སྤོབས་པ་མཐའ་ཡས།
(ལ་དྭགས་པ་བློ་བཟང་འཇམ་དཔལ་གྱི་ངོར་བྲིས་པའི་གཏམ་དཔེ་ཞིག་གི་འགྲེལ་བཤད།)
བོད་མཐོ་སྒང་དུ་འཚོ་བའི་སྤུར་རྒྱལ་བོད་ཀྱི་མི་རིགས་འདི་ནི་གནའ་བོའི་ཤེས་རིག་གི་དཔལ་ཡོན་དར་བའི་ལོ་རྒྱུས་ཅུང་རིང་བའི་ཚོ་སྡེ་ཞིག་ཡིན། དེ་ཡང་བོད་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་དཔེ་ནི་བརྗོད་བདེ་བ། ཚིག་ཉུང་ལ་དོན་འདུས་པ། གཏན་ཚིག་གི་རང་བཞིན་ལྡན་པ། བོད་མཐོ་སྒང་གི་མིའི་རིགས་ཀྱི་སྤྱི་ཚོགས་དང་། མི་ཚེ། ཆོས་ལུགས་དད་མོས། རང་བྱུང་ཁམས་སོགས་ལ་བཅངས་པའི་ལྟ་སྟངས་མཚོན་ནུས་པའི་བརྗོད་ཚིག་སྙན་པོ་ཤ་སྟག་ཡིན། དེ་དག་ནི་མང་ཚོགས་ཀྱི་མི་ཚེའི་ཉམས་མྱོང་ལས་བྱུང་བའི་བསྡུས་ཚིག་དུམ་བུ་མང་པོ་ངག་ནས་ངག་ཐོག་བརྒྱུད་དེ་རྒྱུན་འཛིན་བྱས་པ་ཞིག་ལས་རྩོམ་པ་ཞིག་གིས་གསར་བཏོད་དང་དར་རྒྱས་སུ་བཏང་བ་ཞིག་མིན། གནའ་དེང་གི་བོད་ཀྱི་མཁས་པ་ཚོས་བརྩམས་པའི་ཡིག་ཐོག་གི་གཞུང་ལུགས་ཁག་ན་ཡང་གཏམ་དཔེ་ཅི་རིགས་མཐོང་དུ་ཡོད། དེ་ཡང་གཏམ་དཔེ་རེ་ལ་གསེར་སྲང་རེས་བླུས་ཤིང་གཏམ་དཔེའི་ཚིག་མཛོད་དཔེ་དེབ་ཏུ་བསྡུ་སྒྲིག་བྱེད་པར་འོས་པའི་རིན་ཐང་ཆེན་པོ་ཞིག་ཀྱང་ཡིན། གཏམ་དཔེ་ནི་བོད་ཀྱི་སྐད་ཡིག་གི་རྒྱན་ཆ་དང་། བོད་མི་མང་གི་ཤེས་རིག་ཐོན་རྫས། ངག་ནས་ངག་ཏུ་བརྒྱུད་པའི་སྐད་ཐོག་གི་སྒྱུ་རྩལ་ངོ་མཚར་ཅན་ཞིག་ཡིན་པས་གཏམ་དཔེ་སློབ་སྦྱོང་དང་། བེད་སྤྱོད། དར་སྤེལ་བྱ་བ་ནི་བོད་ཀྱི་སྐད་ཡིག་དར་འཕེལ་རྒྱུན་འཛིན་གྱི་ཆ་ཤས་གལ་ཆེན་ཐུན་མོང་མིན་པ་ཞིག་གོ།
དེ་ཡང་སྐབས་སུ་བབ་པའི་གཏམ་དཔེ་ཞིག་འདིར་གླེང་དོན་ནི་ཉེ་བའི་ཉིན་ཤས་གོང་ཁ་བརྡའི་སྟེང་དུ་ངས་ཡུལ་མདོ་ཁམས་ཀྱི་མིའི་ངག་ལ་བྱང་བའི་གཏམ་དཔེ་ཞིག་དྲངས། དེ་ནི། ཝ་མི་བརྒྱལ་ཀ་མེད་འདྲེ་ཡི་འགྲམ་ལྕག །ཁྱི་མི་ཟུག་ཀ་མེད་རྐུན་མའི་ནག་འབུར།།ཞེས་པ་དེ་རེད། གཏམ་དཔེ་འདི་ནི་ཡུལ་མདོ་ཁམས་ཀྱི་འབྲོག་པ་ཚོས་རྒྱུན་དུ་སྤྱོད། དུས་རབས་བཅུ་དགུ་པའི་ནང་དུ་བྱོན་པའི་མཁས་པ་ཆེན་པོ་རྫ་དཔལ་སྤྲུལ་རིན་པོ་ཆེས་བརྩམས་པའི་གཞོན་ནུ་བློ་ལྡན་གྱི་དྲིས་ལན་འབེལ་གཏམ་དུ་གཏམ་དཔེ་དེ་དྲངས་ཡོད། གཏམ་དཔེ་དེ་ཡིག་ཐོག་འཁོད་པ་དེ་ལས་སྔ་བ་མ་མཐོང་། རྫ་དཔལ་སྤྲུལ་རིན་པོ་ཆེ་ནི་ཚིག་སྦྱོར་བདེ་བར་དཔེར་འོས་པའི་རྩོམ་པ་པོ་ཞིག་ཡིན་པས་གཏམ་དཔེ་འདི་ཚིག་སྙན་དོན་ཟབ་ཅིག་ཏུ་གཟིགས་ནས་ཡིག་ཐོག་ཏུ་བཀོད་པ་ཡིན་པར་ངེས།
དེ་ཡང་གཏམ་དཔེ་འདིའི་ཚིག་གི་བསྟན་དོན་དངོས་ནི། ཚིག་རྐང་དང་པོའི་དོན་བཀྲལ་ན་འདི་ལྟར། ཁྱི་མི་ཟུག་པའི་རང་དབང་མེད་དེ་རྐུན་མ་མཐོང་བས་སོ།།དེ་ཡང་མཚན་མོའི་དུས་ནི་ཡུལ་མདོ་ཁམས་པའི་རྒྱུ་ནོར་གཙོ་བོ་རྟ་ནོར་ལུག་གསུམ་གྱི་སྟེང་དུ་ཆོམ་རྐུན་རྒྱུ་བའི་དུས་གཙོ་བོ་ཡིན། མཚན་མོའི་དུས་སུ་མི་ཁྱི་གཉིས་ཀས་ཆོམ་རྐུན་འགོག་པའི་གྲ་སྒྲིག་བྱེད། ཁྱི་ནི་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་པར་མེད་དུ་མི་རུང་བའི་གྲོགས་པོ་བཟང་པོ་ཞིག་ཡིན། སྒོ་ཁྱིས་ཁྱིམ་ཚང་དེའི་སྦྲ་མགོའི་དར་ལྕོག་མན་ཆད་ནས་སྒོ་ཁའི་ཁྱི་ཕུར་ཡན་ཆད་ཁོ་རང་ལ་དབང་བར་རློམ་ནས་ཉིན་མཚན་དབྱེར་མེད་དུ་སྲུང་། དོན་དངོས་སུ་སྒོ་ཁྱི་ལ་དབང་བ་ནི་ལྕགས་ཐག་འདོམ་པ་གང་མ་གཏོགས་མེད་པའི་སེམས་ཅན་ལས་ངན་ཞིག་ཀྱང་རེད། དེ་ཡང་དགྲ་རྐུན་ཇག་གསུམ་ཐོག་མར་ཁྱིས་མཐོང་ན་ཁྱི་ཟུག ཁྱི་ཟུག་སྟངས་མི་འདྲ་བ་མང་། ཡུལ་མདོ་ཁམས་ཀྱི་འབྲོག་པ་ཚོས་སྒོ་ཁྱིའི་སྐད་བརྡ་ཉན་ཤེས། ཁྱིའི་ཟུག་སྐད་རིགས་གཅིག་ནི། ས་སྐྱ་ལེགས་བཤད་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ལ། །རྒྱུ་མཚན་མེད་པར་གཞན་དག་རྒྱུག