རིག་འཛིན་རྡོ་རྗེ།
སྤྱི་སྙོམས་དྲང་བདེན་ལ་མོས་པ་ཞིག་གི་ངོས་ནས་འདིར་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ཅུང་ཙམ་མི་གླེང་ཀ་མེད་རེད། ད་ལྟའི་དུས་བབ་དང་ཕྱོགས་ཡོངས་ཀྱི་གནས་སྟངས་གང་མང་ལ་གཞིགས་ན། འབྱུང་ཉེའི་སྲིད་སྐྱོང་ལ་དོན་གྱིས་འཐོབ་དགོས་པའམ་ཐོབ་ན་ཕྱོགས་གང་ཅིར་ཀུན་ནས་ལེགས་ཚོགས་སུ་འགྱུར་ངེས་པར་ཚོགས་ཟུར་སྤེན་པ་ཚེ་རིང་ནི་འོས་བབ་ཆེ་ཤོས་དེ་རེད། དེའི་རྒྱུ་མཚན་ལ་དགོས་མེད་ཀྱི་ཚིག་ཚོགས་མང་བོ་མི་དགོས་པར་དོན་ཚན་བཅུའི་ནང་དུ་ཚིག་ཉུང་དོན་བསྡུས་ཀྱིས་ཞུས་ན་འཐུས།
༡) ཐོག་མར་སྤེན་ཚེ་ལ་བོད་ཀྱི་ཕྱོགས་ནས་གོ་རྟོགས་དང་ངེས་ཤེས་གང་འཚམ་ལྡན་པས། བོད་མིའི་མགོ་ཁྲིད་ཅིག་གིས་རང་གི་བོད་ཀྱི་སྐོར་ལ་ཆ་རྒྱུས་གསལ་རྟོགས་མེད་པའི་འགྲེལ་བཤད་ཡ་མ་ཟུང་དང་རྡོ་ཆག་བཙན་སྒྲིག་ལྟ་བུ་བསྐྱོན་པ་དེ་འདྲ་ནི་ཡོང་ཉེན་གཏན་ནས་མེད།
༢) བོད་དང་བོད་མིར་ལྷག་བསམ་རྣམ་པར་དཀར་བས་བོད་ཀྱི་རྩ་དོན་བསྒྲུབ་པར་ནི། ལན་དགུར་ཆད་ཀྱང་ལན་དགུར་སླར་མཐུད་པའི་དཔེ་ལྟར་གྱི་སྙིང་སྟོབས་དང་སྤོབས་སེམས་མངའ་བས། འགྱེལ་ས་ནས་ཡར་ལངས་ཐུབ་མཁན་གྱི་དཀྱེལ་ཆེ་ཁོང་མཛངས་ཀྱི་ཁྱད་ཆོས་ལྡན།
༣) བོད་མིའི་གོམས་གཤིས་དང་འབྲེལ་བའི་སེམས་ཁམས་ཡོད་པའི་ཁར་བོད་ཀྱི་སྤྱི་དོན་ཆེད་དུ་ཆོད་སེམས་བརྟན་པ་དང་། བོད་མི་ཞིག་གི་ངོས་ནས་རང་གི་སྐད་ཡིག་གི་ཆུ་ཚད་རང་ཆས་སུ་མཐོ། རྒན་བཀུར་གཞན་བསྟུན་གྱི་ཡ་རབས་སྤྱོད་བཟང་ཡང་རང་ཤུགས་ཀྱིས་མངའ།
༤) སྤྱིར་ན་རྒྱ་སྐད་མི་ཤེས་པ་དེ་སྲིད་སྐྱོང་འོས་མི་ཚང་མའི་ཞན་ཆར་གཏོགས་ན་ཡང་། སྤེན་ཚེ་ལ་དབྱིན་ཇི་དང་ཧིན་རྡུའི་ཆུ་ཚད་ནི་འགྲིག་ཐག་ཆོད་འདུག བོད་དང་རྒྱ་དཀར་ནག་གཉིས། དེ་བཞིན་དུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གོ་རྟོགས་ཐད་ནས་ཀྱང་འགྲིག་ཤག་ཤག་རེད།
