ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་གཙོས་མཉམ་སྦྲེལ་མཐུན་ཚོགས་ཀྱི་་སྐུ་ཚབ་མི་གསུམ་ཞི་བའི་གོམ་བགྲོད་གནང་མཁན་མ་བུ་གསུམ་གྱི་གམ་དུ་ཆེད་བཅར་གྱིས་འཚམས་འདྲི་དང་ཕྱག་ཡིག་འདི་སྤྲད་དེ། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ཆོད་སེམས་ལ་ཡི་རངས་དང་ཁོང་རྣམ་པ་གསུམ་གྱི་ལམ་དབུ་མའི་དགོངས་དོན་དང་མཐུན་པའི་ལས་འགུལ་ལ་རྗེས་སུ་ཡི་རངས་བསྔགས་བརྗོད་དང་འབྲེལ། ལམ་བར་དཀའ་ངལ་གང་འཕྲད་ལ་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱིས་ཉིན་རེར་ལྟ་སྐྱོང་གནང་རྒྱུ་ཡིན་འདུག
ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནི།
༡ དབུས་གཙང་ཆོལ་ཁ།
༢ མདོ་སྟོད་ཆོལ་ཁ།
༣ རྡ་ས་མདོ་སྟོད་ཆོལ་ཁ།
༤ མདོ་སྨད་ཆོལ་ཁ།
༥ དབུ་མའི་ལམ་མི་མང་ལས་འགུལ་ཁང་།
༦ ཆོལ་གསུམ་ཆིག་སྒྲིལ་ཚོགས་པ།
༧ མངའ་རིས་སྤྱི་མཐུན་ཚོགས་པ།
༨ བོད་རྒྱལ་ཡོངས་བཙོན་གྲོལ་ཚོགས་པ།
༩ རྡ་ས་ཆོལ་གསུམ་དྭང་བླང་མི་མང།
༡༠ ཚོང་ཁང་སྐྱིད་སྡུག
༡༡ ཟ་ཁང་སྐྱིད་སྡུག བཅས་ཀྱིས་གྲུབ་པ་ཞིག་རེད་འདུག
དེ་རྣམ་དཔྱོད་ཅན་གྱི་ལས་ཀ་བྱེད་སྟངས་ཤིག་རེད།
ལྟད་མོར་བལྟས་ནས་མ་བསྡད་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ང་ཐུབ་པ་དགའ་བ་ཡིན
ཆ་ཤས་ལེན་པར་དགའ་བསུ་ཡོད། ཐུག་རྗེ་ཆེ།
མི་མང་ན་རོ་མང། ཁོང་གསུམ་ལས་སུ་གང་མེད་ན་དགའ།
ཁོང་གསུམ་ལས་ལྷག་ཡོད་ན་ལས་བཟང་། ལྷག་པར་དུ་་ཁྱེད་ཡོད་ན་རབ་ཡིན
རྡ་སའི་མདོ་སྟོད་ཆོལ་ཁ་ཟེར་བ་དེ་ག་རེ་རེད། དེ་གསལ་བོ་བཟོས་དགོས།
གཏམ་བཟང་རང་རེད། རྗེས་སུ་ཡི་རང་ཡོད།
ཚོགས་སྐྱིད་ཚོས་རོགས་ཆེ་ཟིག་བྱེད་མི་ཐུབ་ན། མི་ཐུབ་སྡོམ་ན་པ་ཁས་ལེན་བྱེད་པ་ལས་གཞོན་ནུ་ལ་རྩིས་སྤྲད་ན་ཡག་པོ་ཡོད་རེད། དེ་མིན་དབུ་མའི་ལམ་ཡིན་ན་ཅིག་ལབ་ནས་རོགས་བྱེད་རྒྱུ་ཡིན་ཞེས་པ་འདི་སྐད་ཆ་བཤད་སྟངས་མ་རེད། གལ་སྲིད་ཚེ་བརྟན་རྡོ་རྗེ་་ཡིས་བོད་རང་བཙན་གྱི་སྐད་ཆ་བཤད་ནས་སོང་ཡོད་ན་ཁྱེད་ཅག་གིས་རོགས་བྱེད་ས་མ་རེད་ལ།
དབྱངས་འཛོམ་ལགས་རྡ་སའི་མདོ་སྟོད་ཆོལ་ཁ་ཟེར་བ་དེ་༧གོང་ས་༧མཆོག་དང་། བོད་གཞུང་གི་བཀའ་རྩི་དང་ལེན་ཞུ་མཁན་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ལས་ཁུངས་ངོ་མ་དེ་ཡིན་ས་རེད། གསལ་པོ་གསལ་རྐྱང་བཟོས་ཡོད།
འདི་ནི་གསར་འགྱུར་ཡག་པོ་ཞིག་རེད། ངས་ནི་རྟག་པར་ཁོང་མ་བུ་གསུམ་བཀྲེས་སྐོམ་གྱིས་མནར་ན་ཅི་ཞིག་བྱེད་གྲབས་ཡོད་དམ། ཡང་ན་ན་ཚ་འདྲ་ཕོགས་པ་ཡིན་ན་ཅི་ཞིག་བྱེད་དགོས་སམ་དྲན་གི་ཡོད། ད་ནི་བློ་བདེ་སོང་། ཚོགས་པ་སྐྱིད་སྡུག་ཁག་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རྒྱལ་ལོ།
ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་མ་བུ་གསུམ་ནི་བོད་མི་རིགས་ཀྱི་ཆེད་དུ་ཧ་ཅང་བློས་བཏོང་ཆེ་བའི་དཔའ་བོ་ཕོ་མོ་ཡིན་པར་སོང་། ཁྱེད་ཚོགས་སྐྱིད་ཀྱི་ཕྱག་རོགས་གནང་བ་དེ་ཡང་བོད་མི་རིགས་ཀྱི་རྩ་དོན་ཁོ་ན་ཡིན་པས་སླར་ཡང་ཐུགས་རྗེ་ཆེ།
འབྲོང་བའི་བུ་ཅན། མདོ་སྟོད་རྒྱ་ཆེ་མི་མང་གི་བློ་གཏོད་ས་དེ་ལྡི་ལི་མདོ་ཁམས་ཆུ་བཞི་སྒང་དྲུག་ཡིན་པ་ལས། རྡ་སའི་མི་ངན་ཁོག་རུལ་ཁ་ཤས་ཀྱི་ཚོགས་པ་དེ་མིན་པ་བསམ་ཡོད་ཚོས་ཤེས་ཤེས་རེད་ལོ།