲིལ་བའི་ལོ་རྒྱུས་ཀྱི་གླེགས་བམ་དེ་རང་བཙན་ཁ་ལ་འཁྱེར་བའི་ཀླུ་མཁར་བྱམས་དང་དེའི་རྗེས་འབྲངས་པ་ཚོས་གཏོར་བཤིག་བཏང་དང་གཏོང་བཞིན་པ་འདི་བོད་སིལ་བུར་འཐོར་བའི་རྗེས་ཀྱི་གཏམ་རྒྱུད་སྐྱོ་བོ་ཞིག་ཡིན་པས་ནག་ཉེས་ཅན་གྱི་ལོ་རྒྱུས་འདིར་ཀླུ་མཁར་བྱམས་སོགས་གཡོལ་ཐབས་གང་ཡང་མེད།
ལམ་དབུ་མས་བོད་སྐྱོབས་ཐུབ་མ་སོང་ཟེར་ན་༧གོང་ས་མཆོག་ཐུགས་ཕམ་ཇི་ལྟར་བྱུང་བ་ཡིན་ནམ། ལམ་དབུ་མས་བོད་སྐྱོབས་མི་ཐུབ་པ་ནི་མིག་མདུན་དུ་ལྷག་བསྡད་ཡོད། ལར་ནས་བྱང་ཆུབ་སེམས་དཔའ་སེམས་ཙན་རེ་རེའི་དོན་དུ་མེ་ནང་སྐལ་པ་བརྒྱ་ཕྲག་འཇུག་ནུས་ཀྱི་སྙིང་སྟོབས་ཡོད་ན། སེམས་ཅན་འགའ་རེས་མི་དད་པའི་ཚུལ་གྱིས་ཚིག་སྐམ་རེས་ཐུགས་ཕམ་བཟོས་ན་སེམས་ཅན་གྱི་དོན་དུ་མེ་ནང་སྐལ་པར་འཇུག་ནུས་ཀྱི་གཏམ་རྒྱུད་ཇི་ལྟར་འགྲེལ་རྩིས་ཡོད་དམ། དེ་དང་ཆབས་ཅིག་ཆིག་སྒྲིལ་གཏོར་གཞི་ཞིག་སྒྲུབ་ཡོད་ན་ཐུགས་ཕམ་བྱུང་ཚུལ་གྱི་བཀའ་སློབ་དུམ་ཚན་གྱི་དར་ཆ་འཁྱེར་ཏེས་དད་མེད་རིང་ལུགས་འབུར་བཅོམས་བྱེད་མཁན་དད་པ་ལོག་སྤྱོད་པའི་སྐབས་འཚོལ་བ་ཚོ་རེད། བཀའ་སློབ་འདི་ནི་དད་པ་ལོག་སྤྱོད་པའི་ཤོག་ཁག་ལ་མཚོན་ན་དགོས་རྒྱུ་པག་ལ་པག་ཁུ་ད་ར་ཆགས་བསྡད་ཡོད། ད་ཡིན་ཀླུ་བྱམས་ལ་རིག་གནས་གསར་བརྗེའི་འཐབ་འཛིང་ཐེབས་རྒྱུ་ཉག་ཅིག་རེད། མ་གཞི་ཀླུ་བྱམས་ཀྱིས་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་ལམ་དབུ་མའི་མཚན་གནས་རྗེས་འབྲེལ་གྱི་པེ་ཅིང་ལ་ཕུལ་བའི་ཡིག་ཆ་དེ་མ་འགྲིགས་ཚུལ་བཤད་པ་ལས་༧རྒྱལ་བ་རིན་པོ་ཆེས་བོད་དང་བོད་མི་རིགས་གྱི་བསྟན་སྲིད་དོན་དུ་མཛད་རྗེས་བླ་མེད་ཆ་ཚང་འགྲིགས་མི་འདུག་ནི་ཞུས་མ་སོང་། ཡ་མཚན་སྐྱེ་གཞི་ནི་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་ལམ་དབུ་མའི་དགོངས་འཆར་ལ་སྐྱོན་བརྗོད་ཞུ་ཆོག་གི་མེད་ན། ང་ཚོ་གུང་ཁྲན་འོག་ནས་ཆབ་སྲིད་ཁེ་དབང་མི་འདུག་ཟེར་སྡུག་སྐད་བརྒྱག་རྒྱུ་དེ་ཡང་བསམ་བློ་གཏོང་དགོས་པ་ཆགས་ཡོད། དེས་ན་ངས་འདི་ནས་གསལ་པོ་བཤད་འདོད་པ་ནི་ཆབ་སྲིད་རིག་པའི་ཁྱབ་ཁོངས་ལ་ང་དད་པ་བྱེད་ཀྱི་མེད། འདི་གཅིག་བྱས་ན་ང་ལ་ཆབ་སྲིད་ཁེ་དབང་ཡོད་པས་ཡིན་རྒྱུ་རེད།
དེང་སང་ཀླུ་མཁར་བྱམས་ཀྱི་བཙོག་དྲི་ཞིམ་པར་ཚོར་མཁན་ཚོས་དད་པ་ལོག་སྤྱོད་དང་། སྲིད་དོན་རིག་པའི་ཁྱབ་ཁོངས་ཞེས་ཚིག་གཉིས་ལབ་ཟློས་བྱས་ཏེ་ཨང་རེ་འཕར་བཞིན་འདུག དད་པ་ལོག་སྤྱོད་ཟེར་བ་ནི་གུང་ཁྲན་ཏང་གིས་བོད་པར་མནར་གཅོད་དང་དྲག་བརྡུང་ལས་འགུལ་སྤེལ་བཞིན་པའི་སྐབས་ཀྱི་ལོ་རབས་ལྔ་བཅུའི་སྐབས་ཀྱི་དམར་ཤོག་གི་ཚིག་ཅིག་རེད། ཀླུ་མཁར་སོགས་གུང་ཁྲན་ཏང་ངོ་མ་ཚོས་བོད་པའི་སྤྱི་ཚོགས་གཏོར་བའི་རོ་ལངས་རྒྱག་སྐབས་ཚིག་འདི་ཡང་དངོས་སུ་འཁྱེར་ཡོང་བ་རེད། གུང་ཁྲན་ཏང་གི་ཐ་སྙད་རྙིང་པ་ཚོ་བཙན་བྱོལ་སྤྱི་ཚོགས་ནས་བེད་སྤྱོད་གཏོང་མཁན་ཀླུ་མཁར་བྱམས་ཐོག་མ་རེད། སྲིད་དོན་རིག་པ་ཟེར་བ་ནི་ཀླུ་མཁར་བྱམས་ཀྱི་ཚིག་འགྲོས་ཤིག་རེད། ཀླུ་མཁར་བྱམས་ལ་སྲིད་དོན་རིག་པ་གཞི་མ་གྲུབ་པས་སྲིད་དོན་རིག་པའི་ཁྱབ་ཁོངས་བཤད་པ་ནི་ངོ་ཚ་དགོས་པ་ཞིག་རེད་མོད། ཁྭ་ཏའི་མིག་ལ་སྐྱག་པ་མཛེས་པའི་དཔེ་བཞིན་རེད། ཀླུ་མཁར་བྱམས་ནི་ཆོས་ལུགས་ཡང་དག་པ་དང་བླ་མ་ཡང་དག་པར་དད་པ་མེད་པ་ལས་དད་མེད་རིང་ལུགས་པ་ཞིག་མ་རེད། ཉེ་ལམ་རི་སྒང་དག་ན་ལྷ་ཀླུ་གཞི་བདག་ལ་བསང་མཆོད་བྱེད་པའི་འདྲ་པར་ཐོན་ཡོད་པ་དེས་དད་པ་ལོག་སྤྱོད་པ་ངོ་མ་སུ་ཡིན་པའི་བརྡ་ལན་གསལ་པོ་ཡིན་ལ། གུང་ཁྲན་ཏང་དང་ལག་འབྲེལ་ཤུགས་ལྡན་ཚོགས་པར་རྒྱབ་སྐྱོར་བྱེད་ཚུལ་འདིས་ཀླུ་མཁར་བྱམས་ཀྱིས་དད་པ་མེད་པའི་སྤྱོད་ཚུལ་བཟུང་བ་ལས། ཀླུ་མཁར་བྱམས་ནི་དངོས་སུ་ལྷ་ཀླུ་གཞི་བདག་ལ་སྐྱབས་བཅོལ་མཁན་ཞིག་དང་། ཤུགས་ལ་དོལ་རྒྱལ་འདྲེ་ལ་ཡིད་ཆེས་བཅོལ་མཁན་ཞིག་རེད། རིག་གནས་གསར་བརྗེ་ཡི་རླུང་འཚུབ་དེ་ཀླུ་མཁར་སོགས་ཀྱིས་སྤེལ་བ་ལས་བཙན་བྱོལ་ཉམ་ཆུང་བོད་མི་ཚོས་སྤེལ་བ་ཞིག་ག་ལ་ཡིན། རྒྱ་གུང་ཁྲན་གྱི་ལག་ཆར་སྤྱོད་བཞིན་པའི་ཀླུ་མཁར་དཔུང་ཁག་དང་། དོལ་རྒྱལ་ཚོགས་ཁག་གཉིས་ཀྱིས་བཙན་བྱོལ་བོད་མིའི་གཞུང་དང་སྒྲིག་གཏོར་བར་རྨི་ལམ་སྐྱིད་པོ་རེ་གཏོང་བཞིན་ཡོད་པ་དངོས་ཡོད་ཡིན་མོད། ང་ཚོ་བཙན་པོ་བོད་ཀྱི་གདུང་རུས་ཚོ་ཤ་ཟད་རུས་ལ་ཐུག་ཀྱང་རྒོལ་ལན་རྒོལ་སར་སྤྲོད་པའི་གྲ་སྒྲིག་ཡོད།
བོད་པ་ཞིག་ལ་མཚོན་ན། བོད་རྒྱལ་ཁབ་ཤོར་བ་ལས་འཐུས་ཤོར་ཞིག་འཇིག་རྟེན་འདིར་ཡོད་མི་སྲིད། དེ་ལ་བློ་ཕམ་བྱུང་མཁན་ཡོང་ཆོག་གི་མེད་ན་ག་རེ་རེད། སྐབས་དེར་མེར་འཚིགས་མེར་གཏུགས་གནང་ནས་མི་སྡོད་པར་ཕྱི་ལ་བྲོས་ཡོང་བའང་འཐུས་ཤོར་མ་རེད་དམ།
རྒྱལ་བ་རིན་པོ་ཆེ་ནི་བཅའ་ཁྲིམས་རིན་པོ་ཆེ་རུ་བླ་དོར་ལམ་སྟོ་པ་དང་། མགྲིན་ཚ་པ། བོད་མིའི་ཆིག་སྒྲིལ་གྱི་མཚོན་རྟགས་དང་བླ་ན་མེད་པའི་དབུ་འཁྲིད་ཅིག་ཡིན་པར་བཀོད་ཡོད་པས། སྐབས་འདིར་ཁོང་ཐུགས་ཕམ་བྱུང་གསུངས་པའི་ལེན་པ་སུ་ལ་ཡོད་པ་དེ་དག་གིས་གསལ་བཤད་འགན་འཁུར་དགོས་པར་བསམས། རྒྱལ་བ་རིན་པོ་ཆེས་དབུས་མའི་ལམ་ནི་རྣམ་དཔྱོད་དང་བློ་ཁོག བསམ་བློ་གང་ཡང་མ་བཏང་བར་ལམ་སྟོན་བྱས་པ་ལས་ལྡོག་སྟེ། དུས་ཀྱི་འགྱུར་རིམ་དང་བསྟུན་པའི་ཉམས་མྱོང་ཕྱོགས་བསྡོམས་ཀྱིས་རྒྱལ་སྤྱིའི་ཆབ་སྲིད་རིག་པའི་མཁས་པ་མང་པོར་གྲོས་བསྡུར་བྱས་ནས་ལམ་སྟོན་གནང་བ་ཡིན་ཞེས་གསུངས་པ་རེད། ཀླུ་མཁར་བྱམས་ཀྱིས་དབུས་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་ལ་ཕུལ་བའི་ཡིག་ཆ་ནི་ཕན་མེད་དང་། ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས་བལྟས་ཡོང་ན་རྒྱལ་བ་རིན་པོ་ཆེས་རང་བཙན་མི་རྩོད་པ་ནི་རྒྱལ་བཙོང་གི་ཕྱོགས་གཏོགས་སུ་འགྲོ་གི་ཡོད་ལབས་པ་དང་། དེ་དང་འབྲེལ་བའི་ཆབ་སྲིད་ཤོད་མཁན་གྱི་ཕྱོགས་གཏོགས་པར་ཐུགས་ཁམ་པ་ལས། ཆོས་དང་འབྲེལ་བ་མེད་པའི་དེ་རིང་གི་བཀའ་སློབ་འདི་དོལ་རྒྱལ་བར་གསུང་གི་མེད་འགྲོ་བསམས།
རྒྱལ་བ་རིན་པོ་ཆེར་བློ་ཕམ་བྱུང་གི་བཅུག་མཁན་ཨ་ཚོགས་ཀླུ་མཁར་བྱམས་རྩ་ནས་མ་རེད། རྒྱལ་བ་རིན་པོ་ཆེར་བློ་ཕམ་བཅུག་མཁན་ནི་ཁོང་གི་གཡས་གཡོན་གྱི་མི་སྐབས་འཚོལ་བ་དེ་ཚོ་རེད། ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེའི་མང་གཙོའི་ལམ་ལུགས་ལ་མི་རྣམས་ཚོར་བ་ཡོང་དུ་བཅུག་ཡོད།
དབུ་ལམ་གྱིས་བོད་སྐྱོབ་ཐུབ་དང་མི་ཐུབ་ཟེར་བ་དེ་ད་དུང་ལྟ་རྒྱུ་རེད། དབུ་ལམ་གྱིས་བོད་སྐྱོབ་ཐུབ་མ་སོང་ཞེས་ཚིག་ཐག་བཅད་ནས་བཤད་པ་ནི་རང་གི་འདོད་པ་སྒྲུབ་སྐྱེད་ཙམ་ལས་གནས་ལུགས་བཤད་སྟངས་ལར་ནས་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཡིན་ཡང་འཚམས་ལེན་རེར་དགོས་པའི་དབང་གིས་ཐུགས་སྐྱོ་བའི་ཚུལ་མཛད་ཡོད་པས་རྒྱལ་བ་རིན་པོ་ཆེ། དོན་ལ་འཕགས་པ་སྤྱན་རས་གཟིགས་ཡིན་ཡང་ཐུན་མོང་སྣང་ངོར་མིའི་གཟུགས་སུ་བྱོན་ཡོད་པས་དགའ་སྐྱོ་ཆགས་སྡང་གི་རྣམ་པ་ལོས་ཡོད། དད་པ་ལོག་སྤྱོད་པ་གཅིག་གཅིག་ཉིག་ཉིག་ཟེར་མཁན་འདི་ཚོ་ནི་དོན་ངོ་མ་ཆབ་སྲིད་ལོག་སྤྱོད་པ་རེད། ཁོ་ཚོས་ཆབ་སྲིད་ཁ་ལ་ཁྱེར་ནས་མི་མང་གི་དད་པ་དང་ཡིད་ཆེས་ལ་རྡོག་རོལ་བཏང་དང་གཏོང་བཞིན་པ་རེད། ཁོ་ཚོའི་སེམས་གཏིང་གི་འདོད་འདུན་ནི་དམངས་གཙོ་དང་གཏམ་བརྗོད་རང་དབང་སོགས་གང་ཡང་མ་ཡིན་པར་སྤྱི་ཚོགས་འགོ་འཇུག་མེད་པ་ཞིག་བཟོ་རྒྱུ་དང་། བོད་མི་མང་ཆུ་བརྒྱ་ཟམ་གཅིག་གི་འོག་ལ་འགྲོ་བ་ལྟར་གོང་ས་མཆོག་གི་མགོན་སྐྱབ་འོག་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོད་པ་འདི་གཏོར་བཤིག་གཏོང་འདོད་པ་རེད། ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་བོད་རྒྱལ་ཁམས་བཙོང་མཁན་གྱི་རྒྱལ་བཙོང་བ་ཡིན་པ་བསྒྲགས་སོང་། དེ་ལས་ལྷག་པའི་མཚན་སྨོད་ཞིག་གུང་ཕྲན་ཏང་གིས་ཀྱང་ཞུ་རྒྱུ་ཅང་མེད་ཚོད་རེད། རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་ཡིན་ན་རྒྱལ་ཁབ་མི་བཙོང་བའི་མི་དེ་སུ་ཡིན་ནམ།
ཁྱོད་ཚོ་ཁག་གཅིག་གིས་རང་བཙན་པ་ཡིན་མདོག་དང་དམངས་གཙོ་རྩོད་གྱི་ཡོད་མདོག་བྱེད་ཀྱི་འདུག་ཀྱང་། རྒྱ་གུང་ཕྲན་ལ་རང་བཙན་དགོས་དམངས་གཙོ་དགོས་ཞེས་ཚིག་གཅིག་བཤད་པ་མཐོང་མ་སོང་བས། དོན་ངོ་མ་ང་ཚོས་གུང་ཕྲན་གྱི་འོག་ནས་ཆབ་སྲིད་ཀྱི་ཁེ་དབང་མི་འདུག་ཅེས་སྡུག་སྐད་རྒྱག་བཞིན་པ་འདི་མེད་པ་བཟོ་བའི་འབད་རྩོན་བྱེད་ཀྱི་ཡོད་ན་ཐང་།
དད་པ་ལོག་སྤྱོད་པ་དང་སྲིད་དོན་རིག་པའི་ཁྱབ་ཁོངས་ཞེས་པའི་ཐ་སྙད་དེ་ལོ་རབས་ལྔ་བཅུའི་སྐབས་ཀྱི་དམར་ཤོག་གི་ཚིག་རེད་ཟེར་བ་ནི་ནམ་ཡང་མི་ཐད་དེས། གུང་ཁྲན་དམར་ཤོག་ལ་མཚོན་ན་བོད་རིགས་ཡིན་ཕྱིན་དད་ཡོད་དད་མེད་ལ་རྣམ་དབྱེ་མི་འབྱེད་པར་རྡུང་བརྡེག་དང་མནར་གཅོད། བཙོན་འཇུག། སྲོག་ཐོག་ལ་དབྱེ་གཞི་ནམ་ཡང་བཀར་མེད་པ་རེད། རྒྱུ་མཚན་ཁ་ནས་རང་བཙན་བཤད་ན་དད་པ་ཡོད་མེད་མེད་པར་ཁ་བྲལ་ལོག་སྤྱོད་པའི་ཞྭ་མོ་གཡོགས་ནས་རྩ་མེད་བཟོ་རྒྱུ་དེ་རེད། དེས་ན་ཀླུ་བྱམས་ཀྱིས་ཁ་ནས་རང་བཙན་བཤད་ནས་ཤི་མ་གསོན་གྱི་ས་མཚམས་ལ་བསྐྱལ་བ་དེས་ར་འཕྲོད་ཡོད་པ་རེད། གཞི་རྩའི་སྔར་གྱི་སྤྱི་ཚོགས་རྙིང་པ་ཡང་དཀར་པོ་དཀར་རྐྱང་ཞིག་ནམ་ཡང་མ་རེད། ཇི་ལྟར་ཞེས་ན་མངའ་བདག་ཆེན་པོ་གསུམ་གྱི་དབང་བསྒྱུར་འོག་བཀས་བཀོད་རྒྱུན་འཛིན་ལམ་ལུགས་དང་། ཞིང་བྲན་ལམ་ལུགས་འོག་དམངས་གཙོ་མེད་པ་དེ་བདེན་པ་རེད་ལ། གུང་ཁྲན་གྱི་བོད་བསྐྱོད་བཅིངས་གྲོལ་དམག་གིས་འཛུགས་བསྐྲུན་དང་ཡར་རྒྱས་ཀྱི་དར་ཆ་འཁྱེར་ནས་ཧམ་བཟུངས་དང་བཙན་ཕྲོགས་བྱེད་པར་དཀའ་ངལ་ཅི་ཡང་བྱུང་ཡོད་པ་མ་རེད། འདས་སོང་གི་བྱས་ཉེས་དང་ནོར་འཁྲུལ་ངོས་ལེན་མེད་པ་ནི་འབྱུང་འགྱུར་གྱི་འཆར་སྒོ་དང་ཡར་རྒྱས་ཀྱི་འགག་རྡོ་ངོ་མ་དེ་ཡིན། སྲིད་དོན་རིག་པའི་ཁྱབ་ཁོངས་ལ་དད་དམ་འགྲོ་ས་མེད་པ་ནི་དམངས་གཙོ་ཡར་ཐོན་ཅན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཚང་མས་ཆོས་སྲིད་སོ་སོ་དབྱེ་དགོས་པའི་རྒྱུ་མཚན་འདིར་འཐུག་ཡོད་པ་རེད། བྱས་ཙང་དད་དམ་ནི་མི་སྒེར་གྱི་གནད་དོན་ལས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ཆབ་སྲིད་སྒང་ལ་བེད་སྤྱོད་བཏང་ན་རྙོོག་དྲའི་གཞི་མ་ཆགས་ཡོད། རྒྱུ་མཚན་དད་གཙོ་སྨྲ་བ་རྣམས་ཀྱིས་རང་གི་དད་ཡུལ་ནི་སྐྱོན་དང་ནོར་འཁྲུལ་ལ་ངོས་ལེན་མི་བྱེད་པས། གང་གི་མཛད་རྒྱ་ལས་འགལ་མི་ཆོག་པས་ནམ་ཡང་འདྲ་མཉམ་རང་བཞིན་དང་ཁྲིམས་མཐུན་རང་བཞིན་དྲང་བདེན་རང་བཞིན་ཞིག་ནམ་ཡང་འབྱུང་མི་སྲིད་པ་ཞིག་རེད། ཀླུ་བྱམས་ལ་དད་པ་ཡོད་མེད་རྩད་གཅོད་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མེད། ཁོ་ལྷ་གསོལ་ཀླུ་གསོལ་ཇི་ལྟར་བྱས་ཀྱང་རང་དབང་རེད། ཡ་མཚན་སྐྱེས་དགོས་པ་ཞིག་ནི་ཁོས་སྲིད་སྐྱོང་གི་འོས་མི་ལ་ལངས་མ་ཐག་ཐོག་དང་པོར་བཙན་བྱོལ་གྱི་དད་པ་ཁ་ལ་འཁྱེར་ནས། སྤྱི་ཚོགས་འབུར་བཅོམས་བྱེད་མཁན་དང་བསུན་པོ་བཟོ་མཁན་གྱི་དད་པ་ལོག་སྤྱོད་པར་ངོ་རྒོལ་དང་གཙང་ཕྱགས་བྱེད་རྒྱུའི་དམ་བཅའ་དེས། དད་པ་ལོག་སྤྱོད་ཤོག་ཁག་སྙིང་རྩ་འདར་ནས་ཐབས་རྒྱ་ཇུས་སྟོང་གིས་ཀླུ་བྱམས་འབུར་བཅོམས་བྱེད་རྒྱུ་ལས་འདྲ་མཉམ་གྱི་འདུ་ཤེས་དང་དམངས་གཙོ། གུ་ཡངས་ཀྱི་བསམ་བློ་ཟེར་བ་ཞིག་མཐོ་རིམ་བླ་ཆེན་མི་ཆེན་དཔོན་ཆེན་ཚུན་ནས་མེད་པ་ཅི་ཡིན་ནམ། རིག་གནས་གསར་བརྗེ་བོད་ནང་ལ་བྱུང་བ་རེད། གུང་ཁྲན་ཏང་གི་བཀའ་ཡིག་གཅིག་འཁྱེར་ནས་མི་རིགས་ཀྱི་བསམ་བློ་དང་ལ་རྒྱ། རུས་ཞེན་སྤུ་ཙམ་ཡང་མེད་མཁན་ཧུར་བརྩོན་ཅན་དང་འབད་བརྩོན་ཅན་གྱི་ཀླད་སྟོང་སྤྲང་ཕྲུག་ཁ་ཤས་ཀྱིས་ས་མཆོངས་གནམ་མཆོངས་བརྒྱབ་པ་ལས་བྱུང་བ་ཞིག་རེད། འདི་ལ་གྲལ་རིམ་འཐབ་རྩོད་ཟེར། མཐའ་ན་ཕ་མ་བུ་ཕྲུག་དབར་ལ་དབྱེན་སྦྱོར་བརྩམས་ནས་འགལ་འདུ་མེད་ས་ནས་འགལ་འདུ་བཟོས་ཏེས། མཐའ་ན་བུ་ཕྲུག་གིས་ཕ་མ་ཚུན་ཆད་ཤོག་བུའི་ཞྭ་མོ་བཀོན་ནས་ཁྲོམ་སྐོར་དང་འཐབ་འཛིང་བཏང་བ་རེད། དེ་ལྟ་བས་ན་གོང་རིམ་གྱི་བཀའ་འཁུར་ནས་མི་དམངས་ནང་འགལ་འདུ་མེད་ས་ནས་འགལ་འདུ་བཟོས་ཏེས་གྲལ་རིམ་འཐབ་རྩོད་ཀྱི་བྱ་སྟངས་ལས་སྟངས་འདི་ད་དུང་བཙན་བྱོལ་ནང་ལྷག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། མ་གཞི་ནས་གུང་ཁྲན་ཏང་གི་རྩ་ཁྲིམས་ལ་གུས་བརྩི་དང་དང་ལེན་ཡོད་མཁན་ཚོས། བཙན་བྱོལ་ནང་རང་བཙན་འཐབ་རྩོད་པར་འཐབ་འཛིང་བཏང་ནས་འདུག་དགོས་པའི་རྒྱུ་མཚན་གཏན་ནས་མེད་ལ། གང་མགྱོགས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་ལོག་རོགས་བགྱིས་ཞེས་རེ་བསྐུལ་ནན་པོ་ཞུ་རྒྱུ་ཡིན། གལ་ཏེ་བཙན་བྱོལ་ནང་གནས་དགོས་ན་དམངས་གཙོ་དང་འདྲ་མཉམ་རང་བཞིན་འོག་གནས་དགོས་པ་ལས། ཐུབ་ཚོད་དང་མཉའ་གནོན་འབུར་འཇོམས་གཏོང་བའི་ལམ་ལུགས་དེ་མཚམས་འཇོག་བྱེད་རན་ཡིན། འདི་ན་དམངས་གཙོ་དང་རང་དབང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་དང་ལེན་བྱེད་རོགས་བྱོས།
