རྔ་བ་ཀུན་བཟང་སྒྲོལ་མ།
ངོ་དེབ་ནས་སྐད་ཆ་གང་མང་བཤད་མྱོང་ལ
སྐད་ཆ་ལས་ཁྱོད་ཀྱིས་སྙན་ངག་གི་ལྟ་གྲུབ་བཤད་ཐེངས་རེར་
ངས་གཞི་ནས་ སྙན་ངག་ནི་ཁྱོད་ཀྱི་ཆེ་སྲོག་ཏུ་འཐིམ་ཡོད་པས་
ཚེ་སྲོག་ལས་རྙེད་པའི་སྐད་ཆ་རེ་རེ་
ཁྱོད་ཀྱི་མི་ཚེའི་རིན་ཐང་ཡིན་པས་
ངས་སླར་ཡང་ ཁྱོད་ཀྱི་སྙན་ངག་གི་རི་གྲོང་དུ་
ཆེས་གཉོམ་ལག་མ་རྒྱས་པའི་བྱིའུ་བཞིན་
གཤོག་སྒྲོ་ཐེངས་འགར་བརྐྱངས་མོད་
ཆེས་ཡངས་པའི་སྙན་ངག་གི་གཞིས་ཁྱིམ་ཞིག་ཡེ་ནས་མ་རྙེད་
སྙན་ངག་ལ་དུངས་ཞེན་ལྡན་པའི་ཁྱོད་
བརྩེ་དུངས་མ་ཡིན་པའི་ཞེན་ཆགས་དཀྱུས་མ་ཞིག་གིས་
འཁྲེང་སེམས་དང་སྐྱོ་གདུང་གི་ན་བུན་ཁྱོད་
ཁ་སང་གི་འཁྲེང་ཞེན་དེ་དག་སྐྱོ་གདུང་གིས་རུམ་དུས་
ངའང་ཁྱོད་ཀྱི་གཉོམ་ལག་མ་རྒྱས་པའི་སྙན་ངག་གི་ཐུ་འོག་དེ་ནས་
སྐྱོ་དུངས་དུངས་ཀྱི་མིག་ཆུ་རྡོག་པོ་ཞིག་དང་
འཁྲེང་ཞེན་རྣལ་མ་ཞིག་གི་སེམས་འགྱུ་ཁུར་བཞིན་
ཤུགས་ཀྱིས་འཕུར་ཡང་
བར་སྣང་ཧ་ཅང་ཡངས་པས་
གཤོག་རྩལ་མ་རྒྱས་པའི་ང་ ཅི་འདྲའི་འཕུར་ཤུགས་སྐྱོ་ཨང་
དེ་རིང་ ང་ཕམ་སོང་ ཕམ་སོང་བའི་ང་
བྱེའུ་ཆུང་ངུ་ཞིག་གི་ངང་ཚུལ་དེས་
བཤད་འདོད་པའི་སྐད་ཆ་གང་མང་ཞིག་
ཅི་འདྲར་བཤད་ན་དགའ་ཨང་
ངོ་མ་བཤད་འདོད་པའི་སྐད་ཆ་བམ་བརྩེགས་ཤིག་
མཐའ་ཡངས་བའི་བར་སྣང་ཞིག་ནས་
མི་ཚེ་ལ་རིན་ཐང་ རྟོགས་པའི་ཁྱོད་ཚོ་
སྙིང་གཏམ་ངོ་མ་ཞིག་གི་
ཚེ་སྲོག་རིན་ཆེན་ཞིག་གི་
ཡོད་ཚད་ རིན་ཐང་དེ་རྟོགས་ཟིན་པའི་ཁྱེད་ཚོ་
ངའི་སྙན་ངག་གི་དག་ཞིང་ལ་ཕེབས་དང་
ངས་ཁྱོད་ཚོར་བཤད་དགོས་པའི་སྐད་ཆ་ཧ་ཅང་མང་
༢༠༡༣ ༣ ༡༣ ཉིན་བྲིས།
ཡག་པོ་བྲིས་འདུག་་་་་་་
ཁྱོད་བཤད་ཀི་བྱི་མོའི་ཁ་བདེ་ན།
ང་ཉན་གི་བྱི་ལུའི་སྣ་གཏད་ཡོད།
ཁྱོའི་བྲིས་བ་གསེར་བྲིས་དངུལ་བྲིས་ཡིན་ན།
ངའི་བཀླགས་པ་སྨྲ་དག་ཚིག་དག་ལོས་ཡིན།
དོན་མེད་པའི་ཚིག་གི་རབ་བརྒྱ་ཡས་ན།
ངས་མི་སྐྱུར་སྨྱུག་ཁས་སྨྱོ་བཤད་ཡེད་དགོས།།
ཀུན་གྱི་བློ་ཁ་ཁེངས་པ་སུ་ཡང་མེད།།
བཟང་པོའི་ལས་ཤིག་བྱས་ན་དེ་གས་འགྲིག།
སྒྲོལ་བར་འདོད་པའི་འཁོར་བའི་འདམ་རྙོག་ལས།།
མ་ཡུམ་བོད་ཀྱི་རིག་གཞུང་སྐྱོང་བ་ལེགས།།
སྙན་ངག་གི་ཀློང་ནས་ང་ཚོས་རང་ཉིད་ཀྱི་སེམས་པའི་དུང་སེམས་བརྗོད་ཐུབ་ལ།སྙན་དག་གི་ཀློང་ནས་ང་ཚོས་མེ་ཏོག་ལྟ་བུའི་ཡིད་ཀྱི་མཆོད་པ་ཕྱིར་མངོན་ཐུབ།དེ་ན་ང་ཚོས་སྙན་ངག་འབྲི་བཞིན་སྙན་དག་པ་ལ་སྟོད་གུར་བྱ་ཡ།མོ་ནི་གསར་སྐྱེས་ཀྱི་སྙན་ངག་པའི་ཁྲོད་ནས་དཔྱིད་ཀྱི་ལྗང་སྨྱུག་གི་འབུས་སྟོབས་གཞན་ལས་ཆེ་བ་ཞིག་རེད་ལ།མོའི་སྙན་ངག་འབྲི་རྩལ་ནི་སྔར་ལས་ལྡབ་འགྱུར་གྱིས་མགྱོག་ཅིང་སྙན་འགྱུར་གྱི་རི་མོ་སྔར་ལས་འབུར་དུ་ཐོན་ཡོད་དོ།