གཙང་མེ་ལྕེ།
གཅིག་དགུ་ལྔ་དགུའི་ཡར་སྔོན་གྱི་འབྲོག་མོ་ཟེར་ན
མཁུར་ཚོས་ན་དམར་མདངས་འཚེར་བའི་འབྲོག་མོ་ཞིག་ཡིན་ངེས
ལྗང་སེར་གློ་དམར་གྱི་སྤང་ཁུག་ཅིག་ཏུ་བཞད་པའི་མེ་ཏོག་ཅིག་ཡིན་ངེས
འབྲོག་མོ་གཅིག་གིས ཧི་མ་ལ་ཡི་རི་སྐེད་ནས་ཕ་ཡུལ་ལ་བདེ་མོ་བཞག་རྗེས
ཁོ་མོའི་རྡོག་ལམ་ཞིག་ང་དང་འདྲ་བར་ས་མཐར་སྤོས་བྱུང
དུས་དེ་ནས་བཟུང ཕ་ཡུལ་གྱི་འོ་ཟོམ་འཁྱག་གིས་བསྡམས་རུང
སྦྲ་ནག་དང་ནོར་ནག་གི་བར་ན་མེ་ཏོག་གི་བསླས་པའི་ཞ་མོ
ལུག་ཁྱུ་དང་སྦྲ་ནག་གི་བར་ལ་འཐེན་པའི་མེ་ཏོག་གི་ཕྲེང་བ
ཨ་ཅེ་སུ་ཞིག་གི་སྒེག་ཆོས་སུ་འགྱུར་ཡང
ཁོ་མོ་ང་དང་འདྲ་བར་ས་མཐར་འགྲིམ་བྱུང
ངོ་མི་ཤེས་པ་མང་པོ་མང་པོ་ཞིག་སྔར་ནས་གངས་རི་བརྒལ་ཟིན་ཅིང
ངོ་ཤེས་པ་མང་པོ་མང་པོ་ཞིག་ང་དང་ཇེ་ཉེ་ནས་ཇེ་ཉེར་གྱུར
ཨ་ཅེ་འབྲོག་མོ
ཨ་ཅེ་འབྲོག་མོ་ནི་ཕ་ཡུལ་གྱི་མེ་ཏོག་རྐང་གཅིག་པུ་སྟེ
ང་ལ་མཚོན་ན་གོམས་མཚམས་རེ་རེ་བཞིན་ངལ་གསོ་ཡི་སྟེགས་བུ་རེ་རེ་ཡིན
༢༠༡༥ ༡༠ ༧ ཉིན།