གཅན་འོད་འབར།
མེ་ཏོག་དང་གཡུ་སྦྲང།
མེ་ཏོག་གི་འདབ་མ་འཐོར་ཤུལ་དུ།
གཡུ་སྦྲང་གི་གླུ་སྒྲ་འཇགས་སོང།
སུས་ཀྱང་གླེང་མ་མྱོང་བ་ནི།
མེ་ཏོག་དང་གཡུ་སྦྲང་གི་གཏམ་རྒྱུད་ཡིན་ལ།
གང་གིས་ཀྱང་སེམས་མ་མྱོང་བ་ཡང།
གཡུ་སྦྲང་དང་མེ་ཏོག་གི་ལས་དབང་རེད།
༢༠༡༢།༡༠།༢༣
སྐར་མ་འོད་ཆེན།
ཤུགས་ཀྱིས་འཚེར་བའི་སྐར་མ་འོད་ཆེན་རེ་རེ།
མཐོ་སྒང་གི་མཁའ་དབྱིངས་ནས་གཏན་དུ་ཡལ་སོང།
རྒྱང་རིང་གི་སྐར་ཚོགས་ལ་མྱ་ངན་གྱི་མིག་ཆུ་མེད་དོན་ཅི་ཡིན།
ཐག་རིང་གི་ཟླ་བ་ལ་སྐྱོ་གདུང་གི་གྲགས་འགུལ་མེད་དོན་གང་རེད།
ཟླ་བ་དང་སྐར་ཚོགས་ཀྱི་ལྷིང་འཇགས་འདིས།
དོན་དམ་པས་སྐད་ཆ་ཅི་ཞིག་ཤོད་ཀྱིན་པ་ཤེས་མ་སོང་ལ།
དོན་དམ་པས་གསང་བ་གང་ཞིག་སྦ་བཞིན་པ་ཡང་རྟོགས་མ་བྱུང།
དངོས་ནས་རྟོགས་མ་བྱུང།
ང་ཡི་མིག་གོང་ན་འཚེར་བའི་སྐར་མ་འོད་ཆེན།
ང་ཡི་སེམས་ཁོང་ན་འབར་བའི་སྐར་མ་འོད་ཆེན།
སྐད་ཆས་འགྲེལ་མི་ཐུབ་པའི་ན་ཟུག་གི་ཕུང་བོ་འདི།
བདེ་བར་གཟིམས་པའི་ཉེ་འཁོར་ཀྱི་སྤྱང་ཚོགས་འདིས་ཚོར་མི་སྲིད་ལ།
སྐད་ཅོར་རྒྱག་པའི་ཐག་རིང་གི་ཁྱི་ཚོགས་དེས་ཀྱང་ཤེས་མི་ངེས།
༢༠༡༢།༡༠།༢༤
བོར་བཞིན་པའི་ཁྱོད།
ཁ་བ་བབས་ནས་ལྗང་མྱུག་རྒྱས།
མེ་ཏོག་བཞད་དེ་སྡོང་ལོ་འཐོར།
མི་རབས་འདིའི་དྲན་པའི་ཀློང་ནས་བོར་གྱིན་པའི་ཁྱོད།
མི་ཚོགས་འདིའི་སེམས་པའི་གཏིང་ནས་བརླག་གིན་པའི་ཁྱོད།
ཡང་སྙིང་མུན་ནག་གི་ཁུང་བུ་གང་ཞིག་ཏུ་སྦས་ཡོད།
རྐུ་ལ་ཤོར་དུས་ཀྱི་འདྲ་པར་བདག་མེད་དེ།
ལོ་ཟླ་གང་མང་ཞིག་ལ་ཁེར་རྐྱང་གི་རླུང་བུས་བསེད་ཅིང།
དུས་ཚིགས་གྲངས་མེད་ཅིག་ལ་མྱ་ངན་གྱི་ཉི་མས་བསྲེགས་རྗེས་ཀྱི་དེ་རིང་།
ཁ་བཏགས་རྙིང་ཧྲུལ་ཞིག་གིས་མཆོད་པ་ལས་མེད་ལ།
པར་སྒྲོམ་ཆུང་ཆུང་ཞིག་གིས་མཛེས་རྒྱན་ལས་བྲལ་བ་དེ་ཡང་།
