དགེ་འདུན་རབ་གསལ།
ཁ་སང་དེ་རིང་གི་བོད་ཀྱི་གསར་འགྱུར་ཆེ་ཤོས་ནི་ ལོ་འདིའི་ཟླ་ ༡༡ ནང་འཚོགས་འཆར་གྱི་དམིགས་བསལ་ཚོགས་འདུ་དེ་རེད། བོད་ཡིག་ནང་འདི་ལ་དམིགས་བསལ་ཚོགས་ཆེན་ཞེས་བྲིས་འདུག དབྱིན་ཡིག་ནང་ཛ་དྲག་ཚོགས་འདུ་ཞེས་བྲིས་འདུག “དམིགས་བསལ་”ཚོགས་འདུ་ཡིན་པ་དེས་ང་ཚོ་ལ་དངངས་འཚབ་དེ་འདྲ་མི་སྤྲོད་ན་ཡང་། “ཛ་དྲག་ཚོགས་འདུ་”ཞེས་པའི་ཚིག་དེས་དངངས་འཚབ་རེ་མ་སླེབས་རང་སླེབས་རེད། ངེད་ཀྱི་གྲོགས་པོ་ཚོས་ཀྱང་ཁ་པར་བཏང་ནས་ཕན་ཚུན་གླེང་མོལ་བྱེད། “དཀོན་མཆོག་མཁྱེན། ཉེ་ཆར་༧སྐྱབས་མགོན་རིན་པོ་ཆེ་བསྙུང་ནས་སྨན་ཁང་ལ་ཕེབས་པ་དེ་འདི་ལ་འབྲེལ་བ་ཡོད་པ་མ་རེད་དམ།”
“ཡིན་རྒྱུ་མ་རེད། ༧སྐུ་མདུན་གྱི་བསྙུང་གཞི་དྭངས་སྐྱེད་ཀྱིས་བཞུགས་སྒར་དུ་ཕེབས་ཡོད་པ་རེད། ཡིན་ན་ཡང་། སྐུ་མདུན་རིང་མིན་རྒྱ་ནག་ལ་ཕེབས་འཆར་ཡོད་པ་རེད་ཟེར། གཅིག་བྱས་ན་དེ་ནི་ས་ཡོམ་སྐབས་ཤི་བ་ཚོར་སྨོན་ལམ་ཆེད་རེད་ཟེར། དེའི་སྐོར་ལ་ཡིན་ནམ།”
“ད་ལྟའི་རྒྱ་བོད་ཀྱི་གནས་ཚུལ་ལ་བརྟགས་ན་ས་ཡོམ་དེའི་ཆེད་དུ་བོད་དང་རྒྱ་ནག་ལ་ཕེབས་མདོག་ཁ་བོ་མི་འདུག ད་ལོའི་བོད་ནང་གི་གནས་ཚུལ་ཛ་དྲག་བྱུང་བ་དང་། དེ་བཞིན་རྒྱ་མི་ས་ཡ་དང་ས་ཡ་བོད་དུ་གནས་སྤོར་བྱེད་རྒྱུ་རེད་ཟེར་བ་དེ་ཚོ་ལ་ཅི་བྱེད་ཀྱི་ཐད་ཡིན་རྒྱུ་རེད།”
བོད་གཞུང་གི་གསང་བ་དང་མི་མང་གི་ཁ་མིག་ཡར་ལྟ་བྱེད་པའི་རེ་བ་གཉིས་ཁ་མ་འཆམ་ནས་འདི་འདྲའི་གླེང་སློང་ཡོང་། ཏན་ཏན་རེད། ང་ཚོའི་གཞུང་འདི་རང་གི་མི་མང་ལ་གསང་བ་བྱེད་རྒྱུར་དགའ་ལ། ཕྱི་རྒྱལ་མི་ལ་གསང་བ་བཤད་རྒྱུར་དགའ། འདི་ནི་ལོ་ལྔ་བཅུའི་རིང་གི་གོམས་གཤིས་ཤིག་རེད། དེ་བས་མི་མང་ལ་མཚོན་ན་གསང་བ་ལ་ཚོད་བགམ་སྣ་ཚོགས་བྱེད་རྒྱུ་ལས་གཞན་ཐབས་ཤེས་གང་ཡོད། དེས་ན་ངས་ཀྱང་ཚོད་བགམ་འགའ་ཞིག་བྱེད། འདི་ནི་ཐོལ་བྱུང་གི་བསམ་བློ་ཞིག་ལས་ཞིབ་དཔྱད་བྱས་པ་ཞིག་མིན། གང་ལྟར་ཡང་ང་ཚོས་བགྲོ་གླེང་བྱེད་ཆོག་གི་རེད།
www.phayul.com ནས་གོང་གི་པར་འདི་བཤུས་པ་ཡིན།
བོད་གཞུང་འདི་འགྱུར་བ་ལ་ཐུགས་མི་མཉེས་པ་རེད། འདས་པའི་ལོ་བཅུའི་རིང་ལ་མཚོན་ན། རྒྱ་གར་གཞུང་དེ་བྷི་ཇི་པི་ནས་ཀོང་རི་སི་ལ་འགྱུར་བ་རེད། བལ་ཡུལ་གཞུང་དེས་རྒྱལ་པོ་མགོ་རྟིང་སློག་ནས་དམར་པོའི་མགོ་འཁྲིད་སྲིད་བློན་ཆགས་པ་རེད། འབྲུག་གི་རྒྱལ་བརྒྱུད་བརྗེས་ནས་དམངས་གཙོའི་ལམ་ལ་འགྲོ བོད་གཞུང་ནི་དབུ་མའི་ལམ་དང་དབུ་མའི་ལམ་ཡིན། རྒྱ་རི་དང་རྒྱ་རི་ཡིན། འགྱུར་བ་མེད། མ་རེད་དམ། ཉེ་སྔོན་ཡང་བཀའ་བློན་ཁྲི་བ་རྗེས་མའི་འོས་གཞི་རྙེད་དཀའ་ཚུལ་གྱི་སྐད་ཆ་ཞིག་ཡོད་པ་མ་རེད་དམ། ད་དུང་ལོ་ངོ་མང་པོའི་རིང་ལ་དབུ་མའི་ལམ་དང་དབུ་མའི་ལམ། རྒྱ་རི་དང་རྒྱ་རི་བྱས་ནས་སྡོད་གི་རེད། འགྱུར་བ་ཡོང་གི་མ་རེད། གལ་སྲིད་འགྱུར་བ་ཡོང་དགོས་ན། མགོ་རྟིང་སློག་པའི་འགྱུར་བ་ཞིག་ཡོང་དགོས་པ་རེད། ངའི་འདོད་ཐོག་ན་འགྲོ་ན། རྒྱ་རི་ཡང་རྒས་ཡོལ་ལ་སོང་ན་ཆོག རྒྱ་རིའི་ལས་ཁུངས་དེ་ཚོ་ཡང་བོད་གཞུང་ལ་རྩིས་སྤྲོད་བྱས་ན་ཆོག བཀའ་བློན་ཚོ་ཡང་གཞོན་སྐྱེས་ཤ་སྟག་ཡོང་ན་ཆོག རྒྱ་གར་དུ་སྡོད་པའི་བོད་མི་ཡོངས་རྫོགས་རྒྱ་གར་གྱི་མི་སེར་བཟོས་ན་ཆོག བལ་ཡུལ་དང་འབྲུག་ཡུལ་ལ་ཡང་དེ་ལྟར་ཡིན། རྡ་རམ་ས་ལའི་ལས་ཁུངས་མང་པོ་སྒོ་བརྒྱབ་ན་ཆོག ཤེས་རིག་དང་ཆོས་དོན། ཕྱི་དྲིལ་ཙམ་གྱིས་འཐུས་པ་རེད། བོད་གཞུང་གི་སྔོན་རྩིས་ཀྱི་བརྒྱ་ཆ་མང་ཤོས་དེ་བོད་ནང་དུ་ལས་འགུལ་སྤེལ་ཕྱིར་གཏོང་ཨེ་ཐུབ་ལ་བལྟ་ཆོག དབུ་མའི་ལམ་ཞེས་པ་ཡང་འགྱུར་བ་བཏང་ནས་རང་བཙན་ལ་འཇུས་ཆོག ཡིན་ན་ཡང་འགྱུར་བ་འདི་ཚོ་ཨེ་ཡོང་། ཧ་ལམ་མི་ཡོང་བ་ནི་ཐག་གིས་ཆོད། འདིའི་རྒྱུ་མཚན་ནི་ང་ཚོས་ “ཛ་དྲག་”ཟེར་བ་ཙམ་ལས་ཛ་དྲག་གི་ཚོར་བ་སླེབས་པའི་རྐྱེན་དེ་དག་ང་ཚོ་ལ་མེད་པ་རེད། རྒྱ་མིའི་མེ་མདའ་དེ་ཚོ་གངས་ཅན་སྐྱིད་གཤོངས་ན་མེད་ཙང་། ང་ཚོ་ལ་ཛ་དྲག་གི་ཚོར་བ་ཞིག་གང་ནས་ཡོང་། ཛ་དྲག་ཚོར་ན་འགྱུར་བ་གཏོང་དགོས་པ་རེད། མགོ་ལ་མེ་ཤོར་ན་མེ་གསོད་པའི་ཐབས་ཤེས་བྱེད་དགོས་པ་རེད། མ་རེད་དམ།