ད་འདི་ན་བཤད་སྟངས་ལ་བལྟས་ན་སྲིད་འགན་བགྲེས་ཡོལ་ལ་ཕེབས་མེད་ཚོད་འདུག། ཁྱོད་ཚོས་༧རྒྱལ་བ་རིན་པོ་ཆེ་ལ་དད་ཞེན་བླ་མེད་ཅིག་ཡོད་ན་ཁོང་ལ་ནག་རྩི་མ་བྱུགས་རོགས་ཞེས་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན། ཁྱོད་ཚོའི་བཤད་སྟངས་ལས་སྟངས་དེ་ལ་མོ་ཕར་ནང་གི་གུང་ཁྲན་གྱི་ཁ་ནང་ལ་བླུགས་པ་དང་གཉིས་སུ་མེད་པས། སང་ཉིན་སྲིད་འགན་བགྲེས་ཡོལ་ནུབ་ཕྱོགས་པར་གཏམ་བརྗོད་ཡིན་རབས་བསྒྲག་ཡོང་གི་རེད། སྐབས་དེ་དུས་ལན་གསལ་པོ་ཞིག་སྒྲ་སྒྲིག་བྱེད་དགོས་པ་ཆགས་ཀྱི་རེད། ལུང་རྟོགས་ཀྱིས་ཟེར་ན་ཀླུ་བྱམས་ཀྱིས་༧རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་རེད་ཞེས་མངོན་སུམ་འཛེམས་མེད་ཀྱིས་མཚན་སྨོད་འདི་ལས་ལྷག་ཅིག་མེད་པ་རེད་ཟེར། ཁྱེད་རང་ལྟ་བུ་མངོན་སུམ་ལ་བསྙོན་པ་ནི་ངས་གསལ་བཤད་བྱས་ཀྱང་གངས་རི་སེར་འཛིན་གྱི་མིག་ཤེས་ཀྱིས་དཀར་པོ་ནམ་ཡང་མཐོང་མི་སྲིད་པ་རེད། དོན་དངོས་བྱས་ན་ཀླུ་བྱམས་ཀྱིས་བརྙན་འཁོར་ནང་གི་གཏམ་བཤད་ཡོད་ཚད་ལ་ལེགས་པར་བལྟ་ཉན་བྱས་ཡོད་ན། ཁོས་ངས་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་བ་རེད་ཟེར་ནམ་ཡང་ལབ་མེད་ད། འོན་ཀྱང་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་མ་འོངས་པར་ལོ་རྒྱུས་འབྲི་དགོས་ཚེ་བོད་ལ་རྒྱལ་ཁབ་དང་རང་བཙན་མི་དགོས་རང་སྐྱོང་དགོས་ཟེར་ན། སྐབས་དེ་དུས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་སྔར་གྱི་ཆོས་འབྱུང་བྲིས་པ་བཞིན་འབྲི་གི་མ་རེད། གང་ཡིན་པ་སྲོང་པོར་འབྲི་ན་རྒྱལ་བཙོང་བ་མི་འབྲི་བའི་ངེས་པ་མེད་བཤད་པ་རེད། མ་འོངས་ལོ་རྒྱུས་འབྲི་མཁན་ཀླུ་བྱམས་མ་རེད་འདྲ་མིན་སྣ་ཚོགས་ཡོང་སྲིད་པས་ཀླུ་བྱམས་སྐྲག་ས་ངོ་མ་དེ་༧རྒྱལ་བ་རིན་པོ་ཆེ་མ་འོངས་ལོ་རྒྱུས་ནང་རྒྱལ་བཙོང་བ་འཁོད་ན་ཁོ་བློ་མི་བདེ་བ་འདི་རེད། ད་ལྟ་༧རྒྱལ་བ་རིན་པོ་ཆེ་ཁོང་སྐུ་འཚོ་བཞུགས་སྐབས་སུ་ཡང་མངོན་སུམ་འཛེམས་མེད་ངང་ཁོང་ནུབ་ཕྱོགས་པ་ག་པར་ཕེབས་ཀྱང་ཚད་བརྒལ་གྱིས་མཚན་སྨོད་ཞུ་ཡི་འདུག། མ་འོངས་པར་ཁོང་སྐུ་འཚོ་མ་བཞུགས་སྐབས་ནང་འཁྲུགས་དང་ཁོང་གི་མཛད་རྗེས་བླ་མེད་ལ་ནག་ཐིག་མི་འབྱུག་པའི་ངེས་པ་མེད་ན། ད་ལྟ་ནས་ཁོང་གིས་བཀའ་སློབ་དུམ་ཚན་རེ་འཁྱེར་ནས་ནང་ཁུལ་ཁ་བྲལ་གཏོང་ཐབས་དེ་ཡག་པོ་གཏན་ནས་མ་རེད། དོན་དངོས་བྱས་ན་ཁོང་གི་བཟང་སྤྱོད་ཀྱི་བཀའ་སློབ་མི་ཚེ་གང་པོར་ཉམས་ལེན་བྱས་ཀྱང་ཚར་རྒྱུ་མེད་པ་དེ་ཚོ་རང་བརྒྱུད་ལ་འབྱོར་གང་ཐུབ་མི་བྱེད་པར་ཆབ་སྲིད་རྣོ་ངར་རང་བཞིན་གྱི་བཀའ་སློབ་དུམ་ཚན་ཉུང་ཉུང་དེ་འཕྱར་ནས་ནང་ཁུལ་དབྱེན་དཀྲུགས་བྱེད་པའི་ལམ་ལུགས་དེ་ཡག་རྟགས་ཁྱོན་ནས་མ་རེད། དེས་ན་ངས་དྲིས་རྒྱུར་༧རྒྱལ་བ་རིན་པོ་ཆེར་དད་པ་ཡོད་མདོག་བྱེད་མཁན་ཚོས་ཁོང་གིས་ཆོས་ལུགས་རིག་པའི་བཀའ་སློབ་ཡར་ཕུད་པའི། འཇིག་རྟེན་ཀུན་ཁྱབ་རང་བཞིན་གྱི་ཡ་རབས་བཟང་སྤྱོད་ཀྱི་བཀའ་སློབ་ཇི་ཙམ་ལག་བསྟར་བྱེད་མྱོང་ཡོད་དམ། གལ་ཏེ་ཡོད་ན་ག་རེ་ག་རེ་ལག་བསྟར་བྱས་ཡོད་དམ། ལན་གསལ་པོ་ཞིག་གནང་རོགས།
ཞོལ་གཡག ཀླུ་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེར་སེམས་ཁུར་ཡོད་མེད་སྔ་ཕྱི་བར་གསུམ་གྱི་ཁོའི་བཤད་སྟངས་ལས་སྟངས་ལ་ལྟས་ན་ས་རིས་ཐང་གསལ་རེད། ཁོས་གང་བཤད་ཡོད་པ་ངས་ཀྱང་དོ་སྣང་བྱས་ཡོད། ནོར་ཝེ་བོད་སྐད་རླུང་འཕྲིན་གྱི་དྲི་བ་ཞིག་གི་སྐབས་སུ་ཁོས་བཤད་ན། ངས་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་རེད་ཟེར་གྱི་མེད་འོན་ཀྱང་ཆབ་སྲིད་རིགས་པའི་ཁྱབ་ཁོང་ནས་བཤད་ན་རང་བཙན་མི་དགོས་ཟེར་བ་དེ་རྒྱལ་བཙོང་བའི་གྲལ་ལ་འགྲོ་ཡི་རེད་ཅེས་བཤད་སོང་། འདི་ནི་ཐད་ཀར་བཤད་མ་ནུས་པར་སྐད་ཆ་ལ་ཤུབ་གཅིག་དཀོན་པ་ལས་དོན་ལ་རྒྱལ་བཙོང་ཡིན་པ་བཤད་ཀྱི་ཡོད་པ་ཀླད་པ་ཡོད་པའི་མི་སུ་ཡིན་ཡང་ཤེས་ཀྱི་རེད། ལར་ནས་ཆབ་སྲིད་རིག་པའི་ཁྱབ་ཁོང་ཞེས་འུར་རྒྱག་ཁ་བྱས་པ་ལས་ཀླུ་བྱམས་ཀྱིས་ཆབ་སྲིད་རིག་པ་ཇི་ཙམ་ཤེས་ཀྱི་རེད་ཆབ་སྲིད་རིག་པ་ལ་སློབ་སྦྱོང་ཇི་ཙམ་བྱེད་མྱོང་བ་རེད། བོད་སྐད་ཀྱི་གོ་སྟངས་བྱས་ན་བཙོང་ཟེར་བ་ནི་དངོས་པོ་ཞིག་གཞན་ལ་ཕར་སྤྲད་ནས་རིན་པ་ཞིག་ཚུར་ལེན་པ་ལ་གོ་བ་རེད། དེ་བཞིན་རྒྱལ་བཙོང་བ་ཟེར་བ་ཡང་རང་སྒེར་གྱི་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་ཁེ་ཕན་ཞིག་གི་ཆེད་དུ་རྒྱལ་ཁབ་གཞན་ལག་ལ་སྤྲད་པ་ལ་གོ་དགོས་པ་རེད། འོ་ན་རྒྱལ་བ་རིན་པོ་ཆེས་སྐུ་སྒེེ་གྱི་ཁེ་ཕན་གང་ཞིག་གི་ཆེད་དུ་བོད་རྒྱལ་ཁབ་བཙོང་བ་རེད། མ་གཞི་བོད་རྒྱལ་ཁབ་ལྔ་བཅུ་ང་དགུ་ལོ་ནས་རྒྱ་ནག་ལ་ཤོར་ཟིན་པས་བཙོང་རྒྱུ་ཅི་ཞིག་ལྷག་ཡོད་པ་རེད།
དད་པ་ལོག་སྤྱོད་ཟེར་བ་དེ་ཡང་ཆབ་སྲིད་ལོག་སྤྱོད་པ་ཚོས་རང་ཉིད་ཀྱི་འདོད་དོན་སྒྲུབ་པའི་ཐབ་ལམ་ཞིག་རེད། དོན་ངོ་མ་རྒྱལ་བ་རིན་པོ་ཆེའི་བཀའ་ཁྱེར་ཡོང་ནས་ཀླུ་བྱམས་འབུར་འཇོམ་བྱེད་མཁན་སུ་ཡང་མཐོང་མ་སོང་། དེ་ལས་ལྡོག་སྟེ་ཀླུ་བྱམས་ཀྱི་གཏམ་བཤད་ཁ་ཤས་ཁྱེར་ཡོང་ནས་རྒྱལ་བ་རིན་པོ་ཆེའི་རང་དབང་ལ་རྡོག་རོལ་གཏོང་གི་འདུག མཐའ་ན་རྒྱལ་བ་རིན་པོ་ཆེ་ཐུགས་ཕམས་བྱུང་བ་ཙམ་ཡང་གསུངས་ཆོག་གི་མི་འདུག འདི་ནི་ཆབ་སྲིད་ལོག་སྤྱོད་པ་ཚོས་རྒྱལ་བ་རིན་པོ་ཆེ་མཐའ་ལ་བཀར་སྟངས་ཤིག་རེད། ཀླུ་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་ཡིན་རབས་བཤད་ཆོག་ན་རྒྱལ་བ་རིན་པོ་ཆེས་ཁོང་ཐུགས་ཕམ་བྱུང་ཅིའི་ཕྱིར་གསུང་མི་ཆོག་པ་རེད།
རྒྱལ་བ་མཆོག་གི་བཀའ་དགོངས་ལམ་སྟོན་མེད་ན། དགྱ་མ་ཐོར་གོང་ལ་བོད་བཙན་བྱོལ་འཐོར་རྒྱུ་ཡིན་པ། དགྱ་སྲིད་མཁས་བ་ཚོས་ཤེས་གསལ་མཐོང་གསལ་ཡིན་པ་རེད། རྒྱུ་མཚན་དེའི་ཆེད་དུ། བཙན་བྱོལ་ལ་མང་གཙོ་མེད་རབས། ཆོས་དད་རང་དབང་མེད་རབས། རྒྱལ་བ་མཆོག་གིས་སྐུ་དབང་ཆ་ཚང་མ་ཕུལ་རབས་སོགས། དཀྲུག་ཡིག་དང་དཀྲུག་གཏམ་གང་སྤེལ་བ་རྣམས་ལ་ངོ་སོ་འཛིན་པ་དེ་ཡང་མིན་ན། དགྱའི་རྒྱུག་ཁྱི་ཡིན་པ་རེད། དེ་མིན་ན། སྔ་འདང་ཕྱི་འདང་ལ་རྒྱང་ལྟ་མི་ཐུབ་པའི་ཀླད་སྟོང་སྐོར་ཞིག་ལས། བོད་རྒྱ་ཆེ་མི་མང་གི་བདེ་སྡུག་ལ་མཁོ་བའི་མི་བུ་ནི་མ་ཡིན་ནོ། རྒན་ལ་རྩི་བ་དང་གོང་ལ་གུས་བ་ནི་བོད་མི་རིགས་འདི་བའི་ཆེ་མངོན་པར་སྟོད་ས་དེ་ཡིན་པས། དགྲ་བོ་དགྱ་དམར་ཚང་གིས་ག་རེ་ལབ་ན་ལོབ་ཤོག། དེ་ལ། གནམ་ལོ་ཅན་པོས་རི་བོང་གནམ་རྡུབ་ཀྱི་སྡུག་སྐད་ཤོར་མི་དགོས། ང་ཚོ་ལ་ལན་ཡོད། རྡ་སའི་གད་སྲང་ནས་ཀླུ་བྱམས་ཅན་པོས་དཀྲུག། དྲ་བའི་འབྲེལ་ལམ་ནས་གནམ་ལོ་ཅན་པོས་དཀྲུག། དམ་སྲིད་གསོ་བསྟེན་པ་ཚོས་ཕྱི་གླིང་ནས་དཀྲུག། དཀྲུག་མཁན་འདི་ཚོ་དད་ནས་སོང་ན། ཆོས་དད་དང་ཞིབ་འཇུག་པ་རྫིན་མ་ཞིག་གི་མིང་འོག་ནས་སྒོར་ཐོ་འགའ་རེ་བཙལ་འདོད་པ་ཙལ་གྱིས་ཁྱི་ཁ་བླས་བ་ཙམ་ཡིན་པ་ར་འཕྲོད་པ་ཉིན་རེ་ནས་ཇེ་གསལ་རེད།
རེད་རེད། ཁྱེད་ཀྱིས་ཀླུ་མཁར་གྱི་གཏམ་བཤད་ཡོངས་ལ་དོ་སྣང་མ་བྱུང་བར་ནོར་ཝེའེ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་སྐབས། དམངས་ཁྲོད་དུ་ཀླུ་མཁར་ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་བ་རེད་ལབ་ཡོད་པ་རེད་ཟེར། དེ་བདེན་པ་རེད་དམ་དྲིས་དུས། ཁོས་ངས་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་བ་རེད་ཟེར་ནམ་ཡང་ལབ་མྱོང་མེད། འོན་ཀྱང་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་བཤད་ན་རྒྱལ་ཁབ་དང་རང་བཙན་མི་དགོས་ཟེར་མཁན་རྒྱལ་བཙོང་བའི་གྲས་ལ་འགྲོ་ཡི་རེད་ཟེར་བ་གཅིག་པུར་དོ་སྣང་ཆེན་པོ་བྱུང་འདུག་ལ་གོ་བ་ཡང་ཆེན་པོ་བླངས་བ་འདྲ། བྱས་ཙང་དེ་རྗེས་ཁོས་གསར་འགོད་སྒྲག་གཏམ་ཞིག་སྐབས་ནོར་ཝེའེ་བརྙན་འཕྲིན་ཁང་གིས་བཅར་འདྲི་སྐབས་དེའི་བསྐོར་འགྲེལ་བཤད་བྱེད་པའི་དུས་ཚོད་མ་བྱུང་བས། དེའི་སྐོར་འགྲེལ་བཤད་བརྒྱག་དགོས་ན། དེ་སྔོན་པཎ་ཆེན་རིན་པོ་ཆེའི་བསྐོར་བགྲོ་གླེང་ཞིག་སྐབས། ཁོས་འདི་ལྟར་བཤད་པ་ཡིན་ཟེར། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ལ་བོད་མི་དམངས་ཀྱིས་རྒྱལ་བཙོང་བ་དང་། ཚོང་པ་རྒྱག་པ་སོགས་ཡིག་ངག་གཉིས་ཀྱི་ཐོག་མཚན་སྨྲོས་ཞུས་ཡོད་པ་རེད། ཞུ་དགོས་པའི་རྒྱུ་མཚན་ཡང་གཏན་ནས་མེད་པ་མིན་ཏེས། ༧པཎ་ཆེན་རིན་པོ་ཆེ་དབུས་པའི་ང་འཕོད་དང་ཕུན་དབང་སོགས་ཀྱིས་གུང་ཁྲང་ཏང་གི་འོག་ནས་རང་སྐྱོང་ལས་རང་བཙན་བརྩད་མི་ཆོག་པའི་བཀའ་སློབ་རྐྱང་རྐྱང་དེར་འཐུག་ཡོད་པ་རེད། འོན་ཀྱང་བཙན་བྱོལ་ན་༧རྒྱལ་བ་རིན་པོ་ཆེའི་མཚན་གནས་རྗེས་འབྲེལ་གྱིས་ཟམ་གདོང་རིན་པོ་ཆེས་རང་བཙན་མི་བརྩོད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་འདུག་གི་ཡིན་ཞེས་ཡིག་ཆ་པེ་ཅིང་ལ་སྤྲད་པ་དེ་རྒྱལ་གཅེས་པ་དང་སྔོན་ཐོན་པ་ཡིན་རབས་ཀྱིས་བསྟོད་གླུ་བླངས་བ་དེར། རྒྱལ་བཙོང་བ་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་རེད་ཞེས་བཤད་པ་ཡིན་ཟེར། འདི་དྲང་བདེན་གྱི་སྐད་ཆ་རེད་མ་གཏོགས་མཚན་སྨོད་དང་ཟུར་ཟར་འགྲོ་བའི་རྒྱུ་མཚན་གཏན་ནས་མི་འདུག། བོད་ནང་ལ་ཆ་མཚོན་ན་༧པཎ་ཆེན་བཅུ་པ་ཆེན་པོ་མཆོག་ལས་བཀའ་དྲིན་ཆེ་བ་ཞིག་ཡོད་ཚོད་མེད། འོན་ཀྱང་མི་དམངས་རང་བཞིན་གྱིས་ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས་ཡིག་ངག་གཉིས་ཀྱི་ཐོག་ནས་སྐྱོན་བརྗོད་ཞུས་ཡོད་པ་རེད། དེ་ལྟ་བས་ཀླུ་མཁར་གྱིས་མ་འོངས་པར་སྲིད་དོན་ཚན་རིག་ཀྱི་ངོས་ནས་ལོ་རྒྱུས་སྨྲ་བ་ཚོས་བོད་ཀྱི་ལོ་རྒྱུས་ཞིག་འབྲི་ཡི་ཡོད་ན། གནད་དོན་འདིའི་ཐད་བསམ་བློ་མ་འཁོར་རང་འཁོར་ཆགས་ཡོད་པས་ད་ལྟ་ནས་གཟབ་དགོས་པ་དེ་བཤད་ཀྱིན་པ་དེ་རེད། བོད་དང་རྒྱ་ནག་གི་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་བཤད་ན། བློ་སེང་དང་སྤེན་ཚེ་ལས་ཀླུ་བྱམས་མཁས་ཀྱི་རེད། བློ་སེང་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལས་རྒྱ་ནག་གི་ཆབ་སྲིད་ལ་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མེད། སྤེན་ཚེ་ནི་དེ་བས་ཀྱང་སྤྲོས་བྲལ་ཡིན། དཔེར་ན་དེ་སྔོན་བློ་སེང་སྲིད་སྐྱོང་ལ་ཐོག྄་མར་བཞེངས་དུས་ངའི་འོས་ཤོག་དེ་ཁོང་ལ་བླུགས་པ་ཡིན། རྒྱུ་མཚན་ཁོས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་འདི་ཁྲིམས་ཁར་བསྐྱལ་ནས་ཞུ་གཏུགས་འདྲ་བྱེད་རྒྱུ་མེད་དམ་མཉམ་པ་རེད། འདི་ནི་ངའི་གདེངས་འཇོག་དང་རེ་བ་མཐོ་སོང་བ་རེད་ལ། རྒྱལ་སྤྱིའི་ཁྲིམས་ལུགས་ཡང་དཔལ་འབྱོར་རིག་པའི་གཞུང་ལུགས་འོག་ནས་ཁྲིམས་ལུགས་རང་སྐྱ་འཕེར་བ་ཞིག་མེད་སོང་བ་དེ་མ་དྲན་པ་དེ་རེད། དེ་ལས་ཐབས་སྡུག་ཤིག་ལ་ང་ཚོའི་བོད་ཀྱི་སྲིད་སྐྱོང་གིས་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ནས་དམངས་གཙོ་ཡང་བརྩོད་ཀྱི་མེད་ཞེས་བཤད་པ་རེད། དམངས་གཙོ་མེད་པའི་རྩ་ཁྲིམས་ཤིག་གི་འོག་ནས་ཁེ་ཕན་ག་ཚོད་ཆེ་ཡང་བདེ་སྐྱིད་ཤིག་མེད་ཁོ་ཐག་རེད། བྱས་ཙང་ཀླུ་བྱམས་ཀྲུང་གོའི་རྩ་ཁྲིམས་ལ་ཆ་རྒྱུས་ཡ་རྒྱུས་ཡོད་པ་མ་ཟད་ལོ་མང་འདིའི་ཐོག་ལ་ཉམས་ཞིབ་བྱས་ནས་ཡོང་མཁན་ཞིག་རེད། ལྷག་པར་དུ་ཁོས་དབུ་མའི་མངོན་འདོད་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་བྱུང་རིམ་དང་། བོད་ཐོག་ལག་བསྟར་བྱས་དང་བྱེད་བཞིན་པའི་མི་རིགས་ས་གནས་རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས་དང་། མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་བསྐོར་འགྲེལ་བཤད་རྒྱས་བཤད་བརྒྱབ་འདུག་པས། གནས་དོན་འདི་རིགས་ལ་དོ་སྣང་དང་བློ་གཟུ་བོར་གནས་ཏེས་སོ་སོས་ཉམས་ཞིབ་བྱེད་ཐུབ་ན་ད་གཟོད་གཞི་ནས། ལམ་དབུ་མ་ཟེར་བ་དེ་ལྷ་བླའི་ལུང་བསྟན་ཡིན་མིན་དང་ངོ་གདོང་གསལ་གསལ་དག་དག་ཤེས་ངེས་རེད། དེ་མིན་ལྷ་བླའི་ལུང་བསྟན་རེ་འཁྱེར་ཡོང་ན་བོད་རྒྱལ་ཁབ་མི་རིགས་འདི་ལྷ་བླའི་ལུང་བསྟན་འོག་ནས་གནས་སྟངས་འདིར་བསྐྱལ་ཡོད་པ་རེད་དོ། ཐུགས་ལ་ཕོགས་ན་བཟོད་པ་མཛོད། ངས་ནི་སྐད་ཆ་དྲང་པོ་བཤད་ཐལ།
་་་་་་་་་་ ཀླུ་མཁར་བྱམས་ཀྱིས་དབུས་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་ལ་ཕུལ་བའི་ཡིག་ཆ་ནི་ཕན་མེད་དང་། ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས་བལྟས་ཡོང་ན་རྒྱལ་བ་རིན་པོ་ཆེས་རང་བཙན་མི་རྩོད་པ་ནི་རྒྱལ་བཙོང་གི་ཕྱོགས་གཏོགས་སུ་འགྲོ་གི་ཡོད་ལབས་པ་དང་། དེ་དང་འབྲེལ་བའི་ཆབ་སྲིད་ཤོད་མཁན་གྱི་ཕྱོགས་གཏོགས་པར་ཐུགས་ཁམ་པ་ལས། ཆོས་དང་འབྲེལ་བ་མེད་པའི་དེ་རིང་གི་བཀའ་སློབ་འདི་དོལ་རྒྱལ་བར་གསུང་གི་མེད་འགྲོ་བསམས།་་་་་་་་་་་་ དང་། ཡང་། ་་་་་་་རེད་རེད། ཁྱེད་ཀྱིས་ཀླུ་མཁར་གྱི་གཏམ་བཤད་ཡོངས་ལ་དོ་སྣང་མ་བྱུང་བར་ནོར་ཝེའེ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་སྐབས། དམངས་ཁྲོད་དུ་ཀླུ་མཁར་ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་བ་རེད་ལབ་ཡོད་པ་རེད་ཟེར། དེ་བདེན་པ་རེད་དམ་དྲིས་དུས། ཁོས་ངས་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་བ་རེད་ཟེར་ནམ་ཡང་ལབ་མྱོང་མེད། འོན་ཀྱང་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་བཤད་ན་རྒྱལ་ཁབ་དང་རང་བཙན་མི་དགོས་ཟེར་མཁན་རྒྱལ་བཙོང་བའི་གྲས་ལ་འགྲོ་ཡི་རེད་ཟེར་བ་གཅིག་པུར་དོ་སྣང་ཆེན་པོ་བྱུང་འདུག་ལ་གོ་བ་ཡང་ཆེན་པོ་བླངས་བ་འདྲ། ་་་་་་་་་་
ད་ལོ་༸གོང་ས་མཆོག་ཐུགས་ཕམ་བཟོ་མཁན་དེ། སྲིད་སྐྱོང་འོས་མི་དྭང་བླངས་པ་ཀླུ་མཁར་བྱམས་མ་གཏོགས་འགྲོ་ས་མི་འདུག ང་ཚོས་ད་དུང་ཞིབ་འཇུག་མཐར་ཕྱིན་བྱས་ནས། ཤེས་དགོས་པ་དང་། ལས་དགོས་པ་མང་པོ་འདུག་སྙམ་མོ།།
་་་་་་་་་ དད་པ་ལོག་སྤྱོད་ཟེར་བ་དེ་ཡང་ཆབ་སྲིད་ལོག་སྤྱོད་པ་ཚོས་རང་ཉིད་ཀྱི་འདོད་དོན་སྒྲུབ་པའི་ཐབ་ལམ་ཞིག་རེད། དོན་ངོ་མ་རྒྱལ་བ་རིན་པོ་ཆེའི་བཀའ་ཁྱེར་ཡོང་ནས་ཀླུ་བྱམས་འབུར་འཇོམ་བྱེད་མཁན་སུ་ཡང་མཐོང་མ་སོང་། དེ་ལས་ལྡོག་སྟེ་ཀླུ་བྱམས་ཀྱི་གཏམ་བཤད་ཁ་ཤས་ཁྱེར་ཡོང་ནས་རྒྱལ་བ་རིན་པོ་ཆེའི་རང་དབང་ལ་རྡོག་རོལ་གཏོང་གི་འདུག མཐའ་ན་རྒྱལ་བ་རིན་པོ་ཆེ་ཐུགས་ཕམས་བྱུང་བ་ཙམ་ཡང་གསུངས་ཆོག་གི་མི་འདུག འདི་ནི་ཆབ་སྲིད་ལོག་སྤྱོད་པ་ཚོས་རྒྱལ་བ་རིན་པོ་ཆེ་མཐའ་ལ་བཀར་སྟངས་ཤིག་རེད། ཀླུ་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་ཡིན་རབས་བཤད་ཆོག་ན་རྒྱལ་བ་རིན་པོ་ཆེས་ཁོང་ཐུགས་ཕམ་བྱུང་ཅིའི་ཕྱིར་གསུང་མི་ཆོག་པ་རེད། ་་་་་་་་ འདི་ལ་རྒྱབ་སྐྱོར་བརྒྱ་ཆ་ཐམ་པ་ཡོད་གདའ། དགེའོ། དགེའོ།།
བོད་པ་ཡིན་མཁན། ཨ་མདོ་ཡིན་མཁན། གསར་འབྱོར་bjཡིན་མཁན། དྷ་སའི་ལས་བྱེད་ཡིན་མཁན། སྲིད་སྐྱོང་འོས་མི་ལངས་མཁན་ཀླུ་མཁར་བྱམས་ཀྱིས། ༸གོང་ས་མཆོག་ལ། རྒྱལ་ཚོང་པ་རེད། ཅེས་བཤད་ཡོད་རེད་ཨེ། !!!!!!!!!!! ??????????????
