བློ་གྲོས་རབ་བརྟན།
དྲ་ལམ་ནས་ཚོགས་པ་བཞིའི་གསར་འགོད་གསལ་བསྒྲགས་ཤིག་མཐོང་སོང་། གཞོན་ནུ་ཚོགས་པ། བུད་མེད། མང་གཙོ། སློབ་ཕྲུག་ཚོགས་པ་བཅས་རེད། ཁོང་ཚོའི་ཁ་ནས་སྤྱི་འཐུས་ཚོ་འགྲིག་ཐབས་ཟེར་བཞིན། དོན་ལ་བོད་མིའི་སྒྲིག་འཛུགས་འདིའི་བཅའ་ཁྲིམས་རྡོལ་རོལ་བཏང་སྟེ། མ་འོང་པར་གང་དྲན་དྲན་བྱེད་ཆོག་པའི་ལམ་ཁ་བཟོ་བཞིན་འདུག བོད་མིའི་སྒྲིག་འཛུགས་འདི་ག་ལེར་ཉམས་ཏེ། རྒྱ་དམར་གཞུང་ལ་དགོས་པའི་ལས་ཀ་ལ་མངོན་སུམ་དུ་དཔུང་རོགས་བྱེད་ཀྱིན་འདུག་པས། བོད་རྒྱ་ཆེའི་མི་མང་གིས་དེ་རིང་ནས་བཟུང་སྟེ་
ཁོང་ཚོར་དོགས་ཟོན་ངང་ཁ་གཏད་དུ་ལང་དགོས་འཁེལ་སོང་།
ཚོགས་པ་འདི་བཞི་བོ་ལ་བོད་མིའི་སྒྲིག་འཛུགས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས། བོད་མི་མང་བཅས་དོན་ལ་མི་དགོས་པ་གསལ་པོ་གསལ་རྐྱང་ཆགས་སོང་། རུལ་སུངས་དང་དཀྲུག་མཁན། ལྷག་ཏུ་གཏིང་ནས་དཀྲུགས་ཏེ་བོད་མིའི་སྒྲིག་འཛུགས་འདིའི་སྲོག་རྩ་བཅའ་ཁྲིམས་རྡོག་རོལ་ཏུ་བཏང་སྟེ། མ་འོང་བར་བོད་མིའི་སྒྲིག་འཛུགས་འདི་རྩ་བ་འཁེན་ས་མེད་པ་དང་། ཁྲིམས་ཀྱིས་སྟངས་འཛིན་ཅི་ཡང་མེད་པར་གང་དྲན་དྲན་བྱེད་ཆོག་པའི་ལམ་ཁ་བཟོ་བཞིན་པ་འདི་རེད། ལམ་ཁ་དེ་ཚོགས་པ་བཞི་བོ་འདིས་བཟོ་བཞིན་འདུག འདི་ལས་སྡུག་པའི་ལས་ཀ་ཤིག་བཙན་བྱོལ་བོད་མི་ཚོར་བྱེད་རྒྱུ་མེད་ཅིང་།འབྱུང་འགྱུར་འགྲིག་ཐབས་དང་སླར་གསོ་བྱེད་ཐབས་མེད་པའི་གནས་སུ་སྐྱེལ་གྱིན་འདུག འདི་ནི་རྒྱ་དམར་གཞུང་གིས་ལོ་ངོ་དྲུག་ཅུའི་རིང་གཏོར་མ་ཐུབ་པ་དེ་ཚོགས་པ་བཞི་བོས་གཏོར་བཞིན་འདུག བོད་གཞིས་བྱེས་གཉིས་ཀའི་བསམ་བློའི་ཁེན་ས་བཙན་བྱོལ་སྒྲིག་འཛུགས་འདི་ཡིན་པ་དང་། སྒྲིག་འཛུགས་འདི་བཅའ་ཁྲིམས་ལ་བརྟེན་ནས་གནས་ཡོད། བཅའ་ཁྲིམས་རྡོག་རོལ་གཏོང་མཁན་ཚོགས་པ་བཞི་བོ་འདིས། རྒྱ་དམར་གཞུང་ལ་དགོས་པ་སྟེ་བཙན་བྱོལ་སྒྲིག་འཛུགས་རྨང་ནས་གཏོར་བཞིན་འདུག
