མཁོ་འདོན་པ། བློ་བཟང་ཆོས་གྲགས།
༄༅།། ཚང་མས་མཁྱེན་གསལ་ལྟར་བོད་ནང་དུ་གཞིས་བཞུགས་སྤུན་ཟླ་སེར་སྐྱ་ཕོ་མོ་རྒན་གཞོན་བར་གསུམ་གྱིས་བོད་བསྟན་སྲིད་དང་། མི་རིགས། རང་དབང་སོགས་ཀྱི་དོན་དུ་རྒྱ་ནག་དམར་པོའི་དྲག་གནོན་གདུག་རྩུབ་ཕུགས་ངན་སྲིད་བྱུས་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བ་བོད་ནང་ནས་གནས་ཚུལ་ཤེས་རྟོགས་ལྟར་ན་ཞལ་གྲངས་ ༡༠༡ བྱུང་ཡོད། དེ་དག་དང་། ད་དུང་རྒྱའི་བཙོན་ཁང་ནང་བརྗོད་དུ་མེད་པའི་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་དང་རྒྱ་ཆེ་མང་ཚོགས་ནས་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་ཞུ་ཆེད། ཕྱི་ལོ་ ༢༠༡༣ ཟླ ༢ ཚེས ༢༠ སྟེ་རེས་གཟའ་ལྷག་པ་ཕྱི་དྲོའི་ཚོུད་ ༣ ནས་ ༥ བར་འཛམ་གླིང་ཡོངས་སུ་ཉིན་བརྒྱ་དུས་གཅིག་མཆོད་འབུལ་སྨོན་ལམ་ཞུ་དགོས་བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༣ ཟླ ༢ ཚེས ༡༦ འཁོད་བཀོད་ཁྱབ་གནང་འབྱོར་བྱུང་བ་བཞིན་ས་གནས་ཚང་མར་ལག་ལེན་དོན་འཁྱོལ་ཡོང་བའི་གསལ་བསྒྲགས་སུ།
ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༧ ལ།
༄༅་།ལེགས་སོ་ཐུགས་རྗེ་ཆེ། ཡིན་ད་ཡིན།
གཅེས་པའི་ལུས་སྲོག་རང་མི་རིགས་ཀྱི་ཆེད་དུ་མཆོད་མེར་ཕུལ་ཐུབ་ན་ང་ཚོའི་མཆོད་འབུལ་ཙམ་ཞིག་བྱ་དགོས་དང་དགོས་ཨ་ཅང་ཅང་། བོད་ཀྱི་དཔའ་བོ་དཔའ་མོ་དེ་རྣམས་མགྱོགས་མྱུར་བོད་ཁ་བ་ཅན་གྱི་ཞིང་དུ་སྐྱེ་བའི་སྨོན་ལམ་འདེབས།།
ཡིན་དང་ཡིན་་་་་་་་་་རྒྱ་ཅི་ཆེ་ཞིག་གནང་གལ་ཆེ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
དགེ་བ་འདི་ཡིས་མྱུལ་དུ་མེ་བསྲེགས་རྣམས། །
གླིང་རྗེ་གེ་སར་རྒྱལ་བོ་འགྲུབ་གྱུར་ནས། །
མགོ་ནག་བོད་མི་གཅིག་ཀྱང་མ་ལུས་པར། །
དེ་ཡི་འཁོར་གྱི་དཔའ་ཐེ་འགྱུར་བར་ཤོག །
དཔའ་ཐུལ་རེད་ད། དཔའ་ཐེ་ནི་གང་ཤེས། གླིང་གི་དཔའ་ཐུལ་སུམ་ཅུ། ཡང་ཐ་དམ་པའི་མི་བདུན། ཞེ་ཐུལ་ཁྲ་གླག་སྤྱང་གསུམ། ཟེར་བ་མིན་ནམ།