ཀརྡོ་ལགས། ཁྱོད་ཀྱིས་བཤད་ན་གོང་ས་མཆོག་དང་ཀླུ་མཁར་བྱམས་གཉིས་གཅིག་མཚུངས་ཡིན་པས། ཕན་ཚུན་བར་གཅིག་བསྟོད་གཅིག་སྨད་ཀྱི་ཐོབ་ཐང་འདྲ་མཉམ་དགོས་ཚུལ་ལབ་འདུག ངས་ཀླུ་མཁར་བྱམས་ཚད་གཞི་དེར་སླེབས་ཟིན་པར་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའི། ཀླུ་མཁར་བྱམས་ཀྱི་སྣང་བརྙན་བོད་མིའི་ཁྲོད་དུ་ཚད་འདིར་སླེབས་པའང་དད་པ་ལོག་སྤྱོད་པ་ཚོས་ངོ་རྒོལ་དྲིལ་བསྒྲགས་ཀྱི་ནུས་པ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གོང་ས་མཆོག་དང་། ་བཟོད་པའི་ཕར་རོལ་ཏུ་ཕྱིན་པ་ཀླུ་མཁར་བྱམས་རེད་ལབ་ནའང་འགྲིག་འདུག།
གལ་སྲིད་ཀླུ་མཁར་བྱམས་ཀྱིས། ༸རྒྱལ་བ་རིན་པོ་རྒྱལ་ཚོང་པ་རེད་ཆེས་བཤད་ཡོད་ན། ཐོག་མ་ཀླུ་བྱམས་དགུ་བཅུ་གསུམ་ལས་བྱེད་ནས་ཕུད་དགོས་ཡོད། དེ་མིན་ན། ཚོགས་པ་འདི་དབུ་མའི་ལམ་པ་ཡིན་པ་ངོས་ཐུབ་དགྱིད་མ་རེད་དོ། བོད་རིགས་སྤྲང་འཁྱམས་པ་ཚོ།།
#29 ཀརྨ་བློ་གསལ་ལགས། ཁ་བཙུམ་ནས་ཁྱོད་ངས་ཁ་བརྡ་ནས་ངོ་ཤེས་ནས། ངས་ཁྱོད་ལ་ཏིལ་འབྲུ་ཙམ་ཡང་མི་རྒྱུ་བློ་དང་པོ་བཅད་ཟིན་ཡོད། ཁོ་རེ་སྐྱག་གཟན་པ་ཁྱོད།
ཀླུ་བྱམས་མི་གཅིག་གི་ཁ་ནས་གཏམ་གཉིས་བཤད་ཀྱི་ཡོད་ན་མི་ཤེས། དེ་མིན་ནོར་ཝེ་ཚང་གི་དྲི་བ་དེའི་སྐབས་སུ་ཆབས་སྲིད་རིག་པའི་ཁྱབ་ཁོང་ནས་བཤད་ན་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བའི་ཁོང་སུ་འགྲོ་ཡི་རེད་ཅེས་ཁ་གསལ་པོ་བཤད་སོང་། བོད་ནང་ལ་སྔོན་མ་པཎ་ཆེན་རིན་པོ་ཆེ་ལ་སྐྱོན་བརྗོད་ཞུ་མཁན་ཁག་གཅིག་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་དེ་ཆབ་སྲིད་རིག་པའི་ཁྱབ་ཁོང་སོགས་ཀྱི་སྐད་ཆ་གང་ཡང་ཡོད་མ་རེད། ཁོང་བོད་ནང་ལ་བཞུགས་ཡོད་དུས་སྐད་ཆ་ག་རེ་གསུངས་ཡང་གཟབ་ནན་གནང་དགོས་པ་རེད་ལ། རྒྱ་ནག་ལ་སྐབས་སྐབས་སུ་བསྟོད་ཚིག་རེ་ཟུང་མ་གསུངས་རང་གསུངས་རེད། དེ་ལ་བོད་མི་བླུན་པོ་ཁག་གཅིག་གིས་ནང་དོན་མ་རྟོག་པར་པཎ་ཆེན་རིན་པོ་ཆེ་རྒྱ་དགའ་ཡིན་པའི་བསམ་ཚུལ་གྱི་འོག་ནས་མཚན་སྨོད་ཞུས་པ་རེད། འདིར་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་སོགས་དབུ་ལམ་ལ་འགྲོ་མཁན་ཚོར་ཀླུ་བྱམས་སོགས་ཀྱིས་ཆབ་སྲིད་རིག་པའི་ཁྱབ་ཁོང་སོགས་ལ་ཁ་གཡར་ནས་རྒྱལ་བཙོང་བ་ཡིན་པ་སྒྲུབ་ཐབས་བྱེད་པ་འདི་ཡང་དེ་དང་གཅིག་མཚུངས་རེད། ཁོང་རྣམས་པས་ལོ་མང་རིང་བོད་དོན་གྱི་ཆེད་དུ་ཕྱག་ལས་གནང་བའི་ཉམ་མྱོང་ཕྱོགས་སྡོམ་གྱིས་བོད་མི་རིགས་ལ་ཁེ་ཕན་ཆུང་ཙག་གཅིག་ཡིན་ཡང་ཇི་ལྟར་སྒྲུབ་ཐུབ་མིན་གྱི་དགོངས་པ་གཏིང་ཟབ་བཞེས་ནས་དབུ་ལམ་ལ་ཕེབས་པ་མ་ཤེས་པར། སེམས་ཤུགས་ཆེ་མདོག་གིས་རང་བཙན་ཁ་ལ་ཁྱེར་ནས་རྟག་ཏུ་ཁོང་རྣམས་པར་སྐྱོན་བརྗོད་ཁོ་ནས་དུས་ཟླ་བ་འདི་ཧ་མི་གོ་མཁན་དེ་ཡུས་ཆེ་གཉིད་མི་ཁུག་མཁན་དེ་ནམ་རིང་བའི་དཔེ་རུ་གྱུར་སོང་བ་རེད། བློ་བཟང་སེང་གེ་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་ཞིག་གིས་རྒྱ་ནག་གི་ཁྲིམས་ལུགས་ལ་ཆ་རྒྱུས་སྤུ་ཙམ་མེད་པར་བཤད་ན་གད་མོ་ཤོར་སྐྱེད་རེད། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཁོང་སུ་མ་འདུས་པའི་རྒྱ་ནག་གི་ཁྲིམས་ལུགས་ཟེར་བ་ཞིག་གང་ན་ཡོད། ཀླུ་མཁར་བྱམས་སློབ་འབྲིང་ཙམ་ཡང་འགྲིམ་མྱོང་བའི་ལོ་རྒྱུས་མི་འདུག་རྒྱ་ནག་གི་ཁྲིམས་ལུགས་ལ་མཁས་པ་ཇི་ལྟར་ཆགས་སོང་བ་རེད། རྒྱ་ནག་གི་ཁྲིམས་ལུགས་ཕར་ཞོགས་རྒྱ་སྐད་ཀྱང་རང་སྐྱ་འཕེར་བ་ཞིག་ཤེས་ཀྱི་ཡོད་མེད་ཐེ་ཚོམ་ཡིན། སྲིད་སྐྱོང་གིས་དམངས་གཙོ་རྩོད་ཀྱི་མེད་ལབ་འདུག་ཅེས་མི་ལ་ལས་ཧང་སང་སང་བྱེད་ཀྱི་འདུག་ཀྱང་དེ་ནི་གནས་ཚུལ་མ་ཤེས་པའི་འུར་འདྲོག་གི་སྐད་ཆ་ལས་སྲིད་སྐྱོང་གི་ནོར་འཁྲུལ་གང་ཡང་མ་རེད། ང་ཚོས་རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་ཅེས་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གི་སྐབས་ནས་གསུངས་ཀྱི་ཡོད་པ་རེད་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་ལ་ཡང་གསལ་ཡོད་པ་རེད། རྒྱ་ནག་གི་རྩ་ཁྲིམས་ནང་དམངས་གཙོ་ཟེར་བ་ཞིག་མེད་པ་གསལ་པོ་ཡིན་དུས་སྲིད་སྐྱོང་གིས་ང་ཚོས་དམངས་གཙོ་རྩོད་ཀྱི་ཡོད་ཅེས་གསུངས་ཤེས་ཐབས་མེད་པ་རེད། གཡག་ཞར་གྱིས་རྩྭ་ཟ་བ་བཞིན་ཕྱོགས་གཅིག་ཁོ་ན་ལ་ལྷུང་ནས་མ་འདུག་པར་རྒྱལ་བ་རིན་པོ་ཆེས་དབུ་ལམ་ལ་འགྲོ་དགོས་པའི་རྒྱུ་མཚན་གསུངས་པ་དེ་དག་ཡག་པོ་ཞིག་ཉོན་དང་ལྷ་བླའི་ལུང་སྟན་ལ་རྒྱབ་གཅོལ་མེད་པ་གསལ་པོ་འདུག རྒྱལ་བ་རིན་པོ་ཆེ་བོད་ཀྱི་དཀའ་རྙོག་འདི་འགོ་ཚུགས་པ་ནས་དུས་ད་ལྟ་བར་མི་ལོ་དྲུག་བཅུ་ཙམ་གྱི་རིང་བོད་ཀྱི་ཆབ་སྲིད་ཁོ་ན་ལ་འགན་ཁུར་ནས་ཡོང་མཁན་ཞིག་གིས་མ་ཤེས་པའི་རྒྱལ་སྤྱི་དང་རྒྱ་ནག་གི་གནས་སྟངས་ཤིག ཀླུ་བྱམས་སློབ་འབྲིང་ཙམ་ཡང་འགྲིམ་མ་མྱོང་བ་ཞིག་གིས་ཤེས་པ་རེད་ཟེར་ན་སུས་རྣ་བ་ལ་འགྲོ་ཡི་རེད།
ལུང་རྟོགས་ལགས། ཤེས་མདོག་མདོག་མ་གནང་། སྔོན་མ་པན་ཆེན་རིན་པོ་ཆེར་ཁ་གཏོང་མཁན་བྱུང་མེད། བལ་ཡུལ་ནང་བཙན་བྱོལ་བོད་མིས་དར་ནག་ཕྱར་ནས་པན་ཆེན་རིན་པོ་ཆེར་ངོ་རྒོལ་བྱུང་པ་ནས་རྒྱལ་ཚོང་པ་རེད་ཟེར་མཁན་བྱུང་ཡོད། དེང་སྐབས་རྒྱ་མིའི་རྩ་ཁྲིམས་འོག་འགྲོ་གི་ཡིན་ལབ་མཁན་ཚོར་རྒྱལ་གཅེས་པ་རེད་ལབ་དགོས་པའི་རྒྱུ་མཚན་བགྲང་རོགས།
ངའི་ངོས་ནས་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་ལ་བཀའ་དྲིན་ཆེན་པོ་རེད་བསམ་གྱི་ཡོད། འོན་ཀྱང་བོད་དོན་བཤད་སྐབས་དད་པའི་སྐད་ཆ་གང་ཡང་མེད། དངོས་ཡོད་གནས་ཚུལ་ལྟས་ནས་བཤད་ཀྱི་ཡོད། རྒྱལ།བ་རིན་པོ་ཆེ་རྣམ་དཔྱོད་ཕུལ་དུ་བྱུད་བ་ཞིག་ཡིན་པ་མ་ཟད། ཕྱག་ལས་ག་རེ་ཡིན་ཡང་བབ་ལྷིང་བརྟན་གསུམ་གྱི་ངང་ནས་གནང་མཁན་ཞིག་ལས་ཀླུ་བྱམས་སོགས་ལྟར་དུ་འ་རེ་འུ་རེ་བྱས་ནས་ཁ་ཆེན་པོ་ཞིག་གདང་མཁན་དེ་འདྲ་གཏན་ནས་མ་རེད། བོད་མི་ཕལ་མོ་ཆེས་རྒྱལ་བ་རིན་པོ་ཆེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་འདི་ཡང་དད་པ་གཅིག་པུའི་གནད་དོན་ཞིག་གཏན་ནས་མ་རེད། ཁོང་གིས་དེ་སྔ་ཡན་ཆད་ཕྱག་ལས་གང་ཞིག་གནང་ཡོད་པ་དེ་དག་གཞི་ལ་བཞག་ནས་ཁོང་ལ་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་རེད། འདི་ཚོ་ཧ་གོ་བའི་སྟེང་ནས་སྐད་ཆ་བཤད་ན་ཡག་པོ་རེད། དེ་མིན་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མ་དད་པ་ལོག་སྤྱོད་པ་རེད་ཅེས་འུར་རྒྱག་ཁ་བྱས་ཀྱང་དོན་སྙིང་ཅི་ཡང་མེད་པ་རེད།
ཀར་བློ། པཎ་ཆེན་རིན་པོ་ཆེར་ཁ་གཏོང་མཁན་བྱུང་མེད་ཟེར་བ་དང་། བལ་ཡུལ་ནང་ལ་བོད་མིའི་དར་ནག་ཕྱར་ནས་ངོ་རྒོལ་བྱས་པ་རེད་ཟེར་བ་གཉིས་འགལ་མི་འདུག་གམ། ཚིག་ཁ་ཤས་ཙམ་ལ་ཡང་འགལ་འདུ་སེལ་མ་ཤེས་ན་འུར་རྒྱག་གི་མ་འདུག རྒྱ་མིའི་རྩ་ཁྲིམས་འོག་ལ་རང་སྐྱོང་གི་ཐོབ་ཐང་རྩོད་ཀྱི་ཡོད་ཟེར་བ་འདི་གནས་བབ་གང་འདྲ་ཞིག་གི་འོག་ནས་བྱུང་བ་རེད། དང་པོ་དེ་ཤེས་པ་གྱིས།
ལུང་རྟོགས་ལགས། ལྐུགས་པ་རང་རེད། པན་ཆེན་སྣང་པ་མཐའ་ཡས་ལ་བོད་ནང་མི་དགའ་སྟོན་སྟོན་མཁན་༡༩༨༦ལོའི་ཡར་སྔོན་བྱུང་མྱོང་མེད། དེང་སྐབས་རྒྱ་མིའི་རྩ་ཁྲིམས་འོག་ཏུ་སྡོད་ཀྱི་ཡིན་ན། ༡༩༥༩ལོ་ནས་མུ་མཐུད་དགོས་ཀྱི་མི་འདུག་གམ། ག་རེ་བྱས་ནས་བྲོས་ཡོང་པ་རེད། དེའི་རྗེས་ནས་བོད་འཇིག་པ་རེད། དེང་སྐབས་བསྐྱར་གསོ་ཐུབ་མཁན་ནི་པན་ཆེན་ཐམས་ཅད་མཁྱེན་པའི་སྐུ་དྲིན་གཅིག་པུ་རེད། ངོས་ལེན་ཡོད་དམ་མེད།
ད་རེས་མདོ་སྟོད་སྤྱི་འཐུས་ཞུགས་ཡོད་མེད་དེ་གནད་དོན་མ་རེད། སོག་རྫོང་ནག་ཆུ་རེད་ལ། དེང་སྐབས་དབུས་གཙང་ལ་གཏོགས་ཀྱི་ཡོད། དབུས་གཙང་སྤྱི་འཐུས་ཚོ་མཉམ་ཞུགས་གནང་དགོས་པ་ལས་མདོ་སྟོད་དང་ཆོས་རྒྱུད་སྤྱི་འཐུས་ཚོས་འཚང་ཁ་རྒྱག་མི་སྲིད། དེ་ཚང་མས་ངེས་པར་དུ་མཁྱེན་དགོས། དབུས་གཙང་ཞུགས་མེད་ན་ནག་ཆུར་མཐོང་ཆུང་རེད་ལ། སྔར་གྱི་དགའ་ལྡན་ཕོ་བྲང་ལ་ངོས་ལེན་མེད་ཟེར་པ་དང་གཅིག་རེད།
ཀར་བློ་ལགས། གླན་གཏམ་བཤད་མ་འདུག བརྒྱད་བཅུ་གྱ་དྲུག་ལོའི་ཡར་སྔོན་ལ་པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གི་བཙོན་འོག་ལ་ཡོད་པས་མི་དག་སྟོན་དོན་མེད། ལྔ་བཅུ་ང་དགུ་ལོར་རྒྱ་མིའི་རྩ་ཁྲིམས་ཀྱི་འོག་ལ་སྡོད་ཀྱི་ཡིན་ཟེར་གི་ཡོད་པ་མ་རེད། བདུན་བཅུ་དོན་བཞི་ལོ་བར་དུ་བོད་རང་བཙན་རྩོད་པ་རེད། འོན་ཀྱང་བདུན་བཅུ་དོན་བཞི་ལོ་ནས་རྒྱལ་སྤྱི་དང་རྒྱ་ནག་བོད་ཅེས་ཀྱི་གནས་བབ་ལ་གཟུགས་ནས་དབུ་མའི་ལམ་བསྟན་འབེབ་གནང་བ་རེད། བོད་གང་འཚམས་བསྐྱར་གསོ་ཐུབ་པ་དེ་གཅིག་ནས་རྒྱ་གཞུང་གི་སྲིད་ཇུས་འགྱུར་སོང་བ་རེད་ལ་གཉིིས་ནས་གོང་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་དམངས་གཉིས་ཀྱི་འཇམ་གླིང་སྟེང་ཞུ་བཏུག་དང་ལས་འགུལ་གང་མང་སྤེལ་བ་དང་། བོད་ནང་ལ་ཡང་པཎ་ཆེན་རིན་པོ་ཆེས་དབུ་ཁྲིད་ནས་བོད་མི་ཚང་མས་མ་གྲོས་བསམ་པ་གཅིག་མཐུན་གྱིས་དཀའ་ལས་རྒྱབ་པའི་འབྲས་བུ་རེད།
ཀར་བློ། རྫུན་མ་བཤད་ཨ། སོག་དང་སྦྲ་ཆེན་འབྲི་རུ་དེ་ཚོ་ནི་གནའ་སྔ་ནས་ད་བར་དུ་ཁམས་པ་ཡིན་པ་ལས་དབུས་གཙང་མིན། ད་ལྟ་བཙན་བྱོལ་ནང་ལ་ཡོད་པའི་ས་ཁུལ་དེ་དག་གི་མི་རྣམས་ཀྱང་མདོ་སྟོད་སྤྱི་འཐུས་ཁོང་སུ་ལང་གི་ཡོད་པ་ལས་དབུས་གཙང་སྤྱི་འཐུས་ཁོང་སུ་ལང་གི་མེད།
ཧ་ཧ། རྒྱལ་སྤྱིའི་ཁྲིམས་ལུགས་ནང་མ་འདུས་པའི་རྒྱ་ནག་གི་ཁྲིམས་ལུགས་ཤིག་མེད་ཟེར། ད་འོ་ན་བོད་དང་ཤིང་ཅང་ལ་སོགས་པའི་གྲངས་ཉུང་མི་རིགས་ཁག་ལ་ལག་བསྟར་བྱེད་བཞིན་པའི་ཁྲིམས་ལུགས་དེ་རྒྱལ་སྤྱི་རང་བཞིན་གྱི་ཁྲིམས་ལུགས་ཨེ་རེད། མི་ཤེས་ན་ཡིན་ཅིག་གཅིག་ལབ་དགོས་མ་རེད། རང་མདོག་བསྟན་པ་ལས་གཞན་གང་ཡང་ཡོད་པ་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁོ་རང་དམར་ཤོག་གི་མི་ཁ་ཤས་ཀྱི་བཟོས་བཞག་པ་ཞིག་ལས་ཁྲིམས་མཐུན་རང་བཞིན་ལྡན་པའི་ཁྲིམས་ལུགས་ཞིག་ཀྱང་མ་རེད། བློ་སེང་གིས་ཀྲུང་གོའི་རྩ་ཁྲིམས་ལ་བསྒྱུར་བཅོས་ག་ཚོད་ཕྱིན་ཡོད་མེད་དང་རྩ་ཁྲིམས་དང་ལག་བསྟར་བར་གྱི་གནད་དོན་དེ་དེ་བས་ཤེས་ཀྱི་ཡོད་པ་མ་རེད་ལ། ལོ་རེར་ཐེངས་གཉིས་རེ་བསྒྱུར་བཅོས་བྱེད་ཀྱིན་པ་ཡང་ཤེས་ཀྱི་མེད་པ་དེ་རེད། ད་ཕྱོགས་བསྡོམས་ཤིག་བརྒྱབ་ན་པེ་ཅིང་སྲིད་གཞུང་གིས་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་གནས་དོན་ཙམ་དང་། ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་མདུན་ལམ་གྱི་གནས་དོན་ཙམ་ལས་བོད་ཀྱི་གནས་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་པ་དེ་རེད་ལ། འདི་ན་ཡང་དེ་དེ་བཞིན་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་དགོངས་གཞི་དགོངས་འཆར་དེ་ལས་བརྒལ་མི་ཆོག་པ་དེ་རེད། ད་དེ་ཡིན་ན་ཀྲུང་གོའི་རྩ་ཁྲིམས་ལ་ངོས་ལེན་གནང་ཟིན་པའི་དབུ་མའི་ལམ་ལུགས་དེ་ཀྲུང་གོའི་ནང་སྲིད་ཀྱི་གནས་དོན་ཙམ་ཡིན་པས། ཕྱི་ལོག་ལ་བསྡད་ནས་བརྩད་རྒྱུའི་གནས་དོན་ཞིག་མ་ཡིན་པར་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཕུན་དབང་ལྟ་བུ་མི་དམངས་མཐུས་མི་ཚོགས་ཆེན་ལ་མཉམ་བཞུགས་གནང་ཏེས། ལོ་རེར་ཚར་གཉིས་རེ་བཅའ་ཁྲིམས་བསྒྱུར་བཅོས་ལ་དགོངས་འཆར་གྱིས་ལེགས་བཅོས་གནང་དགོས་པ་དེ་རེད། འོན་ཀྱང་འདི་ནི་པེ་ཅིང་གིས་ཡུན་རིང་ཀྲུང་གོར་རྒྱབ་གཏོད་དང་ནུབ་ཕྱོགས་དགྲར་འཛིན་གྱི་སྟོབས་ཤུགས་སྤེལ་རབས་ཀྱི་ནག་ཉེས་ལ་རྒོལ་བའི་འདུ་ཤེས་ད་དུང་དོར་མེད་པས་ཕྱོགས་ཡོངས་ནས་ཁག་པོ་ཆགས་ཡོད་པ་རེད།
ལོ་དུས་མི་དྲན་ཡང་། ལྷག་བསམ་གྱིས། དྲིལ་སྒྲོག་ལས་ཁུངས་བཞག་ནས་ཕྱིན་པ་རེད། འཇམ་ནོར་གྱིས། ཟློས་གར་བཞག་དབུ་འཛིན་བཞག་ནས་འགྲོ་དགོས་བྱུང་བ་རེད། ད་ཀླུ་བྱམས་ཀྱིས། དགུ་བཅུ་གསུམ་བཞག་ནས་འགྲོ་དགོས་པའི་དུས་ཚོད་ཟིན་པ་རེད་དོ། དྲ་གྲོགས་ཚོ།
རེད་རེད། ཐམས་ཅད་འགྲོ་དུས་ཡག་རྟགས་ཞིག་མ་རེད་ལ་རྡ་ས་ན་འདྲ་མཉམ་དང་གུ་ཡངས་ཅི་ཡང་མེད་པའི་རྟགས་རེད། ཨེ་རེད་རྐརྡོ། མ་གཞི་ཁྱོད་ཀྱིས་ག་ས་གང་དུ་མཆན་སྙང་མ་ཛར་ཛར་དེ་ལ་དོན་སྙིང་མེད་ཀི་ཡ།
དྷ་ས་ནས། ལས་བྱེད་ཐོན་འགྲོ་དུས། ལས་བྱེད་སྒེར་པ་དེ་དང་། དེའི་སྐབས་ཀྱི་འགན་འཛིན་པའི་སྔོ་ལོ་དེ་ཚོ་དེ་དུས་འཆར་འོངས་བ་ཆོས་ཉིད་རེད།