སུ་ཞིག་གི་མིག་གོང་དང་།
གང་ཞིག་གི་སེམས་ཁོང་ནས་གཏན་དུ་ཡལ་བར་ཐག་མི་རིང།
༢༠༡༢།༡༠།༢༥
གང་དུ་ཡིབ་སོང།
ཐག་རིང་ནས་གྲགས་ཡོང་བའི་འབོད་སྒྲ་དེས།
གྲུ་ཟུར་འདིའི་ནམ་ཟླའི་ངོ་གདོང་གི་ཁ་དོག་བསྒྱུར་ཞིང།
མི་ཚོགས་འདིའི་ཁུ་སིམ་གྱི་མཁའ་དབུགས་དཀྲོགས་ཀྱང་།
རྨི་ལམ་ཁྲོད་ཀྱི་དུས་ཆད་དང།
རེ་སྒུག་ཀློང་གི་ལྷན་འཛོམས་དེ་དག
དུས་ཚོད་ཀྱི་མེ་ལོང་ངོས་ན།
ཐག་རིང་གི་གྲིབ་གཟིགས་ཁོ་ནར་སྣང་དོན་ཅི།
གྲགས་འགུལ་མེད་པའི་མི་ཚོགས་དེ་ཚོ།
ཡང་སྙིང་གང་དུ་ཡིབ་སོང་།
གང་དུ་ཡིབ་སོང།
༢༠༡༢།༡༠།༢༦
རང་མོས་སྙན་ངག་འབྲི་མི་ཤེས། ཡིན་ཡང་དུངས་ཞེན་དབང་གིས་ཐེངས་ཅིག་ཀློག་པ་ཡིན་། ཡིན་ཡང་སྙན་མོ་འདུག་ལ་ཚོར་བ་འདུག།
གཅན་འོད་འབར་ལགས། ལེགས་སོ། འབོར་གྱིན་པའི་ང་དང་གང་དུ་ཡིབ་སོང་བའི་ངས་ཁྱོད་ཀྱི་སྙན་ཚིག་འདི་དག་ལས་དེ་རིང་གི་རང་ཉིད་རྙེད་ཅིང་སང་ཉིན་གྱི་རང་ཉིད་ལའང་ཐོ་འགོད་བྱེད་དགོས་བྱུང་པས་རྗེས་སོར་ཡང་རེ་ལྟོས་བྱའོ།།
གློ་བུར་དུ་སང་སང་གི་ཀི་སྒྲ་རེ་རེ་།
སྟོང་དབྱིངས་ན་ལྷང་ལྷང་གྲག་།
དམར་ནག་གི་མེ་ལྕེ་རེ་རེ་།
ས་ཆེན་ལ་དམ་དུ་ཁྱུད་།
གང་རི་ལ་གས་ཆགས་།
རྩ་་ཐང་ན་བཤུལ་གླུ་།
ཙག་ཙག་།
དང་།
ཤུར་ཤུར་།
གཡུ་སྦྲང་ཟེར་དུས་སྐྱག་པའི་སྟེང་འཁོར་བའི་སྦྲང་བུ་ལྗང་ཁུ་དེ་རང་བློ་ལ་འཆར་གི་འདུག
གཡུ་སྦྲང་ཟེར་དུས་སྐྱག་པའི་སྟེང་འཁོར་བའི་སྦྲང་བུ་ལྗང་ཁུ་དེ་རང་བློ་ལ་ འཆར་གི་འདུག
ཧ་ཧ་ཧ་།
ཕལ་ཆེར་ཁྱེད་ལ་དེ་ཡིན་ངེས་རེད་།
ཚང་མར་ཕེབས་བསུ་ཞུ། ལྷག་པར་དུ་མེ་ཏོག་དཀར་པོ་ཟེར་བ་དེར་ལྷག་ཏུ་་་་་་་་་་་
ངས་མ་རྩོམ་ལ་སྐྱོན་བརྗོད་མེད། ངའི་བློ་ལ་འཆར་ཚུལ་བརྗོད་པ་ཡིན།
གཅན་འོད་འབར་ལགས་ཀྱིས་ཚོར་བས་བྲིས་པའི་སྙན་ངག་དེ་དག་ངོ་མ་ཡག་པོ་འདུག
