སྤྱན་ཆེན་པོ།
ཚོར་བ་འདི་དམར་རྗེན་རྗེན་ངང
གཡུལ་ས་ནས་ཕམ་པའི་འཐབ་མོ་བ་བཞིན
རྒྱང་རིང་རྒྱང་རིང་ཞིག་ནས་བྱོལ་འདོད་ཀྱང
མི་ཡུལ་འདི་ཧ་ཅང་ཆུང་དྲགས་པ་ཡིན་ནམ
ཚོར་བ་འདི་གཡོལ་ས་ཞིག་གཏན་ནས་མི་འདུག
རྩྭ་ཐང་དང་སྤང་རྒྱན་སྦྲུམ་པའི་ཆར་བ་དག
དྲན་ངོགས་ཀྱི་མེ་ལོང་ངོས་སུ་འཁྱག་སིབ་སིབ་ངང་བབས་པས
ངས་ཚོར་བའི་འཇིག་རྟེན་ལ་ལག་སྙོབ་ཅིག་བྱས་དུས
ཚོར་བའི་ནམ་མཁའ་དང་ཚོར་བའི་ས་གཞི་དག
དགུན་ཁ་ཞིག་གི་གཤོག་པའི་འོག་ན
སྨུག་སྤྲིན་ཞིག་གི་སྡེར་མོའི་འོག་ན
གསོན་སྙིང་གི་སྒྲ་དབྱངས་དང་འགྲོགས་ཏེ་འདར་གྱིན་འདུག
ཞི་འཇམ་གྱི་གསེང་ནས་གཙང་བོ་དེ་བཞུར་སོང
མངོན་ཆུང་གིས་འཕག་པའི་ཚོར་བ་འཁྱག་པོས
མཐར་ཐུག་གི་སྣང་བརྙན་དེའི་སྐེ་རགས་མ་ལྷོད་པར
ཕྱིར་རྟོག་གི་ཁམས་སུ་ལྷོད་བག་ངང་ཉུལ་དུས
འོད་ཀྱིས་ཁེངས་པའི་གཞིས་ཀ་ཞིག་ཡེ་ནས་རྙེད་མ་སོང
༢༠༡༥-༡-༡༩ཉིན།