ཛ་དྲག་དང་དམིགས་བསལ་ཚོགས་འདུ་གཉིས་གང་ཡིན་ཡང་ཁྱད་པར་མིན་འདུག ཡིན་ནའི་མང་ཚོགས་ལ་ཚོགས་འདུའི་ནང་དོན་མི་བཤད་པ་འདི་ཐབས་སྡུག་རེད། ད་སྐུ་དྲག་གི་དུས་ཚོད་མཇུག་རྫོགས་པ་རེད། ཆབ་སྲིད་འདི་ངོ་མ་མི་དམངས་ཀྱི་བདེ་སྡུག་རེད། དེར་བརྟེན་དོན་གྱི་བདག་པོ་མི་དམངས་རྣམས་ལ་ཚོགས་འདུའི་དགོས་པ་དེ་ཤོད་དགོས།
འཛམ་གླིང་ཀུན་ལ་འགྱུར་བ་འགྲོ་བཞིན་ཡོད། མཐའ་ན་འབྲུག་པ་ཀླད་པ་མཁྲེགས་པོ་དེ་ཚོ་ཡང་ད་ཆ་དངོས་ཡོད་དམངས་གཙོའི་སྟེང་ལ་འགྲོ་བཞིན་ཡོད། ཡིན་ནའི་ངེད་ཚོའི་གཞུང་འདིའི་འཛིན་སྐྱོང་བྱེད་མཁན་རྣམས་ད་དུང་ལྐུགས་རྟགས་ཚ་པོ་བྱས་ནས་སྡོད་པ་འདི་ངོ་མ་ཁོང་ཁྲོ་ལངས་དགོས་པའི་རྒྱུ་རེད།
འཚམས་རེ་ཟམ་སྟོང་རིན་པོ་ཆེའི་ཐུགས་ལ་གང་ཤར་གྱི་ཡོད་དམ་སྙམ་གྱི་འདུག ཁོང་མ་མཐར་ཡང་མ་ནི་འདོན་མཁན་ཞིག་རེད། དེར་བརྟེན་མང་ཚོགས་ཀྱི་བདེ་སྡུག་ལ་རྩ་བ་ནས་སེམས་འཁུར་མེད་པ་ནི་ཡིན་གྱི་མ་རེད། སེམས་འཁྲུ་འདུག་ཟེར་བ་ལ་ད་བར་ཁོང་གིས་སྒྲུབ་པའི་བྱ་བ་ཚང་མ་མི་དམངས་ཀྱི་བདེ་སྡུག་ལ་གནོད་པ་ཤ་སྟག་རེད། དཔེ་བཞག་ཆོག
༡ གཞུང་གི་ཚོང་ལས་ཀྱི་ཡོངས་ཁུངས་ཚང་མ་སྒོ་བརྒྱབ་སོང་། མི་མང་པོའི་ལས་ཀ་ཤོར་སོང་། མ་རྩ་མེད་པ་བཟོས་སོང་། སྤྱིའི་རྒྱུ་ནོར་ཞེས་པའི་འདུ་ཤེས་ཤིག་བཞག་ས་མེད་པ་བཟོས་སོང་།
༢ བོད་ཀྱི་སློབ་གསོའི་བྱ་གཞག་ཐོག་མང་ཚོགས་ཀྱི་འདོད་པ་ལ་མཐའ་གཅིག་ཏུ་རྒྱབ་འགལ་བྱས་ནས་ཤེས་ཡོན་སྲིད་བྱུས་ཤིག་བཏོན་སོང་། བོད་མི་བརྒྱ་ཆ་༡༠༠ཐམ་པས་རང་གི་ཕྲུ་གུ་དེ་དེང་དུས་ཀྱི་ཤེས་ཡོན་ཞིག་ཐོབ་ན་བསམ་པ་དང་། འཛམ་གླིང་གི་སྤྱི་སྐད་དབྱིན་ཇི་འདི་ལེགས་པོ་ཞིག་ཤེས་ན་བསམ་གྱི་ཡོད་པ་འདི་དངོས་ཡོད་རེད། ཁོང་གིས་དེ་དག་ལས་འགལ་བའི་སྲིད་ཇུས་ཞིག་བཟོས་ནས་བོད་པའི་ཤེས་ཡོན་དེ་ཉི་མ་འབུད་འགྲོ་སའི་གནས་ཤིག་ཏུ་བསྐྱལ་སོང་།
༣ བོད་ནང་གི་མི་མང་པོ་ཞིག་གི་ཡིག་ངག་གཉིས་ཐོག་ནས་ཡི་གེ་ཕུལ་ནས་རྒྱ་ནག་གཞུང་ལ་ཅུང་མཁྲེགས་ཙམ་བྱེད་དགོས་པ་དང་། བོད་རྒྱ་ཁོངས་ལ་ཡིན་པའི་རྣམ་པ་ད་ལྟ་སྟོན་རྒྱུ་མེད། ངེད་ཚོའི་ལངས་ཕྱོགས་བཙན་པོ་གནང་རོགས་ཅེས་ཐེངས་མང་པོ་ཞུས་པར། ཟམ་སྟོང་ཁོང་གིས། བོད་པ་དེ་ཚོས་ཆམ་སྲིད་ཅི་ཡང་ཤེས་ཀྱི་མ་རེད་ཅེས་པའི་རྣམ་འགྱུར་ཐོག རྒྱ་ནག་ལ་ངོ་དགའ་སྤྲེལ་ལད་ཤ་སྟག་ཁྲབ། བོད་ནང་གི་མི་རྣམས་འུ་ཐུག་ནས་སྲོག་གཅིག་པུ་འདི་འབེན་ལ་བཙུགས་ནས་བོད་པའི་རྣམ་འགྱུར་བསྟན་དགོས་བྱུང་སོང་།
༤ བོད་ནང་གནས་ཚུལ་ཐབས་སྡུག་པོ་འདི་འདྲ་བྱུང་། འཛམ་གླིང་གིས་རྒྱ་ནག་ལ་རྣམ་འགྱུར་བསྟན་པའི་དུས་ལ་སླེབས་དུས་ཡང་ཟམ་སྟོང་ཁོང་གིས་མགོ་བདེ་དྲེན་འཕྲུལ་བྱས་ནས་ཐ་སྙད་འདྲ་མི་འདྲ་བེད་སྤྱད་ནས་མདོར་ན་རྒྱ་ལ་ཁ་གཏད་བཅོག་པའི་གོ་སྐབས་གཅིག་པུ་དེ་མེད་པ་བཟོས་སོང་།
ད་དཀོན་མཆོག་མཁྱེན། ཁྱེད་ངོ་མ་ཡོད་ན། ཁ་སྒྲག་པའི་དུས་ལ་མི་འབབ་སམ། བོད་མི་དམངས་རྣམས་ཀྱི་སྡུག་བསྔལ་བཟོད་པར་དཀའ་བ་འདི་མཐོང་ནས་གོང་གི་བསམ་འཆར་འདི་བྲིས་པ་ཡིན། དེ་མིན་ཟམ་སྟོང་དང་ཇ་ཕོར་བ་གང་གི་འབྲེལ་བ་མེད་ལ། ངེད་གཉིས་ཁྱོད་ཤི་ང་གསོན་ལྟ་བུའི་འཐབ་བརྩོད་འདི་འདྲ་བྱེད་པའི་རྒྱུ་མཚན་ཅི་ཡང་མེད།
བོད་རང་བཙན་ལ་འཇུག་པ་བཞེངས་སོ།
མེ་རི།
དབྱིན་སྐད་དུ་། ཧྥི་རེ་ཊི་བྷེ་ཊི། བོད་སྐད་དུ། བོད་རང་བཙན་། སྲིན་འཛིན་དང་སྲིན་དོན་ལ་མཁས་བ་ཐམས་ཅད་ལ་བརྩེ་བ་ཆེན་པའི་གུས་བར་བྱའོ། སྔོན་གཤེགས་ཆབ་སྲིད་ཕྱོགས་ལ་མངའ་མཛད་དང་། བཀུར་འོས་བོད་མི་ཀུན་ལའང་གུས་བྱས་ཏེ། བོད་རྒྱལ་རང་བཙན་ཐོབ་པར་འཇུག་པ་ནི། ཁ་བརྡ་མདོར་བསྡུས་ནས་ནི་བརྗོད་པར་བྱ། སྔོན་ཆད་མ་གསུང་བ་ཡང་འདི་བརྗོད་མེད། ཆབ་སྲིད་མཁས་བ་བདག་ལ་ཡོད་མིན་ཏེ། དེ་ཕྱིར་བོད་དོན་བསམ་པའང་བདག་ལ་མེད། རང་གིས་གང་བསམ་ཁ་ནས་ངས་འདི་བརྩམས། བོད་རྒྱལ་ཐོབ་ཕྱིར་བདག་གི་སེམས་ཤུགས་ཏེ། ཁ་བརྡ་འདི་མཉམ་རེ་ཞིག་འཕེལ་འགྱུར་ལ། བདག་དང་ཁ་ཐོར་བོད་མི་གཞན་གྱིས་ཀྱང་། ཅི་སྟེ་འདི་དག་མཐོང་ན་བོད་སེམས་འཕེལ། བོད་རིགས་འདི་ལ་སྐྱེས་བར་ཤིན་ཏུ་དཀའ་། བོད་རྒྱལ་རང་བཙན་ཐོབ་པར་གྱུར་བ་ལ། གལ་ཏེ་སྐབས་འདིར་ལས་འགུལ་མ་བརྩམས་ན། ཕྱིེས་སུ་བོད་འདི་རྒྱལ་ཁབ་ག་ལ་འགྱུར། ཇི་ལྟར་འཛམ་གླིང་གཡུལ་འཁྲུག་མང་ས་རུ། གཅིག་གིས་གཅིག་གནོན་བྱེད་པ་ལྟར། དེ་བཞིན་ལོ་རབས་སྟོང་ཕྲག་འདས་ལམ་ལ། འཇིག་རྟེན་ཁམས་འདིར་རྒྱལ་ཁབ་ཐང་འགའ་འབྱུང་། དེ་ལྟར་ལས་འགུལ་ཉམ་ཆུང་ཉིད་ལ་རྟག