ལུང་རྟོགས།
མིག་མཐའ་ནས་ལྷུང་བའི་མཆི་མ་རྡོག་ཅིག
སེམས་ཀྱི་ཕྱི་ནང་གི་གསང་བ་ཡོད་ཚད།
ཁྱོད་ཀྱི་ནང་ནས་གཟུགས་བརྙན་བཞིན་མཐོང་བྱུང་།
ཁྱོད་ནི་ཚོར་བ་བཞུས་པའི་ཉིང་ཁུ་ཞིག་ཡིན་པས།
ཁྱོད་ཀྱིས་བཞག་པའི་བག་ཆགས་ཡང་སྤྱིར་བཏང་ཞིག་ག་ལ་ཡིན།
ཁྱོད་ནི་ཨ་རག་ཤེལ་ཕོར་གང་དང་འདྲ་བས།
བདག་གི་སེམས་པ་འདི་ཡོངས་སུ་བཟི་བར་བྱས།
བརྗིད་ཏིག་ཏིག་གི་གོམ་ཁ་རེ་རེ་བཞིན་མདུན་ཕྱོགས་སུ་བསྒྱུར་ཡང་།
བརྗེད་མི་ཐུབ་པའི་ཚོར་འདུ་ཟབ་མོ་ཞིག་གིས་འཁྱར་འཁྱོར་དུ་གྱུར།
ལོ་ཆུང་རྩ་རྒྱུས་ཞིག་གི་འབྲི་རྒྱུ་འདྲ་ཞིག་བྲིས་ཡོད་ཀི། ཡུམ་ཅིག་སྙན་གི་ན། མི་སྙན་གི། སེམས་ཤུགས་བཅག་ནི་མིན། སེམས་ཤུགས་འཕེལ་ཆེད་དུ་དྲང་བཤད་བྱས་ཡིན། ཧ་ཧ་།
སྙན་གི
མུ་མཐུད་ནས་བྲིས། བྲིས་དང་ཡར་རྒྱས་ཡོང་ནི་རེད།
མིག་དེ་འདྲ་བལྟས་བྱུང་ན་ངོ་མ་ཁག་པོ་བཟོ་ལེ་རེད་ད་ཨ་རོགས་ཚོ། །
དྲ་གྲོགས་རྣམ་པས་དྲང་ལྡོག་གཉིས་ཆར་ནས་དགོངས་ཚུལ་གསུང་པ་ཡག་བྱུང་།