༥) བོད་མིའི་མགྲིན་ཚབ་པ་ཞིག་གི་འགན་འཁྲིའི་ངོས་ནས་རང་ཉིད་ཀྱི་གློ་སྙིང་བྲང་གསུམ་གཏོད་ས་དེ་གཏན་ནས་ནོར་མེད་ལ། བཀའ་འདྲི་དགོངས་སྐོར་ཞུ་ཡུལ་ཡང་གཏན་ནས་མི་ནོར། མ་འོངས་པར་ཡང་དེ་ལྟར་འགྱུར་མེད་རྟག་བརྟན་ཡིན་ངེས་པར་ཡིད་ཆེས་བཅོལ་ཆོག
༦) གཞུང་དམངས་ཀྱི་སྤྱི་རྫས་དངུལ་དངོས་སོགས་ལྐོག་ཟའི་གླེང་རྙོག་གི་རིགས་ཡེ་ནས་མེད་ལ། ལུགས་མེད་ཁྲིམས་འགལ་ངང་རང་དོན་ཁོག་བཅུག་གིས་༧གོང་ས་མཆོག་དང་། བོད་མི་རིགས་ཀྱི་དད་སེམས་ལ་རྨ་ཁ་བཟོ་མཁན་ཚོར་མཐུན་གྲོགས་བྱེད་དོགས་ནི་ནམ་ཡང་མེད།
༧) དད་སེམས་གཡོ་མེད་དང་། ལངས་ཕྱོགས་བརྟན་པོ། གཞུང་དྲང་ལྷག་བསམ་བཅས་ཀྱི་ངང་ནས་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་ནས་ཞབས་ཞུ་དུས་ཡུན་རིང་བོར་བསྒྲུབས་ཡོད་སྟབས། ཕྱོགས་གང་ཅིར་ཉམས་མྱོང་རིམ་བསགས་ཀྱིས་ཤེས་འཇོན་གྱི་ཆ་རྐྱེན་བཟང་བོ་འཇོམས་ཡོད།
༨) ལྷག་བསམ་སྙིང་སྟོབས་ཀྱིས་བསྐུལ་ཏེ་ལམ་ལུགས་དང་། སྒྲིག་སྲོལ། བཅའ་ཁྲིམས་བཅས་ཀྱི་འབྲུ་དོན་ཇི་བཞིན་དོན་གྱི་དམངས་གཙོ་ལོངས་སུ་སྤྱོད་དགོས་པ་ལྟར། རང་གཞུང་ལ་གོང་བཀུར་ཡི་རངས་ཞུ་བཞིན་དེའི་འགྲོ་ལུགས་རྣམས་བག་ཡོད་ཚུལ་མཐུན་གྱིས་བསྒྲུབ་པར་བྱེད།
༩) རང་ཉིད་ལ་གཞུང་དྲང་ཡིད་ཆེས་ཀྱི་གོམས་གཤིས་མངའ་བ་དེ་བཞིན། ཚུལ་མཐུན་གྱི་བརྒྱུད་རིམ་ལྡན་པའི་ངང་དམངས་གཙོའི་ཁྱད་ནོར་བཅའ་ཁྲིམས་རིན་པོ་ཆེ་གཙུག་ཏུ་བཀུར་ལ། གདེང་སྤོབས་ཆེན་པོས་བྱས་ཉེས་ཁྲིམས་འགལ་རིགས་ཁྲིམས་ཀྱི་མདུན་སར་གཙང་སེལ་བྱེད།
༡༠) རང་དོན་ཁོག་བཅངས་ཀྱིས་མགོ་གཉིས་མ་དང་རྫུན་བཟོས་བདེན་འགྱུར་བྱེད་པའི་མགོ་སྐོར་བསླུ་བྲིད་དེ་མེད་ལ། ས་འོག་དར་འཐག་གི་ཕྱོགས་ཁག་དཔུང་སྒྲིག་བྱེད་པའི་གྲིབ་མ་ཙམ་ཡང་མི་སྣང་། བདེན་དོན་གྱི་ཆེད་དུ་མགོ་བོ་མི་སྒུར་བའི་བོད་ཀྱི་མི་སེར་རྣལ་མ་ཞིག་ཡིན།