ཕམ་ཉེས་ཆེན་པོ་ཤིན་ཏུ་མི་བཟད་པ། དེ་ནི་བོད་རྒྱལ་རང་བཙན་ཐོབ་སེམས་མིན། རང་བཙན་གང་གིས་ཟིལ་གྱིས་གནོན་པར་འགྱུར། མི་ལོ་མང་པོར་རང་བཙན་རྩོད་པ་ནི། སྲིད་དོན་མཁན་པོས་འདི་ཉིད་ཕན་པར་གཟིགས། འདི་ནི་བོད་མི་སྐྱེ་བོའི་ཚོགས་རྣམས་ཀྱིས། རང་དབང་རང་བཙན་མྱུར་དུ་ཐོབ་པར་བྱེད། ཆབ་སྲིད་ཐོབ་ཐང་བོད་མིར་ཐོབ་འདོད་ཅིང་། བོད་མིའི་སྡུག་བསྔལ་བསལ་བར་འདོད་པ་དང་། བོད་ཡིག་རིག་གཞུང་གཅེས་བར་འདོད་པས་ཀྱང་། རང་བཙན་སེམས་ཉིད་རྟག་ཏུ་བཏང་མི་བྱ། བོད་རྒྱལ་རང་བཙན་ཐོབ་པར་གྱུར་བ་ན། བོད་མིའི་སྡུག་བསྔལ་ཉམ་ཐག་མེད་པར་འགྱུར།
བོད་རྒྱལ་རང་བཙན་མདོར་བསྡུས་ན། རྣམ་པ་གཉིས་སུ་ཤེས་བྱ་སྟེ། རང་བཙན་སྨོན་པའི་སེམས་དང་ནི། རང་བཙན་འཇུག་པ་ཉིད་ཡིན་ནོ། འགྲོ་བར་འདོད་དང་འགྲོ་བ་ཡི། བྱེ་བྲག་ཇི་ལྟར་ཤེས་བ་ལྟར། དེ་བཞིན་བོད་མིས་འདི་གཉིས་ཀྱི། བྱེ་བྲག་རིམ་བཞིན་ཤེས་པར་བྱ།
ཁྱེད་ཀྱི་ཞི་བ་ལྷའི་ལད་མོ་བྱས་ནས་བོད་རང་བཙན་གྱི་སྐོར་ལ་ྩོམ་འབྲི་བ་དེ་ཡ་མཚན་པོ་འདྲ་འདུག དེ་
ྔོན་ཁང་དཀར་ཚུལ་ཁྲིམས་ལགས་ཀྱིས་ཡོན་ཏན་ཞི་འགྱུར་མ་ལ་དཔེ་བྱས་ནས་ཆབ་སྲིད་ཀྱི་ྩོམ་ཞིག་སྤེལ་ཡོད་ཚོད། ཞིབ་ཕྲ་མཐོང་མ་བྱུང་། དགོད་བྲོ་བོ་ཡོད་ཚོད།
སངས་རྒྱས་བསྟན་པ་མི་ལོ་ཆིག་སྟོང་སུམ་བརྒྱ་སྤེལ་བར་ཟེར། དོན་དངོས་སུ་བོད་མི་ཅི་འདྲ་ཞིག་སངས་རྒྱས་མིན་མི་ཤེས། ཕལ་ཆེར་གཅིག་ཀྱང་མེད་པ་འདྲ། ཡིན་ཀྱང་ཆོས་དང་ཆོས་མིན་པའི་སྲོལ་འདྲ་མིན་མང་བོ་ཞིག་བོད་དུ་དར་འདུག ཆོས་སྐྱོང་ཟེར་བ་ཞིག ཆོས་སྐྱོང་ཡོད་མེད་ང་ཚོས་གསལ་བོ་ཤེས་གི། སྤྲུལ་སྐུ་ཟེར་བ་ཞིག སྤྲུལ་བའི་སྐུ་ཡིན་མིན་ད་དུང་ཤེས་མེད་པ་འདྲ། ད་ང་ཚོས་མགྱོག་པོར་ཤེས་ལེ་རེད། ལོ་རབས་འདི་དག་ལ་བོད་མིས་རིག་པ་ཆོས་ལ་གཏད། བློ་ཆོས་ལ་གཏད། ཡིད་ཆོས་ལ་གཏད། ད་ནི་རིག་པ་དང་བློ། ཡིད། སེམས་ཚང་མ་སྲིད་ལ་གཏད། ཁྱིམ་ཚང་ནང་ཆབ་སྲིད་གླེང་། གྲོགས་པོ་ཚོས་ཆབ་སྲིད་བཤད། སྡེ་བ་དང་གྲོང་། གྲོང་ཁྱེར་ཚང་མ་རུ་ཆབ་སྲིད་གླེང་ན། དུས་ཚོད་ཀྱི་སྔ་གཞིག་མ་གཏོགས བོད་རང་བཙན་ནི་ཐོབ་ངེས་བ་ཞིག་རེད།
མེ་རི་འདི་ངག་སྒོ་ཡངས་པོ་དང་སྤྱོད་འཇུག་གི་ཚིག་དོན་ལ་གོ་བ་ཡག་པོ་ཡོད་པ་ཐག་གིས་ཆོད། དེ་མིན་ན་ཚིག་འདི་འདྲ་མང་པོ་ཞིག་ཁ་བསྒྱུར་ནས་ཤར་རེར་འབྲི་ཁག་པོ་ཡིན་གྱི་རེད། ཁང་དཀར་ཚུལ་བསྐལ་གྱིས་དེ་འདྲ་བྲིས་ཡོད་མེད་ཤེས་མ་བྱུང་། ཆབ་བྲག་ལྷ་མོ་སྐྱབས་ཟེར་བ་དེས་ཤར་གངས་རི་མ་ཟེར་བའི་མགུར་ཁ་བསྒྱུར་བྱས་ནས་ནུབ་གངས་རི་མ་ཟེར་བ་ཞིག་དང་། ལམ་གཙོ་རྣམ་གསུམ་ཁ་བསྒྱུར་ནས་རྩོམ་རིག་གི་ལམ་གཙོ་རྣམ་གསུམ་ཞིག་སོགས་ཁ་བསྒྱུར་བ་མང་པོ་ཞིག་ཁོ་རང་གི་རྩོམ་ཡིག་ཕྱོགས་བསྒྲིགས་དབྱངས་ཅན་སྤྲུལ་པའི་གླེགས་བམ་ཞེས་པ་དེ་ཚོའི་ནང་བཀོད་འདུག
སྐུ་ཚབ་སྔ་ཕྱི་ཚང་མའི་དམིགས་ཡུལ་རྒྱལ་བ་རིན་པོ་ཆེ་རྒྱ་ནག་ཏུ་གདན་འདྲེན་ཞུས་ནས་སྐུ་ངོ་མ་རྒྱ་ནག་གི་མགོ་ཁྲིད་ཚོ་དང་ཐེངས་གཅིག་ཐུག་ཐུབ་ན་ཕན་ཐོགས་ཤིག་ཡོང་གི་བསམ་ནས་དེ་ལ་འབད་ཀྱི་ཡོད་པ་དེ་ཁ་ནས་མ་བཤད་ཀྱང་ཚིག་ཟུར་ནས་ཤེས་ཐུབ་པ་ཞིག་རེད།
ངས་འདུག་སེ་བལྟས་ན་ད་བར་ཀོ་ཐག་༸ཐྲྤཀློད་མཁན་ཚང་མ་སྟོད་པ་བ་༸ཐྲྤཀླད་མེད་དེ་ཚོ་རེད། དེ་ནས་རྒྱལ་བ་རིན་པོ་ཆེ་ལོ་༡༦ ནས་ད་བར་བོད་ཀྱི་དབང་འཛིན་གནང་བ་དེ་ཧ་ཅང་ལོ་ཡུན་རིང་དྲག་པ་རེད། བལྟོས་དང་དེང་སང་བཀའ་བློན་དེ་ཚོ་གཟམ་གདོང་གི་གཡས་སུ་རྒྱལ་བ་རིན་པོ་ཆེའི་གཅེན་པོའི་ནག་མོ་དང་གཡོན་དུ་རྒྱལ་བ་རིན་པོ་ཆེའི་གཅུང་མོའི་ཁྱོ་ག་བཅས་ད་དུང་ཡང་མི་དེ་ཚོ་ལས་གཞན་ལ་ས་ཆ་མེད་པ་བཟོས་ནས་བོད་གཞུང་དབང་འཛིན་བཞིན་པ་རེད། རྒྱ་རི་ནི་རྒྱལ་བ་རིན་པོ་ཆེའི་གཅེན་པོ་རྒྱ་ལོ་དོན་འགྲུབ་ཀྱི་རྒྱུག་ཁྱི་ཡིན་སྟབས་ཁོ་ལ་ས་ཆ་བརྟན་པོ་ཞིག་སྤྲད་པ་རེད་ དེ་འདྲ་གནང་ན་བོད་མི་ཤེས་ཡོན་ཅན་རྣམས་ད་དུང་ཡིད་ཐང་ཆད་རྒྱུ་ལས་གཞན་མེད་པ་རེད་ རབ་གསལཁྱེད་ཀྱི་སྐད་ཆ་ལ་རྒྱབ་སྐྱོར་ཡོད། བོད་རང་བཙན་མི་དགོས་ཟེར་མཁན་དེ་ཚོ་རྒྱ་ནག་གི་རྒྱུག་ཁྱི་ལས་གཞན་གང་ཡང་མ་རེད།