ལྷ་སྡེ་གནམ་ལོ་ཡག་ཅན་ནས་འབྲེལ་མེད་ཀྱི་ལུང་ཚིག་ཁ་ཤས་དྲངས་ཏེ། ༸གོང་ས་མཆོག་གིས་ཐུགས་ཕམ་བྱུང་ཞེས་གསུང་མི་ཆོག་ཅེས་ཟེར། ཐོག་མར་ཁོ་པས་དྲངས་པའི་ལུང་དང་ལུང་དེ་གང་གི་ཆེད་དུ་དྲངས་པའི་དོན་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད་དམ། བསྟོད་སྨད་ཀྱི་གཞན་དབང་དུ་མི་འགྱུར་བ་དམ་པའི་རང་བཞིན་ཡིན་ཀྱང་ཐུགས་ཕམ་འབྱུང་རྒྱུ་ཡོད་ན་དམ་པ་མིན་དགོས་ཟེར་བ་འདི་སུའི་ལུགས་སྲོལ་ཡིན་ནམ། གསལ་རྒྱལ་གྱི་བུས་ཤཱཀྱའི་རིགས་ལ་དམག་དྲངས་སྐབས་སྟོན་པ་ཤཱཀྱ་ཐུབ་པ་ལའང་ཐུགས་ཕམ་ཚད་མེད་དང་། ཇོ་རྔོག་འབྲོམ་གསུམ་དང་། མར་མེ་དྭགས་གསུམ་སོགས་གངས་ཅན་པའི་སྐྱེས་ཆེན་ཕལ་མོ་ཆེའི་རྣམ་ཐར་ནང་ཐུགས་ཕམ་དང་སྐྱོ་སྣང་བྱུང་བར་གསུངས་འདུག་པས་དེ་དག་ཀྱང་དམ་པ་མིན་ནམ། སྤྱིར་ནས་ནང་ཆོས་ལ་གང་ཡང་མི་ཤེས་མཁན་ཞིག་གིས་ནང་ཆོས་སྐོར་བཤད་པ་ནི་ཧམ་བཤད་མ་ཡིན་ནམ། ༸གོང་ས་མཆོག་ནས་ད་བར་དཀའ་ལས་གྲངས་ལས་འདས་པ་བསྐྱོན་ཡོད་ཅིང་། གཉིས་ཕན་གྱི་ལམ་ནི་ཤི་ལ་ཁད་པའི་བོད་གངས་ཅན་པ་སྐྱོབ་ཐབས་དེ་ཡན་མེད་པ་དེ་ཡིན་པས་དེ་ལ་མཐའ་སྐོར་རི་སྐོར་བྱས་ནས་སྐྱོན་བརྗོད་བྱས་ན་ཐུགས་ཕམ་མ་ཡོང་ན་ག་ལ་འགྲིག། ། གནམ་ལོ་ཡག་ནས་བཤེས་སྤྲིངས་གསར་པ་ཞིག་རྙེད་པ་འདྲ། བཤེས་སྤྲིངས་ནང་། བསྟོད་པས་དགའ་བར་མི་འགྱུར་ཞིང་། །་་་་་་་་་་་་་་་་་་་་་་་་་སྐྱེ་བོ་དམ་པའི་མཚན་ཉིད་ཡིན། །ཞེས་པའི་ཚིག་འདི་ག་ལ་ཡོད། འདི་ས་སྐྱ་ལེགས་བཤད་ཀྱི་ཚིག་རེད། འདི་ཙམ་ཡང་ནོར་བཞིན་དུ་ཆོས་སྲིད་ཀྱི་སྐོར་བཤད་ཁུལ་བྱས་པ་ནི་བོད་གངས་ཅན་པ་ལ་མི་ཟད་ཤོར་བ་ཨེ་རེད། རྒྱལ་བ་རིན་པོ་ཆེ་མཆོག་ནི་མིའི་རིགས་ལ་སེམས་ཁམས་ཀྱི་དཀའ་ངལ་སེལ་ཐབས་སྟོན་མཁན་ཞིག་ཡིན་སྟབས་བློ་ཕམ་ཡོང་ཆོག་ཆོག་ཅིག་ག་ལ་ཡོད། འོན་ཀྱང་བོད་ཤི་གསོན་གྱི་དོན་ཆེན་ལ་ཐུག་དུས་བློ་ཕམ་མི་ཤེས་ན་བོད་ཤི་གསོན་ལ་ཐུག་ནའང་ཚོར་བ་གང་ཡང་མེད་པར་བསྡད་དགོས་སམ། བོད་ཤི་གསོན་གྱི་ཆེད་དུ་ཐུགས་ཕམ་ཡོང་བ་དེ་ཞིབ་འཇུག་པ་ཚོས་ལོ་རྒྱུས་ཟིན་ཐོའི་ནང་འགོད་དགོས་ངེས་ཤིག་རེད། སེམས་ཁམས་འདུལ་བའི་སངས་རྒྱས་ལ་ཐུགས་ཕམ་རྒྱུ་མེད་པ་ཁྱེད་ཀྱིས་གང་དུ་རྙེད་དམ། སེམས་ཁམས་འདུལ་བ་ཡིན་ཙང་ཉམ་ཐག་པའི་འགྲོ་བ་གཟིགས་དུས་ཐུགས་ཕམ་ཡོང་གི་ཡོད། ང་ཚོ་རང་ལ་དཀའ་ངལ་ཡོང་དུས་བློ་ཕམ་ཡོང་གིན་ཡོད། བདག་ཉིད་ཆེན་པོ་རྣམས་དེ་ལས་ལྡོག་སྟེ་སྤྱི་ལ་དཀའ་ངལ་ཡོད་དུས་ཐུགས་ཕམ་ཡོང་གི་ཡོད། ཉམ་ཐག་ལ་སྙིང་རྗེ་དང་སྡུག་བསྔལ་ལ་ངེས་འབྱུང་མེད་ན་བྱང་ཆུབ་སེམས་དཔའི་གྲལ་དུ་ག་ལ་ཚུད། ལམ་གྱི་གཙོ་བོ་གསུམ་མེད་པའི་སངས་རྒྱས་དང་བྱང་སེམས་བདག་ཉིད་ཆེན་པོ་དེ་གནམ་ལོ་ཡག་ནས་ཀླུ་བྱམས་རྩ་ལ་རྙེད་པ་འདྲ། མགོ་ནག་བོད་མི་ཡོངས་ཀྱིས་བོད་སྤྱིའི་བདེ་སྡུག་གི་འགན་ཁུར་མི་ཆོག་པ་ཞིག་ཡིན་ན་མ་གཏོགས་༸གོང་ས་མཆོག་གིས་བོད་སྤྱི་ལ་འགན་ཁུར་ལོས་ཆོག བོད་སྤྱི་ལ་འགན་ཁུར་ཆོག་ན་བོད་མི་རིགས་ཤི་ལ་ཉེ་བ་དེ་སྐྱོབ་ཐབས་བྱེད་མི་དགོས་སམ། འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད་ནའང་བོད་མི་ཚང་མ་ཁ་གྲགས་ཆོག་པའི་ཐོབ་ཐང་འདྲ་མཉམ་མེད་དམ། སྲིད་དབང་རྩིས་སྤྲོད་གནང་ནས་བོད་སྤྱི་ལ་ཕན་པའི་བཀའ་མོལ་གནང་མི་ཆོག་ཟེར་བ་དངོས་ལས་ཧ་ལས་དགོས་པའི་བཙན་དབང་གི་སྐད་ཆ་མ་ཡིན་ནམ། ང་ཚོས་ནི་དུས་རྟག་ཏུ་བཀའ་སློབ་གནང་རོགས་བྱེད་ན་བསམ་བསྡད་ཡོད། གང་ཡིན་ཞེ་ན། ཁྱེད་ལྟ་བུ་སྟོང་ཕྲག་གི་བློ་གྲོས་སྡུར་བ་ལས་༸གོང་ས་མཆོག་བཀའ་སློབ་གཅིག་གིས་བློ་སྒོ་ཕྱེ་བའི་ནུས་པ་ཆེ་བ་འདུག ། རྒྱ་གཞུང་གིས་སྒྲུབ་བྱེད་དུ་འགྱུར་ཉེན་ལ་སེམས་ཁྲལ་ཡོད་ན་ཁྱེད་ཚོས་བཙན་བྱོལ་ནང་དུམ་བུ་འགྲོ་བའི་བྱ་སྤྱོད་དེ་རྒྱ་ནག་གིས་བཙན་བྱོལ་སྒྲིག་འཛུགས་གཏོར་བཤིག་གཏོང་བའི་ལག་ཆ་རུ་འགྱུར་བ་ལ་སེམས་ཁྲལ་མེད་པ་ཅི་ཡིན་ནམ། སེར་བྱེས་ཏྲེ་ཧོར་དགེ་བཤེས་རིན་ཆེན་ནས།
ཞོལ་གཡག་ལགས། ཁྱེད་རང་གིས་ངས་ཤེས་མི་འདུག་ཅེས་གད་མོ་ཤོར་ཁ་བྱེད་ཀྱི་འདུག་ཀྱང་། དྲང་པོ་བཤད་ན་ཁྱེད་རང་ཡང་ཀླུ་བྱམས་ཀྱི་ཁ་རྗེས་ལྕེ་རྗེས་ལ་རྒྱུག་ནས་ཅིག་བཤད་ཁ་བྱས་པ་ཙམ་ལས་ཅང་ཤེས་མཁན་ཞིག་རེད་མི་འདུག ཧཧཧ བོད་དང་ཤིན་ཅང་སོགས་ལ་ལག་བསྟར་བྱེད་བཞིན་པ་དེ་ཁྲིམས་ལུགས་མ་རེད། གུང་ཕྲན་གྱི་འགོ་ཁྲིད་ཚོའི་འདོད་པ་རེད། དེ་ཙམ་ཡང་ཤེས་ཀྱི་མེད་དམ།སྤྱིར་ཁྲིམས་ལུགས་ཟེར་བ་དེ་ལུང་པ་སོ་སོའི་དགོས་མཁོ་དང་བཏུན་ནས་ཁྲིམས་བཟོ་བ་འགའ་ཞིག་གིས་བཟོས་བཞག་པ་ཞིག་ཡིན་པས། རྒྱ་ནག་གི་ཁྲིམས་ལུགས་ཀྱང་དམར་ཤོགས་ཀྱི་འགོ་ཁྲིད་ཚོས་བཟོས་པ་ཞིག་ལོས་ཡིན། དེང་སང་རྒྱ་ནག་གི་ཁྲིམས་ལུགས་ལ་རྒྱུས་མངའ་ཅུང་ཟད་ཡོད་མཁན་ཕལ་མོ་ཆེས་རྒྱ་ནག་གི་འགོ་ཁྲིད་ཚོ་ཁྲིམས་ཀྱི་གོང་ལ་ཡོད་པ་རེད། ཁོ་ཚོས་ཁྲིམས་ལུགས་ལག་བསྟར་བྱེད་ཀྱི་མི་འདུག་ཟེར་བ་ལས་རྒྱ་ནག་གི་ཁྲིམས་ལུགས་དེ་འགོ་ཁྲིད་ཁ་ཤས་ཀྱིས་འདོད་པ་ལྟར་བཟོས་བཞག་པ་རེད་ཟེར་གྱི་མི་འདུག བོད་མིའི་སྒྲིག་འཛུག་གིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཟེར་དོན་ཨེ་ཤེས། རྒྱ་ནག་གཞུང་གིས་ཁོ་ཚོའི་ཁྲིམས་ལུགས་ནང་གསལ་ལྟར་བོད་ལ་རང་སྐྱོང་གི་གནས་བབ་ཆ་ཚང་སྤྲད་ཡོད་ཟེར་གྱི་ཡོད་པ་རེད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་ཁྲིམས་ལུགས་ནང་གསལ་གྱི་རང་སྐྱོང་གི་གནས་བབ་སྤྲད་ཀྱི་མི་འདུག རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབ་ཆ་ཚང་སྤྲད་ན་ང་ཚོ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་འདུག་གི་ཡིན་ཟེར་གྱི་ཡོད་པ་རེད། འདི་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ནང་གང་འཁོད་ཡོད་པ་ཤེས་པའི་ཐོག་ནས་བཤད་པ་ཞིག་ལས་རྒྱ་ནི་རྩ་ཁྲིམས་ནང་ཅི་ཡོད་མ་ཤེས་པར་དྲ་འབུ་ཚོ་ལྟར་ཕོ་ཚོད་བྱས་ནས་བཤད་བཞག་པ་ཞིག་མ་རེད། འདི་དག་གིས་ཅི་ཞིག་སྟན་གྱི་ཡོད་པ་རེད། རྒྱ་ནག་གི་རྩ་ཁྲིམས་དེ་དམར་ཤོགས་པ་མི་ཁ་ཤས་ཀྱིས་ཁོ་རང་ཚོའི་འདོད་པ་ལྟར་བཟོས་བཞག་པ་རེས་ཟེར་བ་འདི་བདེན་པ་མིན་པ་སྟན་གྱི་ཡོད་པ་རེད། ཤེས་སོང་ངམ།
རྒྱ་ནག་གཞུང་གིས་ཅི་བཤད་ལ་ལྟ་རྒྱུ་མ་རེད་ཅི་ལས་ལ་ལྟ་རྒྱུ་རེད། ཁོ་ཚོས་ཁ་ནས་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན་ལས་གྲོས་མོལ་བྱེད་ཀྱི་མིན་ཟེར་བཞིན། དོན་ལ་བོད་དོན་ཐོག་གྲོས་མོལ་བྱེད་ཀྱི་ཡོད་པ་ལོང་བས་ལྟས་ཀྱང་རྒྱལ་ཁམས་རེད། དཔེར་ན་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་གོང་ས་མཆོག་གི་སྐུ་ཚབ་ཚོ་དང་གྲོས་མོལ་ཐེང་མང་བྱས་ཡོད་པ་མ་ཟད། བོད་ལ་རང་སྐྱོང་ཇི་ལྟར་དགོས་པའི་བསམ་འཆར་གྱི་ཡིག་ཆ་ཚུན་ཆད་བླངས་ཡོད་པ་རེད། གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ལས་བཤད་ས་མེད་ན་ཡིག་ཆ་དེ་འདྲ་ཞིག་ཁྱེར་ཤོག་ཟེར་དོན་ཅི་ཡོད། འདི་ནས་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་དགོངས་བཞི་དགོངས་འཆར་ལས་བརྒལ་མི་ཆོག་པ་ཟེར་བ་དེ་ཡང་ཧམ་བཤད་རང་རེད། འདི་ན་བོད་རང་བཙན་རྩོད་མཁན་ཡིན་ཟེར་མཁན་མང་པོ་འདུག་ལ་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་དང་ཟུར་ཟ་བྱེད་མཁན་དང་། ཐ་ན་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་རེད་ཟེར་མཁན་ཡང་ཡོད་པ་འདི་རེད། འོན་ཀྱང་ཁོ་ཚོ་སྤྱི་ཚོགས་ནང་ལ་མགོ་མཐོ་མཐོ་དང་དཔའ་བགྱིད་བགྱིད་བྱས་ནས་འགྲོ་ཡི་འདུག་མ་གཏོགས། དེ་ལྟར་བྱེད་མི་ཆོག་ཟེར་ནས་གཉག་ནོན་བྱེད་མཁན་སུ་ཡང་མི་འདུག མི་མང་གིས་རྒྱབ་སྐྱོར་མ་ཐོབ་ན་ད་ནི་མི་མང་རང་ཉིད་ཀྱི་འདོད་པ་ཡིན་པས་གོང་རིམ་ལ་ངན་ཁག་དཀྲི་ས་ཅི་ཡང་མེད་པ་རེད། དབུ་མའི་ལམ་གྱིས་ཀྲུང་གོའི་རྩ་ཁྲིམས་ལ་ངོས་ལེན་གནང་ཡོད་ཀྱང་། ད་ལྟ་བོད་ལ་ཡོད་པའི་རང་སྐྱོང་འདི་མིང་དོན་མཚུངས་པ་ཞིག་མིན་པས་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཞེས་རྩོད་ཀྱི་ཡོད་པ་རེད། དེས་ན་ཕྱི་ལོག་ལ་སྡད་ནས་རྩོད་རྒྱུ་ཅི་ཡང་མེད་པ་རེད་ཟེར་བ་འདི་ཡང་ལོག་བཤད་དང་ཧམ་བཤད་རང་རེད།
བོད་ལ་དོན་དམ་དམངས་གཙོ་ཞིག་ཡོངས་སྲིད་དམ?? ད་ངོ་མ་ཆོས་ལུགས་མི་སྣ་དང་སྐུ་དྲག་རིང་ལུགས་པས་དབང་ངོ་མ་བསྒྱུར་གྱིས སྐད་ཆ་ཚིག་གཅིག་བཤད་ས་མེད་པ་ཧུཧུཧུ
༄༅། །གངས་ལྗོངས་འགྲོ་བའི་དཔལ་དུ་ཤར་བའི་རྟ་བདུན་དབང་པོ་པད་དཀར་འཆང་།།
སྔོན་བསགས་བསོད་ནམས་དུས་སུ་སྨིན་པའི་ནུབ་ཕྱོགས་འགྲོ་རྣམས་རྗེས་བཟུང་ཕྱིར།།
ཕོ་བྲང་དམར་པོ་རི་ཡི་རྩེ་ནས་འཕགས་པའི་ཡུལ་གྱི་ཡངས་རྩེར་བྱོན།།
ཁྱོད་ཞལ་པད་མའི་ལྡབ་བརྒྱ་བཞད་པའི་སྐལ་ལྡན་བུང་བ་སྤྲིན་ལྟར་འདུ།།
ཤེས་ལྡན་འཛམ་གླིང་སྐྱེ་བོའི་ཚོགས་རྣམས་བསྟོད་པའི་སྒྲ་སྙན་འབྲུག་ལྟར་བསྒྲགས།།
ཁྱོད་ཐུགས་བྱམས་བརྩེའི་མཁའ་དབྱིངས་ངོས་ནས་ཆོས་ཀྱི་སྦྲང་ཆར་ཚིམ་པར་མཛད།།
དད་ལྡན་མཁས་མཆོག་འབུམ་ཕྲག་དུ་མའི་མ་རིག་ཐེ་ཚོམ་ཁྱོད་ཀྱིས་བསལ།།
སེམས་མེད་ཆུ་འཛིན་དྲ་བ་ནག་པོས་བོད་ལྗོངས་མཁའ་དབྱིངས་ཅི་སྟེ་གྲིབ།།
ལོག་པའི་ལམ་ལ་རིང་དུ་གོམས་པའི་སྙིང་རྗེའི་ཡུལ་རྒྱུར་འགྲོ་རྣམས་ཀྱི།།
དགེ་སྡིག་ཤན་འབྱེད་དམར་ཟླུམ་སྤྱན་གསུམ་གློག་ལྟར་མྱུར་བའི་དམ་ཅན་ཚོགས།།
ཀྱེ་མ་རང་ཡུལ་འགྲོ་རྣམས་སྔོན་གྱི་ལས་ངན་ཇི་ལྟ་བུ་ཞིག་ཡིན།།
འཇིག་རྟེན་མགོན་པོ་ཡིད་ལ་གོམས་བཞིན་སྡུག་བསྔལ་དང་བཅས་ལུས་འདི་དོར།།
ཐབས་ཟད་ཉམ་ངའི་ལས་ལ་སྤྱོད་པས་རང་རིགས་སྤུན་ཟླ་དེ་དག་ལ།།
སྲས་བཅས་རྒྱལ་བས་རྗེས་སུ་བཟུང་བཞིན་གྲུ་འཛིན་ཡུལ་དུ་སྐྱེ་བར་སྨོན།།
སྟོན་པ་ཤཀྱཱ་ཐུབ་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླངས་པར་བྱ་ཡི་གུས་ཕྱིར་མིན། ཡང་བཤེས་སྤྲིངས་ལས། བསྟོད་པས་དགའ་བར་མི་འགྱུར་ཞིང་། སྨད་པས་མི་དགར་མི་འགྱུར་བ། རང་གི་ཡོན་ཏན་ལེགས་གནས་པ། སྐྱེ་བོ་དམ་པའི་མཚན་ཉིད་ཡིན། དེ་བས། རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་མཇུག་ཏུ་འགྲིག་མ་སོང་ཐོས་སྐབས་བློ་ཕམ་ཏོག་ཙམ་ཡོང་གི་འདུག་ཅེས་པའི་ཚིག་དུམ་དེ་ཕྱིར་འཐེན་ཡོང་བའི་སྐྱབས་འཇུག་ཞུ་བཞིན་ཡོད།
རྒྱུ་མཚན་གཉིས་ཡོད་དེ། ༡ རྒྱལ་བ་རིན་པོ་ཆེ་མཆོག་ནི་མིའི་རིགས་ལ་སེམས་ཁམས་ཀྱི་དཀའ་ངལ་སེལ་ཐབས་སྟོན་མཁན་ཞིག་ཡིན་པས། བློ་ཕམ་ཡོང་ཆོག་ཆོག་ཅིག་ཡིན་པའི་ལོ་རྒྱུས་ལྷག་པ་ཡིན་ན་ཞིབ་འཇུག་པ་ཚོས་དེ་ག་རང་ལོ་རྒྱུས་ཟིན་ཐོའི་ནང་འགོད་ངེས་པས། སངས་རྒྱས་ཆོས་ལུགས་ཀྱི་ཉམས་ལེན་ནི་སེམས་ཁམས་འདུལ་བྱེད་ལ་ཕན་པའི་མཐའ་བསྡོམས་དེར་དོགས་པ་ཟ་མཁན་འབྱུང་ངེས་ཡིན། ༢ གསུང་དུམ་དེ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཁར། བཙན་བྱོལ་ནང་འོས་བསྡུ་འགྲོ་བཞིན་པའི་སྐབས་སུའང་འཁེལ་ཡོད་པས། མང་ཚོགས་ནང་དབུ་མའི་ལམ་ལས་གཞན་གླེང་མི་འོས་པའི་གོ་ནོར་ཐེབས་སྲིད་ལ། རྒྱ་གཞུང་གིས་ཏཱ་ལའི་བླ་མས་སྲིད་འགན་རྩིས་སྤྲོད་རྫུན་ཡིན་ཚུལ་བཤད་ཀྱིན་པའི་སྒྲུབ་བྱེད་དུ་འགྱུར་ཉེན་ཡོད།
བོད་ཀྱི།
བྲོས་བྱོལ་ཕེབས་མཁན་རྒྱལ་སྲས་ཁྱོད། །
མང་གཙོ་གསར་གཏོད་གསར་བརྗེ་པ། །
རང་བཙན་རྩོད་མཁན་དཔའ་བོ་ཁྱོད། །
དབུས་ལམ་སྟོན་མཁན་སྟོན་མཆོག་ལགས། །
འགྲིགས་མ་སོང་ཟེར་ནས་བློ་ཕམ་ཏོག་ཙམ་ཡོང་གཞི་ཆོས་ལུགས་རིག་པའི་ཁྱབ་ཁོངས་ནས་དོལ་རྒྱལ་བསྐོར་དེ་ཡིན་ནམ། ཡང་ན་ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས་རང་དབུ་གཉིས་ཀྱི་ལངས་ཕྱོགས་བསྐོར་ཡིན་གསལ་པོ་ཞིག་ངེས་པར་དུ་ཆགས་དགོས་པ་རེད། དེ་མིན་མང་ཚོགས་ནང་མགོ་ཐོམས་གཞི་ཆགས་པ་མ་ཟད་སྐབས་འཚོལ་རིང་ལུགས་པའི་ཁ་ནང་ལ་མར་ཁུ་བླུགས་ཡོད་པ་རེད།
༸གོང་ས་མཆོག་ལ་ཐུགས་ཕམ་མི་ཕམ་གྱི་རྣམ་རྟོག་ག་ལ་ཡོད་དེ་མེད་མོད་ཀྱང་། ཐུན་མོང་སྣང་ཚོད་ལ་དེ་ལྟར་ཡོད་པའི་ཚུལ་ང་ཚོ་ཚང་མའི་མཐོང་ཐོས་ཀྱི་སྤྱོད་ཡུལ་ལ་མངོན་སུམ་དུ་གྱུར་པ་འདི་རེད། དེ་ལྟར་བྱུང་དོན་ནི་རང་ཉིད་ཀྱི་ལྟ་ཚུལ་ལྟར་བྱས་ན། རང་བཙན་རྩོད་མཁན་དང་ཀླུ་གར་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་མཆིས་སོ་ཅོག་གི་བྱེད་སྟངས་དང་འབྲེལ་བ་ཡོད་པ་ཞིག་མ་ཡིན་སྙམ་སྟེ། དེ་དག་གི་ཁྲོད་ན། ཆབ་སྲིད་འཐབ་རྩོད་ཀྱི་ལངས་ཕྱོགས་ཁ་ཁེར་གྱེས་ཏེ་རང་བཙན་རྩོད་ཀྱང་ཕྱོགས་ཡོངས་ནས་༸གོང་ས་མཆོག་གི་བཀའ་དྲིན་ཤེས་ཤིང་རྗེས་དྲན་དང་མངོན་པར་བསྟོད་མཁན་མི་ཉུང་པ་ཞིག་ཡོད། དེ་དག་ནི། ལམ་རིན་ཆེན་མོར། མཐུན་པའི་ཕྱོགས་ལ་མཐུན་པར་སྤྱོད། མི་མཐུན་པའི་ཕྱོགས་ལ་མི་མཐུན་པར་སྤྱོད། ཅེས་གསུངས་པའི་དོན་དང་སོར་གང་ཡང་འགལ་མེད། དཔེར་ན། བླ་མ་གསེར་གླིང་བ་དང་སློབ་མ་ཇོ་བོ་རྗེ་ལྟ་གྲུབ་མི་མཐུན་པ་དེས་མཚོན་ནོ། །དེས་ན། རྒྱལ་བའི་དགོངས་པ་དཀྲུག་མཁན་ནི། རང་བཙན་རྩོད་ཞོར་ལ་རྒྱལ་འཚོང་བ་ཞེས་སོགས་གཞི་མེད་ཀྱི་སྐུར་འདེབས་སྐྱོན་རྗོད་བྱེད་མཁན་ཀླུ་གར་བྱམས་དང་ཀླུ་གར་བྱམས་བྱམས་འདྲ་བ་རེ་ཟུང་ཡོད་པ་དག་རེད། འདི་དག་གི་བྱེད་སྟངས་ཅི་འདྲས་བློ་ཕངས་པ་ལ་ཨ། །
