གཡུ་སྒང་དགེ་འདུན།
༡༽ གཤིས་བཟང་བཅོས་མའི་གཟུགས་རིས་ཕྱི་རུ་ཐོན།།
གཡོ་སྒྱུ་འདྲེ་མོས་འཕྲུལ་གྱིས་ཟློས་གར་འཁྲབ།།
ཕན་ཚུན་བརྩེ་སེམས་ཕྲ་མའི་དུག་ཆུས་བརླགས།།
མི་ཡུལ་འདི་ན་ལྟད་མོ་སྣ་ཚོགས་ཤིག །
༢༽ དཀྲོག་གཏམ་དུག་གི་ལོ་མ་སྨན་དུ་བསྐྱེད།།
དྲང་བདེན་འོ་མའི་རྒྱ་མཚོ་རྣག་ཏུ་བསམ།།
བཟང་ངན་མགོ་མཇུག་ལོག་པའི་གྲུ་ཁ་ན།།
ཅོལ་ཆུང་ཉི་ཚེའི་རིགས་རྣམས་ཡ་ངའི་གནས།།
༣༽ རང་བསྟོད་རང་རློམ་ཆེ་བའི་སྤྱི་ཚོགས་འདིར།།
ངས་ཤེས་ངས་འཇོན་གཏམ་གྱིས་རི་ལུང་བཀང་།།
བསམ་མེད་བྱིས་བློའི་ཁབ་ཀྱི་བུ་ག་ལ།།
བསླུ་བྲིད་སྐུད་པ་བརྒྱུས་པའི་ཚེམ་བཟོ་འགྲིམས།།
༤༽ འདོད་རྔམས་རི་སྤྱང་སྔོན་མོས་འདུར་རྒྱུག་བྱེད།།
གནོད་སེམས་མཆེ་བ་རྣོན་པོ་གྲོགས་ལ་གཙིགས།།
ཡིད་ཆེས་རེ་ཐག་ཆད་པའི་རི་གྲོང་ན།།
གློ་སྙིང་གྲོགས་ཀྱིས་བསླུས་པའི་གཏམ་རྒྱུད་མང་།།
༢༠༡༦ ། ཟླ་ ༥། ཚེས་ ༣༠། ཉིན།
རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཡོད་།