བོད་གཞུང་གིས་མི་མང་རྣམས་མ་ནི་འདོན་ལ་མ་འགྲོ་ན་ཉེས་ཆད། ས་ཞིང་མ་བཏབ་ན་ཉེས་ཆད། སྐུ་ངོའི་བཀའ་སློབ་ཉན་ལ་མ་འགྲོ་ན་ཉེས་ཆད། ངོ་རྒོལ་གནང་སར་མ་འགྲོ་ན་ཉེས་ཆད་བཏང་ནས་གཞིས་ཆགས་མི་མང་རྣམས་མ་རིག་མུན་པར་བཅུག་ཏེ། མཐའ་ན་རྒྱ་གར་གྱི་མི་སེར་རུ་འགྱུར་བར་ཡང་རང་དབང་མེད་པར་བཟོས་ནས་བཙན་བཀག་གནང་བ་ནི་སྨྱོན་པའི་ལས་ཀ་ལས་གཞན་གང་ཡང་མ་རེད།
སྟོད་པ་བ་ཚོས་ཀོ་ཐག་ཀློད་པའི་རྒྱུ་མཚན་ཞིག་བཤད་རོགས་གནང་། བོད་རང་བཙན་མི་དགོས་ཟེར་མཁན་ཞིག་ད་སྔ་ངས་བོད་ཕྱི་ནང་གཉིས་སུ་མཐོང་མ་མྱོང་། དམིགས་ཡུལ་རང་བཙན་མ་བཟུང་བ་དང་རང་བཙན་མི་དགོས་གཉིས་ལ་ཁྱད་པར་ཆེན་པོ་ཡོད་རེད་ཨ་འཛམ་བུ་གླིང་། རང་བཙན་དགོས་དང་ག་རེ་དགོས་མཐའ་མཇུག་བོད་མི་དམངས་ཀྱིས་ཐག་གཅོད་ཀྱི་རེད། དེ་བཙན་བྱོལ་གྱི་བོད་མི་ཉུང་ཤས་ཤིག་ལ་ཐག་གཅོད་པའི་དབང་ཆ་ཡོད་མ་རེད། རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གྱི་རྩ་འཛིན་དུ་གྱུར་བའི་གསུངས་བཤད་གལ་ཆེན་དེ་ཚོའི་ནང་ལའང་མཐའ་མཇུག་གི་ཐག་གཅོད་བོད་མི་དམངས་ལ་ཡོད་ཅེས་གསུངས་ཡོད་པ་རེད། ང་ཚོར་མ་འོངས་པའི་བོད་ཀྱི་མདུན་ལམ་ཐག་གཅོད་པའི་དབང་ཆ་ཡོད་མ་རེད། བཙན་བྱོལ་གཅིག་པོའི་ནང་རང་བཙན་འདེམས་པ་ཡིན་ན་དེ་ལ་རྒྱལ་སྤྱིའི་ཐོག་ངོས་ལེན་བྱེད་ཀྱི་མ་རེད། བོད་ནང་གི་བོད་མི་ཚང་མས་རང་བཙན་གྱི་ལམ་འདེམས་པ་ཡིན་ན་དེ་ལ་རྒྱལ་སྤྱིའི་ཐོག་ངོས་ལེན་མ་བྱས་རང་བྱས་རེད། གཙོ་བོ་ང་ཚོའི་མདུན་གྱི་དྲི་གཞི་ནི་ད་ལྟའི་བོད་ནང་གི་ཛ྄དྲག་གི་གནས་སྟངས་དེ་ཇི་ལྟར་སེལ་དགོས་པ་རེད། ང་ཚོའི་བཙན་བྱོལ་བ་ཚོས་བོད་ནང་ལ་ཕན་པའི་ལས་ཀ་གང་ཞིག་བྱེད་ཐུབ་ཀྱི་རེད། དེ་རེད། གཞན་པ་མང་པོ་གང་ཡོད་མ་རེད།
མི་ཁ་ཤས་ཀྱིས་བོད་དོན་བཤད་ཀྱིན་འདུག རང་བཙན་བཤད་ཀྱིན་འདུག བཤད་བཤད་ནས་ངར་གིན་འདུག ངར་ས་འཆུག་ཐལ། འཆུག་ནས་ལས་འབྲས་གོ་ལྡོག་དང་ཐལ། མིན་ན་དྲིན་ཆེན་ལ་དྲིན་ལོག་དང་གཡང་ལ་རྡོ་ཁ་འདི་འདྲ་འཕེན་དོན་མེད། ང་ཡིན་ན་མེ་རི་དང་འཇམ་གླིང་ཟེར་བ་འདིའི་རིགས་ལ་ཧ་ལས་ཧོན་ཐོར་ཐལ། མི་འདིའི་གྲངས་ལ་ཐབས་ལམ་དང་འཆར་གཞི་སྟོན་ཡ་མེད་པར་རང་བཙན་ཡང་ཆར་བ་ནང་བཞིན་འབབ་ཡ་ཅིག་རེད་འདོད་ཀི་ཡོད་རེད། ངས་བསམས་ན་རང་རེའི་དོན་དག་འགྲུབ་མི་འགྲུབ་ཀྱི་འགན་ཕྱེད་ཀ་ལྷག་གུང་ཁྲན་ལག་པར་ཡོད་རེད། གུང་ཁྲན་གྱིས་སོར་གང་མ་ལྷོད་པའི་འགན་ཐམས་ཅད་མི་ཐོག་གཅིག་བོད་དང་བོད་མིའི་ཆེད་ཕུལ་བའི་མི་རྒན་ཁ་ཤས་ལ་ཁག་འགེལ་བ་འདི་དྲང་བོ་མ་རེད། བོད་མི་སུ་ཡིན་རུང་རང་བཙན་མི་འདོད་མཁན་ཡོད་རབས་མེད། འཇམ་གླིང་གི་སྐད་ཆ་དེས་ང་ལ་ཐེ་ཝན་ཕོགས་གཟན་དང་ཤུགས་ལྡན་རྗེས་འབྲངས་པ་དེ་འདྲའི་བསྐུར་བ་འདེབས་སྟངས་དྲན་གི་བཅུག་སོང་། བཟང་ན་ངན་ན་ཟམ་གདོང་བླ་མ་བཀའ་ཁྲི་ལ་མི་མང་གིས་འདེམས་པ་རེད་ལ་ཁོའི་ལས་རོགས་ཁོ་རང་གིས་འདེམས་པ་དེས་ཡང་དམངས་གཙོའི་འགྲོ་སྟངས་རེད། དེ་འདྲའི་འགྲོ་སྟངས་ཆུང་ཙག་གི་རིགས་ཀྱང་མ་ཤེས་པར་གཏམ་སྦོམ་པོ་བཤད་པ་འདི་ཡག་རྟགས་མ་རེད།
http://it.youtube.com/watch?v=ceuuqcfPC2k&feature=related
ངའི་སྐད་ཆ་དེ་རྒྱལ་བ་རིན་པོ་ཆེ་ལ་ནོར་འདུག་ཟེར་གྱི་མེད་ རྒྱལ་བ་རིན་པོ་ཆེ་ལག་ཆར་སྦད་སྤྱོད་གཏོང་མཁན་དེ་ཚོ་ལ་ཟེར་གྱི་ཡོད་ ལས་ཀ་དུས་ཚོད་ག་དུས་ནས་ནོར་འདུག་གོང་གི་པར་ལ་བལྟོས་དང་ ད་བར་བོད་གཞུང་ལོ་ལྔ་བཅུའི་རིང་སྟོད་པ་བ་གཀའ་བློན་ག་ཚོད་བཀོད་ཡོད་མེད་ལ་བལྟོས་དང་ཧ་གོ་ཡོང་
ཏཱ་ལའི་བླ་མར་རེ་བ་མི་འདུག
མེ་རི།
ཏཱ་ལའི་བླ་མ་ནི་ད་ལྟ་འཛམ་གླིང་ནང་བོད་མི་རིགས་ཀྱི་རང་དབང་བརྩོན་ལེན་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས། བོད་ཁ་བ་གངས་ཅན་གྱི་མཚོན་རྟགས་
གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་ཆར་ཏཱ་ལའི་བླ་མས་ཧྥ་རིན་སུ“ང་ནི་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཞིག་ཡིན”་གསུང་བ་ལྟར། ཏཱ་ལའི་བླ་མའི་གསུང་ནི་བོད་ཀྱི་མ་འོངས་
བའི་ལོ་རྒྱུས་ཡིན་ལ། བོད་ཀྱི་ལོ་རྒྱུས་ལ་བསྒྱུར་བ་གཏོང་ཐུབ་མཁན་གྱི་མི་གཅིག་ཡོད་པ་ནི་ཏཱ་ལའི་བླ་མ་རེད། འདི་ལྟ་བའི་རླབས་ཆེན་གྱི་མི་སྣ་ཞིག་ཏུ་གྱུར་ཟིན་དུས། ཏཱ་ལའི་བླ་མས་མཐོན་པའི་ཁྲི་ལས་བབས་ཏེ་ཆབ་སྲིད་ཐོབ་ཐང་ཆེད་བོད་མི་མཉམ་འཐབ་རྩོད་ལ་དངོས་སུ་ཞུགས་དགོས།
ཏཱ་ལའི་བླ་མས་དབུ་མའི་ལམ་ཞེས་རང་སྲིད་རང་སྐྱོང་གི་ཆབ་སྲིད་ཐོབ་ཐང་རེ་འདོད་བཏོན་པ་ནས་བཟུང་། བོད་ཀྱི་ལོ་རྒྱུས་ལ་སྒྱུར་བ་གཏོང་རྒྱུ་དངོས་སུ་འགོ་
བཙུགས་པ་དང་། ༢༠༠༧་ལོའི་སུམ་ཅུ་དུས་དྲན་གྱི་གསུང་འཕྲིན་ནང་།“ཕྱི་ལོ་༡༩༧༦་ལོར་སྐབས་དེའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་འཐོའི་དབུ་ཁྲིད་དེང་
ཞའོ་ཕིང་གིས་རང་བཙན་མ་རྩོད་ན་གནད་དོན་གཞན་ཡོངས་རྫོགས་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཆོག་རྒྱུའི་གྲོས་འཆར་བཏོན་པ་རང་རེའི་རེ་འདོད་དང་མཐུན་པས་
གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་བྱས་ཤིང་། དེ་ནས་ད་བར་ལོ་༢༨་སོང་རིང་ཐོག་མཐའ་བར་གསུམ་དུ་འགྱུར་བ་ཕྲ་མོ་ཙམ་མེད་པར་ལྷག་བསམ་རྣམ་
དག་གིས་ལས་བསྟར་བྱས་པ་ཡིན།”ཞེས་གསུངས་ཡོད། དེ་བཞིན་བོད་དེ་མ་འོངས་བར་རྒྱ་ནག་གི་ཆ་ཤས་སུ་འགྱུར་བ་དང་། ད་དུང་ཁོང་ནས་“ངོས་རང་རྒྱ་ནག་
གི་མི་སེར་བྱེད་འདོད་ཡོད་་”ཞེས་གསར་འགོད་པར་ལན་འདེབས་བྱས་ཡོད། ད་ནི་བོད་ལ་ཅི་ཞིག་ལྷག་ཡོད་ཅེ་ན། ཏཱ་ལའི་བླ་མས་སྣེ་འཁྲིད་འོག་མང་དོན་མཚུངས་བའི་རང་
སྲིད་རང་སྐྱོང་གི་ཆབ་སྲིད་ཐོབ་ཐང་བརྩོན་ལེན་བྱེད་རྒྱུ་ཉག་ཅིག་ཡིན་མོད། ཏཱ་ལའི་བླ་མའི་ལོ་འདི་དག་གི་མཛད་འཆར་ནི་འཛམ་གླིང་ཞི་བདེ་ཞེས་སངས་རྒྱས་ཆོས་ལུགས་
ཁྱབ་སྤེལ་གནང་རྒྱུ་དེ་རེད། དབུ་མའི་ལམ་ཞེས་བའི་ཆབ་སྲིད་ཀྱི་ཐོབ་ཐང་རེག་རྒྱུ་ཏཱ་ལའི་བླ་མར་རེ་བ་མི་འདུག
ཉེ་ཆར་རླབས་ཆེན་གྱི་ཆབ་སྲིད་ཐོབ་ཐང་བརྩོན་ལེན་མཁན་གཱན་ངྷི་མཆོག་གི་མི་ཚེ་ལོ་རྒྱུས་ཐེངས་གཅིག་ཀློག་དུས། མིག་ནས་མཆི་མ་ཐོན་ཞིང་བྲང་ངོས་ཚ་ལམ་ལམ་
བྱུང་། ཏཱ་ལའི་བླ་མ་ནི་རླབས་ཆེན་གྱི་སྐྱེས་བུ་འདིའི་རྗེས་འབྲངས་བ་ཞིག་ཡིན་ནའང་། ཁོང་གཉིས་ལ་ད་དུང་བར་ཐག་རིང་བོ་ཞིག་ལྷག་ཡོད་པ་ཚོར་ཡོང་། ད་ལྟའི་བོད་ཀྱི་ཛ་
དྲག་གི་གནས་བབ་འདིའི་འོག་ཏཱ་ལའི་བླ་མས་གཱན་ངྷི་ཇི་བཞིན། བོད་མི་མཉམ་དབུ་མའི་ལམ་ཞེས་ཆབ་སྲིད་ཀྱི་ཐོབ་ཐང་བརྩོན་ལེན་ཆེད་འཐབ་རྩོད་ལུས་འགུལ་ཁྲོད་ཞུགས་
འོས་བ་ཞིག་དང་། ཆོས་ཀྱི་དུས་འཁོར་དབང་ཆེན་ནི་གྲངས་གིས་མི་ཟིན་པ་ཙམ་གནང་ཡོད་ལ། ད་ནི་ཆོས་དབང་མིན་པའི་ཆབ་སྲིིད་ཀྱི་དུས་འཁོར་དབང་ཆེན་ཞིག་གི་སྣེ་
ཁྲིད་གནང་དགོས་བར་འདོད་མོད། འདིའི་ཕྱོགས་ལ་ཏཱ་ལའི་བླ་མར་རེ་བ་མི་འདུག
རླབས་ཆེ་བའི་གཱན་ངྷི་མཆོག་ཆབ་སྲིད་ཀྱི་ཐོབ་ཐབ་ཆེད་དུ་རྒྱ་གར་བཙོན་ཁང་ནང་ཉིན་༢༠༨༩་བསྐྱལ་བ་དང་། ལྷོ་ཨ་ཧྥེ་རི་ཁའི་བཙོན་ཁང་ནང་ཉིན་༢༤༩་བཞུགས།
ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་དེ་༡༩༤༧་ལོ་དགུང་ལོ་༧༧་ཐོག་གོམ་བགྲོད་ཀྱིས་ཟླ་༤་ལ་གྲོང་གསེབ་༤༩་ནང་མི་དམངས་ལྷན་དུ་བཞུགས། འདི་ལྟ་བའི་རླབས་ཆེན་གྱི
་མཛད་རྣམ་མང་དག་ཅིག་གིས་། འཛམ་གླིང་ཞི་བདེ་དེད་དཔོན་དུ་འབོད་པའི་ཏ་ལའི་བླ་མ་ནི་གཱན་ངྒི་མཆོག་དང་ཆེས་ཐག་རིང་དུ་ཡོད་པ་ཤེས།
ཏཱ་ལའི་བླ་མའི་ཁ་ནས་དགོས་རྒྱུ་ཚང་མ་སྟེ། ཁོང་གིས་བོད་རང་བཙན་རྩོད་ཀྱི་མེད་པ་དང་རྒྱ་ནག་གི་མི་སེར་བྱེད་རྒྱུ་ཡིན་པ་བཅས་འཛམ་གླིང་ལ་གསལ་བསྒྲགས་བྱེད་དུ་བཅུག་རྗེས། ད་ཡིན་ན་ཁྱོད་ཚོས་ཁོང་གི་དགོས་འདུན་ཇི་བཞིན་དུ་བསྒྲུབ་རྒྱུ་ཕར་ཞོག བོད་ནང་ཁུལ་དུ་ཏཱ་བླའི་མ་ནག་པོ་བཟོ་བའི་གཡོ་ཇུས་བཤམས་བཞིན་ཡོད། ཏཱ་ལའི་བླ་མས་བོད་རང་བཙན་རྩོད་ཀྱི་མིན་ཞེས་གསུངས་པ་མ་གཏོགས། བོད་རང་བཙན་མ་རེད་ཅེས་གསུངས་མེད།