དེར་བརྟེན། བྱེས་སྡོད་བོད་རིགས་ཚོས་དགོངས་པ་ཆེར་བཞེས་ཀྱིས་འགོ་བའི་ནད་བཞིན་རིང་དུ་སྤོང་དགོས་པའི་ཕྱོགས་འཐེན་ཆོལ་ཞེན་གྱི་ནད་དུག་དང་བྲལ་ནས། དུས་ད་ཐེངས་ཚོགས་ཟུར་སྤེན་པ་ཚེ་རིང་ལ་ལྡན་པའི་ཁོང་གི་ཤེས་ནུས་འཇོན་གསུམ་དེ་དག་བོད་སྤྱི་ལ་ཕན་ཆེད་དུ་གོ་སྐབས་ཕུལ་ན་ལེགས། དེ་མིན་ཕྱིས་འབྱུང་གྱོང་གུན་གྱི་རྐྱེན་ངན་མཇུག་འབྲས་ནི་བོད་སྤྱི་ལ་ཕོག་པར་འགྱུར་ངེས་པ་དང་། གཞན་དུ་ན་རང་རེའི་༧ལྷ་གཅིག་ཕྱག་ན་པད་མོ་མཆོག་གིས་གསུང་བཞིན་པ་ལྟར་གྱི་“ལྷ་ཁང་མེས་འཚིག་ན་འཛུམ་དམུལ་དམུལ། གཏོར་མ་ཁྱིས་འཁྱེར་ན་འཛུམ་དམུལ་དམུལ་”བྱེད་པའི་རིགས་ཅན་གྱི་སྡེ་མང་ནས་མང་དུ་འབྱུང་བར་གདོན་མི་ཟའོ།། ཚོགས་ཟུར་སྤེན་པ་ཚེ་རིང་རྒྱལ་གྱུར་ཅིག །
སྤེན་པ་ཚེ་རིང་ལ་འོས་ནམ་ཡང་མི་འཕེན
༧ཁོ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགོངས་པ་རྒལ་བའི་སྐོར་གསུངས་
མཁན་མང་པོ་འདུག། ཁོ་རང་འདོད་ཅན་ཞིགཡིན་པ་དང། རང་ཁོ་ན་ཡིཇ་བསམ་
མཁན་ཞིག་རེད་འདུག།
འཕགས་དང་མི་འཕགས་མི་འདུག།།་སྤེན་ཚེ་འཕགས་པ་སྙིང་རེད་་རྗེ།
འོས་་ནི་མི་ཐོབ་ཐག་གཅོད་རེད། དྲིལ་བསྒྲིགས་བྱས་པ་དོན་མེད་རེད
ད་ལོ་སྤེན་པ་ཚེ་རིང་ངེས་པར་དུ་ཐོབ་དགོས། སྤེན་པ་ཐོབ་པ་ནི་བདེན་པ་ལ་རྒྱལ་ཁ་གཉིས་པ་དེ་ཐོབ་པ་རེད།
འོས་མི་གཞན་པ་ཚོ་ལས་སྤེན་པ་ཚེ་རིང་འོས་བབ་ཆེ་བ་འདུག བདེན་པ་ཉིད་རྒྱལ་གྱུར་ཅིག སྤེན་པ་ཚེ་རིང་རྒྱལ་གྱུར་རྒྱལ་གྱུར་ཅིག བོད་རྒྱལ་ལོ།། །།
སྤེན་པ་ཚེ་རིང་གིས་རང་གི་སྔོན་གྱི་བོད་སྤྱི་པའི་ལས་དོན་ཞུས་པའི་བྱས་རྗེས་ཕྲན་ཙམ་ཡོད་པ་དེ་ ༢༠༡༦་ལོ་ནས་རྐང་རྗེས་ལག་གསུམ་བྱས་པ་རེད། ཁོས་རང་དོན་ཆེད་གཞུང་གི་ཡིག་ཆ་ལའང་མཐོང་གུས་མེད་པས་རྒྱ་ཁྲོམ་དུ་བསྐྱུར་མ་རེད་པས། བྷེལ་ཀོབ་ནས་བོད་མི་རྒན་པ་ཞིག་གིས་ཁོ་བར་ད་བར་རང་རེའི་༸དབུ་ཁྲིད་མཆོག་གི་མཇལ་ཁ་མ་ཐོབ་པ་ཇི་ཡིན་སྐོར་དྲི་བ་ཞིག་གནང་འདུག་པ་ཁྱེད་འགའ་ཤས་ཀྱི་མཐོང་ནའང་མ་མཐོང་འདྲ་བོ་བྱེད་དུས། གལ་གནད་ཆེ་བ་དེ་སུ་ལ་ཞུས་སམ། མི་ཆོ་མེད་ལ་རེ་བ་ཞུས་ནས་དོན་མི་ཐོབ། དེ་ལས་རང་སེམས་རང་བསྐུལ་གིས་ལེགས་བཅོས་ལས་དོན་ཡོད་པ་རྒྱ་རོ་སྒྲོལ་མ་ལ་འོས་གནང་ཤོག
་་་་་་་་་་་་་ རྒྱ་རོ་སྒྲོལ་མ་ལ་འོས་གནང་ཤོག ་་་་་་་་་་་་་་་་ ཟེར།
ད་ལོ་ཕལ་ཆེར་དངོས་གཞིའི་འོས་ཤོག་འཕེན་མི་དགོས་པ་ཆག་སྲིད།
སྔོན་འགྲོའི་སྐབས་འོས་མི་གཅིག་ལ་བརྒྱ་ཆ་དྲུག་ཅུ་ཐོབ་པའི་རེ་བ་འདུག
ཁ་རྩོད་མ་རྒྱག་དྲ་གྲོགས་ཚོ།
སྔོན་འགྲོ་སྐབས་བརྒྱ་ཆ་དྲུག་ཅུ་ལྷག་སྤེན་པ་ཚེ་རིང་ལ་ཐོབ་པའི་རེ་བ་འདུག་
སྐོུ་སྤེན་ཚེ་མཆོག་སྔོན་འགྲོའི་སྐབས་ནས་བརྒྱ་ཆ་ ༧༠ འོས་ཐོབ་པའི་རེ་བ་ཡོད། འོས་བསྡུའི་ཐོག་འགྲོ་སོང་ཕོན་ཆེ་འགྲོ་མ་དགོས་པར་སྔོན་འགྲོ་རང་ནས་ཐག་གཅོད་ན་བཟང་། སྐལ་བཟང་དང་། ཉི་སྣང་། ཀརྡོ་རབ་འབྱམས་པའི་གསུང་བར་རྒྱབ་སྐྱོར་ཡོད་དོ།
སྐོུ་སྤེན་པ་ཚེ་རིང་ལ་ཡིད་ཆེས་བྱས་ནས་འོས་འཕངས་ན་ད་ལྟའི་བོད་མི་སྒྲིག་འཛུགས་ཀྱི་ཉམས་ཆགས་སུ་ཕྱིན་པས་ཁྲིམས་སྒྲིག་ཁག་སྐྱར་དུ་མང་གཙོའི་ལམ་ལྟར་ནུས་པ་ཐོན་པ་ཞིག་དང་དགའ་མིན་དགའ་མདོག་གི་ད་བར་རང་གི་ཉེ་བོ་དང་གྲོགས་པོ་གྲོགས་མོ་ལ་དོན་གཅོད་འབུལ་བའི་སྲོལ་ངན་པ་རྣམས་དོར་ནས་ལྷར་ཡང་བོད་དོན་ཐབ་རྩོད་ཁ་ཕྱོགས་བརྟེན་པོ་ཞིག་ལ་སྙེགས་ཐུབ་པའི་ཡེད་ཆེས་ཡོད།
རྒྱ་རི་སྒྲོལ་མ་ལ་འོས་བླུགས་ན་འོ་སྟོབས་དང་ཆུ་སྒང་ད་དུང་སྐུ་མདུན་ལ་མཚན་སྨད་ཞུ་མཁན་རྣམས་ལ་རྒྱབ་སྐྱོར་གསར་བ་ཐོབ་ནུས་པའི་བློ་ཟུར་པོར་གནས་ནས་འོས་བླུགས་དགོས།
བསོད་ནམ་སྟོབས་རྒྱལ་ལགས་ཀྱི་གོང་ལ་དངོས་ཡོད་གནས་ཚུལ་གང་ཡང་མ་ཤེས་བར་སྐོུ་སྤེན་པ་ཚེ་རིང་ནག་པོ་བཟོ་ཐབ་བྱས་བ་ནི་སྟོང་པ་རང་རེད།སྐོུ་མཆོག་ནས་ད་བར་དྲང་པོ་དྲང་བཞག་ཐོག་ཕྱག་ལས་གནང་བ་ནི་སྨོས་མེད་རེད།་ཞིབ་ཁྲ་མང་པོ་ཞུས་མི་དགོས་པར་ཐ་ན་ཁྲིམས་ཞིབ་ཁང་གི་ཡང་དཀར་འདོན་བྱས་ཡོད།་་x་སེང་གི་་ད་བར་སྤྱི་བའི་སྡེང་ཆ་བེད་སྤྱོད་བྱས་ནས་སྒེར་གྱི་དོན་རྐྱང་རྐྱང་སྒྲུབ་པ་ནི་བོད་མི་རིགས་ཀྱི་སྤྱི་བའི་བསོད་ནམ་ཉམས་པ་རང་རེད། མི་དེ་ངོ་ཚ་མེད་པར་ད་བར་རྙོག་དྲ་རྐྱང་རྐྱང་སློང་ནས་ཕྱིན། དོན་གཅོད་ལས་ཁུངས་ལ་དཔལ་སྐྱིད་་་་དང་དཀོན་མཆོག་གཡག་ལྷ་་་་་་་དམིགས་བསལ་བཞག་པ་་་་་་དེ་ནས་བསྟན་འཛིན་ཉི་མ་ཨ་རི་visa ་ཕུལ་་་་ཤར་གླིང་ལ་དྲུང་ཆེ་གོ་གནས་སྤྲད་ནས་་བུད་མེད་དེ་ཚོ་མཉམ་སྐྱིད་རྒྱབ་མི་མང་གི་ཤེས་ན་བློ་ཕམ་སྐྱེས་ཡུལ་རེད་་་་་་་བོད་ཀྱི་བུད་མེད་ཚོས་གསུམ་པའི་༡༢་ཉིན་བང་ཁོག་མེ་མདའ་ལ་སྟད་ནས་སོ་སོ་ལུང་པའི་ཆེད་ལང་བ་དེ་ལོ་རྒྱུས་གལ་ཆེན་ཡིན་ཡང་་་x་སེང་གི་དེ་བུད་མེད་ཉིན་མོ་བཟོས་ནས་དུས་དྲན་ཉ་ངན་ཞུ་ཡ་ཚབ་བཞེས་ཁྲབ་བཅུག་ནས་གཞིས་ལུང་བོད་མི་སེམས་ལ་རྨ་ཁ་བཟོ་བ་ཚང་མ་ཁོ་རང་ཤི་བའི་རྗེས་མཉམ་དུ་འཁྱེར་དགོས་་་་་མང་པོ་ཞུས་ན་དུས་ཚོད་མདང་མིན་ལ་སོང་འཚམས་འདི་ནས་འཇོག་་་་་་
བཀྲ་སྒྲོལ་ལགས། བསོད་སྟོབས་མ་ཤེས་པ་མ་རེད།་ཁྱེད་རང་ཞེན་ཆེ་བས་སྐྱོན་རེད། ད་དུང་བསམ་ལོ་གཏོང་རྒྱུ་མེད་ན་ང་ལ་ཁྱད་མེད། ཀ་དག་སྤྲུལ་སྐུའི་བུ་མོའི་ཁྱོ་ག་ནས་སྤེན་ཚེ་སྐོར་ངོ་དེབ་ནང་གསལ་བསྒྲགས་བྱས་ཡོད་པ་གཞན་ནས་གོ་སོང། མཐའ་བསྡོམས་དེ་ང་ཚོའི་༌༸དབུ་ཁྲིད་མཆོག་དགོངས་པ་དག་རྒྱུ་དེ་མ་རེད་པས། གཟབ་གཟབ་མ་གནང་ན་ཁྱེད་ཀྱང་དོན་མེད་ཀྱི་ཉེས་དམིགས་བསགས་ཉེན། འདི་ཆོས་ཀྱི་སྐད་ཆ་རེད།།
ཀ་དག་སྤྲུལ་སྐུའི་བུ་མོའི་ཁྱོ་ག་དང་། སྤེན་ཚེ་ལགས་ལ་མི་གསོད་ལག་དམར་ཟེར་རྒྱུ་དེ་ཚོ་ད་ཕར་བཞག་ཤོག