སུ་དང་སུའི་ཕྱོགས་གཏོགས་ཁྲིམས་མཐུན་དང་། ཁྲིམས་འགལ་ཡིན་མིན་མ་གླེང་བར་འགྲིག་ཐབས་ཟེར་ནས་སྐད་ཆ་བསྐོར་ཏེ། ཁྲིམས་འགལ་མདོ་སྟོད་༼འདི་ནས་ཆོལ་ཁ་དང་ཆོས་བརྒྱུད་སྤྱི་འཐུས་ཞེས་བཤད་མ་དགོས་པར། མདོ་སྟོད་བདམས་ཐོན་སྤྱི་འཐུས་ཟེར་རྒྱུ་ཡིན། མི་ཁོངས་བཤད་ན་མདོ་སྟོད་རྐྱང་ཡིན་པས་སོ།༽བདམས་ཐོན་སྤྱི་འཐུས་ཚོ་དཀར་སར་བཞག་སྟེ། ཁྲིམས་མཐུན་ལུགས་མཐུན་དབུས་གཙང་དང་མདོ་སྨད་སྤྱི་འཐུས་ཚོ་ནག་སར་འདེད་ཀྱིན་འདུག ཁྲིམས་མཐུན་དང་ཁྲིམས་འགལ་བར་ན་འགྲིག་ཐབས་ཟེར་བ་ཞིག་གཏད་ནས་ཡོང་མི་སྲིད་དེ། ཁྲིམས་འགལ་ལ་ཉེས་ཆད་དང་། ཡང་ན་ཁྲིམས་འགལ་ཚོ་ཁྲིམས་ལྟར་བསྐྱོད་དགོས་པ་ཟློག་ཏུ་མེད་པ་ཞིག་ཡིན་ཡང་། མུ་མཐུད་དུ་མདོ་སྟོད་བདམས་འཐུས་ཚོ་བཅའ་ཁྲིམས་ལྟར་བསྐྱོད་ཀྱི་མིན་ན་མིན་རེད་མ་གཏོགས་དབུས་གཙང་དང་། མདོ་སྨད་སྤྱི་འཐུས་ཚོ་ནམ་ཡང་ཁྲིམས་འགལ་གྱི་ལམ་དུ་བསྐྱོད་མི་སྲིད་ཅིང་། དེ་སྔོན་གྲོས་ཚོགས་ཚོགས་གཙོའི་ལས་ཡུན་མི་གཉིས་ལ་ཕྱེད་ཀ་ཕྱེད་ཀ་བྱས་པའི་ལུགས་སྲོལ་ལྟར། ཐེངས་འདི་ཡང་དེ་མཚུངས་བྱས་ན་འགྲིག་གི་མདོག་མདོག་རེད་དེ། དེ་གཉིས་གཏད་ནས་མི་འདྲ་སྟེ། ཚོགས་གཙོའི་ལས་ཡུན་བགོ་བཤའ་བརྒྱབ་པ་དེ་བཅའ་ཁྲིམས་ན་བཀོད་མེད་པའི་གནད་དོན་ཞིག་ཡིན་དུས་སྐབས་ཐོག་གི་ཐབས་ཤེས་ཤིག་རེད། དེ་བཅའ་ཁྲིམས་ན་གསལ་མེད་དུས་བཅའ་ཁྲིམས་དང་འགལ་ཏེ་ཁྲིམས་འགལ་ཆགས་པའི་གཞི་རྩ་མེད་ཅིང་། ཐེངས་འདིའི་མདོ་སྟོད་བདམས་འཐུས་ཚོ་མཚོན་ན་སྤྱི་མཚུངས་ལྟར། བཅའ་ཁྲིམས་ན་ཁ་གསལ་གཏིང་གསལ་ཡིན་པའི་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་བཅའ་ལེན་དགོས་པ་དེ་རེད། དེ་ལྟར་མ་བྱས་བས་ཁྲིམས་འགལ་རེད། བཅའ་ཁྲིམས་རྡོག་རོལ་ཏུ་བཏང་བ་རེད། བཅའ་ཁྲིམས་ན་མ་གསལ་བ་ཞིག་དང་། བཅའ་ཁྲིམས་ན་གསལ་ཞིང་དེ་རྡོག་རོལ་བཏང་བ་གཉིས་ཀླད་པ་ན་རྩ་ཡོད་མཁན་ཞིག་དང་། བྲང་ཁོག་ན་སྙིང་ཡོད་མཁན་ཞིག་ཡིན་ན་གཅིག་མཚུངས་སུ་ནམ་ཡང་མི་བརྩི་ཁོ་ཐག་རེད།