རྒད་པོ་གཡུ་ཚང་གིས་དེ་སྔོན་ཏཱ་ལའི་བླ་མ་ལས་འགུལ་ཁྲོད་དུ་ཞུགས་དགོས་པའི་སྐད་ཆ་བཤད་པ་ལྟར། དགུང་ལོ་ ༧༣ ལ་ཕེབས་པའི་བགྲེས་སོང་ཁོང་ལ་རེ་བ་འདི་དུས་དེ་རིང་མ་གཏོགས་འདོན་རྒྱུ་མ་དྲན་པ་འདི་གད་མོ་ཤོར་རྒྱུ་ཞིག་ལས་མ་འདས།
ཁྱོད་ལ་འདོད་པ་མི་ཁེངས་ས་གསུམ་ཡོད། དེ་ནི་ཏཱ་ལའི་བླ་མ་དང་། ནང་ཆོས། བོད་ཀྱི་སྲོལ་རྒྱུན་རིག་གནས་བཅས་རེད། འདི་གསུམ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ལུས་སེམས་གཉིས་ལ་དབང་སྒྱུར་བྱེད་མི་ཐུབ་པའི་བར་ཆད་གསུམ་རེད། རྒྱ་ནག་གཞུང་གིས་ད་བར་དུ། འཇམ་རྩུབ་ཀྱི་སྲིད་ཇུས་དང་སྒོར་མོའི་བསླུ་བྲིད་བཅས་ཀྱི་ཐབས་ཇུས་ཅི་འདྲ་ཞིག་བཀོལ་རུང་དེ་ལ་ཕམ་ཁ་ལས་མེད་པ་ད་ལོའི་བོད་ནང་གི་ཞི་རྒོལ་གྱིས་ར་སྤྲོད་བཏང་བ་བཞིན་རེད། ཁྱོའི་བསམ་བློའི་རྒྱབ་ན་རྒྱ་གུང་ཁྲན་གྱིས་སོ་སོའི་དགོས་མཁོ་ཁོ་ནའི་ཆེད་དུ་ཡིག་སྒྱུར་བྱས་པའི་མ་ཁི་སི་ཡི་ (Karl Marx 1818 – 1883) ཆོས་དུག་ཏུ་འཛིན་པའི་ལྟ་བ་ཁ་ཤས་འདུག རྒྱ་ནག་གིས་མ་ཁི་སིའི་ཁ་གཏད་པ་ཝེ་སྦིར་གྱི་ (Max Weber 1864 – 1920) དགག་ལན་རྒྱ་ཡིག་ཏུ་བསྒྱུར་མེད། ཁྱོའི་དེང་རབས་ཀྱི་སྐད་ཆ་དེ་ཚོ་ནི་འདི་ལྟར་གཡག་ཞར་གྱིས་རྩ་ཟོས་པ་ལྟ་བུ་ཞིག་ལས་མེད་པས་ལན་འབྲི་རིན་མི་འདུག
ད་ལམ་སྨན་པ་ཚོས་༧རྒྱལ་བ་རིན་པོ་ཆེའི་ཐུགས་ངལ་མ་གསོས་པའི་དབང་གིས་སྙུངས་པ་དང་། ངེས་པར་དུ་སྐུ་ངལ་ཡག་པོ་གསོ་དགོས་ཀྱི་འདུག་ཅེས་ལམ་སྟོན་ནན་ཏན་བྱས་པ་ལྟར་ཆིབས་བསྒྱུར་གལ་ཆེན་ཁག་མང་པོ་ཕྱིར་བསྡུ་གནང་བ་མ་ཟད། ད་དུང་ཡང་སྐུ་ཁམས་དངས་གསལ་བྱུང་ཡག་ཡིན་མིན་སེམས་ཁྲལ་ཆེ་བའི་སྐབས་འདིར། ད་དུང་ཁོང་མི་དམངས་དང་མཉམ་ལས་འགུལ་ལ་ཞུགས་དགོས་ཀྱི་འདུག་ཟེར་ནས་མ་རུང་ཁོག་བཅུག་གིས་ཨུ་ཚུགས་བྱེད་པའི་དམིགས་ཡུལ་གསལ་བོ་རེད།
མདུན་གྱི་བདེན་པ་རི་འདྲ་བོ་དེ་བཞག་ནས་ད་དུང་༧རྒྱལ་བ་རིན་པོ་ཆེས་བོད་དོན་ཐོག་དཀའ་སྡུག་མྱོང་དགོས་ཀྱི་འདུག་ལབ་པ་ནི་ལས་རྒྱུ་འབྲས་རྣ་བས་མ་གོ་མཁན་གྱི་ཕ་མ་ཀླ་ཀློའི་བུ་ཕྲུག་ཀླ་ཀློ་ཞིག་ཡིན་ངེས་ལ། འཇིག་རྟེན་ན་འདི་འདྲའི་མི་ཞེ་ནག་དང་དྲང་པོ་མ་ཡིན་པ་ཞིག་ཀྱང་སྲིད་པ་རེད་དམ། མེ་རོའམ་གནས་ཚང་འདི་ཧ་ལམ་དེ་སྔོན་རྡ་སར་རྒན་བློ་བཟང་དང་ཁོང་གི་དགེ་ཕྲུག་ཚོའི་སྐུ་སྲོག་འཕྲོག་མཁན་ཚོའི་གཅིག་མིན་འགྲོ་བསམ་ནས་དོགས་པ་སྐྱེས། ཁོའི་སྐད་ཆ་ལམ་དབུ་མ་དང་བོད་ཀྱི་ཆབ་སྲིད་ལ་འབྲེལ་བ་མེད་པ་མ་ཟད། མི་འདི་རིགས་ནི་རྩོམ་པ་ཞིག་གིས་ཡ་ལན་སློག་ས་མ་ཡིན་པར་གསང་པའི་ལས་ཁུངས་ཀྱིས་འཚོལ་དགོས་པའི་རིགས་རེད།
དབུ་མའི་ལམ་ལ་འགྱུར་བ་གཏོང་མི་ཆོག་གསུངས་མེད། དེ་ནི་བཀའ་སྤྱི་དང་བོད་མི་རིགས་ཀྱིས་ཐག་གཅོད་དགོས་པ་རེད།
མེ་རོ་གནས་ཚང་ལ་ལན་འདི་རེད།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ།།
ཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།།
མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག།
སྟག་སྨྱོན་གྱིས་བཤད་པ་འདི་ལ་མོས་མཐུན་བརྒྱ་ཆ་བརྒྱ་ཡོད། ཡ་ཆུང་ན་སྙིང་ཞིག་ཡོད་ན་༧རྒྱལ་བ་རིན་པོ་ཆེ་ལ་འདི་འདྲ་བཤད་ཨེ་ཐུབ་བསམས། ད་དུང་སྐབས་སུ་མ་བབ་པའི་སྐད་ཆ་ཞིག་ཀྱང་རེད། གཙོ་བོ་ནི་བོད་གཞུང་གིས་དམིགས་བསལ་ཚོགས་ཆེན་ཞིག་འཚོགས་གཏན་འཁེལ་ཡོད་པ་རེད། ཚོགས་ཆེན་དེ་བརྒྱུད་ནས་འགྱུར་བ་ཞིག་ཡོང་མིན་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སེལ་རྒྱུར་ནུས་པ་ཐོན་མིན། དེ་ཡང་བཙོན་དུ་ཚུད་པ་དེ་ཚོ་གློད་བཀྲོལ་ཡོང་མིན། དམ་དྲག་ཡོད་པ་དེ་ཚོ་གུ་ཡངས་ཡོང་མིན། དེ་ནས་ཆབ་སྲིད་ཀྱི་རྙོག་ཁྲ་རེ་ཞིག་མི་སེལ་ན་ཡང་། སྐད་ཡིག་དང་གོམས་གཤིས། རིག་གཞུང་སོགས་ཐད་འགྱུར་བ་ཞིག་གཏོང་ཨེ་ཐུབ། འདི་ཚོ་ལ་གླེང་སློང་བྱ་ཐུབ་ན་བཟང་།