བོད་ཀྱི་དོན་དུ་ཅི་ཡང་མ་བྱས་མཁན་དེ་ཚོ་ཡང་རང་གི་འདོད་པར་མ་མཐུན་པ་དང་སྐྱོན་བརྗོད་ཀྱི་ཚིག་རེ་ཟུང་བྱུང་ན་བློ་ཕམ་རབས་ཡིད་མུག་རབས་ཡི་ཐང་ཆད་རབས་བཤད་ཀྱི་འདུག་ན། གོང་ས་མཆོག་གིས་དགུང་ལོ་བཅུ་དྲུག་ནས་ད་ལྟ་བརྒྱད་བཅུ་བར་དུ་ཉིན་གྱི་མི་དང་མཚན་གྱི་ཁྱི་ལྟར་བོད་དོན་གྱི་ཆེད་དུ་སྐུ་ངལ་སྐྱོན་ཡོད་པས་ད་དུང་གཞི་མེད་སྐྱོན་བརྗོད་དང་ཟུར་ཟ་ཁོ་ན་བྱས་ན་ཐུགས་ཕམ་དང་ཕམ།
བློ་ཕམ་ཏོག་ཙམ་འོང་གིན་འདུག་གསུངས་པར་ཉན་ནོར་དང་བསམ་ནོར་རང་རེས་མ་བྱས་ན་འགྲིགས་པ་རེད། རང་རེ་ལ་སྨན་ཕྱིར་གསུངས་པས་ཟེར་བ་ཡིན། ཐེངས་འདིའི་ཁོང་གི་གསུང་བབ་སྤྱིར་བཏང་བ་འདི་ཙམ་མ་གོ་བར། དངོས་གནས་དམ་པའི་གསུང་དུམ་རེ་དྲངས་ནས་བསམ་ཚུལ་བཤད་པ་ཡིན་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས། འཁྱོགས་ལ་བླངས་ཏེ་དོན་དག་གཞན་ཞིག་གི་ཐད་ནས་བཤད་ལོ་ཡིན་ན། སྙིང་ཡང་རྗེ་ལ་དགོད་ཀྱང་འཆོར་རྐྱེན་ཞིག་རེད། བཤད་ན་བསམ་ན་ཕྱི་གསལ་ནང་གསལ་ཏེ་ཁ་བདེ་མགོ་གཡོགས་མི་བྱེད་རྒྱུ་ནི། རྗེ་བོ་དགའ་བོའི་རྩ་ཁྲིམས་ལྟར་ཡིན་གཤིས། བདེན་པ་རྫུན་བཟོ་ལ་མཁས་པའི་ཆབ་སྲིད་པ་ཚོས་ཅི་ཟེར་ཅི་བསམ་ལ་སྐྲག་ཐལ་མི་ཉན་དོན་ཤེས་སུ་ཆུགས། རེད། བློ་ཕམ་འོང་གཞི་ལ་ངེས་པར་དུ་རིས་བཅད་ནས་བཤད་ཨེ་ཐུབ་ལྟ་དགོས་པ་མ་རེད། ཁ་དྲོ། སོ་སོས་སོ་སོར་མཛུབ་མོ་རང་འཛུགས་གྱིས་ད། མྱོང་བ་མངོན་སུམ་རེད།
༧གོང་ས་མཆོག་ནས་བློ་ཕམ་བྱུང་ཞེས་གསུང་པ་ཐེངས་དང་པོ་མིན། དེ་ཡང་ཁོང་ནས་ཉིན་ཚན་མེད་པར་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་སྐུལ་ངལ་བསྐྱོན་ཡོད་པ་དེ་ལ་ད་ཆ་དོལ་རྒྱལ་ཁ་ལ་འཁྱེར་མཁན་ཚོ་ཡིན་ད་ཡིན། རང་རེའི་སྤྱི་ཚོགས་ནང་ཁོང་ལ་ཟུར་ཟ་བཤད་མཁན་མི་ཉུང་བ་བྱུང་བ་དེར་གོ་དགོས་པ་ཡིན། འོན་ཀྱང་རང་བཙན་དང་དབུ་ལམ་གཉིས་ཀྱི་ལངས་ཕྱོགས་ཐོག་བསམ་ཚུལ་བཤད་རེ་བྱེད་པ་ལ་བློ་ཕམ་བྱུང་ཞེས་གསུང་གི་མེད། དབུ་ལམ་སྲིད་ཇུས་ནི་གྲོས་ཚོགས་ནས་གཏན་འབེབས་མཛད་པ་ཞིག་ཡིན་དུས་ཁོང་ལ་བསྐྱོན་བརྗོད་བྱ་དགོས་དོན་མེད། འགྲིག་གི་མེད་ན་དེ་ལ་དཔག་པའི་མི་མང་མདུན་ཐབས་ལམ་གསར་པ་འདི་ཡིན་ཟེར་ནས་འགྲེལ་བརྗོད་ཀྱིས་མང་ཚོགས་བློ་འགུག་ཐོག་ནས་སྲིད་ཇུས་གྱུར་པ་གཏོང་ཐུབ་ན་ཇོན་པོ་ཡིན། བོད་མི་ཚོས་ད་ཟབ་ཟབ་མ་བྱེད་ན་ཉིན་གཅིག་ཁ་ཆ་རེ་ལྷག་ཉེན་དུས་ལ་སླེབས་མ་སྲིད་པ་མིན། དེ་དུས་ཕྱིས་དྲག་ཚར་བ་རེད་དོ།
རྒྱལ་བའི་དགོངས་པ་མཁའ་ལྟར་མཐའ་ཡས་པ་ཡིན་ཕྱིར་ཐུགས་ཕམ་ངོ་མ་ཞིག་ཡོང་དོན་མེད་་་་་་་ཡིན་ཡང་འུ་ཚོ་ཕྱོགས་འཛིན་པའི་ངོར་གོ་སྐབས་བཟང་པོ་རེ་ལོན་སོང་བ་རེད་་་་་་་་ལག་ཆ་རེད་་་་་་་་་་
ཐུན་མོང་གི་སྣང་ཚོད་ལ་༧གོང་ས་མཆོག་གིས་མིའི་མཛད་ཚུལ་གནང་ཡོད་ལ། བློ་ཕམ་དུ་བཅུག་པར་བློ་ཕམ་ཡོང་གིན་འདུག་ཅེས་གསུང་མ་ཆོག་པ་ཞིག་གང་ཡང་མ་རེད། དེ་ལ་ཆོས་ཕྱོགས་ཀྱི་ཉམས་ལེན་ཡོད་མེད་དང་། སྲིད་ཕྱོགས་ནས་མཛད་རྗེས་ཀྱི་ཉེས་པ་གང་ཡང་ཆགས་ངེས་མ་རེད། རང་ཉིད་ཀྱི་ལྟ་ཚུལ་དང་མི་མཐུན་པ་ཞིག་བྱུང་སྐབས་༧གོང་ས་མཆོག་ལའང་ཁ་ཚུམས་ཟེར་མཁན་ཚོར་དུས་ནམ་ཡང་ངོས་ལེན་མེད་ལ་བརྩི་བཀུར་ཡང་མེད། འདི་ནི་ང་རང་སྒེར་ལ་དབང་པའི་ཐོབ་ཐང་ཞིག་ཀྱང་ཡིན།
ལོ་ངོ་བརྒྱ་ཕྲག་མང་པོའི་གོང་དུ་སློབ་དཔོན་རིན་པོ་ཆེ་ཡིས། བོད་ལ་དྲིན་ཅན་བྱས་ཀྱང་དྲིན་མི་གོ་གསུངས་ཡོད་པ་དང་། དུས་རབས་ཉེར་གཅིག་པར་༧གོང་ས་ཏྰ་ལའི་བླ་མ་མཆོག་གིས་བྱས་པར་ངོ་སོ་མེད་པར་འགྲིག་མེད་པར་བཤད་པར་བློ་ཕམ་ཡོང་གིན་འདུག་གསུངས་པ་འདི་གཉིས་ཀྱིས་སངས་རྒྱས་འཁྲུངས་ས་ན་བདུད་ཡོད་ཟེར་པའི་དཔེ་ལ་གཏན་ཚིགས་བཀོད་ཡོད་པ་དང་། དྲིན་ཅན་དྲིན་དུ་མི་གོ་བའི་བོད་མི་ཅོལ་ཆུང་བའི་རང་གཤིས་ལ་སྡོམ་ཚིག་ཅིག་ཀྱང་བརྒྱབ་པ་ཡིན།
ལོ་རབས་དྲུག་ཅུ་པ་ནས་བཟུང་༧གོང་ས་ཏྰ་ལའི་བླ་མ་མཆོག་གིས་སྐུ་ངལ་ཚད་མེད་བསྐྱོན་དེ་ཆོད་གསུམ་ཆོས་ལུགས་དང་བཅས་པ་རྡོག་ལ་བསྒྲིལ་བའི་ལོ་རྒྱུས་ཀྱི་གླེགས་བམ་དེ་རང་བཙན་ཁ་ལ་འཁྱེར་བའི་ཀླུ་མཁར་བྱམས་དང་དེའི་རྗེས་འབྲངས་པ་ཚོས་གཏོར་བཤིག་བཏང་དང་གཏོང་བཞིན་པ་འདི་བོད་སིལ་བུར་འཐོར་བའི་རྗེས་ཀྱི་གཏམ་རྒྱུད་སྐྱོ་བོ་ཞིག་ཡིན་པས་ནག་ཉེས་ཅན་གྱི་ལོ་རྒྱུས་འདིར་ཀླུ་མཁར་བྱམས་སོགས་གཡོལ་ཐབས་གང་ཡང་མེད།
ལམ་དབུ་མས་བོད་སྐྱོབས་ཐུབ་མ་སོང་ཟེར་ན་༧གོང་ས་མཆོག་ཐུགས་ཕམ་ཇི་ལྟར་བྱུང་བ་ཡིན་ནམ། ལམ་དབུ་མས་བོད་སྐྱོབས་མི་ཐུབ་པ་ནི་མིག་མདུན་དུ་ལྷག་བསྡད་ཡོད། ལར་ནས་བྱང་ཆུབ་སེམས་དཔའ་སེམས་ཙན་རེ་རེའི་དོན་དུ་མེ་ནང་སྐལ་པ་བརྒྱ་ཕྲག་འཇུག་ནུས་ཀྱི་སྙིང་སྟོབས་ཡོད་ན། སེམས་ཅན་འགའ་རེས་མི་དད་པའི་ཚུལ་གྱིས་ཚིག་སྐམ་རེས་ཐུགས་ཕམ་བཟོས་ན་སེམས་ཅན་གྱི་དོན་དུ་མེ་ནང་སྐལ་པར་འཇུག་ནུས་ཀྱི་གཏམ་རྒྱུད་ཇི་ལྟར་འགྲེལ་རྩིས་ཡོད་དམ།
དེ་དང་ཆབས་ཅིག་ཆིག་སྒྲིལ་གཏོར་གཞི་ཞིག་སྒྲུབ་ཡོད་ན་ཐུགས་ཕམ་བྱུང་ཚུལ་གྱི་བཀའ་སློབ་དུམ་ཚན་གྱི་དར་ཆ་འཁྱེར་ཏེས་དད་མེད་རིང་ལུགས་འབུར་བཅོམས་བྱེད་མཁན་དད་པ་ལོག་སྤྱོད་པའི་སྐབས་འཚོལ་བ་ཚོ་རེད། བཀའ་སློབ་འདི་ནི་དད་པ་ལོག་སྤྱོད་པའི་ཤོག་ཁག་ལ་མཚོན་ན་དགོས་རྒྱུ་པག་ལ་པག་ཁུ་ད་ར་ཆགས་བསྡད་ཡོད།
ད་ཡིན་ཀླུ་བྱམས་ལ་རིག་གནས་གསར་བརྗེའི་འཐབ་འཛིང་ཐེབས་རྒྱུ་ཉག་ཅིག་རེད། མ་གཞི་ཀླུ་བྱམས་ཀྱིས་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་ལམ་དབུ་མའི་མཚན་གནས་རྗེས་འབྲེལ་གྱི་པེ་ཅིང་ལ་ཕུལ་བའི་ཡིག་ཆ་དེ་མ་འགྲིགས་ཚུལ་བཤད་པ་ལས་༧རྒྱལ་བ་རིན་པོ་ཆེས་བོད་དང་བོད་མི་རིགས་གྱི་བསྟན་སྲིད་དོན་དུ་མཛད་རྗེས་བླ་མེད་ཆ་ཚང་འགྲིགས་མི་འདུག་ནི་ཞུས་མ་སོང་། ཡ་མཚན་སྐྱེ་གཞི་ནི་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་ལམ་དབུ་མའི་དགོངས་འཆར་ལ་སྐྱོན་བརྗོད་ཞུ་ཆོག་གི་མེད་ན། ང་ཚོ་གུང་ཁྲན་འོག་ནས་ཆབ་སྲིད་ཁེ་དབང་མི་འདུག་ཟེར་སྡུག་སྐད་བརྒྱག་རྒྱུ་དེ་ཡང་བསམ་བློ་གཏོང་དགོས་པ་ཆགས་ཡོད། དེས་ན་ངས་འདི་ནས་གསལ་པོ་བཤད་འདོད་པ་ནི་ཆབ་སྲིད་རིག་པའི་ཁྱབ་ཁོངས་ལ་ང་དད་པ་བྱེད་ཀྱི་མེད། འདི་གཅིག་བྱས་ན་ང་ལ་ཆབ་སྲིད་ཁེ་དབང་ཡོད་པས་ཡིན་རྒྱུ་རེད།
དེང་སང་ཀླུ་མཁར་བྱམས་ཀྱི་བཙོག་དྲི་ཞིམ་པར་ཚོར་མཁན་ཚོས་དད་པ་ལོག་སྤྱོད་དང་། སྲིད་དོན་རིག་པའི་ཁྱབ་ཁོངས་ཞེས་ཚིག་གཉིས་ལབ་ཟློས་བྱས་ཏེ་ཨང་རེ་འཕར་བཞིན་འདུག དད་པ་ལོག་སྤྱོད་ཟེར་བ་ནི་གུང་ཁྲན་ཏང་གིས་བོད་པར་མནར་གཅོད་དང་དྲག་བརྡུང་ལས་འགུལ་སྤེལ་བཞིན་པའི་སྐབས་ཀྱི་ལོ་རབས་ལྔ་བཅུའི་སྐབས་ཀྱི་དམར་ཤོག་གི་ཚིག་ཅིག་རེད། ཀླུ་མཁར་སོགས་གུང་ཁྲན་ཏང་ངོ་མ་ཚོས་བོད་པའི་སྤྱི་ཚོགས་གཏོར་བའི་རོ་ལངས་རྒྱག་སྐབས་ཚིག་འདི་ཡང་དངོས་སུ་འཁྱེར་ཡོང་བ་རེད། གུང་ཁྲན་ཏང་གི་ཐ་སྙད་རྙིང་པ་ཚོ་བཙན་བྱོལ་སྤྱི་ཚོགས་ནས་བེད་སྤྱོད་གཏོང་མཁན་ཀླུ་མཁར་བྱམས་ཐོག་མ་རེད།
སྲིད་དོན་རིག་པ་ཟེར་བ་ནི་ཀླུ་མཁར་བྱམས་ཀྱི་ཚིག་འགྲོས་ཤིག་རེད། ཀླུ་མཁར་བྱམས་ལ་སྲིད་དོན་རིག་པ་གཞི་མ་གྲུབ་པས་སྲིད་དོན་རིག་པའི་ཁྱབ་ཁོངས་བཤད་པ་ནི་ངོ་ཚ་དགོས་པ་ཞིག་རེད་མོད། ཁྭ་ཏའི་མིག་ལ་སྐྱག་པ་མཛེས་པའི་དཔེ་བཞིན་རེད།
ཀླུ་མཁར་བྱམས་ནི་ཆོས་ལུགས་ཡང་དག་པ་དང་བླ་མ་ཡང་དག་པར་དད་པ་མེད་པ་ལས་དད་མེད་རིང་ལུགས་པ་ཞིག་མ་རེད། ཉེ་ལམ་རི་སྒང་དག་ན་ལྷ་ཀླུ་གཞི་བདག་ལ་བསང་མཆོད་བྱེད་པའི་འདྲ་པར་ཐོན་ཡོད་པ་དེས་དད་པ་ལོག་སྤྱོད་པ་ངོ་མ་སུ་ཡིན་པའི་བརྡ་ལན་གསལ་པོ་ཡིན་ལ། གུང་ཁྲན་ཏང་དང་ལག་འབྲེལ་ཤུགས་ལྡན་ཚོགས་པར་རྒྱབ་སྐྱོར་བྱེད་ཚུལ་འདིས་ཀླུ་མཁར་བྱམས་ཀྱིས་དད་པ་མེད་པའི་སྤྱོད་ཚུལ་བཟུང་བ་ལས། ཀླུ་མཁར་བྱམས་ནི་དངོས་སུ་ལྷ་ཀླུ་གཞི་བདག་ལ་སྐྱབས་བཅོལ་མཁན་ཞིག་དང་། ཤུགས་ལ་དོལ་རྒྱལ་འདྲེ་ལ་ཡིད་ཆེས་བཅོལ་མཁན་ཞིག་རེད།
རིག་གནས་གསར་བརྗེ་ཡི་རླུང་འཚུབ་དེ་ཀླུ་མཁར་སོགས་ཀྱིས་སྤེལ་བ་ལས་བཙན་བྱོལ་ཉམ་ཆུང་བོད་མི་ཚོས་སྤེལ་བ་ཞིག་ག་ལ་ཡིན། རྒྱ་གུང་ཁྲན་གྱི་ལག་ཆར་སྤྱོད་བཞིན་པའི་ཀླུ་མཁར་དཔུང་ཁག་དང་། དོལ་རྒྱལ་ཚོགས་ཁག་གཉིས་ཀྱིས་བཙན་བྱོལ་བོད་མིའི་གཞུང་དང་སྒྲིག་གཏོར་བར་རྨི་ལམ་སྐྱིད་པོ་རེ་གཏོང་བཞིན་ཡོད་པ་དངོས་ཡོད་ཡིན་མོད། ང་ཚོ་བཙན་པོ་བོད་ཀྱི་གདུང་རུས་ཚོ་ཤ་ཟད་རུས་ལ་ཐུག་ཀྱང་རྒོལ་ལན་རྒོལ་སར་སྤྲོད་པའི་གྲ་སྒྲིག་ཡོད།
བོད་པ་ཞིག་ལ་མཚོན་ན། བོད་རྒྱལ་ཁབ་ཤོར་བ་ལས་འཐུས་ཤོར་ཞིག་འཇིག་རྟེན་འདིར་ཡོད་མི་སྲིད། དེ་ལ་བློ་ཕམ་བྱུང་མཁན་ཡོང་ཆོག་གི་མེད་ན་ག་རེ་རེད། སྐབས་དེར་མེར་འཚིགས་མེར་གཏུགས་གནང་ནས་མི་སྡོད་པར་ཕྱི་ལ་བྲོས་ཡོང་བའང་འཐུས་ཤོར་མ་རེད་དམ།
རྒྱལ་བ་རིན་པོ་ཆེ་ནི་བཅའ་ཁྲིམས་རིན་པོ་ཆེ་རུ་བླ་དོར་ལམ་སྟོ་པ་དང་། མགྲིན་ཚ་པ། བོད་མིའི་ཆིག་སྒྲིལ་གྱི་མཚོན་རྟགས་དང་བླ་ན་མེད་པའི་དབུ་འཁྲིད་ཅིག་ཡིན་པར་བཀོད་ཡོད་པས། སྐབས་འདིར་ཁོང་ཐུགས་ཕམ་བྱུང་གསུངས་པའི་ལེན་པ་སུ་ལ་ཡོད་པ་དེ་དག་གིས་གསལ་བཤད་འགན་འཁུར་དགོས་པར་བསམས།
རྒྱལ་བ་རིན་པོ་ཆེས་དབུས་མའི་ལམ་ནི་རྣམ་དཔྱོད་དང་བློ་ཁོག བསམ་བློ་གང་ཡང་མ་བཏང་བར་ལམ་སྟོན་བྱས་པ་ལས་ལྡོག་སྟེ། དུས་ཀྱི་འགྱུར་རིམ་དང་བསྟུན་པའི་ཉམས་མྱོང་ཕྱོགས་བསྡོམས་ཀྱིས་རྒྱལ་སྤྱིའི་ཆབ་སྲིད་རིག་པའི་མཁས་པ་མང་པོར་གྲོས་བསྡུར་བྱས་ནས་ལམ་སྟོན་གནང་བ་ཡིན་ཞེས་གསུངས་པ་རེད།
ཀླུ་མཁར་བྱམས་ཀྱིས་དབུས་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་ལ་ཕུལ་བའི་ཡིག་ཆ་ནི་ཕན་མེད་དང་། ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས་བལྟས་ཡོང་ན་རྒྱལ་བ་རིན་པོ་ཆེས་རང་བཙན་མི་རྩོད་པ་ནི་རྒྱལ་བཙོང་གི་ཕྱོགས་གཏོགས་སུ་འགྲོ་གི་ཡོད་ལབས་པ་དང་། དེ་དང་འབྲེལ་བའི་ཆབ་སྲིད་ཤོད་མཁན་གྱི་ཕྱོགས་གཏོགས་པར་ཐུགས་ཁམ་པ་ལས། ཆོས་དང་འབྲེལ་བ་མེད་པའི་དེ་རིང་གི་བཀའ་སློབ་འདི་དོལ་རྒྱལ་བར་གསུང་གི་མེད་འགྲོ་བསམས།
ཁ་བརྡ་ནི། ཆོས་མེད། འཁྲེལ་མེད། ངོ་ཚ་མེད་མཁན། བོད་རིགས་ཁྱུ་ཅིགགི འཛོམས་ས་རེད་འདུག ཧཧཧ།།
རྒྱལ་བ་རིན་པོ་ཆེར་བློ་ཕམ་བྱུང་གི་བཅུག་མཁན་ཨ་ཚོགས་ཀླུ་མཁར་བྱམས་རྩ་ནས་མ་རེད། རྒྱལ་བ་རིན་པོ་ཆེར་བློ་ཕམ་བཅུག་མཁན་ནི་ཁོང་གི་གཡས་གཡོན་གྱི་མི་སྐབས་འཚོལ་བ་དེ་ཚོ་རེད། ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེའི་མང་གཙོའི་ལམ་ལུགས་ལ་མི་རྣམས་ཚོར་བ་ཡོང་དུ་བཅུག་ཡོད།
དབུ་ལམ་གྱིས་བོད་སྐྱོབ་ཐུབ་དང་མི་ཐུབ་ཟེར་བ་དེ་ད་དུང་ལྟ་རྒྱུ་རེད། དབུ་ལམ་གྱིས་བོད་སྐྱོབ་ཐུབ་མ་སོང་ཞེས་ཚིག་ཐག་བཅད་ནས་བཤད་པ་ནི་རང་གི་འདོད་པ་སྒྲུབ་སྐྱེད་ཙམ་ལས་གནས་ལུགས་བཤད་སྟངས་ལར་ནས་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཡིན་ཡང་འཚམས་ལེན་རེར་དགོས་པའི་དབང་གིས་ཐུགས་སྐྱོ་བའི་ཚུལ་མཛད་ཡོད་པས་རྒྱལ་བ་རིན་པོ་ཆེ། དོན་ལ་འཕགས་པ་སྤྱན་རས་གཟིགས་ཡིན་ཡང་ཐུན་མོང་སྣང་ངོར་མིའི་གཟུགས་སུ་བྱོན་ཡོད་པས་དགའ་སྐྱོ་ཆགས་སྡང་གི་རྣམ་པ་ལོས་ཡོད། དད་པ་ལོག་སྤྱོད་པ་གཅིག་གཅིག་ཉིག་ཉིག་ཟེར་མཁན་འདི་ཚོ་ནི་དོན་ངོ་མ་ཆབ་སྲིད་ལོག་སྤྱོད་པ་རེད། ཁོ་ཚོས་ཆབ་སྲིད་ཁ་ལ་ཁྱེར་ནས་མི་མང་གི་དད་པ་དང་ཡིད་ཆེས་ལ་རྡོག་རོལ་བཏང་དང་གཏོང་བཞིན་པ་རེད། ཁོ་ཚོའི་སེམས་གཏིང་གི་འདོད་འདུན་ནི་དམངས་གཙོ་དང་གཏམ་བརྗོད་རང་དབང་སོགས་གང་ཡང་མ་ཡིན་པར་སྤྱི་ཚོགས་འགོ་འཇུག་མེད་པ་ཞིག་བཟོ་རྒྱུ་དང་། བོད་མི་མང་ཆུ་བརྒྱ་ཟམ་གཅིག་གི་འོག་ལ་འགྲོ་བ་ལྟར་གོང་ས་མཆོག་གི་མགོན་སྐྱབ་འོག་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོད་པ་འདི་གཏོར་བཤིག་གཏོང་འདོད་པ་རེད། ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་བོད་རྒྱལ་ཁམས་བཙོང་མཁན་གྱི་རྒྱལ་བཙོང་བ་ཡིན་པ་བསྒྲགས་སོང་། དེ་ལས་ལྷག་པའི་མཚན་སྨོད་ཞིག་གུང་ཕྲན་ཏང་གིས་ཀྱང་ཞུ་རྒྱུ་ཅང་མེད་ཚོད་རེད། རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་ཡིན་ན་རྒྱལ་ཁབ་མི་བཙོང་བའི་མི་དེ་སུ་ཡིན་ནམ།