འཇིག་རྟེན་དཀར་ངོགས་འདི་ནས་མང་གཙོའི་སྤྱི་ཚོགས་ཁྱོན་ཡོངས་ལ་ལྟོས་དང་། ཁྲིམས་དང་སྒྲིག་གཞི་གོང་དུ་བཀུར་ཏེ། སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཐབས་གནང་བཞིན་པ་མ་ཡིན་ནམ།ང་ཚོ་ཡང་མང་གཙོའི་སྤྱི་ཚོགས་ཤིག་ཡིན་སྟབས། དེ་ལྟར་བསྐྱོད་མི་དགོས་པ་གང་ཡིན་ནམ།དཀའ་ངལ་སེལ་ཐབས་ལ་ཁྲིམས་སྒྲིག་གོང་དུ་བཀུར་ཏེ། ལས་དོན་སྒྲུབ་པའི་སྙིང་སྟོབས་དང་ལྷག་བསམ་མེད་ན་མེད་རེད། དེ་ལས་གཞན་པའི་ཐབས་ལམ་འགྲིག་འཇགས་ཟེར་ནས་འཕྲལ་དུ་འགྲོ་ཐབས་འདུག་ཐབས་ཤིག་དང་། ཕུག་ལ་བཙན་བྱོལ་སྒྲིག་འཛུགས་འདིའི་རྩ་བ་བརྟན་པོ་མེད་པར་བཟོ་བཞིན་པའི་གཡོ་ཇུས་གཉིས་ལས། བོད་མིའི་འཐབ་རྩོད་དང་སྒྲིག་འཛུགས་རྒྱུན་གནས་ཀྱི་ཆེད་དུ། བཅའ་ཁྲིམས་གོང་དུ་བཀུར་རྒྱུ་ནི་བཙན་བྱོལ་བོད་མིའི་མདུན་ལམ་ལ་ཐུག་ཡོད་སྟབས། བོད་མི་བྱིང་ནས་བཅའ་ཁྲིམས་གོང་དུ་བཀུར་རྒྱུ་ཡིན་པ་བརྗོད་མེད་རེད།
དོན་ངོ་མ་བོད་མིའི་སྒྲིག་འཛུགས་ལ་ཤ་ཚ་ན། བོད་མི་ཧ་ཅང་གི་མང་པོ་ཞིག་གིས་ཁྲིམས་ཞིབ་ཚོ་འཕོ་འགྱུར་བཏང་བར་སྐད་ག་ཚོད་བརྒྱབ་སོང་། དེ་དུས་ཁྱེད་ཚོའི་མིག་ཞར་ཞིང་རྣ་བ་འོན་པ་རེད། དེ་རིང་འདི་ན་ཁྱོད་ཚོས་གསར་འགོད་གསལ་བསྒྲགས་བྱེད་དོན་འདིའི་རྒྱབ་ན། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་མི་མང་ལ་ཁ་གཏད་གཅོག་མཁན། རྒྱ་དམར་གཞུང་གི་དངུལ་དངོས་ཀྱི་རྗེས་འབྲང་བ། སུ་དང་སུ་ཡོད་མེད་མདུན་ལ་ཐོན་སྟངས་དེས་གསལ་བོ་ཆགས་སོང་། ད་དུང་ཆ་རྐྱེན་དང་རེ་བསྐུལ་ཟེར་ནས། སྲུང་མ་དམར་ནག་གི་མདུན་ནས་མནའ་ཟ་དགོས་ཡོད་ཟེར། སྲུང་མ་དམར་ནག་ལ་དམའ་འབེབས་དང་མཐོང་ཆུང་བྱེད་མཁན་ཚོས། སྲུང་མ་དམར་ནག་གི་མདུན་ནས་མནའ་ཟ་དགོས་ཟེར་ན་དེ་ལས་དགོད་བྲོ་བ་ཞིག་ཡོད་དམ། མ་གཞི་ནས་ཁྲིམས་འགལ་ཚོ་ལྷ་སྲུང་གི་མདུན་ནས་མནའ་ཟས་ཏེ་ཉེས་པ་དག་འགྲོ་བ་ཞིག་མང་གཙོའི་ལེགས་སྦྱང་དུ་ཡེ་ནས་མེད་ཀྱང་། ཁྱོད་ཚོས་གསར་གཏོད་དེས། ཁྲིམས་མཐུན་དང་དྲང་བདེན་ལ་ཕྱོགས་བའི་བོད་རྒྱ་ཆེའི་མི་མང་ཚོ། ཁྱོད་ཚོ་ལྟ་བུས་ནམ་ཡང་མགོ་གཡོ་མགོ་སྐོར་གཏང་མི་ཐུབ་པ་དེ་ཤེས་པར་གྱིས།