མེ་རི་དང་འཛམ་གླིང་ཟེར་བ་འདི་གཉིས་ཁ་ཡ་བྱེད་འདོད་པའི་མི་གཉིས་མ་རེད། འདི་གཉིས་ཀྱི་སྐད་ཆ་ཚང་མ་དགའ་མི་དགའ་དང་ཕྲག་དོག་གིས་ཀུན་ནས་བསླངས་པའི་གཏམ་ངན་ཞེ་ཅིག་རེད། ཁ་ནས་བོད་དོན་ཤོད་ཁ་བྱེད་ཀྱི་ཡོད་པ་མ་གཏོགས་ཁོག་པའི་ནང་དུག་རླངས་འཐིབས་བསྡད་ཡོད་པ་གསལ་པོ་རེད། བོད་མི་རྣམས་ཀྱི་བར་དཀྲུག་ཤིང་བྱས། བླ་མ་དང་སློབ་མའི་བར་དཀྲུག་ཤིང་བྱས། བོད་མི་རྣམས་ཀྱི་སེམས་ནང་གི་སངས་རྒྱས་གསོན་པོ་དྲོན་པོ་ཞིག་ལ་དམའ་འབེབས་མཐོང་ཆུང་བྱེད་པ་ནི་བོད་མི་ཡོད་དོ་ཅོག་ལ་དམའ་འབེབས་མཐོང་ཆུང་བྱས་པ་ཞིག་རེད། མིའི་ནང་གི་ཆེས་ཐ་ཤལ་ཞིག་འཚོལ་དགོས་ན་འདི་འདྲ་མ་གཏོགས་མིག་སྟོང་དུ་སྤྲུལ་ནས་འཛམ་གླིང་གང་སར་བཙལ་ཡང་རྙེད་རྒྱུ་ཡོད་མ་རེད། འདི་འདྲའི་རིགས་ལ་མི་གཤིས་ཟེར་བ་དེ་འདྲ་ཡོད་མ་རེད། དེ་ཡིན་ན་ཆབ་སྲིད་ཀྱི་ལངས་ཕྱོགས་ཟེར་བ་ཞིག་ཡོད་མེད་བཤད་མ་དགོས་པ་རེད། བོད་མི་ཚང་མས་ལམ་དབུ་མ་འདེམས་ན། རང་བཙན་ཁ་ལ་ཁྱེར་ནས་བོད་ནང་ཁུལ་དཀྲུག་ཤིང་རྒྱག་གི་རེད། བོད་མི་ཚོས་རང་བཙན་འདེམས་པ་ཡིན་ན་ཡང་མ་འགྲིགས་མ་འཐུས་པ་མང་པོ་ཞིག་བཤད་ནས་དཀྲུག་ཤིང་རྒྱག་གི་རེད། ཁོ་གཉིས་ཀྱི་སེམས་ནང་ན་སངས་ཐབས་མེད་པའི་ཞེ་ནད་ཅིག་ཡོད་པ་འདྲ། ཞེ་ནད་དེ་ཚེ་གང་བོར་སེམས་ནང་ཉར་ནས་འཆི་ཁ་མགོ་ཐུར་དུ་འཁོར་ནས་འཆི་རྒྱུ་ཡིན་པ་དང་། ཤི་ནས་དམྱལ་བ་ཟེར་བ་ཞིག་ཡོད་ན་དེའི་ནང་མདའ་འཕངས་པ་ལྟར་ཤར་རྒྱག་འགྲོ་གི་རེད།
ང་ལངས་ཕྱོགས་ཐ་དད་པ་འཛིན་མཁན་ཚང་མའི་སྐད་ཆར་ཉན་འདོད་ཡོད། ཡིན་ན་ཡང་མི་ངན་ཁྱི་ལས་ལོད་པ་འདི་འདྲའི་སྐད་ཆར་ཉན། འདི་འདྲར་ལན་བྲིས་བསྡད་ན་དུས་ཚོད་འཕྲོ་བརླག་རེད། ད་འཛམ་གླིང་དང་མེ་རུ་ཁྱེད་གཉིས་ཀྱིས་ཁྱི་ཁ་ཚུམས། འབ་འབ་འབ། འབ་འབ་འབ་ ཟེར་ནས་ངུ་ཟུག་མ་རྒྱག་རོགས།
ང་ཡིན་ན་ཤེས་རྒྱ་ཡོད་མཁན་ཞིག་གང་ཡང་མ་རེད། ལྷག་པར་ཡང་ཆབ་སྲིད་སྐོར་ལ་གོ་རྟོགས་མེད་པར་དཀོན་མཆོག་ལགས་ཀྱིས་དུས་རྒྱུན་ང་ལ་བཀའ་བཀྱོན་གནང་གིན་ཡོད་པ་ལྟར་བདེན་པ་ཡིན་པ་རང་ཉིད་ཀྱིས་ཀྱང་ངོས་ལེན་ཐུབ་ཀྱིན་འདུག ཡིན་ན་ཡང་ངས་སྔོན་མ་ནས་ལབ་ཡོད། འཛམ་གླིང་ཟེར་བ་འདི་གང་ཞིག་གིས་འདོད་པ་མ་གང་བ་མི་ཤེས་ཀྱང་བཙན་བྱོལ་བོད་གཞུང་དང་ཟམ་གདོང་སྤྲུལ་སྐུ་ལ་ཚད་ལས་འདས་པའི་སྒྲོ་སྐུར་ཤ་སྟག་བྱེད་ཀྱིན་འདུག སྤྱིར་བཏང་བོད་མི་རིགས་ལ་ཤ་ཞེན་གྱི་སྐད་ཆ་ཞིག་ཡིན་ན་ཟམ་གདོང་སྤྲུལ་སྐུ་དང་། རྒྱ་རི་བློ་གྲོས། རྒྱལ་ལོ་དོན་གྲུབ། བཙན་བྱོལ་བོད་གཞུང་། ཆེ་ས་ནས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱས་ཀྱང་སེམས་ལ་མི་ཤོང་བ་ཞིག་མ་རེད། ཡིན་ན་ཡང་ངས་སྔོན་མ་ནས་དོ་སྣང་བྱུང་། འཛམ་གླིང་ཟེར་བ་འདི་ཁ་བརྡ་དྲྭ་རྒྱ་འདིར་ཞུགས་ནས་བཟུང་བཙན་བྱོལ་བོད་གཞུང་དང་ཟམ་གདོང་སྤྲུལ་སྐུ་ལ་ཚད་ལས་བརྒལ་བའི་སྒྲོ་སྐུར་ཤ་སྟག་མ་གཏོགས་བརྗོད་གཞི་གཞན་གྱི་སྟེང་དུ་ཚིག་གཅིག་ཀྱང་འབྲི་མ་མྱོང་བ་རེད། དེ་ཡིན་མིན་ཁྱོད་ཚོས་ཁོས་ད་བར་བྲིས་པའི་མཆན་བུ་ཡོངས་རྫོགས་ལ་བསྐྱར་ཞིབ་ཅིག་གྱིས་དང་ཤེས། ང་སྔོན་མ་ནས་ཁོ་ལ་ཞེད་བྱུང་། ཁོས་རྡ་ས་གཞུང་ཞེས་བྲིས་པ་ལ་ངས་དོགས་སློང་བྱས་སྐབས་ཁོས་ང་ལ་དེའི་སྐོར་ལན་གཅིག་ཀྱང་མ་བྲིས་པ་རེད། ཁྱོད་ཚོས་དྲན་གྱིན་འདུག་གམ། ཁོས་ང་ལ་དབྱིན་སྐད་མི་ཤེས་ཚུལ་དང་མཐོང་རྒྱ་ཆུང་ཚུལ་གྱི་སྐྱོན་བརྗོད་བྱས་མྱོང་བ་རེད། ད་འགྲིགས་བྱུང་། དྲྭ་གྲོགས་ཚོས་ཁོའི་ཆ་རྒྱུས་ལོན་པ་དེས་འགྲིགས་པ་རེད། སྟག་སྨྱོན་ལགས་བདུན་ཕྲག་རེ་ཟུང་ལ་ག་ཤེད་ཅིག་ཏུ་ཡིབ་ནས་ད་ཡང་བསྐྱར་ཁ་བརྡ་ལ་ཞུགས་པར་དགའ་བསུ་དང་གུས་འདུད་ཡོད།
ཉིན་ཤས་མ་ཡོང་བ་གཙོ་བོ་ཁོར་ཡུག་སོགས་ཀྱི་དབང་གིས་རྩ་ཆེན་པོ་ཞིག་འབྲི་དཀའ་བས་ཡིན། འཇོན་ན་མ་འཇོན་ན་གནད་འགག་ལ་ཐུག་དུས་ང་ཡོད་བསམ་ནས་སྡོད་ཆོག མི་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་མ་མཐུན་པའི་དབང་གིས་སྐད་ཆ་འཇམ་རྩུབ་ཀྱང་སྣ་ཚོགས་བཤད་སྲིད་པ་རེད། འོན་ཀྱང་མེ་རོ་དང་འཛམ་གླིང་ཟེར་བས་ངོ་མ་ལས་རྒྱུ་འབྲས་བརྩི་གི་མི་འདུག ༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆེད་དུ་ཕྱག་ལས་གནང་རྒྱུ་མང་དྲགས་པའི་དབང་གིས་སྙུངས་གཞི་བཞེས་པ་འཛམ་གླིང་ཡོངས་གྲགས་ཡིན་ཡང་། མི་འདི་དག་གིས་ད་དུང་ཁོང་གིས་གང་ཡང་གནང་གི་མི་འདུག་མདོག་མདོག་བཤད་པ་འདི་གནམ་འོག་ལ་མི་ཤོངས་པའི་ཧམ་པ་རེད། བྱས་ཙང་འདིར་སྨོན་ལམ་ཚིག་གཅིག་ཀློག་ཏུ་ཡོང་བ་ཡིན་ལགས།