ཁྱོད་ཚོ་ཁག་གཅིག་གིས་རང་བཙན་པ་ཡིན་མདོག་དང་དམངས་གཙོ་རྩོད་གྱི་ཡོད་མདོག་བྱེད་ཀྱི་འདུག་ཀྱང་། རྒྱ་གུང་ཕྲན་ལ་རང་བཙན་དགོས་དམངས་གཙོ་དགོས་ཞེས་ཚིག་གཅིག་བཤད་པ་མཐོང་མ་སོང་བས། དོན་ངོ་མ་ང་ཚོས་གུང་ཕྲན་གྱི་འོག་ནས་ཆབ་སྲིད་ཀྱི་ཁེ་དབང་མི་འདུག་ཅེས་སྡུག་སྐད་རྒྱག་བཞིན་པ་འདི་མེད་པ་བཟོ་བའི་འབད་རྩོན་བྱེད་ཀྱི་ཡོད་ན་ཐང་།
དད་པ་ལོག་སྤྱོད་པ་དང་སྲིད་དོན་རིག་པའི་ཁྱབ་ཁོངས་ཞེས་པའི་ཐ་སྙད་དེ་ལོ་རབས་ལྔ་བཅུའི་སྐབས་ཀྱི་དམར་ཤོག་གི་ཚིག་རེད་ཟེར་བ་ནི་ནམ་ཡང་མི་ཐད་དེས། གུང་ཁྲན་དམར་ཤོག་ལ་མཚོན་ན་བོད་རིགས་ཡིན་ཕྱིན་དད་ཡོད་དད་མེད་ལ་རྣམ་དབྱེ་མི་འབྱེད་པར་རྡུང་བརྡེག་དང་མནར་གཅོད། བཙོན་འཇུག། སྲོག་ཐོག་ལ་དབྱེ་གཞི་ནམ་ཡང་བཀར་མེད་པ་རེད། རྒྱུ་མཚན་ཁ་ནས་རང་བཙན་བཤད་ན་དད་པ་ཡོད་མེད་མེད་པར་ཁ་བྲལ་ལོག་སྤྱོད་པའི་ཞྭ་མོ་གཡོགས་ནས་རྩ་མེད་བཟོ་རྒྱུ་དེ་རེད། དེས་ན་ཀླུ་བྱམས་ཀྱིས་ཁ་ནས་རང་བཙན་བཤད་ནས་ཤི་མ་གསོན་གྱི་ས་མཚམས་ལ་བསྐྱལ་བ་དེས་ར་འཕྲོད་ཡོད་པ་རེད།
གཞི་རྩའི་སྔར་གྱི་སྤྱི་ཚོགས་རྙིང་པ་ཡང་དཀར་པོ་དཀར་རྐྱང་ཞིག་ནམ་ཡང་མ་རེད། ཇི་ལྟར་ཞེས་ན་མངའ་བདག་ཆེན་པོ་གསུམ་གྱི་དབང་བསྒྱུར་འོག་བཀས་བཀོད་རྒྱུན་འཛིན་ལམ་ལུགས་དང་། ཞིང་བྲན་ལམ་ལུགས་འོག་དམངས་གཙོ་མེད་པ་དེ་བདེན་པ་རེད་ལ། གུང་ཁྲན་གྱི་བོད་བསྐྱོད་བཅིངས་གྲོལ་དམག་གིས་འཛུགས་བསྐྲུན་དང་ཡར་རྒྱས་ཀྱི་དར་ཆ་འཁྱེར་ནས་ཧམ་བཟུངས་དང་བཙན་ཕྲོགས་བྱེད་པར་དཀའ་ངལ་ཅི་ཡང་བྱུང་ཡོད་པ་མ་རེད། འདས་སོང་གི་བྱས་ཉེས་དང་ནོར་འཁྲུལ་ངོས་ལེན་མེད་པ་ནི་འབྱུང་འགྱུར་གྱི་འཆར་སྒོ་དང་ཡར་རྒྱས་ཀྱི་འགག་རྡོ་ངོ་མ་དེ་ཡིན།
སྲིད་དོན་རིག་པའི་ཁྱབ་ཁོངས་ལ་དད་དམ་འགྲོ་ས་མེད་པ་ནི་དམངས་གཙོ་ཡར་ཐོན་ཅན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཚང་མས་ཆོས་སྲིད་སོ་སོ་དབྱེ་དགོས་པའི་རྒྱུ་མཚན་འདིར་འཐུག་ཡོད་པ་རེད། བྱས་ཙང་དད་དམ་ནི་མི་སྒེར་གྱི་གནད་དོན་ལས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ཆབ་སྲིད་སྒང་ལ་བེད་སྤྱོད་བཏང་ན་རྙོོག་དྲའི་གཞི་མ་ཆགས་ཡོད། རྒྱུ་མཚན་དད་གཙོ་སྨྲ་བ་རྣམས་ཀྱིས་རང་གི་དད་ཡུལ་ནི་སྐྱོན་དང་ནོར་འཁྲུལ་ལ་ངོས་ལེན་མི་བྱེད་པས། གང་གི་མཛད་རྒྱ་ལས་འགལ་མི་ཆོག་པས་ནམ་ཡང་འདྲ་མཉམ་རང་བཞིན་དང་ཁྲིམས་མཐུན་རང་བཞིན་དྲང་བདེན་རང་བཞིན་ཞིག་ནམ་ཡང་འབྱུང་མི་སྲིད་པ་ཞིག་རེད།
ཀླུ་བྱམས་ལ་དད་པ་ཡོད་མེད་རྩད་གཅོད་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མེད། ཁོ་ལྷ་གསོལ་ཀླུ་གསོལ་ཇི་ལྟར་བྱས་ཀྱང་རང་དབང་རེད། ཡ་མཚན་སྐྱེས་དགོས་པ་ཞིག་ནི་ཁོས་སྲིད་སྐྱོང་གི་འོས་མི་ལ་ལངས་མ་ཐག་ཐོག་དང་པོར་བཙན་བྱོལ་གྱི་དད་པ་ཁ་ལ་འཁྱེར་ནས། སྤྱི་ཚོགས་འབུར་བཅོམས་བྱེད་མཁན་དང་བསུན་པོ་བཟོ་མཁན་གྱི་དད་པ་ལོག་སྤྱོད་པར་ངོ་རྒོལ་དང་གཙང་ཕྱགས་བྱེད་རྒྱུའི་དམ་བཅའ་དེས། དད་པ་ལོག་སྤྱོད་ཤོག་ཁག་སྙིང་རྩ་འདར་ནས་ཐབས་རྒྱ་ཇུས་སྟོང་གིས་ཀླུ་བྱམས་འབུར་བཅོམས་བྱེད་རྒྱུ་ལས་འདྲ་མཉམ་གྱི་འདུ་ཤེས་དང་དམངས་གཙོ། གུ་ཡངས་ཀྱི་བསམ་བློ་ཟེར་བ་ཞིག་མཐོ་རིམ་བླ་ཆེན་མི་ཆེན་དཔོན་ཆེན་ཚུན་ནས་མེད་པ་ཅི་ཡིན་ནམ།
རིག་གནས་གསར་བརྗེ་བོད་ནང་ལ་བྱུང་བ་རེད། གུང་ཁྲན་ཏང་གི་བཀའ་ཡིག་གཅིག་འཁྱེར་ནས་མི་རིགས་ཀྱི་བསམ་བློ་དང་ལ་རྒྱ། རུས་ཞེན་སྤུ་ཙམ་ཡང་མེད་མཁན་ཧུར་བརྩོན་ཅན་དང་འབད་བརྩོན་ཅན་གྱི་ཀླད་སྟོང་སྤྲང་ཕྲུག་ཁ་ཤས་ཀྱིས་ས་མཆོངས་གནམ་མཆོངས་བརྒྱབ་པ་ལས་བྱུང་བ་ཞིག་རེད། འདི་ལ་གྲལ་རིམ་འཐབ་རྩོད་ཟེར། མཐའ་ན་ཕ་མ་བུ་ཕྲུག་དབར་ལ་དབྱེན་སྦྱོར་བརྩམས་ནས་འགལ་འདུ་མེད་ས་ནས་འགལ་འདུ་བཟོས་ཏེས། མཐའ་ན་བུ་ཕྲུག་གིས་ཕ་མ་ཚུན་ཆད་ཤོག་བུའི་ཞྭ་མོ་བཀོན་ནས་ཁྲོམ་སྐོར་དང་འཐབ་འཛིང་བཏང་བ་རེད། དེ་ལྟ་བས་ན་གོང་རིམ་གྱི་བཀའ་འཁུར་ནས་མི་དམངས་ནང་འགལ་འདུ་མེད་ས་ནས་འགལ་འདུ་བཟོས་ཏེས་གྲལ་རིམ་འཐབ་རྩོད་ཀྱི་བྱ་སྟངས་ལས་སྟངས་འདི་ད་དུང་བཙན་བྱོལ་ནང་ལྷག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
མ་གཞི་ནས་གུང་ཁྲན་ཏང་གི་རྩ་ཁྲིམས་ལ་གུས་བརྩི་དང་དང་ལེན་ཡོད་མཁན་ཚོས། བཙན་བྱོལ་ནང་རང་བཙན་འཐབ་རྩོད་པར་འཐབ་འཛིང་བཏང་ནས་འདུག་དགོས་པའི་རྒྱུ་མཚན་གཏན་ནས་མེད་ལ། གང་མགྱོགས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་ལོག་རོགས་བགྱིས་ཞེས་རེ་བསྐུལ་ནན་པོ་ཞུ་རྒྱུ་ཡིན། གལ་ཏེ་བཙན་བྱོལ་ནང་གནས་དགོས་ན་དམངས་གཙོ་དང་འདྲ་མཉམ་རང་བཞིན་འོག་གནས་དགོས་པ་ལས། ཐུབ་ཚོད་དང་མཉའ་གནོན་འབུར་འཇོམས་གཏོང་བའི་ལམ་ལུགས་དེ་མཚམས་འཇོག་བྱེད་རན་ཡིན། འདི་ན་དམངས་གཙོ་དང་རང་དབང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་དང་ལེན་བྱེད་རོགས་བྱོས།
ད་འདི་ན་བཤད་སྟངས་ལ་བལྟས་ན་སྲིད་འགན་བགྲེས་ཡོལ་ལ་ཕེབས་མེད་ཚོད་འདུག། ཁྱོད་ཚོས་༧རྒྱལ་བ་རིན་པོ་ཆེ་ལ་དད་ཞེན་བླ་མེད་ཅིག་ཡོད་ན་ཁོང་ལ་ནག་རྩི་མ་བྱུགས་རོགས་ཞེས་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན། ཁྱོད་ཚོའི་བཤད་སྟངས་ལས་སྟངས་དེ་ལ་མོ་ཕར་ནང་གི་གུང་ཁྲན་གྱི་ཁ་ནང་ལ་བླུགས་པ་དང་གཉིས་སུ་མེད་པས། སང་ཉིན་སྲིད་འགན་བགྲེས་ཡོལ་ནུབ་ཕྱོགས་པར་གཏམ་བརྗོད་ཡིན་རབས་བསྒྲག་ཡོང་གི་རེད། སྐབས་དེ་དུས་ལན་གསལ་པོ་ཞིག་སྒྲ་སྒྲིག་བྱེད་དགོས་པ་ཆགས་ཀྱི་རེད།
ལུང་རྟོགས་ཀྱིས་ཟེར་ན་ཀླུ་བྱམས་ཀྱིས་༧རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་རེད་ཞེས་མངོན་སུམ་འཛེམས་མེད་ཀྱིས་མཚན་སྨོད་འདི་ལས་ལྷག་ཅིག་མེད་པ་རེད་ཟེར། ཁྱེད་རང་ལྟ་བུ་མངོན་སུམ་ལ་བསྙོན་པ་ནི་ངས་གསལ་བཤད་བྱས་ཀྱང་གངས་རི་སེར་འཛིན་གྱི་མིག་ཤེས་ཀྱིས་དཀར་པོ་ནམ་ཡང་མཐོང་མི་སྲིད་པ་རེད། དོན་དངོས་བྱས་ན་ཀླུ་བྱམས་ཀྱིས་བརྙན་འཁོར་ནང་གི་གཏམ་བཤད་ཡོད་ཚད་ལ་ལེགས་པར་བལྟ་ཉན་བྱས་ཡོད་ན། ཁོས་ངས་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་བ་རེད་ཟེར་ནམ་ཡང་ལབ་མེད་ད། འོན་ཀྱང་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་མ་འོངས་པར་ལོ་རྒྱུས་འབྲི་དགོས་ཚེ་བོད་ལ་རྒྱལ་ཁབ་དང་རང་བཙན་མི་དགོས་རང་སྐྱོང་དགོས་ཟེར་ན། སྐབས་དེ་དུས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་སྔར་གྱི་ཆོས་འབྱུང་བྲིས་པ་བཞིན་འབྲི་གི་མ་རེད། གང་ཡིན་པ་སྲོང་པོར་འབྲི་ན་རྒྱལ་བཙོང་བ་མི་འབྲི་བའི་ངེས་པ་མེད་བཤད་པ་རེད། མ་འོངས་ལོ་རྒྱུས་འབྲི་མཁན་ཀླུ་བྱམས་མ་རེད་འདྲ་མིན་སྣ་ཚོགས་ཡོང་སྲིད་པས་ཀླུ་བྱམས་སྐྲག་ས་ངོ་མ་དེ་༧རྒྱལ་བ་རིན་པོ་ཆེ་མ་འོངས་ལོ་རྒྱུས་ནང་རྒྱལ་བཙོང་བ་འཁོད་ན་ཁོ་བློ་མི་བདེ་བ་འདི་རེད། ད་ལྟ་༧རྒྱལ་བ་རིན་པོ་ཆེ་ཁོང་སྐུ་འཚོ་བཞུགས་སྐབས་སུ་ཡང་མངོན་སུམ་འཛེམས་མེད་ངང་ཁོང་ནུབ་ཕྱོགས་པ་ག་པར་ཕེབས་ཀྱང་ཚད་བརྒལ་གྱིས་མཚན་སྨོད་ཞུ་ཡི་འདུག། མ་འོངས་པར་ཁོང་སྐུ་འཚོ་མ་བཞུགས་སྐབས་ནང་འཁྲུགས་དང་ཁོང་གི་མཛད་རྗེས་བླ་མེད་ལ་ནག་ཐིག་མི་འབྱུག་པའི་ངེས་པ་མེད་ན། ད་ལྟ་ནས་ཁོང་གིས་བཀའ་སློབ་དུམ་ཚན་རེ་འཁྱེར་ནས་ནང་ཁུལ་ཁ་བྲལ་གཏོང་ཐབས་དེ་ཡག་པོ་གཏན་ནས་མ་རེད། དོན་དངོས་བྱས་ན་ཁོང་གི་བཟང་སྤྱོད་ཀྱི་བཀའ་སློབ་མི་ཚེ་གང་པོར་ཉམས་ལེན་བྱས་ཀྱང་ཚར་རྒྱུ་མེད་པ་དེ་ཚོ་རང་བརྒྱུད་ལ་འབྱོར་གང་ཐུབ་མི་བྱེད་པར་ཆབ་སྲིད་རྣོ་ངར་རང་བཞིན་གྱི་བཀའ་སློབ་དུམ་ཚན་ཉུང་ཉུང་དེ་འཕྱར་ནས་ནང་ཁུལ་དབྱེན་དཀྲུགས་བྱེད་པའི་ལམ་ལུགས་དེ་ཡག་རྟགས་ཁྱོན་ནས་མ་རེད།
དེས་ན་ངས་དྲིས་རྒྱུར་༧རྒྱལ་བ་རིན་པོ་ཆེར་དད་པ་ཡོད་མདོག་བྱེད་མཁན་ཚོས་ཁོང་གིས་ཆོས་ལུགས་རིག་པའི་བཀའ་སློབ་ཡར་ཕུད་པའི། འཇིག་རྟེན་ཀུན་ཁྱབ་རང་བཞིན་གྱི་ཡ་རབས་བཟང་སྤྱོད་ཀྱི་བཀའ་སློབ་ཇི་ཙམ་ལག་བསྟར་བྱེད་མྱོང་ཡོད་དམ། གལ་ཏེ་ཡོད་ན་ག་རེ་ག་རེ་ལག་བསྟར་བྱས་ཡོད་དམ། ལན་གསལ་པོ་ཞིག་གནང་རོགས།
ཞོལ་གཡག ཀླུ་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེར་སེམས་ཁུར་ཡོད་མེད་སྔ་ཕྱི་བར་གསུམ་གྱི་ཁོའི་བཤད་སྟངས་ལས་སྟངས་ལ་ལྟས་ན་ས་རིས་ཐང་གསལ་རེད། ཁོས་གང་བཤད་ཡོད་པ་ངས་ཀྱང་དོ་སྣང་བྱས་ཡོད། ནོར་ཝེ་བོད་སྐད་རླུང་འཕྲིན་གྱི་དྲི་བ་ཞིག་གི་སྐབས་སུ་ཁོས་བཤད་ན། ངས་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་རེད་ཟེར་གྱི་མེད་འོན་ཀྱང་ཆབ་སྲིད་རིགས་པའི་ཁྱབ་ཁོང་ནས་བཤད་ན་རང་བཙན་མི་དགོས་ཟེར་བ་དེ་རྒྱལ་བཙོང་བའི་གྲལ་ལ་འགྲོ་ཡི་རེད་ཅེས་བཤད་སོང་། འདི་ནི་ཐད་ཀར་བཤད་མ་ནུས་པར་སྐད་ཆ་ལ་ཤུབ་གཅིག་དཀོན་པ་ལས་དོན་ལ་རྒྱལ་བཙོང་ཡིན་པ་བཤད་ཀྱི་ཡོད་པ་ཀླད་པ་ཡོད་པའི་མི་སུ་ཡིན་ཡང་ཤེས་ཀྱི་རེད། ལར་ནས་ཆབ་སྲིད་རིག་པའི་ཁྱབ་ཁོང་ཞེས་འུར་རྒྱག་ཁ་བྱས་པ་ལས་ཀླུ་བྱམས་ཀྱིས་ཆབ་སྲིད་རིག་པ་ཇི་ཙམ་ཤེས་ཀྱི་རེད་ཆབ་སྲིད་རིག་པ་ལ་སློབ་སྦྱོང་ཇི་ཙམ་བྱེད་མྱོང་བ་རེད། བོད་སྐད་ཀྱི་གོ་སྟངས་བྱས་ན་བཙོང་ཟེར་བ་ནི་དངོས་པོ་ཞིག་གཞན་ལ་ཕར་སྤྲད་ནས་རིན་པ་ཞིག་ཚུར་ལེན་པ་ལ་གོ་བ་རེད། དེ་བཞིན་རྒྱལ་བཙོང་བ་ཟེར་བ་ཡང་རང་སྒེར་གྱི་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་ཁེ་ཕན་ཞིག་གི་ཆེད་དུ་རྒྱལ་ཁབ་གཞན་ལག་ལ་སྤྲད་པ་ལ་གོ་དགོས་པ་རེད། འོ་ན་རྒྱལ་བ་རིན་པོ་ཆེས་སྐུ་སྒེེ་གྱི་ཁེ་ཕན་གང་ཞིག་གི་ཆེད་དུ་བོད་རྒྱལ་ཁབ་བཙོང་བ་རེད། མ་གཞི་བོད་རྒྱལ་ཁབ་ལྔ་བཅུ་ང་དགུ་ལོ་ནས་རྒྱ་ནག་ལ་ཤོར་ཟིན་པས་བཙོང་རྒྱུ་ཅི་ཞིག་ལྷག་ཡོད་པ་རེད།
དད་པ་ལོག་སྤྱོད་ཟེར་བ་དེ་ཡང་ཆབ་སྲིད་ལོག་སྤྱོད་པ་ཚོས་རང་ཉིད་ཀྱི་འདོད་དོན་སྒྲུབ་པའི་ཐབ་ལམ་ཞིག་རེད། དོན་ངོ་མ་རྒྱལ་བ་རིན་པོ་ཆེའི་བཀའ་ཁྱེར་ཡོང་ནས་ཀླུ་བྱམས་འབུར་འཇོམ་བྱེད་མཁན་སུ་ཡང་མཐོང་མ་སོང་། དེ་ལས་ལྡོག་སྟེ་ཀླུ་བྱམས་ཀྱི་གཏམ་བཤད་ཁ་ཤས་ཁྱེར་ཡོང་ནས་རྒྱལ་བ་རིན་པོ་ཆེའི་རང་དབང་ལ་རྡོག་རོལ་གཏོང་གི་འདུག མཐའ་ན་རྒྱལ་བ་རིན་པོ་ཆེ་ཐུགས་ཕམས་བྱུང་བ་ཙམ་ཡང་གསུངས་ཆོག་གི་མི་འདུག འདི་ནི་ཆབ་སྲིད་ལོག་སྤྱོད་པ་ཚོས་རྒྱལ་བ་རིན་པོ་ཆེ་མཐའ་ལ་བཀར་སྟངས་ཤིག་རེད། ཀླུ་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་ཡིན་རབས་བཤད་ཆོག་ན་རྒྱལ་བ་རིན་པོ་ཆེས་ཁོང་ཐུགས་ཕམ་བྱུང་ཅིའི་ཕྱིར་གསུང་མི་ཆོག་པ་རེད།
རྒྱལ་བ་མཆོག་གི་བཀའ་དགོངས་ལམ་སྟོན་མེད་ན། དགྱ་མ་ཐོར་གོང་ལ་བོད་བཙན་བྱོལ་འཐོར་རྒྱུ་ཡིན་པ། དགྱ་སྲིད་མཁས་བ་ཚོས་ཤེས་གསལ་མཐོང་གསལ་ཡིན་པ་རེད། རྒྱུ་མཚན་དེའི་ཆེད་དུ། བཙན་བྱོལ་ལ་མང་གཙོ་མེད་རབས། ཆོས་དད་རང་དབང་མེད་རབས། རྒྱལ་བ་མཆོག་གིས་སྐུ་དབང་ཆ་ཚང་མ་ཕུལ་རབས་སོགས། དཀྲུག་ཡིག་དང་དཀྲུག་གཏམ་གང་སྤེལ་བ་རྣམས་ལ་ངོ་སོ་འཛིན་པ་དེ་ཡང་མིན་ན། དགྱའི་རྒྱུག་ཁྱི་ཡིན་པ་རེད། དེ་མིན་ན། སྔ་འདང་ཕྱི་འདང་ལ་རྒྱང་ལྟ་མི་ཐུབ་པའི་ཀླད་སྟོང་སྐོར་ཞིག་ལས། བོད་རྒྱ་ཆེ་མི་མང་གི་བདེ་སྡུག་ལ་མཁོ་བའི་མི་བུ་ནི་མ་ཡིན་ནོ།
རྒན་ལ་རྩི་བ་དང་གོང་ལ་གུས་བ་ནི་བོད་མི་རིགས་འདི་བའི་ཆེ་མངོན་པར་སྟོད་ས་དེ་ཡིན་པས། དགྲ་བོ་དགྱ་དམར་ཚང་གིས་ག་རེ་ལབ་ན་ལོབ་ཤོག། དེ་ལ། གནམ་ལོ་ཅན་པོས་རི་བོང་གནམ་རྡུབ་ཀྱི་སྡུག་སྐད་ཤོར་མི་དགོས། ང་ཚོ་ལ་ལན་ཡོད།
རྡ་སའི་གད་སྲང་ནས་ཀླུ་བྱམས་ཅན་པོས་དཀྲུག། དྲ་བའི་འབྲེལ་ལམ་ནས་གནམ་ལོ་ཅན་པོས་དཀྲུག། དམ་སྲིད་གསོ་བསྟེན་པ་ཚོས་ཕྱི་གླིང་ནས་དཀྲུག། དཀྲུག་མཁན་འདི་ཚོ་དད་ནས་སོང་ན། ཆོས་དད་དང་ཞིབ་འཇུག་པ་རྫིན་མ་ཞིག་གི་མིང་འོག་ནས་སྒོར་ཐོ་འགའ་རེ་བཙལ་འདོད་པ་ཙལ་གྱིས་ཁྱི་ཁ་བླས་བ་ཙམ་ཡིན་པ་ར་འཕྲོད་པ་ཉིན་རེ་ནས་ཇེ་གསལ་རེད།