ཤུགས་ཀྱིས་འཚེར་བའི་སྐར་མ་འོད་ཆེན་རེ་རེ།
མཐོ་སྒང་གི་མཁའ་དབྱིངས་ནས་གཏན་དུ་ཡལ་ཡང།
རྒྱང་རིང་གི་སྐར་ཚོགས་ལ་མྱ་ངན་གྱི་མིག་ཆུ་མེད་དོན་ཅི་ཡིན་ཞེས་དེང་སྐབས་ཀྱི་བོད་ནང་གི་གནས་བབ་མ་བཟོད་པར་འཚོ་བཞུགས་པ་དག་ལ་ལེ་འདེད་དམ་འཁང་སེམས་བཟུང་ཞིང་
ཐག་རིང་གི་ཟླ་བ་ལ་སྐྱོ་གདུང་གི་གྲགས་འགུལ་མེད་དོན་གང་རེད།
ཟླ་བ་དང་སྐར་ཚོགས་ཀྱི་ལྷིང་འཇགས་འདིས།
དོན་དམ་པས་སྐད་ཆ་ཅི་ཞིག་ཤོད་ཀྱིན་པ་ཤེས་མ་སོང་ལ།
དོན་དམ་པས་གསང་བ་གང་ཞིག་སྦ་བཞིན་པ་ཡང་རྟོགས་མ་བྱུང།
དངོས་ནས་རྟོགས་མ་བྱུང།ཞེས་གཞན་དོན་དུ་གཤེགས་ཟིན་པ་དག་དེ་ལྟར་ཚ་ཚ་འུར་འུར་གྱིས་གཤེགས་ཟིན་ཡང་འཚོ་བཞུགས་པ་མང་བོ་ཞིག་ལ་དེ་ཙམ་ཚོར་བ་མེད་པ་ལྟ་བུའི་ངང་ཁ་སང་ལས་དེ་རིང་ལྷོད་ལྷོད་དུ་སྣང་བའི་ངང་ཚུལ་ལས་གང་ཞིག་ལ་དོགས་པ་དང་གང་ཞིག་ལ་ཁོ་ཆད་པའི་མགོ་བོ་གཡུགས་བཞིན
ང་ཡི་མིག་གོང་ན་འཚེར་བའི་སྐར་མ་འོད་ཆེན།
ང་ཡི་སེམས་ཁོང་ན་འབར་བའི་སྐར་མ་འོད་ཆེན།
སྐད་ཆས་འགྲེལ་མི་ཐུབ་པའི་ན་ཟུག་གི་ཕུང་བོ་འདི།
བདེ་བར་གཟིམས་པའི་ཉེ་འཁོར་ཀྱི་སྤྱང་ཚོགས་འདིས་ཚོར་མི་སྲིད་ལ།
སྐད་ཅོར་རྒྱག་པའི་ཐག་རིང་གི་ཁྱི་ཚོགས་དེས་ཀྱང་ཤེས་མི་ངེས།ཅེས་ཁོ་ཆད་ཀྱི་སེམས་པ་ཁེར་རྐྱང་གི་ཚོར་བས་བསྐུལ་བའི་འོག་ནས་བྲིས་པའི་སྙན་ངག་འདི་དག་ངོ་མ་རིན་ཐང་ལྡན་གི། མུ་མཐུད་དུ་འབྲི་རོགས
༢༠༡༢།༡༠།༢༤
མེ་ཏོག་དཀར་པོ་ལགས་གཙོ་བྱས་པའི་རྣམ་པ་ཚང་མར་སླར་ཡར་ཐུགས་རྗེའི་དགའ་བསུ་དང་བཅས་གངས་དཀར་རྒྱལ་སྲས་ལགས་ཀྱིས་ངའི་སྙན་ཐུང་དེར་འགྲེལ་བཤད་གྱ་ནོམ་པ་ཞིག་རྒྱབ་པར་བཀའ་དྲིན་ཆེ་ཟེར་རྒྱུ་ཡིན་ལ། རྗེས་སུ་ཡང་ཤུགས་རྒྱག་གིན་ཡིན།
ཅན་འོད་བར་ལགས་ཀྱི་སྙན་ངག་གིས་གུས་མོའི་ཡིད་དབང་འཕྲོག་སོང་། མུ་མཐུད་དུ་འབྲི་རོགས་གནང་།