དྲི་བ། ད་ལམ་༧གོང་ས་མཆོག་གིས་གཉིས་ཕན་གྱི་ལམ་དབུ་མ་འདི་བཞིན་རྒྱ་དམར་གྱི་ཐོག་ལ་བེད་སྤྱོད་མེད་པ་གཟིགས་ནས། འཐབ་ཇུས་གསར་བ་ཞིག་འདེམས་དགོས་པའི་དུས་ལ་བབ་པ་གཟིགས་ནས་འཆར་ཟླའི་ནང་དམིགས་བསལ་གྱི་ཚོགས་འདུ་ཚོགས་རྒྱུར་བཀའ་སྐུལ་གནང་བ་རེད་སྙམ། མ་ཟད་ད་ལམ་འགྱུར་བ་མ་བཏང་ཚེ་བཀའ་སྤྱི་གཉིས་ཀྱིས་འགན་མ་ཁྱེར་བ་རེད་བསམ། རྒྱལ་བ་རིན་པོ་ཆེས་ཐུགས་རེ་ཆེན་པོས་བཀའ་སྤྱི་གཙོའི་བོད་མི་དམངས་ལ་བོད་དོན་ཐོག་གང་དགེ་བློ་འདྲི་དང་གྲོས་འདེབས་གནང་སྐབས། གཤམ་ནས་འགན་མ་ཁྱེར་བས་ཚང་མ་༧གོང་ས་མཆོག་ལ་ཕྱིར་སློག་ནས། ཁྱེད་ཀྱིས་ག་རེ་གསུངས་པ་དེ་རང་ཡིན་ལབ་ན་ཁོང་གི་བཀའ་དང་ལེན་མ་བྱས་པ་མ་རེད་དམ། གོང་ས་མཆོག་གིས་གང་གསུངས་པ་དེ་ལས་གཞན་བསམ་འཆར་འདོན་རྒྱུ་མིན་ཚེ། ཚོགས་འདུ་ཚོགས་དགོས་དོན་ཡོད་པ་མ་རེད། གང་ལྟར་ད་ལམ་གྱི་ཚོགས་འདིའི་ཐོག་ནས་འགྱུར་བ་དང་འཐབ་ཇུས་གསར་བ་གཏན་ཁེལ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་ནང་བཞིན། འགན་དང་འབྲེལ་ཡོད་ཚང་མས་ངེས་པར་དུ་ཁོང་གི་དགོངས་གཞི་ནང་བཞིན་གྲུབ་འབྲས་གསར་བ་ཞིག་འདོན་མ་ཐུབ་པར། ༧གོང་ས་མཆོག་ལ་ཁྱེད་ཀྱིས་གང་གསུངས་པ་དེ་རང་ཡིན་ཞུས་ན་ཐུགས་ཕམ་གནང་གི་རེད་དམ། ཡང་ན་ཐུགས་མཉེས་པོ་གནང་གི་རེད་དམ།
དུས་བབ་ཏུ་བཏོན་པའི་གུས་པའི་བསམ་ཚུལ་འདི་འགྲིག་འདུག་གམ།
ལམ་དབུ་མ་ལ་བརྟེན་ནས་བོད་ཀྱི་གནད་དོན་འདི་རྒྱལ་སྤྱི་གནད་དོན་ཅིག་ཏུ་གྱུར་བ་མ་ཟད། སྲིད་ཇུས་འདི་ལ་བརྟེན་ནས་ཕྱི་ནང་གཉིས་ཀྱི་བོད་མི་ཚོ་སླར་ཡང་ཆིལ་སྒྲིལ་གོ་སྐབས་ལྷོད་ལྷོད་བྱུང་བ་སོགས། མདོར་ན་དེང་སྐབས་ང་ཚོ་ལ་ནུས་པ་ཕྲན་བུ་ཡོད་པའང་དབུ་མའི་ལམ་ནས་བྱུང་བ་བརྗོད་མེད་རེད། མ་ཟད་ལོ་རབས་བདུན་ཅུའི་ནང་ཏིང་གི་སྲིད་ཇུས་ལ་གཟས་པའི་དབུ་མའི་ལམ་འདི་མ་བཏོན་པར་རང་བཙན་གཙང་མ་དགོས་ཞེས་ཨུ་ཚུགས་བརྒྱབ་ཡོད་ན། དེང་སང་མི་ཚོས་༧གོང་ས་མཆོག་གིས་གོ་སྐབས་ཆེན་པོ་ཞིག་ལེན་མ་གནང་བར་འཕྲོ་བརླག་བཏང་བ་རེད་ཟེར་ནས་སྐྱོན་བརྗོད་ཚད་མེད་བྱེད་ངེས་པ་མ་ཟད། གལ་སྲིད་༧གོང་ས་མཆོག་གིས་གནང་སྟངས་འགྲིག་ཡོད་ན་བོད་ཀྱི་གནད་དོན་འདི་ཏིང་གི་སྐབས་ནས་སེལ་ཚར་བ་འདྲ་བོ་ཞིག་བཤད་ཀྱི་ཡོད་པ་གསལ་བོ་རེད། དཔེར་ན་༧གོང་ས་མཆོག་པཎ་ཆེན་རིན་པོ་ཆེའི་དགོངས་གཤེགས་ཀྱི་མྱ་ངན་ཚོགས་འདུ་ལ་མགྲོན་འབོད་ཞུས་པ་ལྟར་ཕེབས་མ་གནང་བ་གོ་སྐབས་ཆེན་པོ་ཞིག་ཤོར་བ་འདྲ་བོ་བཤད་མཁན་ཡོད་ཀྱང་། དོན་དངོས་སུ་སྐབས་དེར་ཁོང་མ་ཕེབས་པ་རྒྱ་ནག་གི་མ་རུང་ཁོག་བཅངས་ཀྱི་གཡོ་ཇུས་ཚབས་ཆེན་ཞིག་གི་འོག་ཏུ་མ་ཚུད་པའི་རྒྱལ་ཁ་ཞིག་རེད་བསམ།
འོན་ཀྱང་ད་ནས་རྒྱ་ནག་གི་ཆེས་མཁྲེགས་བཟུང་གི་སྲིད་ཇུས་འདི་ལ་གཟས་པའི་སྲིད་ཇུས་གསར་བ་ཞིག་མ་བཏིང་ན་ནོར་འཁྲུལ་ཤོར་རྒྱུ་ཡིན་པ་གཟིགས་ནས་༧གོང་ས་མཆོག་གིས་འཆར་ཟླའི་ནང་དམིགས་བསལ་གྱི་ཚོགས་འདུ་ཞིག་ཚོགས་དགོས་པའི་བཀའ་སྐུལ་གནང་ནང་བཞིན་དབུ་མའི་ལམ་ལ་འགྱུར་བ་གཏོང་དགོས་པ་རེད།
འདིར་དམིགས་གསལ་གསལ་བཤད་གལ་ཆེན་ཞིག་ལ། དབུ་མའི་ལམ་འདི་ཐོག་མར་འདོན་གནང་མཁན་༧གོང་ས་མཆོག་ཡིན་པ་དང་། དེ་ལ་འགྱུར་མ་གཏོང་མ་འདོད་པར་ཉར་འདུག་མཁན་དེ་བཀའ་སྤྱིས་དབུ་ཁྲིད་པའི་བོད་གཞུང་རེད། གོང་ས་མཆོག་གིས་དབུ་མའི་ལམ་ལ་འགྱུར་བ་གཏོང་རྒྱུའི་རང་དབང་ཡང་ཡང་གནང་གི་ཡོད་པ་ལས། དབུ་མའི་ལམ་ལ་འགྱུར་གཏོང་རྒྱུར་འགོག་རྐྱེན་གང་ཡང་གནང་གི་མེད་པ་མ་ཟད། གལ་སྲིད་བཀའ་སྤྱིས་དབུ་ཁྲིད་པའི་བོད་མི་དམངས་ཀྱི་འགྱུར་བ་བཏང་ནས། དེ་ལས་ལྷག་པའི་སྲིད་ཇུས་ཤིག་བཏོན་པ་ཡིན་ན་༧གོང་ས་མཆོག་དེ་བས་ཀྱང་ཐུགས་མཉེས་པོ་དང་རེ་བ་ཆེན་པོ་གནང་གི་རེད།