ཁྱོད་ཚོས་ཚུལ་མཐུན་མ་ཡིན་པའི་ལས་ཀ་འདི་དག་བྱེད་དགོས་པའི་དམིགས་ཡུལ་ནི་སྲིད་སྐྱོང་གསར་པ་དང་འབྲེལ་བ་ཡོད་སྲིད་དེ། དང་པོ་མདོ་སྟོད་ཕྱོགས་ཀྱི་བདམས་འཐུས་ཚོ་འགྲིག་པ་འདྲ་བོ་ཞིག་བཟོ་ཐུབ་སོང་ན། གཉིས་པ་དེ་སྲིད་སྐྱོང་སྒང་ལ་གོམ་པ་སྤོ་རྒྱུ་རེད། སྲིད་སྐྱོང་གིས་སྤྱི་དོན་སྒྲུབ་པར་འགོག་རྐྱེན་བཟོ་སྲིད་ཅིང་། ཁྱོད་ཅག་ནས་སྲིད་སྐྱོང་ཟུར་བ་བློ་སེང་ལ་ཐུགས་རྗེ་ཆེ་ཞེས་གཟེངས་རྟགས་ཕུལ་ཀྱང་། སྲིད་སྐྱོང་གསར་པར་འཚམས་འདྲི་ཙམ་ཡང་ཞུས་མེད་དོན་ཅི། བཅའ་ཁྲིམས་དང་རྒྱབ་འགལ་བྱེད་མཁན་མདོ་སྟོད་བདམས་འཐུས་ཚོ་འགྲིག་པར་ངོས་ལེན་བྱེད་དགོས་ན། ཁོང་ཚོས་ཁྲིམས་ཞིབ་པ་གསུམ་ལ་ཁག་དཀྲི་བྱེད་བཞིན་ཡོད་དུས། སྲིད་སྐྱོང་གསར་པ་དང་འབྲེལ་བ་མེད་པ་མིན་ལ། སྲིད་སྐྱོང་ལ་རྙོག་དྲ་བཟོ་ས་འཚོལ་གྱི་ཡོད་པ་འང་ཤེས་ཐུབ་ཅིང་། སྲིད་སྐྱོང་གསར་པས་སྤྱི་ཚོགས་མཉམ་ཁྲིད་ཀྱི་ལས་དོན་གོ་བསྡུར་ལ་ཚོགས་པ་བཞི་བོ་མི་འདོད་བཞིན་དུ་བཅར་བའང་བོད་མི་ཚོས་ཤེས་ཡོད།
མཐའ་དོན། རྒྱ་དམར་གཞུང་གི་འདོད་དོན་ལ་ཕྱོགས་པའི་མི་འདི་དག་ལ་ཁྲིམས་དང་སྒྲིག་གཞི་བཤད་པས་མི་ཕན་པ་ཤེས་ཡོད། བཤད་འདོད་པ་གཅིག་རང་ཡོད་པ་ནི། ཚོགས་པ་བཞི་བོའི་མིང་མགོ་ནས་བོད་ཟེར་བའི་མིང་ཚིག་དེ་ངེས་པར་དུ་ལེན་དགོས་ཡོད། རྒྱུ་མཚན་ནི་ཚོགས་པ་བཞི་བོ་འདིའི་བོད་སྤྱི་ལ་ཕན་ལས་གནོད་ཆེ་བས་ཡིན་ལ། ད་ནས་བཟུང་སྟེ། གཞོན་ནུ་ཚོགས་པ། བུད་མེད་ཚོགས་པ། མང་གཙོ་ཚོགས་པ། སློབ་ཕྲུག་ཚོགས་པ་ཞེས་མིང་བསྒྱུར་དགོས། བོད་ཅེས་འབོད་པའི་རིན་ཐང་དེ་ཚོགས་པ་བཞི་བོར་མེད་པས་ཡིན།
No one is above the Charter and No one can Compromise our Charter.