རེད་རེད། ཁྱེད་ཀྱིས་ཀླུ་མཁར་གྱི་གཏམ་བཤད་ཡོངས་ལ་དོ་སྣང་མ་བྱུང་བར་ནོར་ཝེའེ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་སྐབས། དམངས་ཁྲོད་དུ་ཀླུ་མཁར་ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་བ་རེད་ལབ་ཡོད་པ་རེད་ཟེར། དེ་བདེན་པ་རེད་དམ་དྲིས་དུས། ཁོས་ངས་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་བ་རེད་ཟེར་ནམ་ཡང་ལབ་མྱོང་མེད། འོན་ཀྱང་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་བཤད་ན་རྒྱལ་ཁབ་དང་རང་བཙན་མི་དགོས་ཟེར་མཁན་རྒྱལ་བཙོང་བའི་གྲས་ལ་འགྲོ་ཡི་རེད་ཟེར་བ་གཅིག་པུར་དོ་སྣང་ཆེན་པོ་བྱུང་འདུག་ལ་གོ་བ་ཡང་ཆེན་པོ་བླངས་བ་འདྲ།
བྱས་ཙང་དེ་རྗེས་ཁོས་གསར་འགོད་སྒྲག་གཏམ་ཞིག་སྐབས་ནོར་ཝེའེ་བརྙན་འཕྲིན་ཁང་གིས་བཅར་འདྲི་སྐབས་དེའི་བསྐོར་འགྲེལ་བཤད་བྱེད་པའི་དུས་ཚོད་མ་བྱུང་བས། དེའི་སྐོར་འགྲེལ་བཤད་བརྒྱག་དགོས་ན། དེ་སྔོན་པཎ་ཆེན་རིན་པོ་ཆེའི་བསྐོར་བགྲོ་གླེང་ཞིག་སྐབས། ཁོས་འདི་ལྟར་བཤད་པ་ཡིན་ཟེར། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ལ་བོད་མི་དམངས་ཀྱིས་རྒྱལ་བཙོང་བ་དང་། ཚོང་པ་རྒྱག་པ་སོགས་ཡིག་ངག་གཉིས་ཀྱི་ཐོག་མཚན་སྨྲོས་ཞུས་ཡོད་པ་རེད། ཞུ་དགོས་པའི་རྒྱུ་མཚན་ཡང་གཏན་ནས་མེད་པ་མིན་ཏེས། ༧པཎ་ཆེན་རིན་པོ་ཆེ་དབུས་པའི་ང་འཕོད་དང་ཕུན་དབང་སོགས་ཀྱིས་གུང་ཁྲང་ཏང་གི་འོག་ནས་རང་སྐྱོང་ལས་རང་བཙན་བརྩད་མི་ཆོག་པའི་བཀའ་སློབ་རྐྱང་རྐྱང་དེར་འཐུག་ཡོད་པ་རེད། འོན་ཀྱང་བཙན་བྱོལ་ན་༧རྒྱལ་བ་རིན་པོ་ཆེའི་མཚན་གནས་རྗེས་འབྲེལ་གྱིས་ཟམ་གདོང་རིན་པོ་ཆེས་རང་བཙན་མི་བརྩོད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་འདུག་གི་ཡིན་ཞེས་ཡིག་ཆ་པེ་ཅིང་ལ་སྤྲད་པ་དེ་རྒྱལ་གཅེས་པ་དང་སྔོན་ཐོན་པ་ཡིན་རབས་ཀྱིས་བསྟོད་གླུ་བླངས་བ་དེར། རྒྱལ་བཙོང་བ་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་རེད་ཞེས་བཤད་པ་ཡིན་ཟེར།
འདི་དྲང་བདེན་གྱི་སྐད་ཆ་རེད་མ་གཏོགས་མཚན་སྨོད་དང་ཟུར་ཟར་འགྲོ་བའི་རྒྱུ་མཚན་གཏན་ནས་མི་འདུག། བོད་ནང་ལ་ཆ་མཚོན་ན་༧པཎ་ཆེན་བཅུ་པ་ཆེན་པོ་མཆོག་ལས་བཀའ་དྲིན་ཆེ་བ་ཞིག་ཡོད་ཚོད་མེད། འོན་ཀྱང་མི་དམངས་རང་བཞིན་གྱིས་ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས་ཡིག་ངག་གཉིས་ཀྱི་ཐོག་ནས་སྐྱོན་བརྗོད་ཞུས་ཡོད་པ་རེད།
དེ་ལྟ་བས་ཀླུ་མཁར་གྱིས་མ་འོངས་པར་སྲིད་དོན་ཚན་རིག་ཀྱི་ངོས་ནས་ལོ་རྒྱུས་སྨྲ་བ་ཚོས་བོད་ཀྱི་ལོ་རྒྱུས་ཞིག་འབྲི་ཡི་ཡོད་ན། གནད་དོན་འདིའི་ཐད་བསམ་བློ་མ་འཁོར་རང་འཁོར་ཆགས་ཡོད་པས་ད་ལྟ་ནས་གཟབ་དགོས་པ་དེ་བཤད་ཀྱིན་པ་དེ་རེད།
བོད་དང་རྒྱ་ནག་གི་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་བཤད་ན། བློ་སེང་དང་སྤེན་ཚེ་ལས་ཀླུ་བྱམས་མཁས་ཀྱི་རེད། བློ་སེང་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལས་རྒྱ་ནག་གི་ཆབ་སྲིད་ལ་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མེད། སྤེན་ཚེ་ནི་དེ་བས་ཀྱང་སྤྲོས་བྲལ་ཡིན། དཔེར་ན་དེ་སྔོན་བློ་སེང་སྲིད་སྐྱོང་ལ་ཐོག྄་མར་བཞེངས་དུས་ངའི་འོས་ཤོག་དེ་ཁོང་ལ་བླུགས་པ་ཡིན། རྒྱུ་མཚན་ཁོས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་འདི་ཁྲིམས་ཁར་བསྐྱལ་ནས་ཞུ་གཏུགས་འདྲ་བྱེད་རྒྱུ་མེད་དམ་མཉམ་པ་རེད། འདི་ནི་ངའི་གདེངས་འཇོག་དང་རེ་བ་མཐོ་སོང་བ་རེད་ལ། རྒྱལ་སྤྱིའི་ཁྲིམས་ལུགས་ཡང་དཔལ་འབྱོར་རིག་པའི་གཞུང་ལུགས་འོག་ནས་ཁྲིམས་ལུགས་རང་སྐྱ་འཕེར་བ་ཞིག་མེད་སོང་བ་དེ་མ་དྲན་པ་དེ་རེད། དེ་ལས་ཐབས་སྡུག་ཤིག་ལ་ང་ཚོའི་བོད་ཀྱི་སྲིད་སྐྱོང་གིས་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ནས་དམངས་གཙོ་ཡང་བརྩོད་ཀྱི་མེད་ཞེས་བཤད་པ་རེད། དམངས་གཙོ་མེད་པའི་རྩ་ཁྲིམས་ཤིག་གི་འོག་ནས་ཁེ་ཕན་ག་ཚོད་ཆེ་ཡང་བདེ་སྐྱིད་ཤིག་མེད་ཁོ་ཐག་རེད།
བྱས་ཙང་ཀླུ་བྱམས་ཀྲུང་གོའི་རྩ་ཁྲིམས་ལ་ཆ་རྒྱུས་ཡ་རྒྱུས་ཡོད་པ་མ་ཟད་ལོ་མང་འདིའི་ཐོག་ལ་ཉམས་ཞིབ་བྱས་ནས་ཡོང་མཁན་ཞིག་རེད། ལྷག་པར་དུ་ཁོས་དབུ་མའི་མངོན་འདོད་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་བྱུང་རིམ་དང་། བོད་ཐོག་ལག་བསྟར་བྱས་དང་བྱེད་བཞིན་པའི་མི་རིགས་ས་གནས་རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས་དང་། མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་བསྐོར་འགྲེལ་བཤད་རྒྱས་བཤད་བརྒྱབ་འདུག་པས། གནས་དོན་འདི་རིགས་ལ་དོ་སྣང་དང་བློ་གཟུ་བོར་གནས་ཏེས་སོ་སོས་ཉམས་ཞིབ་བྱེད་ཐུབ་ན་ད་གཟོད་གཞི་ནས། ལམ་དབུ་མ་ཟེར་བ་དེ་ལྷ་བླའི་ལུང་བསྟན་ཡིན་མིན་དང་ངོ་གདོང་གསལ་གསལ་དག་དག་ཤེས་ངེས་རེད། དེ་མིན་ལྷ་བླའི་ལུང་བསྟན་རེ་འཁྱེར་ཡོང་ན་བོད་རྒྱལ་ཁབ་མི་རིགས་འདི་ལྷ་བླའི་ལུང་བསྟན་འོག་ནས་གནས་སྟངས་འདིར་བསྐྱལ་ཡོད་པ་རེད་དོ། ཐུགས་ལ་ཕོགས་ན་བཟོད་པ་མཛོད། ངས་ནི་སྐད་ཆ་དྲང་པོ་བཤད་ཐལ།
་་་་་་་་་་ ཀླུ་མཁར་བྱམས་ཀྱིས་དབུས་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་ལ་ཕུལ་བའི་ཡིག་ཆ་ནི་ཕན་མེད་དང་། ཆབ་སྲིད་རིག་པའི་ཁྱབ་ཁོངས་ནས་བལྟས་ཡོང་ན་རྒྱལ་བ་རིན་པོ་ཆེས་རང་བཙན་མི་རྩོད་པ་ནི་རྒྱལ་བཙོང་གི་ཕྱོགས་གཏོགས་སུ་འགྲོ་གི་ཡོད་ལབས་པ་དང་། དེ་དང་འབྲེལ་བའི་ཆབ་སྲིད་ཤོད་མཁན་གྱི་ཕྱོགས་གཏོགས་པར་ཐུགས་ཁམ་པ་ལས། ཆོས་དང་འབྲེལ་བ་མེད་པའི་དེ་རིང་གི་བཀའ་སློབ་འདི་དོལ་རྒྱལ་བར་གསུང་གི་མེད་འགྲོ་བསམས།་་་་་་་་་་་་
དང་། ཡང་།
་་་་་་་རེད་རེད། ཁྱེད་ཀྱིས་ཀླུ་མཁར་གྱི་གཏམ་བཤད་ཡོངས་ལ་དོ་སྣང་མ་བྱུང་བར་ནོར་ཝེའེ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་སྐབས། དམངས་ཁྲོད་དུ་ཀླུ་མཁར་ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་བ་རེད་ལབ་ཡོད་པ་རེད་ཟེར། དེ་བདེན་པ་རེད་དམ་དྲིས་དུས། ཁོས་ངས་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་བ་རེད་ཟེར་ནམ་ཡང་ལབ་མྱོང་མེད། འོན་ཀྱང་སྲིད་དོན་རིག་པའི་ཁྱབ་ཁོངས་ནས་བཤད་ན་རྒྱལ་ཁབ་དང་རང་བཙན་མི་དགོས་ཟེར་མཁན་རྒྱལ་བཙོང་བའི་གྲས་ལ་འགྲོ་ཡི་རེད་ཟེར་བ་གཅིག་པུར་དོ་སྣང་ཆེན་པོ་བྱུང་འདུག་ལ་གོ་བ་ཡང་ཆེན་པོ་བླངས་བ་འདྲ། ་་་་་་་་་་
ད་ལོ་༸གོང་ས་མཆོག་ཐུགས་ཕམ་བཟོ་མཁན་དེ། སྲིད་སྐྱོང་འོས་མི་དྭང་བླངས་པ་ཀླུ་མཁར་བྱམས་མ་གཏོགས་འགྲོ་ས་མི་འདུག ང་ཚོས་ད་དུང་ཞིབ་འཇུག་མཐར་ཕྱིན་བྱས་ནས། ཤེས་དགོས་པ་དང་། ལས་དགོས་པ་མང་པོ་འདུག་སྙམ་མོ།།
་་་་་་་་་ དད་པ་ལོག་སྤྱོད་ཟེར་བ་དེ་ཡང་ཆབ་སྲིད་ལོག་སྤྱོད་པ་ཚོས་རང་ཉིད་ཀྱི་འདོད་དོན་སྒྲུབ་པའི་ཐབ་ལམ་ཞིག་རེད། དོན་ངོ་མ་རྒྱལ་བ་རིན་པོ་ཆེའི་བཀའ་ཁྱེར་ཡོང་ནས་ཀླུ་བྱམས་འབུར་འཇོམ་བྱེད་མཁན་སུ་ཡང་མཐོང་མ་སོང་། དེ་ལས་ལྡོག་སྟེ་ཀླུ་བྱམས་ཀྱི་གཏམ་བཤད་ཁ་ཤས་ཁྱེར་ཡོང་ནས་རྒྱལ་བ་རིན་པོ་ཆེའི་རང་དབང་ལ་རྡོག་རོལ་གཏོང་གི་འདུག མཐའ་ན་རྒྱལ་བ་རིན་པོ་ཆེ་ཐུགས་ཕམས་བྱུང་བ་ཙམ་ཡང་གསུངས་ཆོག་གི་མི་འདུག འདི་ནི་ཆབ་སྲིད་ལོག་སྤྱོད་པ་ཚོས་རྒྱལ་བ་རིན་པོ་ཆེ་མཐའ་ལ་བཀར་སྟངས་ཤིག་རེད། ཀླུ་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་ཡིན་རབས་བཤད་ཆོག་ན་རྒྱལ་བ་རིན་པོ་ཆེས་ཁོང་ཐུགས་ཕམ་བྱུང་ཅིའི་ཕྱིར་གསུང་མི་ཆོག་པ་རེད། ་་་་་་་་
འདི་ལ་རྒྱབ་སྐྱོར་བརྒྱ་ཆ་ཐམ་པ་ཡོད་གདའ། དགེའོ། དགེའོ།།
བོད་པ་ཡིན་མཁན། ཨ་མདོ་ཡིན་མཁན། གསར་འབྱོར་bjཡིན་མཁན། དྷ་སའི་ལས་བྱེད་ཡིན་མཁན། སྲིད་སྐྱོང་འོས་མི་ལངས་མཁན་ཀླུ་མཁར་བྱམས་ཀྱིས། ༸གོང་ས་མཆོག་ལ། རྒྱལ་ཚོང་པ་རེད། ཅེས་བཤད་ཡོད་རེད་ཨེ། !!!!!!!!!!! ??????????????
ཀརྡོ་ལགས། ཁྱོད་ཀྱིས་བཤད་ན་གོང་ས་མཆོག་དང་ཀླུ་མཁར་བྱམས་གཉིས་གཅིག་མཚུངས་ཡིན་པས། ཕན་ཚུན་བར་གཅིག་བསྟོད་གཅིག་སྨད་ཀྱི་ཐོབ་ཐང་འདྲ་མཉམ་དགོས་ཚུལ་ལབ་འདུག ངས་ཀླུ་མཁར་བྱམས་ཚད་གཞི་དེར་སླེབས་ཟིན་པར་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའི། ཀླུ་མཁར་བྱམས་ཀྱི་སྣང་བརྙན་བོད་མིའི་ཁྲོད་དུ་ཚད་འདིར་སླེབས་པའང་དད་པ་ལོག་སྤྱོད་པ་ཚོས་ངོ་རྒོལ་དྲིལ་བསྒྲགས་ཀྱི་ནུས་པ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གོང་ས་མཆོག་དང་། ་བཟོད་པའི་ཕར་རོལ་ཏུ་ཕྱིན་པ་ཀླུ་མཁར་བྱམས་རེད་ལབ་ནའང་འགྲིག་འདུག།
གལ་སྲིད་ཀླུ་མཁར་བྱམས་ཀྱིས། ༸རྒྱལ་བ་རིན་པོ་རྒྱལ་ཚོང་པ་རེད་ཆེས་བཤད་ཡོད་ན། ཐོག་མ་ཀླུ་བྱམས་དགུ་བཅུ་གསུམ་ལས་བྱེད་ནས་ཕུད་དགོས་ཡོད། དེ་མིན་ན། ཚོགས་པ་འདི་དབུ་མའི་ལམ་པ་ཡིན་པ་ངོས་ཐུབ་དགྱིད་མ་རེད་དོ། བོད་རིགས་སྤྲང་འཁྱམས་པ་ཚོ།།
#29 ཀརྨ་བློ་གསལ་ལགས།
ཁ་བཙུམ་ནས་ཁྱོད་ངས་ཁ་བརྡ་ནས་ངོ་ཤེས་ནས། ངས་ཁྱོད་ལ་ཏིལ་འབྲུ་ཙམ་ཡང་མི་རྒྱུ་བློ་དང་པོ་བཅད་ཟིན་ཡོད། ཁོ་རེ་སྐྱག་གཟན་པ་ཁྱོད།
ཅོ་རི་ཉི་མ་ལ་ཡང་བསླབ་བྱ་བརྒྱབས་ཡོད། ཚོ་མ་ཟིན་ན་ཡ་བྱེད་མཁན་རག་མི་ཡོང་ངོ་།།
སྐུ་མཁྱེན་དགེ་བཤེས་ཟུར་པ་ཀརྡོ་ལགས། སྐད་ཆ་ནི་ཁྱེད་རང་ནས་གསུངས་པ་རེད། ང་ལ་ཉེས་པ་ག་རེ་ཕོག་སོང་པ་རེད་དམ།
ཀླུ་བྱམས་མི་གཅིག་གི་ཁ་ནས་གཏམ་གཉིས་བཤད་ཀྱི་ཡོད་ན་མི་ཤེས། དེ་མིན་ནོར་ཝེ་ཚང་གི་དྲི་བ་དེའི་སྐབས་སུ་ཆབས་སྲིད་རིག་པའི་ཁྱབ་ཁོང་ནས་བཤད་ན་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བའི་ཁོང་སུ་འགྲོ་ཡི་རེད་ཅེས་ཁ་གསལ་པོ་བཤད་སོང་། བོད་ནང་ལ་སྔོན་མ་པཎ་ཆེན་རིན་པོ་ཆེ་ལ་སྐྱོན་བརྗོད་ཞུ་མཁན་ཁག་གཅིག་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་དེ་ཆབ་སྲིད་རིག་པའི་ཁྱབ་ཁོང་སོགས་ཀྱི་སྐད་ཆ་གང་ཡང་ཡོད་མ་རེད། ཁོང་བོད་ནང་ལ་བཞུགས་ཡོད་དུས་སྐད་ཆ་ག་རེ་གསུངས་ཡང་གཟབ་ནན་གནང་དགོས་པ་རེད་ལ། རྒྱ་ནག་ལ་སྐབས་སྐབས་སུ་བསྟོད་ཚིག་རེ་ཟུང་མ་གསུངས་རང་གསུངས་རེད། དེ་ལ་བོད་མི་བླུན་པོ་ཁག་གཅིག་གིས་ནང་དོན་མ་རྟོག་པར་པཎ་ཆེན་རིན་པོ་ཆེ་རྒྱ་དགའ་ཡིན་པའི་བསམ་ཚུལ་གྱི་འོག་ནས་མཚན་སྨོད་ཞུས་པ་རེད། འདིར་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་སོགས་དབུ་ལམ་ལ་འགྲོ་མཁན་ཚོར་ཀླུ་བྱམས་སོགས་ཀྱིས་ཆབ་སྲིད་རིག་པའི་ཁྱབ་ཁོང་སོགས་ལ་ཁ་གཡར་ནས་རྒྱལ་བཙོང་བ་ཡིན་པ་སྒྲུབ་ཐབས་བྱེད་པ་འདི་ཡང་དེ་དང་གཅིག་མཚུངས་རེད། ཁོང་རྣམས་པས་ལོ་མང་རིང་བོད་དོན་གྱི་ཆེད་དུ་ཕྱག་ལས་གནང་བའི་ཉམ་མྱོང་ཕྱོགས་སྡོམ་གྱིས་བོད་མི་རིགས་ལ་ཁེ་ཕན་ཆུང་ཙག་གཅིག་ཡིན་ཡང་ཇི་ལྟར་སྒྲུབ་ཐུབ་མིན་གྱི་དགོངས་པ་གཏིང་ཟབ་བཞེས་ནས་དབུ་ལམ་ལ་ཕེབས་པ་མ་ཤེས་པར། སེམས་ཤུགས་ཆེ་མདོག་གིས་རང་བཙན་ཁ་ལ་ཁྱེར་ནས་རྟག་ཏུ་ཁོང་རྣམས་པར་སྐྱོན་བརྗོད་ཁོ་ནས་དུས་ཟླ་བ་འདི་ཧ་མི་གོ་མཁན་དེ་ཡུས་ཆེ་གཉིད་མི་ཁུག་མཁན་དེ་ནམ་རིང་བའི་དཔེ་རུ་གྱུར་སོང་བ་རེད། བློ་བཟང་སེང་གེ་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་ཞིག་གིས་རྒྱ་ནག་གི་ཁྲིམས་ལུགས་ལ་ཆ་རྒྱུས་སྤུ་ཙམ་མེད་པར་བཤད་ན་གད་མོ་ཤོར་སྐྱེད་རེད། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཁོང་སུ་མ་འདུས་པའི་རྒྱ་ནག་གི་ཁྲིམས་ལུགས་ཟེར་བ་ཞིག་གང་ན་ཡོད། ཀླུ་མཁར་བྱམས་སློབ་འབྲིང་ཙམ་ཡང་འགྲིམ་མྱོང་བའི་ལོ་རྒྱུས་མི་འདུག་རྒྱ་ནག་གི་ཁྲིམས་ལུགས་ལ་མཁས་པ་ཇི་ལྟར་ཆགས་སོང་བ་རེད། རྒྱ་ནག་གི་ཁྲིམས་ལུགས་ཕར་ཞོགས་རྒྱ་སྐད་ཀྱང་རང་སྐྱ་འཕེར་བ་ཞིག་ཤེས་ཀྱི་ཡོད་མེད་ཐེ་ཚོམ་ཡིན། སྲིད་སྐྱོང་གིས་དམངས་གཙོ་རྩོད་ཀྱི་མེད་ལབ་འདུག་ཅེས་མི་ལ་ལས་ཧང་སང་སང་བྱེད་ཀྱི་འདུག་ཀྱང་དེ་ནི་གནས་ཚུལ་མ་ཤེས་པའི་འུར་འདྲོག་གི་སྐད་ཆ་ལས་སྲིད་སྐྱོང་གི་ནོར་འཁྲུལ་གང་ཡང་མ་རེད། ང་ཚོས་རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་ཅེས་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གི་སྐབས་ནས་གསུངས་ཀྱི་ཡོད་པ་རེད་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་ལ་ཡང་གསལ་ཡོད་པ་རེད། རྒྱ་ནག་གི་རྩ་ཁྲིམས་ནང་དམངས་གཙོ་ཟེར་བ་ཞིག་མེད་པ་གསལ་པོ་ཡིན་དུས་སྲིད་སྐྱོང་གིས་ང་ཚོས་དམངས་གཙོ་རྩོད་ཀྱི་ཡོད་ཅེས་གསུངས་ཤེས་ཐབས་མེད་པ་རེད། གཡག་ཞར་གྱིས་རྩྭ་ཟ་བ་བཞིན་ཕྱོགས་གཅིག་ཁོ་ན་ལ་ལྷུང་ནས་མ་འདུག་པར་རྒྱལ་བ་རིན་པོ་ཆེས་དབུ་ལམ་ལ་འགྲོ་དགོས་པའི་རྒྱུ་མཚན་གསུངས་པ་དེ་དག་ཡག་པོ་ཞིག་ཉོན་དང་ལྷ་བླའི་ལུང་སྟན་ལ་རྒྱབ་གཅོལ་མེད་པ་གསལ་པོ་འདུག རྒྱལ་བ་རིན་པོ་ཆེ་བོད་ཀྱི་དཀའ་རྙོག་འདི་འགོ་ཚུགས་པ་ནས་དུས་ད་ལྟ་བར་མི་ལོ་དྲུག་བཅུ་ཙམ་གྱི་རིང་བོད་ཀྱི་ཆབ་སྲིད་ཁོ་ན་ལ་འགན་ཁུར་ནས་ཡོང་མཁན་ཞིག་གིས་མ་ཤེས་པའི་རྒྱལ་སྤྱི་དང་རྒྱ་ནག་གི་གནས་སྟངས་ཤིག ཀླུ་བྱམས་སློབ་འབྲིང་ཙམ་ཡང་འགྲིམ་མ་མྱོང་བ་ཞིག་གིས་ཤེས་པ་རེད་ཟེར་ན་སུས་རྣ་བ་ལ་འགྲོ་ཡི་རེད།
