བསོད་ནམས་ནོར་བུ།
ནང་སྔ་ཞོགས་ཟས་འཚོལ་དོན་ནི
ལུས་སྲོག་ལ་ཚང་རྩིས་ཐེངས་ཤིག་རྒྱབ་པ་ཨེ་ཡིན
མི་མང་པོས དེང་སང་ཛམ་དཀར་ཟ་ཁང་དུ་ཁ་ལག་ཞིམ་འདུག་ཟེར
ང་རང རྐུབ་སྟེགས་ཨང་ལྔ་པར་མར་བསྡད་དུས
སྐྲའི་ལན་བུ་གཉིས་རྒྱབ་ལ་ཕུད་པའི
ཞབས་ཞུ་མ་རོང་མོ་ཆུང་ཆུང་དེས
འཛུམ་ཆུང་དང་བོད་སྐད་ད་དིག་གིས་སྣེ་ལེན་བྱས
ང་རྒྱ་རིགས་ལ་མི་དགའ་ཡང
རྒྱ་ཟས་ལ་སྲེད་པ་ནི སྔོན་མའི་གོམས་ལོབས་ཤིག་གིས་ལོས་ཡིན
ཁ་ལྕེ་འདིས་ཅི་ཡང་མ་ཚོར་བ
(稀饭.包子 )སྐྱི་པང་དང་པོ་ཙིའི་བྲོ་བ་གཞིབ་དུས
ངོ་གདོང་སྨུག་ལ་གཉེར་རིས་བབ་པའི
སྦྱིན་བདག་ཨམ་རྒན་དེའི་མིག་འོད་ལས
ཞབས་ཞུ་མའི་གདོང་གི་འགྱུར་བ་རྟོགས
དུས་ཡུན་ཐུང་ངུ་ཞིག་ལ
གསང་བ་ཅི་ཞིག་གྲོལ་བ་བཤད་དཀའ་ཡང
སྦྱིན་བདག་དང་ཞབས་ཞུ་མའི་མིག་ཞགས་འཁྱུག་སྟངས་དེས
སྒྲོག་ཙེའི་སྒང་ལ་ང་རང་མི་རྐྱང་ཡིན་པ་ར་སྤྲོད་བྱས
ཨ
མེ་ཏོག་བཞད་པ་ཉི་འོད་དང
ཞབས་ཞུ་མ་འཛུམ་པ་སྦྱིན་བདག་ཆེད་ཡིན་ན
གནམ་རྒན་མ
ཁེར་རྐྱང་གི་ལམ་བུ་དེད་པའི་ར་རོ་བ་བདག སུའི་དོན་དུ་དགོད་དགོས
མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འགྲམ་ནས།
༤/ ༡/ ༢༠༡༣/
རྒྱ་སྐད་དུ
(སྐྱི་པང་) འབྲས་ཐུག
(པོ་ཙི་) མོག་མོག་ལ་ཟེར།
རྒྱའི་ལག་པས་བཟོས་དུས་རྒྱ་ཟས་རེད།
བོད་པའི་ལག་པས་བཟོས་དུས་བོད་ཟས་རེད།
སྤྱིར་ན་ཤ་མོག་དང་འབྲས་ཐུག་ནི་འཛམ་གླིང་སྤྱི་ཟས་ཞིག་རེད།
མདང་སླེབས་ལོང་མེད་པར་ཨ་མར་བྱས་པ་ཡིན། ཞེས་པའི་དོན་སུའི་ཤེས་སམ། ཧཧཧཧཧཧ།
གྱོད་འོག་ལ་ཡིན་བསམ་བྱུང་བས་གཏོང་ས་ནོར་འདུག་དགོངས་དག་གོ
སྐུ་འགྲོན་རྣམས་འཛུམ་གྱིས་བསུ།
རྒྱ་སྐད་དུ
(སྐྱི་པང་) འབྲས་ཐུག
(པོ་ཙི་) མོག་མོག་ལ་ཟེར། ཟེར་ནས་རྒྱ་སྐད་མིང་ཚིག་གཉིས་ལ་རྨོངས་པ་སེལ་སོང་། ཐུགས་རྗེ་ཆེ།
བློ་སྐྱེད་སྤྲོད་དུས་ངོ་ཤེས་མཁན་ཞིག་རེད་འདུག ཡག་པོ་རེད།
ཁེར་རྐྱང་གི་ར་རོ་བ་ཁྱོད་རང་པོ་ཙིའི་དོན་དུ་དགོད་ཤོག་དང་འགྲིག་གི་རེད། ཧཧཧ
མོག་མོག་རག་གི་མི་འདུག བྱས་ཙང་། ད་ཁྱོད་རང་གི་ཆེད་དུ་མ་དགོད་རང་དགོད་མ་རེད་ཨེ། ཧཧཧཧཧཧ