བཅའ་ཁྲིམས་རིན་པོ་ཆེ་དང་འགལ་བའི་སྐད་ཆ་འཆད་མཁན་དེ་དག་སུ་ཡིན་ཡང་། སེམས་གཏིང་ནས་བོད་དང་བོད་མིར་བརྩེ་སེམས་མེད་པ་ཡིན། ཚོགས་པ་བཞིས་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་སྒྲིག་གཞི་གང་ན་གསལ་བའི་སྟེང་ནས་ཇུས་ཏོག་བྱེད་ཀྱི་ཡོད། ཁྱེད་ཚོར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཟེར་བ་ལས། གཞུང་འབྲེལ་གྱི་ལས་དོན་ལ་འབྲེལ་བ་མེད་སྟེང་བཅའ་ཁྲིམས་རིན་པོ་ཆེར་རང་སྣང་གང་དྲན་གྱིས་འགྲེལ་བརྗོད་ཀྱང་བྱ་བའི་དབང་ཚད་རྩ་བ་ནས་མེད། ཁྱེད་ཚོས་སོ་སོའི་ལས་ཀ་བྱེད་པ་ལས་བོད་མིའི་ཁྲིམས་སྒྲིག་ནུས་མེད་དམ་རྩབ་ཧྲལ་བཟོ་རྒྱུའི་དམིགས་ཡུལ་གང་ཡིན་ནམ། མགོ་བདེ་དྲན་འཁྲུལ་ལམ་དངུལ་དངོས་ཀྱི་ཁེ་ཕན་ལ་བསམས་ནས་ལས་ཀ་དེ་ལྟར་བྱེད་ཀྱི་ཡོད་ན་བོད་མིའི་ཞབས་འདྲེན་རེད། ཁྱེད་ཚོས་བྱེད་དགོས་རྒྱུ་དེ། བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་འགལ་མཁན་གྱི་མི་ངན་དེ་ཚོར་ངོ་རྒོལ་དང་སྤྱི་ཚོགས་ནང་སྡིངས་ཆ་སྤྲོད་རྒྱུ་མེད་པའི་ལས་ཀ་བྱེད་དགོས། ཁྱེད་ཚོས་མི་ངན་དེ་རིགས་ཀྱི་ལྟེ་དཔོན་གྲྭ་ཆས་གྱོན་པའི་དབུ་རྒྱན་སྟོབས་རྒྱས་ཟེར་བའི་བཅོལ་ཆུང་དང་དགྲ་བོའི་རྒྱུགས་ཁྱི་རྣམས་ལ་ཁ་གཏད་ལང་དགོས། དེ་རྣམས་རྩ་མེད་བཟོ་ཐུབ་ན་བོད་སྤྱི་པ་ལ་ཕན་པ་རེད། དེ་མིན་ཁྱེད་ཚོས་ད་ལྟའི་བྱེད་སྟངས་འདིས་མ་འོངས་བོད་མིའི་མདུན་ལམ་ལ་མི་ཕན་ནོ།།
རྒྱུ་མཚན་གསལ་བཤད་མེད་པར་ལས་རིན་མཚམས་འཇོག་ཞུས་པའི་གསལ་བསྒྲགས་དེ་མཁྱེན་མཚར་མ་རེད་དམ།
མདོ་སྟོད་དང་ཆོས་ལུགས་སྤྱི་འཐུས་སོགས་ནས་གསན་འཇོག་མེད་པ་ཡིན་ན་དེ་ལྟར་གསལ་དགོས་གནད་ཀྱང་མེད་པས་དེ་མིན་གནས་དོན་གཞན་ལས་ཡིན་སྲིད་པ་ངས་གལ་གནད་ཀྱི་རིམ་འགོད་འགའ་ཤས་ཞུས་ན།
༡༽ ཚོགས་འཐུས་ཁོངས་ནས་ངན་པ་ལག་འབྲེལ་ཡོད་སྲིད་པའི་མི་མང་བསམ་འཆར་དེ་དག་ལག་ཟིན་ནམ་དོག་གཞི་ལས་ནང་ཁུལ་སྤྱི་མཐུན་མེད་པས་ཁ་གྱེལ་ལམ།
༢༽བཅའ་ཁྲིམས་ལྟར་མིན་པའི་ལས་འཆར་ལ་མི་མང་ངོས་ལེན་མེད་པའི་གནད་དོན་ལས་ཡིན་ནམ།
༣༽ཚོགས་སོ་སོའི་ཚོགས་མི་ཁག་ནས་དམིགས་ཡུལ་བཅའ་ཁྲིམས་གཞི་བཟུང་མེད་ཁར་ཚོགས་པ་ནང་ཁུལ་ཡིད་ཆེས་དཀའ་གནས་ལས་ཕྱིར་འཐེན་དགོས་པའི་བསམ་ཚུལ་ལས་མཚམས་འཇོག་ཞུ་དགོས་བྱུང་ཡོད་དམ།
དེ་མིན་རྒྱབ་ཟིན་པའི་མདའ་མོ་ཕྱིོར་སྡུ་དགོས་དོན་མེད་དགོས་མ་རེད་དམ།
བོད་ཀྱི་ལོ་རྒྱུས་ཐོག་གི་རིམ་བརྩེག་གཏིང་ཟབ་སྲིད་གཞུང་༼Deep-State༽རྣམས་ནི།
༡། ཟམ་གདོང་བླ་མ་སོགས་གཙོ་ཡིན་པའི་བོད་ཀྱི་རིམ་བརྩེག་གཏིང་ཟབ་སྲིད་གཞུང་།༼Deep-State༽། ཨ་མེ་རི་ཀ་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཚང་མའི་སྡོད་གནས་རྒྱལ་ས་ཝ་ཤིན་ཏྲོན་མ་རེད། རྒྱ་གར་ན་མཛེས་སྡུག་ལྡན་ཞིང་ཐོན་ཁུངས་ཀྱིས་ཕྱུག་པའི་ས་ཆ་མང་པོ་ཡོད། ཟམ་གདོང་བླ་མ་སྤོ་སྒྱུར་བྱེད་ན་ཡག་པོ་རེད། རྒྱུན་མཐུད་རྡ་རམ་ས་ལ་གནས་སྡོད་བྱེད་ན་བོད་ཀྱི་ཆབ་སྲིད་ཁོར་ཡུག་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་རེད།བསྐྱར་དུ་བརྗོད་རྒྱུ་ཞིག་ནི། དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནང་ལ་བསྟན་འཛིན་སྟག་ལྷ་ཁོ་ན་མ་གཏོགས་མི་སྐྱ་ཚང་མ་ལས་འཁྱུར་ངལ་གསོ་བྱེད་དགོས།
༢། ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གཙོ་ཡིན་པའི་བོད་ཀྱི་རིམ་བརྩེག་གཏིང་ཟབ་སྲིད་གཞུང་།༼Deep-State༽། ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན ༡༩༨༥ ལོར་བོད་དུ་བལྟ་སྐོར་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གནང་སྟེ་ཕེབས། ཨ་མདོ་ན་ཡོད་སྐབས། ཀུན་བདེ་གླིང་གིས་རྒྱལ་བ་རིན་པོ་ཆེ་མཆོག་གི་པར་འགྲེམ་སྤེལ་མི་ཆོག་ཟེར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་སླེབས་པའི་རྗེས་ནས། ཀུན་བདེ་གླིང་སོགས་ཀྱིས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་ས་ཆ་ལུང་ཁུག་དང་འགྲིམ་འགྲུལ་ཧ་ཅང་ཐབས་སྡུག་ཡིན་པའི་ས་ཆ་ལ་གཞིས་འཛུགས་བྱས་པ་རེད།
༣། གདན་འཐུས།༼གདན་སའི་འཐུས་མི། ༽གདན་ས་གསུམ་གྱི་མཁན་པོ་དང་མི་སྐྱ་དཔོན་པོ་སོགས་གཙོ་ཡིན་པའི་བོད་ཀྱི་རིམ་བརྩེག་གཏིང་ཟབ་སྲིད་གཞུང་།༼Deep-State༽། བོད་རྒྱལ་ཁབ་འཚོང་མཁན་ཁོང་ཚོ་རེད། ལྕང་སྐྱ་དཔལ་ལྡན་རྡོ་རྗེ། ༢༠༢༡ལོ་ཟླ༨ཚེས༡༨ཉིན།
ད་ལྟའི་བོད་ཀྱི་དཀའ་རྙོག་གི་གནས་ཚུལ་འདི་དོན་རྐྱེན་ཚབས་ཆེན་མ་རེད། དེ་ལས་ཀྱང་གའལ་ཆེ་བའི་དོན་དག་ཅིག་ནི་ད་ལྟ་ང་ཚོས་བོད་པ་བོད་པའི་སྤྱི་ཚོགས་ལ་བསྒྱུར་ཐབས་དང་རྡོག་རྩ་ཆིག་སྒྲིལ་ཡོང་རྒྱུར་གཙང་སེལ་བྱ་རྒྱུའི་གོ་སྐབས་དམ་འཛིན་བྱ་རྒྱུ་དེ་རེད།