གསུངས་པ་བཞིན་ཁྱི་དང་ཁྱིའི་བར་ལ་གོ་བརྡ་སྤྲོད་པའི་ཟུག་སྐད་ཙམ་ཡིན་པས་འབྲོག་པ་ཚོས་དེ་ལ་དོ་སྣང་ཆེར་མི་སྤྲོད། རིགས་གཅིག་ནི་རྒྱུན་དུ་དགྲ་རྐུན་ལ་ཉེན་བརྡ་གཏོང་བའི་ཟུག་སྐད་སྤྱིར་བཏང་བ་ཞིག་ཡིན་པས་དེ་ལ་ཡང་དོ་སྣང་ཆེར་མི་སྤྲོད། ཟུག་སྐད་རིགས་གཅིག་ནི་སྤྱང་ཀི་དང་དྲེད་མོང་སོགས་གཅན་གཟན་མཐོང་དུས་ཀྱི་སྐད་ཡིན་པས་དེ་ལ་འབྲོག་པ་ཚོས་དོ་སྣང་ཅུང་ཟད་བྱས་ནས་ཕྱི་རོལ་དུ་བུད་ནས་མེ་མདའ་འཕེན་པ་དང་ཀི་ཤར་སོགས་བྱེད། སྒོ་ཁྱིས་གློ་བུར་དུ་དོ་སྣང་བྱེད་འོས་པའི་མིའི་གཟུགས་མཐོང་ན་ཟུག་སྐད་ཛ་དྲག་ཅན་ཞིག་ཡོད་པས་དེ་མ་ཐག་འབྲོག་པ་ཚོས་ངོས་ཟིན་པས་གོ་གྱོན་མཚོན་ཐོགས་ཡོད་ན་མེད་ན་བྱས་ནས་གདོང་ལེན་དུ་རྒྱུག་སྲོལ་ཡོད། རྐུན་མའི་གཟུགས་མཐོང་བ་ལ་རྐུན་མའི་ནག་འབུར་ཞེས་བརྗོད། དེ་ཡང་མཚན་མོའི་དུས་སུ་མི་ཞིག་མཐོང་ན་དབྱིབས་ཀྱི་རྣམ་པ་རགས་པ་ཞིག་མཐོང་ནུས་ཤིང་དེ་ཡང་དབྱིབས་འབུར་དུ་མངོན་པ་ཞིག་མཐོང་། མཚན་མོའི་དུས་སུ་ཁ་ཏོག་གི་བྱེ་བྲག་མི་མཐོང་བར་ནག་རིབ་བེ་བ་ཞིག་མངོན། ཁ་ཏོག་ནག་པོ་དང་དབྱིབས་འབུར་པོ་ཞིག་གློ་བུར་དུ་འགུལ་ཡོང་ན་དེ་རྐུན་མ་ཡིན་ངེས་ཤིང་དེ་དུས་སུ་ཁྱིའི་སྐད་ཛ་དྲག་ཅན་དེ་འདོན་པ་ཡིན།
ཚིག་རྐང་གཉིས་པའི་དོན་བཀྲལ་ན་འདི་ལྟར། ཝ་མི་བརྒྱལ་བའི་རང་དབང་མེད་དེ་འདྲེ་ཡིས་འགྲམ་ལྕག་གིས་རྡུང་བཞིན་པས་སོ།།དེ་ནི་བོད་གནའ་བོའི་དུས་ནས་མདོ་ཁམས་ཀྱི་འབྲོག་པ་རྣམས་ཀྱང་བོད་མི་སྤྱི་མཚུངས་བཞིན་ལྷ་འདྲེ་ལ་ཡིད་ཆེས་རེ་དོག་ཆེ་བའི་སྤྱི་ཚོགས་ཤིག་ཡིན། དེ་ཡང་ཝས་སྐད་འདོན་པའི་དུས་ནི་མཚན་མོ་ཡིན་ཞིང་། བོད་མདོ་ཁམས་ཀྱི་སྲོལ་རྒྱུན་ཡིད་ཆེས་ལ་མཚན་མོ་ནི་འདྲེ་གདོན་རྒྱུ་བའི་དུས་ཚོད་ཡིན་པར་འདོད། མཚན་མོར་ཝས་སྐད་འདོན་པ་དེ་ལ་ཝ་བརྒྱལ་བ་ཞེས་ཟེར། ཝ་བརྒྱལ་བའི་རྒྱུ་རྐྱེན་ནི་འདྲེས་འགྲམ་ལྕག་རྒྱག་བཞིན་པར་འདོད་པས་དེ་ལྟར་བརྗོད་པ་ཡིན། དེ་ཡང་བྱིས་པ་ཆུང་ངུས་ངུ་སྐད་དྲག་པོ་བཏོན་པའི་རྗེས་སུ་བྱིས་པ་ལ་ལ་མཚམས་མཚམས་སུ་དབུགས་ཕྱིར་ལྷོད་པོར་འཐེན་མི་ནུས་པར་བརྒྱལ་དུས་ཡོད། མཚན་མོར་ཝས་སྐད་འདོན་པ་དེ་ཡང་བྱིས་པ་ཆུང་ཆུང་ཞིག་གིས་ངུ་སྐད་དྲག་པོ་འདོན་བཞིན་པ་དང་མཚུངས་པས་ཝ་བརྒྱལ་བ་ཞེས་བརྗོད། ཝ་བརྒྱལ་བའི་དུས་ནི་ཕལ་མོ་ཆེ་དགུན་གྲང་ངར་ཆེ་ཞིང་རི་ཡི་སྲིབ་ངོས་ཁ་བས་གཡོགས་པའི་དུས་ཀྱི་མཚན་མོར་ཐོས་པ་མང་། སྐད་དེ་ཡང་རྣ་བར་མི་སྙན་ཞིང་སྙིང་ལ་གཟན་པ་ཞིག་ཡིན་པའི་ཆ་ནས་འདྲེ་ཡིས་རྡུང་བཞིན་པ་ཡིན་པར་འཁྲུལ་བ་ལ་རྒྱུ་མཚན་ཡང་མཆིས་སོ།།
གཏམ་དཔེ་འདིའི་ཚིག་ཐོག་ཁོ་ན་ལ་ཡང་བསྟན་དོན་གཏིང་ཟབ་མོ་ཞིག་ཡོད། ཚིག་རྐང་དང་པོས་སྔ་མོའི་དུས་ཀྱི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་ཤིག་བསྟན་ཡོད། དེ་ཡང་འཚོ་ཐབས་ཀྱི་ཆ་ནས་མདོ་ཁམས་ཀྱི་འབྲོག་པའི་འཚོ་ཐབས་ནི་རྟ་ནོར་ལུག་གསུམ་འཚོ་སྐྱོང་བཀོལ་སྤྱོད་ལ་བརྟེན་ཡོད། ཡུལ་མདོ་ཁམས་ཀྱི་འབྲོག་པ་རྣམས་ནི་དབུལ་པོ་གཏན་ནས་མིན། ཁོང་ཚོ་ཕལ་ཆེ་བར་རྟ་ནོར་ལུག་གསུམ་བཅུ་ཕྲག་ཁ་ཤས་ནས་བརྒྱ་ཕྲག་ཁ་ཤས་བར་མེད་མཁན་མེད། ལོ་ཁོར་མོའི་རིང་སྤྱི་དང་ལྷག་པར་ཡང་མཚན་མོ་རིང་བའི་དགུན་དུས་སུ་ནོར་ལུག་ལྷས་ལ་བསྡུས་ནས་འཇོག་པ་ལས་ཁང་ཁྱིམ་དང་ར་བ་མཐོན་པོའི་ནང་དུ་འཛུད་ཐབས་སོགས་དཀའ་བས་ཕྱུག་ནོར་རྣམས་མཚན་མོར་ལྷས་ནས་ལངས་ཏེ་བཀྲམ་འགྲོ་འགྲོ་བ་སོགས་ཀྱི་དཀའ་ངལ་མང་། རྟ་ནོར་ལུག་གསུམ་རྐུན་ཇག་གི་ཉེན་ཁའི་འོག་ཏུ་ཚུད་ཉེན་ཆེན་པོ་ཡོད། སྒོ་ཁྱི་བཟང་པོ་དང་སྐྱེས་པ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ། རྫས་མདའ་ལག་ཆ་ཡག་པོ་རེ་མེད་ན་ནམ་ལངས་དུས་རྐང་རྗེས་ལ་ཐལ་སྐྱ་འཐུལ་པ་མ་གཏོགས་མེད་པར་འགྱུར་ཉེན་ཡོད། དེ་བཞིན་སྲིད་ཁྲིམས་ཀྱི་ཆ་ནས་ཡུལ་མདོ་ཁམས་ཀྱི་རྒྱུད་ཕལ་མོ་ཆེ་ནི་དུས་ཡུན་རིང་པོའི་རིང་ལ་ཡར་བོད་དབུས་གཙང་གི་ཆབ་སྲིད་སྒྲིག་འཛུགས་ཁག་གི་ཁྲལ་བསྡུ་ཁྲིམས་གནོན་གྱི་འོག་ལ་ཡང་མ་ཆུད། མར་རྒྱ་ནག་གི་གོང་མ་རིམ་པའི་ཁྲིམས་ཀྱི་སྟངས་འཛིན་འོག་ལ་ཡང་མ་ཆུད་པར་བར་མ་དོ་རུ་སིལ་བུར་ལུས་པས་རྩིད་རྐུད་མགོ་བྲེག་པ་ལྟ་བུར་གྱུར། ཁྲིམས་མེད་ལུགས་མེད་དུ་གྱུར་པས་དགྲ་རྐུན་ཇག་གསུམ་གྱི་འཇིགས་སྣང་ཆེ་བས་རྒྱུན་དུ་རྐུན་མར་དོག་ཟོན་བྱེད་དགོས་པ་བསྟན་ཡོད། ཚིག་རྐང་གཉིས་པས་ནི། བོད་ཀྱི་སྔོན་མའི་སྲོལ་རྒྱུན་ཡིད་ཆེས་དད་མོས་སྟོན་གྱིན་ཡོད། དེ་ཡང་སྔ་མོའི་དུས་ཀྱི་བོད་མི་རྣམས་ལྷ་འདྲེ་ལ་ཡིད་ཆེས་རེ་དོག་ཆེ་ཞིང་མི་ཚེའི་ལེགས་ཉེས་སྐྱིད་སྡུག་གི་སྟངས་འཛིན་ཐམས་ཅད་ལྷ་འདྲེས་བྱེད་པ་མ་ཟད་སྲོག་ཆགས་ཝ་ཡིས་སྐད་འབྱིན་པ་ཡན་ཆོད་ལྷ་འདྲེས་བྱེད་ལས་ལ་རག་ལས་པར་ཡིད་ཆེས་བྱེད་བཞིན་པ་གསལ་བོར་བསྟན་ཡོད།
གཏམ་དཔེ་འདིའི་དོན་གྱི་ཆ་ནས་མདོ་ཁམས་མི་མང་གི་དཔའ་བོའི་གཤིས་ཀ་རྒྱུ་འབྲས་ལ་བརྩི་འཇོག་དགོས་པའི་ཡིད་ཆེས་གསལ་པོར་བསྟན་ཡོད། བྱ་ངན་སྤྱོད་ངན་གྱི་བརྙས་བཅོས་ལ་མགོ་སྒུར་ནས་སྡོད་མི་རུང་བའི་དཔེ་རུ་ཁྱི་དང་ཝ་ལྟ་བུའི་སྲོག་ཆགས་ཡིན་ཡང་དགྲ་འདྲེས་བརྙས་བཅོས་བྱུང་ན་སྐད་འདོན་པ་ཆོས་ཉིད་ཡིན་སྟབས་མི་ཞིག་ལ་བརྙས་བཅོས་མི་འཚམས་པ་བྱས་ན་མི་དེས་ངོ་རྒོལ་བྱེད་པ་དེ་ཡང་འོས་འཚམས་ཡིན་པ་སྟོན་གྱིན་ཡོད། བོད་མདོ་ཁམས་ཀྱི་འབྲོག་པ་རྣམས་ནི་རྒྱུ་འབྲས་ལ་བརྩི་འཇོག་ཆེ་ཞིང་དམན་པར་སྙིང་རྗེ་ལྟ་བའི་གཤིས་ཀ་ཡོད། དེར་བརྟེན། རང་ཉིད་ལ་ཚུར་བརྙས་བཅོས་མི་འཚམས་པ་མ་བྱས་ན་ཐུབ་ཚོད་ཀྱིས་མི་གཉོམ་ཆུང་ལ་བརྙས་བཅོས་བྱེད་མི་རུང་བའི་སྲོལ་རྒྱུན་ལྟ་སྟངས་ཤུགས་ཆེན་པོ་ཡོད། དེའི་ལྡོག་ཕྱོགས་ཏེ་བརྙས་བཅོས་བྱེད་མཁན་ཞིག་བྱུང་ན་མགོ་སྒུར་མི་རུང་བ་དང་། བརྙས་བཅོས་ཀྱི་འོག་ཏུ་འཚོ་བ་ལས་བརྙས་བཅོས་ལ་འགོག་རྒོལ་གྱི་ཆེད་དུ་ཤི་བ་བཟང་བར་བརྩི། དེའི་ཕྱིར་ན་གཏམ་དཔེ་འདི་ཡང་མི་གཞན་གྱི་བརྙས་བཅོས་ལ་འགོག་རྒོལ་གྱི་གཏམ་བཤད་སྤེལ་བའི་དུས་སུ་དྲངས་སྲོལ་ཆེན་པོ་ཡོད། དེ་བཞིན་དུ་རྒྱུ་འབྲས་ཀྱི་འབྲེལ་བ་སྟོན་སྐབས་ཏེ། དཔེར་ན། གཏམ་དྲིས་པ་ལ་ལན་འདེབས་དགོས་པའི་རྒྱུ་མཚན་ལྟ་བུར་ཡང་དྲངས་སྲོལ་ཡོད། དེ་ཡང་རྒྱུ་རྐུན་མའི་གཟུགས་བརྙན་དབྱིབས་འབུར་ཞིང་ཁ་ཏོག་ནག་པོ་དེ་མཐོང་ན་འབྲས་བུ་ཁྱི་ཟུག་པ་དང་། རྒྱུ་གདུག་རྩུབ་ཅན་གྱི་འདྲེ་ཡིས་འགྲམ་ལྕག་ཚ་ཞིང་རྩུབ་པ་བརྒྱབ་ན་འབྲས་བུ་ཝ་བརྒྱལ་བ་སྟེ་རྒྱུ་འབྲས་ཀྱི་འབྲེལ་བ་ལྡོག་ཏུ་མེད་པ་སྟོན་གྱིན་ཡོད་དོ།།
ཡུལ་མདོ་ཁམས་ཀྱི་བོད་སྡེ་ཕལ་མོ་ཆེ་ནི་བོད་ཀྱི་བཙན་པོའི་མངའ་ཐང་དགུང་ལ་རེག་པའི་དུས་སུ་མཐའ་མཚམས་སྲུང་བར་བཏང་བའི་དཔའ་བོའི་རུ་སྡེ་དག་ལས་ཆད་པར་བཤད། དེ་ཡང་མདོ་ཁམས་ཀྱི་འབྲོག་པས་མཚེར་ས་ཕུན་ཚུན་སྤོར་བ་ལ་རུ་སྤོར་བ་དང་རུ་འགྲོ་བ་སོགས་ཀྱི་ཐ་སྙད་ཆགས། དེ་ཡང་མདོ་ཁམས་ཀྱི་སྐྱེས་པ་ཞིག་ལ་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པར་ཆ་རྐྱེན་གཉིས་ཁོ་ན་ཚང་དགོས། དེ་ནི་དགྲ་བོའི་ཚུར་རྒོལ་ལ་སྲོག་ཚུན་ཆོད་བཏང་ནས་འགོག་རྒོལ་ཕོད་པ་དང་། གཏམ་བཤད་ལ་ཆགས་ཐོགས་མེད་པའི་མཁས་པ་ཞིག་གོ། ཆ་རྐྱེན་དེ་གཉིས་ཚང་ན་མང་ཚོགས་ཀྱིས་མགོ་ཁྲིད་མཁན་དུ་འགྱུར་ནུས། དཔའ་སྙིང་ལྡན་པ་ཞིག་ཡིན་ཡང་གཏམ་ཁ་ལྕེ་མེད་ན་མང་ཚོགས་ཀྱི་བརྩི་བཀུར་ཐོབ་རུང་མང་ཚོགས་ཀྱི་མགོ་ཁྲིད་དུ་མི་འགྱུར། གཏམ་ཁ་ལྕེ་ལ་རང་དབང་འབྱོར་བ་ཞིག་བྱེད་དགོས་ན་གཏམ་དཔེ་ནི་མ་ཤེས་ཐབས་མེད་ཡིན། གཏམ་དཔེ་ནི་དུས་རྒྱུན་གྱི་གཏམ་གླེང་སྤྱི་དང་། ལྷག་པར་ཡང་ཁྲོམ་འདུས་པའི་དབུས་སུ་དགྲ་འདུལ་གཉེན་སྐྱོང་གི་འདུན་མ་གླེང་བ། མང་ཚོགས་ཀྱི་སྤྲོ་སྐྱིད་འདུ་འཛོམ་སྐབས་སུ་ཡས་གཏམ་དམ་པ་ཆོས་ཀྱི་ལོ་རྒྱུས་དང་མས་གཏམ་འཇིག་རྟེན་འཁོར་བའི་བྱ་བཞག་ཀྱིས་བསྡུས་པའི་འབེལ་གཏམ་བཤད་པ། འཁོན་པ་བསྡུམས་པའི་གྱོད་བཤད་དུས། ཕ་རོལ་པོ་ཟིལ་གྱིས་གནོན་པའི་ཤགས་འདེབས་དུས། བག་སྟོན་བྱེད་དུས་སུ་རྟེན་འབྲེལ་སྟོན་བཤད། བློ་དཀར་ཞིང་གློ་བ་ཉེ་བའི་མི་ལ་ཁ་ཏ་བྱེད་དུས་སོགས་སུ་ཚིག་གི་རྒྱན་ཆ་དང་གཏམ་གྱི་བདེན་དཔང་ལྟ་བུར་སྤྱོད། གཏམ་