བོད ལྷ་ཀླུ་གཉན་གསུམ།
གཉིད་ན་གཉིད་ཡུན་རིང་ནས་སད་རྒྱུ་ཞིག་མེད་ན།།
ལྟོགས་ན་ལྟོགས་ནས་ཤི་བའི་ཐབས་ཤེས་ཤིག་ཡོད་ན།།
གཟེར་ན་གཟེར་ནད་འཕོག་ནས་རུལ་རྒྱུ་ཞིག་བྱུང་ན།།
རྒས་ནས་རྒས་ཤིང་འཁོག་པའི་སྡུག་བསྔལ་རང་ཤེས་ན།།
སུ་དང་འགྲོག་ན་ངོ་གཉིས་བྱེད་སྟངས་ཤིག་མེད་ན།།
གང་དང་འཕྲད་ཀྱང་རང་གཞན་གཅིག་པ་ཞིག་བྱུང་ན།།
ཅི་ཞིག་བཤད་ཀྱང་ངོ་ལྐོག་ཕྱི་ནང་ཞིག་མེད་ན།།
རིགས་རུས་དུངས་པ་ཟབ་པའི་འདུ་ཤེས་ཤིག་བྱུང་ན།།
སྨྲ་ཤེས་དོན་གོ་ཟེར་ནས་ཁ་སྟོང་ཞིག་མིན་ན།།
འགྲོ་བའི་བདེ་སྡུག་ཟེར་བ་ཚིག་སྐམ་ཞིག་མིན་ན།།
མ་གྱུར་སེམས་ཅན་གླེང་བ་ལག་ལེན་ཞིག་བྱུང་ན།།
བོད་རིགས་གཙང་མ་ཟེར་དོན་ར་སྤྲོད་ཅིག་བྱུང་ན།།
མི་རིགས་ལོ་རྒྱུས་དགོས་གལ་ཆེ་བ་རང་བདེན་ན།།
དྲང་བདེན་ཞི་བདེ་དགོས་འཁོ་བདེན་པ་རང་ཡིན་ན།།
འཛམ་གླིང་མཐུན་སྒྲིལ་བྱེད་འདོད་བདེན་པ་རང་ཡིན་ན།།
མི་ལུས་སྐྱེ་ཚུལ་ལྟ་སྟངས་གཅིག་པ་རང་ཡིན་ན།།
གཅིག་ངོ་གཅིག་ལ་བརྟེན་པ་ངེས་ཤེས་ཤིག་རྙེད་ན།།
ས་གནམ་གཉིས་ཀྱི་བར་དུ་འཚོ་བ་རང་རྟོགས་ན།།
ཡོད་ཚད་འདི་ལས་མདའ་ས་མེད་པ་རང་ཤེས་ན།།
མི་དང་མི་ལ་མི་བརྟེན་ཐབས་མེད་དེ་ངེས་ན།།
ཚོར་བ་གྱ་མ་གྱུ་མེད་ན།
ཚོར་བ་གྱ་མ་གྱུ་མེད་ན། །
འཁོར་བའི་ཡུལ་དུ་གནས་དོན་མེད། །
ཚོར་བ་གྱ་མ་གྱུ་ཡོད་ཕྱིར། །
དྲ་གྲོགས་འདི་རུ་འཛོམས་པ་རེད། །