༡། སྤྱི་འཐུས་གྲོས་ཚོགས་དགོས་པ་མ་རེད། གྲོས་ཚོགས་ཀྱི་ཚབ་ལ་རྒྱལ་ཡོངས་ཚོགས་ཆེན་འཛུགས་དགོས། དོན་གཅིག་མིང་གི་རྣམ་གྲངས། གྲོས་ཚོགས་ཀྱི་མིང་གལ་ཆེན་པོ་མ་རེད། ལས་དོན་བསྒྲུབ་མཁན་དང་ལས་འགན་འཁུར་མཁན་འཐུས་མི་གལ་ཆེན་པོ་རེད། ལོ་གཅིག་གི་རྗེས་ནས་གྲོས་ཚོགས་ཀྱི་མིང་བསྐྱར་གསོ་བྱེད་ན་ཡག།
རྒྱལ་ཡོངས་ཚོགས་ཆེན་ལ་འཐུས་མི་༤༥ དགོས་པ་དང་དེས་དེ་སྔའི་སྤྱི་འཐུས་༤༥ཚབ་བྱེད་ཐུབ། འཐུས་མི་༤༥ ས་གནས་ནས་མངག་གཏོང་བྱ་དགོས། འདེམས་བསྐོ་བྱེད་དགོས་པ་མ་རེད།
༢། རྒྱལ་ཡོངས་ཚོགས་ཆེན་འཐུས་མི་༤༥ནང་ཁྲི་ཟུར་སྤྱི་ཟུར་དང་བཀའ་ཟུར་མི་དགོས། གྲྭ་བ་དང་གྲྭ་ལོག་མི་དགོས། ཆོལ་ཁའི་སྐུ་ཚབ་མི་དགོས། བོད་ནས་ཡོང་བའི་འཐུས་མི་བཅུ་ལས་ཡན་ཡོད་མི་ཆོག།
༣།ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གསུམ་ལ་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་ལག་ཁྱེར་དང་ཁྲིམས་ཀྱི་ལས་གཉེར་ལག་ཁྱེར་ཡོད་དགོས།
༤། སྤེན་པ་ཚེ་རིང་ལས་ཁུར་རྩ་དགོངས་བྱེད་ན་ཡག་པོ་རེད། རྒྱལ་ཡོངས་ཚོགས་ཆེན་འཐུས་མི་༤༥ ཡིས་སྲིད་སྐྱོང་གསར་པ་བསྐོ་གཞག་བྱེད་ན་ཡག།
༥།སྲིད་སྐྱོང་གསར་པ་ཁྲི་ཟུར་སྤྱི་ཟུར་དང་དོན་གཅོད་ཟུར་པ་བཀའ་ཟུར་མིན་པ། མི་རབས་གསར་པ་དགོས།
༦། སྲིད་འཛིན་ནི་རྒྱལ་ཁབ་གཅིག་གི་སྤྱི་ཡོངས་མཚོན་བྱེད་སྣང་བརྙན་རེད། སྲིད་འཛིན་གྱི་རིན་པོ་ཆེའི་ཁྲི་ཐོག་ཏུ་བསྡད་པའི་མི་འདི། ངེས་པར་དུ་བསམ་གཞིགས་གསལ་པོ། གཏན་ཚིགས་ཀྱི་རང་བཞིན་ཡོད་པ། འདུ་ཤེས་རྙོག་འཁྲུལ་མེད་པ་དགོས། འབུམ་རམས་པའི་ལག་ཁྱེར་མེད་ན་ཆོག། གཙོ་བོ་བློ་རིག་དྭངངས་ཤིང་གསལ་བ། ལས་ཀའི་ནུས་པ་དང་ལས་ཆོད་ཡོད་དགོས། སྲིད་འཛིན་ཞིག་གི་བཟོ་ལྟ་ངེས་པར་དུ་ཡོད་དགོས།
གཅོད་པ་ཐར་གྱིས་ཕྱི་ལོ་ ༢༠༢༡ཟླ་ ༧ཚེས་ ༢༩ཉིན། ཨ་རིའི་གྲོང་ཁྱེར་ནིག་ཡོག་ནས།
རྒྱ་གར་དང་བལ་ཡུལ་རྒྱལ་ཁབ་གཉིས་དང་དེ་གའི་མི་མང་ང་ཚོ་བོད་གཞུང་དང་བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་རེད། བོད་མི་ཁ་ཤས་ཀྱིས་མི་གཞན་ལ་ཟུར་ཟ་དང་བརྙས་བཅོས་ཐུབ་ཚོད་བྱེད་པའི་བྱ་སྤྱོད་འདི་ཧ་ཅང་ཐབས་རྡུག་པ་དང་མ་རབས་སྡུག་ཆག་རེད། ཁོའམ་ཡང་ན་མོ་བོད་པ་གཙང་མ་མ་རེད་ཟེར་བ་འདི་རྒྱུན་ལྡན་མིན་པའི་སྐད་ཆ་རེད།མི་སེམས་ལ་ཧ་ཅང་ཕོག་གི་རེད། དེང་སྐབས་བོད་པ་དང་ཕྱི་རྒྱལ་བ་གཉེན་སྒྲིག་པའི་མི་མང་པོ་ཡོད། གཏམ་གླེང་དང་སྤྱོད་ཚུལ་ལ་དོ་སྣང་བྱེད་དགོས། ཁ་ནས་ ༧སྤྱི་ནོར་༧ གོང་ས་མཆོག་ཟེར་དགོས་དོན་ཅི་ཡིན། ཁ་ནས་བྱང་ཆུབ་སེམས་དཔའ།ལག་ནས་མ་ཎི་འདྲེན་དོན་འདི་ཅི་ཡིན། མི་ལ་མགོ་སྐོར་གཏོང་བ་དང་རང་གིས་རང་ལ་མགོ་སྐོར་གཏོང་བའི་གོམས་སྲོལ་འདི་ངེས་པར་བཀག་འགོག་བྱེད་དགོས། རྒྱ་མི་བོད་པར་རྫུ་བའི་སྤྱོད་ངན་ནས་ཚུལ་འདི་དབྱེ་བ་འབྱེད་དགོས། གཅོད་པ་ཐར་གྱིས་ཕྱི་ལོ་ ༢༠༢༡ཟླ་ ༨ཚེས་༢༩ཉིན། ཨ་རིའི་གྲོང་ཁྱེར་ནིག་ཡོག་ནས།
བཅའ་ཁྲིམས་ལ་བསམ་བཞིན་དུ་ཁྱད་གསོད་དང་། གཙི་མེད་ཞུ་མཁན། བོད་མིའི་སྒྲིག་འཛུགས་དང་། བོད་རྒྱ་ཆེ་མི་དམངས་ལས། རང་གི་གཉེན་ཉེ་དུ་དང་། བསམ་སྤྱོད་ངན་པ་དང་། ལྟ་ལོག་ཅན་ལ། མཐའ་ཅིག་ཏུ་གཙིགས་ཆེ་བ་བྱེད་མཁན། དགྲ་གཉེན་གོ་ལྡོག་པའི་རྡ་སའི་ཚོགས་པ་(བཙོག་པ་)བཞི་པོ་འདིའི་འགོ་འཛིན་འགོང་པོ་ཇག་ཚོགས་བཞི་པོས། ད་ཆ་མི་དམངས་མདུན་སར་རང་རང་གི་ནག་ཉེས་ཁས་བླངས་ཀྱིས་དགོངས་སེལ་ཞུ་དགོས་པ་དང་། སོ་སོའི་ལས་སྣེ་ལས་འཕྲལ་དུ་དགོངས་པ་ཞུ་དགོས། ལར་ནས། ཕན་ལས་གནོད་ཆེ་བ་ཆོས་ལུགས་ཁག་གི་སྤྱི་འཐུས་གྲྭ་གཟུགས་སྡོད་མ་ཚུགས་དེ་ཚོ་ནི། ༧གོང་ས་བཅུ་གསུམ་པ་ཆེན་པོའི་སྐབས་སུ། ཚ་རོང་དབང་ཕྱུག་རྒྱལ་པོ་དང་ཨ་ཕྲུག་ཚོས་ཕུ་འདེད་ཀྱིས། འབྲས་བློ་གླིང་ནས་གྱེན་ལོག་པ་ལྟེ་བོ། ཚ་ཕྱག་ཕུ་ཕྱག་ཀོང་ཕྱག་གསུམ་དང་། གཞན་ཡང་། གྲྭ་པ་སྡོད་མ་ཚུགས་བསྟན་གཤིགས་པ། བཅོ་ལྔ་རྒྱ་བོ་དང་། ཉག་རེ་རྒྱ་བོ། ཨ་འཇམ་སྣ་ལེབ་ཟེར་བ་ལ་སོགས་པ་བྱུང་འདུག་པས། བསམ་ཞིབ་ཅིག་བྱེད་དུས། ད་ལྟའི་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་། གོ་བོ་བློ་བཟང་ཕན་བདེ་ཟེར་བ་ལ་སོགས་པའི་ཆོས་ལུགས་སྤྱི་འཐུས་འདི་ཚོ། ངོ་མ་སྨོན་ལོག་ཕྱག་མཛོད་དེ་དག་དང་། བསྟན་བཤིགས་པ་ཨ་འཇམ་སྣ་ལེབ་ལ་སོགས་པའི་སྐྱེ་སྤྲུལ་དུ་བཞག་ན་ཤིན་ཏུ་འོས་ཤིང་མཚམས་པ་ཞིག་རེད་མི་འདུག་གམ། ལོ་རྒྱུས་རྒྱས་པ། ཤེས་རབ་དར་རྒྱས་ཀྱིས་བརྩམས་བསྒྲིགས། ཉེ་རབས་བོད་ཀྱི་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ། ཅེས་པའི་སྟོད་ཆའི་ལེའུ་ ༡༡ “བློ་གྲྭའི་གྱེན་ལོག་དོན་རྐྱེན།” ཟེར་བ་བཀླག་ན། འབྲེལ་ཡོད་ཚང་མས། ད་ཆ་ནི། ཆག་སྒོ། དེ་འདྲས་བློ་ཕམ་པ་ལ་ཨང་། ཟེར་རྒྱུ་དང་། ད་ཆ་ང་ཚོས་ངེས་པར་དུ་སྔ་མོའི་ལོ་རྒྱུས་དེ་འདྲ་བྱུང་ཟིན་པ་ལས་ངེས་པར་དུ། བསླབ་བྱ་བླང་དོར་མ་ནོར་བར་གནང་དགོས་འདུག་ཟེར་རྒྱུ་ལས་མ་འདས།། །།
Reply