ལུང་རྟོགས་ལགས། ཤེས་མདོག་མདོག་མ་གནང་། སྔོན་མ་པན་ཆེན་རིན་པོ་ཆེར་ཁ་གཏོང་མཁན་བྱུང་མེད། བལ་ཡུལ་ནང་བཙན་བྱོལ་བོད་མིས་དར་ནག་ཕྱར་ནས་པན་ཆེན་རིན་པོ་ཆེར་ངོ་རྒོལ་བྱུང་པ་ནས་རྒྱལ་ཚོང་པ་རེད་ཟེར་མཁན་བྱུང་ཡོད། དེང་སྐབས་རྒྱ་མིའི་རྩ་ཁྲིམས་འོག་འགྲོ་གི་ཡིན་ལབ་མཁན་ཚོར་རྒྱལ་གཅེས་པ་རེད་ལབ་དགོས་པའི་རྒྱུ་མཚན་བགྲང་རོགས།
ངའི་ངོས་ནས་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་ལ་བཀའ་དྲིན་ཆེན་པོ་རེད་བསམ་གྱི་ཡོད། འོན་ཀྱང་བོད་དོན་བཤད་སྐབས་དད་པའི་སྐད་ཆ་གང་ཡང་མེད། དངོས་ཡོད་གནས་ཚུལ་ལྟས་ནས་བཤད་ཀྱི་ཡོད། རྒྱལ།བ་རིན་པོ་ཆེ་རྣམ་དཔྱོད་ཕུལ་དུ་བྱུད་བ་ཞིག་ཡིན་པ་མ་ཟད། ཕྱག་ལས་ག་རེ་ཡིན་ཡང་བབ་ལྷིང་བརྟན་གསུམ་གྱི་ངང་ནས་གནང་མཁན་ཞིག་ལས་ཀླུ་བྱམས་སོགས་ལྟར་དུ་འ་རེ་འུ་རེ་བྱས་ནས་ཁ་ཆེན་པོ་ཞིག་གདང་མཁན་དེ་འདྲ་གཏན་ནས་མ་རེད། བོད་མི་ཕལ་མོ་ཆེས་རྒྱལ་བ་རིན་པོ་ཆེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་འདི་ཡང་དད་པ་གཅིག་པུའི་གནད་དོན་ཞིག་གཏན་ནས་མ་རེད། ཁོང་གིས་དེ་སྔ་ཡན་ཆད་ཕྱག་ལས་གང་ཞིག་གནང་ཡོད་པ་དེ་དག་གཞི་ལ་བཞག་ནས་ཁོང་ལ་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་རེད། འདི་ཚོ་ཧ་གོ་བའི་སྟེང་ནས་སྐད་ཆ་བཤད་ན་ཡག་པོ་རེད། དེ་མིན་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མ་དད་པ་ལོག་སྤྱོད་པ་རེད་ཅེས་འུར་རྒྱག་ཁ་བྱས་ཀྱང་དོན་སྙིང་ཅི་ཡང་མེད་པ་རེད།
ཀར་བློ། པཎ་ཆེན་རིན་པོ་ཆེར་ཁ་གཏོང་མཁན་བྱུང་མེད་ཟེར་བ་དང་། བལ་ཡུལ་ནང་ལ་བོད་མིའི་དར་ནག་ཕྱར་ནས་ངོ་རྒོལ་བྱས་པ་རེད་ཟེར་བ་གཉིས་འགལ་མི་འདུག་གམ། ཚིག་ཁ་ཤས་ཙམ་ལ་ཡང་འགལ་འདུ་སེལ་མ་ཤེས་ན་འུར་རྒྱག་གི་མ་འདུག རྒྱ་མིའི་རྩ་ཁྲིམས་འོག་ལ་རང་སྐྱོང་གི་ཐོབ་ཐང་རྩོད་ཀྱི་ཡོད་ཟེར་བ་འདི་གནས་བབ་གང་འདྲ་ཞིག་གི་འོག་ནས་བྱུང་བ་རེད། དང་པོ་དེ་ཤེས་པ་གྱིས།
ད་ལན་མདོ་སྟོད་ཀྱི་བརྟན་བཞུགས་སྐབས་སུ་མདོ་སྟོད་དང་། ཆོས་ལུགས་ཀྱི་སྤྱི་འཐུས་བཞུགས་མེད་ན་བློ་ཕམ་རེད།
ལུང་རྟོགས་ལགས། ལྐུགས་པ་རང་རེད། པན་ཆེན་སྣང་པ་མཐའ་ཡས་ལ་བོད་ནང་མི་དགའ་སྟོན་སྟོན་མཁན་༡༩༨༦ལོའི་ཡར་སྔོན་བྱུང་མྱོང་མེད། དེང་སྐབས་རྒྱ་མིའི་རྩ་ཁྲིམས་འོག་ཏུ་སྡོད་ཀྱི་ཡིན་ན། ༡༩༥༩ལོ་ནས་མུ་མཐུད་དགོས་ཀྱི་མི་འདུག་གམ། ག་རེ་བྱས་ནས་བྲོས་ཡོང་པ་རེད། དེའི་རྗེས་ནས་བོད་འཇིག་པ་རེད། དེང་སྐབས་བསྐྱར་གསོ་ཐུབ་མཁན་ནི་པན་ཆེན་ཐམས་ཅད་མཁྱེན་པའི་སྐུ་དྲིན་གཅིག་པུ་རེད། ངོས་ལེན་ཡོད་དམ་མེད།
ད་རེས་མདོ་སྟོད་སྤྱི་འཐུས་ཞུགས་ཡོད་མེད་དེ་གནད་དོན་མ་རེད། སོག་རྫོང་ནག་ཆུ་རེད་ལ། དེང་སྐབས་དབུས་གཙང་ལ་གཏོགས་ཀྱི་ཡོད། དབུས་གཙང་སྤྱི་འཐུས་ཚོ་མཉམ་ཞུགས་གནང་དགོས་པ་ལས་མདོ་སྟོད་དང་ཆོས་རྒྱུད་སྤྱི་འཐུས་ཚོས་འཚང་ཁ་རྒྱག་མི་སྲིད། དེ་ཚང་མས་ངེས་པར་དུ་མཁྱེན་དགོས། དབུས་གཙང་ཞུགས་མེད་ན་ནག་ཆུར་མཐོང་ཆུང་རེད་ལ། སྔར་གྱི་དགའ་ལྡན་ཕོ་བྲང་ལ་ངོས་ལེན་མེད་ཟེར་པ་དང་གཅིག་རེད།
ཀར་བློ་ལགས། གླན་གཏམ་བཤད་མ་འདུག བརྒྱད་བཅུ་གྱ་དྲུག་ལོའི་ཡར་སྔོན་ལ་པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གི་བཙོན་འོག་ལ་ཡོད་པས་མི་དག་སྟོན་དོན་མེད། ལྔ་བཅུ་ང་དགུ་ལོར་རྒྱ་མིའི་རྩ་ཁྲིམས་ཀྱི་འོག་ལ་སྡོད་ཀྱི་ཡིན་ཟེར་གི་ཡོད་པ་མ་རེད། བདུན་བཅུ་དོན་བཞི་ལོ་བར་དུ་བོད་རང་བཙན་རྩོད་པ་རེད། འོན་ཀྱང་བདུན་བཅུ་དོན་བཞི་ལོ་ནས་རྒྱལ་སྤྱི་དང་རྒྱ་ནག་བོད་ཅེས་ཀྱི་གནས་བབ་ལ་གཟུགས་ནས་དབུ་མའི་ལམ་བསྟན་འབེབ་གནང་བ་རེད། བོད་གང་འཚམས་བསྐྱར་གསོ་ཐུབ་པ་དེ་གཅིག་ནས་རྒྱ་གཞུང་གི་སྲིད་ཇུས་འགྱུར་སོང་བ་རེད་ལ་གཉིིས་ནས་གོང་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་དམངས་གཉིས་ཀྱི་འཇམ་གླིང་སྟེང་ཞུ་བཏུག་དང་ལས་འགུལ་གང་མང་སྤེལ་བ་དང་། བོད་ནང་ལ་ཡང་པཎ་ཆེན་རིན་པོ་ཆེས་དབུ་ཁྲིད་ནས་བོད་མི་ཚང་མས་མ་གྲོས་བསམ་པ་གཅིག་མཐུན་གྱིས་དཀའ་ལས་རྒྱབ་པའི་འབྲས་བུ་རེད།
ཀར་བློ། རྫུན་མ་བཤད་ཨ། སོག་དང་སྦྲ་ཆེན་འབྲི་རུ་དེ་ཚོ་ནི་གནའ་སྔ་ནས་ད་བར་དུ་ཁམས་པ་ཡིན་པ་ལས་དབུས་གཙང་མིན། ད་ལྟ་བཙན་བྱོལ་ནང་ལ་ཡོད་པའི་ས་ཁུལ་དེ་དག་གི་མི་རྣམས་ཀྱང་མདོ་སྟོད་སྤྱི་འཐུས་ཁོང་སུ་ལང་གི་ཡོད་པ་ལས་དབུས་གཙང་སྤྱི་འཐུས་ཁོང་སུ་ལང་གི་མེད།
ཧ་ཧ། རྒྱལ་སྤྱིའི་ཁྲིམས་ལུགས་ནང་མ་འདུས་པའི་རྒྱ་ནག་གི་ཁྲིམས་ལུགས་ཤིག་མེད་ཟེར། ད་འོ་ན་བོད་དང་ཤིང་ཅང་ལ་སོགས་པའི་གྲངས་ཉུང་མི་རིགས་ཁག་ལ་ལག་བསྟར་བྱེད་བཞིན་པའི་ཁྲིམས་ལུགས་དེ་རྒྱལ་སྤྱི་རང་བཞིན་གྱི་ཁྲིམས་ལུགས་ཨེ་རེད། མི་ཤེས་ན་ཡིན་ཅིག་གཅིག་ལབ་དགོས་མ་རེད། རང་མདོག་བསྟན་པ་ལས་གཞན་གང་ཡང་ཡོད་པ་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁོ་རང་དམར་ཤོག་གི་མི་ཁ་ཤས་ཀྱི་བཟོས་བཞག་པ་ཞིག་ལས་ཁྲིམས་མཐུན་རང་བཞིན་ལྡན་པའི་ཁྲིམས་ལུགས་ཞིག་ཀྱང་མ་རེད། བློ་སེང་གིས་ཀྲུང་གོའི་རྩ་ཁྲིམས་ལ་བསྒྱུར་བཅོས་ག་ཚོད་ཕྱིན་ཡོད་མེད་དང་རྩ་ཁྲིམས་དང་ལག་བསྟར་བར་གྱི་གནད་དོན་དེ་དེ་བས་ཤེས་ཀྱི་ཡོད་པ་མ་རེད་ལ། ལོ་རེར་ཐེངས་གཉིས་རེ་བསྒྱུར་བཅོས་བྱེད་ཀྱིན་པ་ཡང་ཤེས་ཀྱི་མེད་པ་དེ་རེད།
ད་ཕྱོགས་བསྡོམས་ཤིག་བརྒྱབ་ན་པེ་ཅིང་སྲིད་གཞུང་གིས་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་གནས་དོན་ཙམ་དང་། ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་མདུན་ལམ་གྱི་གནས་དོན་ཙམ་ལས་བོད་ཀྱི་གནས་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་པ་དེ་རེད་ལ། འདི་ན་ཡང་དེ་དེ་བཞིན་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་དགོངས་གཞི་དགོངས་འཆར་དེ་ལས་བརྒལ་མི་ཆོག་པ་དེ་རེད། ད་དེ་ཡིན་ན་ཀྲུང་གོའི་རྩ་ཁྲིམས་ལ་ངོས་ལེན་གནང་ཟིན་པའི་དབུ་མའི་ལམ་ལུགས་དེ་ཀྲུང་གོའི་ནང་སྲིད་ཀྱི་གནས་དོན་ཙམ་ཡིན་པས། ཕྱི་ལོག་ལ་བསྡད་ནས་བརྩད་རྒྱུའི་གནས་དོན་ཞིག་མ་ཡིན་པར་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཕུན་དབང་ལྟ་བུ་མི་དམངས་མཐུས་མི་ཚོགས་ཆེན་ལ་མཉམ་བཞུགས་གནང་ཏེས། ལོ་རེར་ཚར་གཉིས་རེ་བཅའ་ཁྲིམས་བསྒྱུར་བཅོས་ལ་དགོངས་འཆར་གྱིས་ལེགས་བཅོས་གནང་དགོས་པ་དེ་རེད། འོན་ཀྱང་འདི་ནི་པེ་ཅིང་གིས་ཡུན་རིང་ཀྲུང་གོར་རྒྱབ་གཏོད་དང་ནུབ་ཕྱོགས་དགྲར་འཛིན་གྱི་སྟོབས་ཤུགས་སྤེལ་རབས་ཀྱི་ནག་ཉེས་ལ་རྒོལ་བའི་འདུ་ཤེས་ད་དུང་དོར་མེད་པས་ཕྱོགས་ཡོངས་ནས་ཁག་པོ་ཆགས་ཡོད་པ་རེད།
ལོ་དུས་མི་དྲན་ཡང་། ལྷག་བསམ་གྱིས། དྲིལ་སྒྲོག་ལས་ཁུངས་བཞག་ནས་ཕྱིན་པ་རེད། འཇམ་ནོར་གྱིས། ཟློས་གར་བཞག་དབུ་འཛིན་བཞག་ནས་འགྲོ་དགོས་བྱུང་བ་རེད། ད་ཀླུ་བྱམས་ཀྱིས། དགུ་བཅུ་གསུམ་བཞག་ནས་འགྲོ་དགོས་པའི་དུས་ཚོད་ཟིན་པ་རེད་དོ། དྲ་གྲོགས་ཚོ།
རེད་རེད། ཐམས་ཅད་འགྲོ་དུས་ཡག་རྟགས་ཞིག་མ་རེད་ལ་རྡ་ས་ན་འདྲ་མཉམ་དང་གུ་ཡངས་ཅི་ཡང་མེད་པའི་རྟགས་རེད། ཨེ་རེད་རྐརྡོ། མ་གཞི་ཁྱོད་ཀྱིས་ག་ས་གང་དུ་མཆན་སྙང་མ་ཛར་ཛར་དེ་ལ་དོན་སྙིང་མེད་ཀི་ཡ།
དྷ་ས་ནས། ལས་བྱེད་ཐོན་འགྲོ་དུས། ལས་བྱེད་སྒེར་པ་དེ་དང་། དེའི་སྐབས་ཀྱི་འགན་འཛིན་པའི་སྔོ་ལོ་དེ་ཚོ་དེ་དུས་འཆར་འོངས་བ་ཆོས་ཉིད་རེད།
ཡོངས་གྲགས་གསར་གནས།
https://www.youtube.com/watch?v=LtXI_SDTrl0
ལྷ་སྡེ་གནམ་ལོ་ཡག་ཅན་ནས་འབྲེལ་མེད་ཀྱི་ལུང་ཚིག་ཁ་ཤས་དྲངས་ཏེ། ༸གོང་ས་མཆོག་གིས་ཐུགས་ཕམ་བྱུང་ཞེས་གསུང་མི་ཆོག་ཅེས་ཟེར། ཐོག་མར་ཁོ་པས་དྲངས་པའི་ལུང་དང་ལུང་དེ་གང་གི་ཆེད་དུ་དྲངས་པའི་དོན་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད་དམ། བསྟོད་སྨད་ཀྱི་གཞན་དབང་དུ་མི་འགྱུར་བ་དམ་པའི་རང་བཞིན་ཡིན་ཀྱང་ཐུགས་ཕམ་འབྱུང་རྒྱུ་ཡོད་ན་དམ་པ་མིན་དགོས་ཟེར་བ་འདི་སུའི་ལུགས་སྲོལ་ཡིན་ནམ། གསལ་རྒྱལ་གྱི་བུས་ཤཱཀྱའི་རིགས་ལ་དམག་དྲངས་སྐབས་སྟོན་པ་ཤཱཀྱ་ཐུབ་པ་ལའང་ཐུགས་ཕམ་ཚད་མེད་དང་། ཇོ་རྔོག་འབྲོམ་གསུམ་དང་། མར་མེ་དྭགས་གསུམ་སོགས་གངས་ཅན་པའི་སྐྱེས་ཆེན་ཕལ་མོ་ཆེའི་རྣམ་ཐར་ནང་ཐུགས་ཕམ་དང་སྐྱོ་སྣང་བྱུང་བར་གསུངས་འདུག་པས་དེ་དག་ཀྱང་དམ་པ་མིན་ནམ། སྤྱིར་ནས་ནང་ཆོས་ལ་གང་ཡང་མི་ཤེས་མཁན་ཞིག་གིས་ནང་ཆོས་སྐོར་བཤད་པ་ནི་ཧམ་བཤད་མ་ཡིན་ནམ།
༸གོང་ས་མཆོག་ནས་ད་བར་དཀའ་ལས་གྲངས་ལས་འདས་པ་བསྐྱོན་ཡོད་ཅིང་། གཉིས་ཕན་གྱི་ལམ་ནི་ཤི་ལ་ཁད་པའི་བོད་གངས་ཅན་པ་སྐྱོབ་ཐབས་དེ་ཡན་མེད་པ་དེ་ཡིན་པས་དེ་ལ་མཐའ་སྐོར་རི་སྐོར་བྱས་ནས་སྐྱོན་བརྗོད་བྱས་ན་ཐུགས་ཕམ་མ་ཡོང་ན་ག་ལ་འགྲིག། །
གནམ་ལོ་ཡག་ནས་བཤེས་སྤྲིངས་གསར་པ་ཞིག་རྙེད་པ་འདྲ། བཤེས་སྤྲིངས་ནང་། བསྟོད་པས་དགའ་བར་མི་འགྱུར་ཞིང་། །་་་་་་་་་་་་་་་་་་་་་་་་་སྐྱེ་བོ་དམ་པའི་མཚན་ཉིད་ཡིན། །ཞེས་པའི་ཚིག་འདི་ག་ལ་ཡོད། འདི་ས་སྐྱ་ལེགས་བཤད་ཀྱི་ཚིག་རེད། འདི་ཙམ་ཡང་ནོར་བཞིན་དུ་ཆོས་སྲིད་ཀྱི་སྐོར་བཤད་ཁུལ་བྱས་པ་ནི་བོད་གངས་ཅན་པ་ལ་མི་ཟད་ཤོར་བ་ཨེ་རེད།
རྒྱལ་བ་རིན་པོ་ཆེ་མཆོག་ནི་མིའི་རིགས་ལ་སེམས་ཁམས་ཀྱི་དཀའ་ངལ་སེལ་ཐབས་སྟོན་མཁན་ཞིག་ཡིན་སྟབས་བློ་ཕམ་ཡོང་ཆོག་ཆོག་ཅིག་ག་ལ་ཡོད། འོན་ཀྱང་བོད་ཤི་གསོན་གྱི་དོན་ཆེན་ལ་ཐུག་དུས་བློ་ཕམ་མི་ཤེས་ན་བོད་ཤི་གསོན་ལ་ཐུག་ནའང་ཚོར་བ་གང་ཡང་མེད་པར་བསྡད་དགོས་སམ། བོད་ཤི་གསོན་གྱི་ཆེད་དུ་ཐུགས་ཕམ་ཡོང་བ་དེ་ཞིབ་འཇུག་པ་ཚོས་ལོ་རྒྱུས་ཟིན་ཐོའི་ནང་འགོད་དགོས་ངེས་ཤིག་རེད། སེམས་ཁམས་འདུལ་བའི་སངས་རྒྱས་ལ་ཐུགས་ཕམ་རྒྱུ་མེད་པ་ཁྱེད་ཀྱིས་གང་དུ་རྙེད་དམ། སེམས་ཁམས་འདུལ་བ་ཡིན་ཙང་ཉམ་ཐག་པའི་འགྲོ་བ་གཟིགས་དུས་ཐུགས་ཕམ་ཡོང་གི་ཡོད། ང་ཚོ་རང་ལ་དཀའ་ངལ་ཡོང་དུས་བློ་ཕམ་ཡོང་གིན་ཡོད། བདག་ཉིད་ཆེན་པོ་རྣམས་དེ་ལས་ལྡོག་སྟེ་སྤྱི་ལ་དཀའ་ངལ་ཡོད་དུས་ཐུགས་ཕམ་ཡོང་གི་ཡོད། ཉམ་ཐག་ལ་སྙིང་རྗེ་དང་སྡུག་བསྔལ་ལ་ངེས་འབྱུང་མེད་ན་བྱང་ཆུབ་སེམས་དཔའི་གྲལ་དུ་ག་ལ་ཚུད། ལམ་གྱི་གཙོ་བོ་གསུམ་མེད་པའི་སངས་རྒྱས་དང་བྱང་སེམས་བདག་ཉིད་ཆེན་པོ་དེ་གནམ་ལོ་ཡག་ནས་ཀླུ་བྱམས་རྩ་ལ་རྙེད་པ་འདྲ།
མགོ་ནག་བོད་མི་ཡོངས་ཀྱིས་བོད་སྤྱིའི་བདེ་སྡུག་གི་འགན་ཁུར་མི་ཆོག་པ་ཞིག་ཡིན་ན་མ་གཏོགས་༸གོང་ས་མཆོག་གིས་བོད་སྤྱི་ལ་འགན་ཁུར་ལོས་ཆོག བོད་སྤྱི་ལ་འགན་ཁུར་ཆོག་ན་བོད་མི་རིགས་ཤི་ལ་ཉེ་བ་དེ་སྐྱོབ་ཐབས་བྱེད་མི་དགོས་སམ། འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད་ནའང་བོད་མི་ཚང་མ་ཁ་གྲགས་ཆོག་པའི་ཐོབ་ཐང་འདྲ་མཉམ་མེད་དམ། སྲིད་དབང་རྩིས་སྤྲོད་གནང་ནས་བོད་སྤྱི་ལ་ཕན་པའི་བཀའ་མོལ་གནང་མི་ཆོག་ཟེར་བ་དངོས་ལས་ཧ་ལས་དགོས་པའི་བཙན་དབང་གི་སྐད་ཆ་མ་ཡིན་ནམ། ང་ཚོས་ནི་དུས་རྟག་ཏུ་བཀའ་སློབ་གནང་རོགས་བྱེད་ན་བསམ་བསྡད་ཡོད། གང་ཡིན་ཞེ་ན། ཁྱེད་ལྟ་བུ་སྟོང་ཕྲག་གི་བློ་གྲོས་སྡུར་བ་ལས་༸གོང་ས་མཆོག་བཀའ་སློབ་གཅིག་གིས་བློ་སྒོ་ཕྱེ་བའི་ནུས་པ་ཆེ་བ་འདུག །
རྒྱ་གཞུང་གིས་སྒྲུབ་བྱེད་དུ་འགྱུར་ཉེན་ལ་སེམས་ཁྲལ་ཡོད་ན་ཁྱེད་ཚོས་བཙན་བྱོལ་ནང་དུམ་བུ་འགྲོ་བའི་བྱ་སྤྱོད་དེ་རྒྱ་ནག་གིས་བཙན་བྱོལ་སྒྲིག་འཛུགས་གཏོར་བཤིག་གཏོང་བའི་ལག་ཆ་རུ་འགྱུར་བ་ལ་སེམས་ཁྲལ་མེད་པ་ཅི་ཡིན་ནམ།
སེར་བྱེས་ཏྲེ་ཧོར་དགེ་བཤེས་རིན་ཆེན་ནས།