དཔེ་ནི་གཏམ་དཔེ་ཁོ་ནས་བསྒྲིགས་ནས་གྱེར་བ་མིན་པར་གཏམ་གྱི་དཀྱུས་དང་སྦྱར་མཁས་དགོས་ཤིང་། དེ་ཡང་བཤད་བྱའི་གཏམ་དེ་དང་ཆུ་ལ་ཆུ་བསྲེས་པ་བཞིན་འབྱོར་ནུས་པ། ཚིག་ཉུང་ཞིག་དོན་འདུས་པའི་སྒོ་ནས་སྐབས་བབ་གཏམ་གྱི་དཀྱུས་གཅོད་པ་དང་མཇུག་གི་དོན་བསྡུ་བ། སྒྲ་ཡི་ཆ་ནས་འགྱུར་ཁུགས་འདེགས་འཇོག་གི་གདངས་དང་ལྡན་པ། དགའ་སྐྱོ་ཆགས་སྡང་དང་ཞི་རྒྱས་དབང་དྲག་སོགས་ནང་སེམས་ཀྱི་ཉམས་འགྱུར་དེ་སྐད་ཀྱི་གདངས་ལས་ཚོར་ནུས་པ་སོགས་ནི་གཏམ་དཔེ་ལ་དབང་འབྱོར་བའི་རྟགས་ཡིན་ནོ།།
ནག་འབུར། ས་འབུར། ཆུ་འབུར། ནི་སྐབས་རེར་འབུར་བ་དང་སྐབས་རེར་མི་འབུར་བའི་རྣམ་པ་ཞིག་བཤད་ཀི་ཡོད་རེད། རྐུན་མས་རེ་དོན་རེ་ཡིབ་ཀྱི་རྣམ་པས་རྐུ་ཐབས་བྱེད་ལ་གོ།
ནག་འབུར་ནི་ནག་ཁུང་ནས་ནག་པོ་ཞིག་འབུར་བ་ལ་ནག་འབུར་དང་། ས་ཁུང་ནས་ས་འབུར་བ་ལ་ས་འབུར། ཆུ་ཁུང་ནས་ཆུ་འབུར་བ་ལ་ཆུ་འབུར་ཟེར།
ང་ཡང་གཏམ་ཆགས་ལ་དགའ་པོ་ཡོད།
རྐུན་མ་བཤད་པའི་སྐབས་ནག་འབུར་དང་ནག་འབུད་གཉིས་ཀྱི་གང་དག་རེད་ཟེར་ན། ངའི་ཕ་ཡུལ་ལ་ནག་འབུད་དག་པ་ཡིན།
རྒན་དྭགས་པ་ཏག་ཏག་བཟོ་གི་ཡིན་ཅེས་བཤད་སོང་་་་་ད་བྱེད་དུས་གཏམ་དཔེ་འདི་ཡིན་པ་འདྲ། གཏམ་དཔེ་འདིས་རྒན་ལ་དྭགས་པ་ཏག་ཏག་ཇི་ལྟར་བྱས་ཏེ་བཟོས་ཡོད་མེད་ཤེས་མ་སོང།
གྲོགས་པོ་ཚེ་རིང་རྗེས་སུ་དྲན་པ། (ལྔ་པ།)
པདྨ་འབུམ་གྱི་རྩོམ་ཡིག་འོག་ཏུ། སྤོབས་པ་མཐའ་ཡས་ལ་ལན་འདི་ལྟར་བྲིས།
་
སྤོབས་པ་མཐའ་ཡས་ཁྱེད་དང་ང་གཉིས་འདོད་ཚུལ་མི་མཐུན། ཁྱེད་ཕལ་སྐད་གཙོ་བོར་འཛིན་པ་དང་། བདག་གིས་བཀའ་བསྟན་གསུང་འབུམ་གྱི་སྐད་གཙོ་བོར་འཛིན་ཏེ། དེ་ཉིད་བོད་སྤྱིའི་སྐད་ལྟ་བུ་བཀོལ་ཏེ་བོད་གཅིག་སྒྲིལ་འབྱུང་བ་ལ་འབད། ཁྱེད་ཀྱིས་ཕལ་སྐད་བཀོལ་བ་བདག་གིས་མི་གོ་བའི་མིང་ཚིག་ཏུ་མཆིས། དཔེར་ན། མཆན་ཡིག་༦༦ན། “འོན་ཀྱང་ནག་འབུར་གྱི་དོན་གང་ཡིན་ནམ། འདི་ལེགས་པར་གོ་མ་སོང་། འཇབ་ནས་འོང་བའི་དོན་ཡིན་ནམ།” ཞེས་དྲི་བ་ཡོད་པ་དང་། ཁྱེད་ཀྱི་མཆན། ༧༡ན། དབུགས་རྔ་བླངས་མ་བཞག་ན། འདི་དག་གིས་གིས་མི་གོ འདི་དག་ཕལ་སྐད་ཡིན་ནམ། ཡིག་སྐད་ཡིན། གསལ་བཤད་དགོས། དཔེར་མཚོན་ན། ཁྱེད་ཀྱི་ཕལ་སྐད་དུ། ཉོན་མཁན་ཟེར། ངའི་ཕལ་སྐད་དུ། ཉན་མཁན་ཟེར། དེ་ལྟར་སོ་སོར་མ་ཡིན་། གཅིག་ཏུ་བཟོ་དགོས་ན་ཇི་ལྟར་བྱེད། ཁྱེད་ལ་བདག་གིས་བཤད་པ་མི་སྙན་ན། དང་པོ་ཉིད་ནས་ཁྱེད་ཀྱིས་འཇིགས་བསྐུལ་བྱེད་མ་དགོས། བློ་གཟུ་བོར་གནས་ལ་བསམ་བློ་ཐོངས།
་
ཞེས་པའི་ལན་དུ་འགྲེལ་བཤད་རིང་པོར་བྲིས་པ་འདི་བཀླགས། ད་དུང་དྲི་བ་གཞན་རྣམས་ལ་ཡང་ཚིག་ཉུང་ལ་གོ་དོན་ཆེ་བ་ཞིག་བོད་སྤྱིའི་སྐད་དུ་འབྲི་ན། བོད་རིགས་ཀུན་ལ་ཕན་ཐོགས་པར་འགྱུར་རོ།།
་
མཁས་པ་བརྩད་ཅིང་མ་དྲིས་པ།
དེ་ཡི་བར་དུ་གཏིང་མི་དཔོགས།
རྔ་ལ་དབྱུག་གུས་མ་སྣུན་པ།
དེ་སྲིད་གཞན་དང་ཁྱད་ཅི་ཡོད།།
་མིང་ཚིག་ཏུ་མཆིས། ཞེས་པ་་མིང་ཚིག་དུ་མ་མཆིས། ཞེས་བཅོས་སོ།
བགྲང་མེད་རི་ཆུ་སྟོང་གི་ཕ་མཐའ་ན།།སེམས་ཀྱི་ཟབ་སར་ཉུལ་བའི་གྲོགས་ཀྱི་མཆོག།ཞི་བདེ་བག་གྱིས་འཚོ་བ་འདི་ཐོས་དུས།།དགའ་སྐྱིད་བུང་བས་གླུ་སྒྲ་འདི་ན་འཁོར།།ཕྱི་ནང་མཐུན་སྒྲིལ་ཟམ་པའི་ཡང་ཐོག་དང་།།གངས་རིའི་རླུང་རྟའི་འཕྲིན་གྱི་ཁུག་སོ་ནས།།སྙན་འཇེབས་ངག་གི་རྒྱུད་མང་ལན་གཅིག་གིས།།ཡིད་ཀྱི་བསྟེན་པ་དབང་མེད་ཁྱོད་ལ་ཤོར།།སྙན་འཇེབས་ངག་གི་འགྱུར་ཁུག་དྭངས་མོ་ཡིས།།འདོད་ལྡན་སྟོང་གི་སྙིང་ལ་གས་ཁ་ཤོར།།ཟླ་ངོ་གཅིག་ལ་ཁྱོད་གསུང་མ་ཐོས་པའི།།དམར་ཆུང་སྙིང་གི་དཀྱིལ་ལ་ནད་ཅིག་སླང་།།དེ་ལྟ་ནའང་ལས་དཀའི་བྲེལ་བ་དང་།།སྲོལ་རྒྱུན་རྫུ་བག་བཅོས་མའི་ལྕགས་ཀྱུ་ཡིས།།དབང་མེད་བཅིང་བའི་ལས་དབང་སྡུག་པོ་འདིས།།མ་བཅོས་སེམས་ཀྱི་གསང་བ་རྟོལ་མ་ཐུབ།།གང་ལྟར་ཁྱོད་སྐུ་འཇམ་མཉེན་པདྨའི་འདབ།།མི་འདོད་སད་སེར་གཉེན་པོས་མ་བཅོམ་པར།།རང་དབང་དགའ་བདེ་དཔལ་ལ་རྟག་རོལ་ཚེ།།ཅང་མེད་སྤྲང་པོའི་འདོད་པ་རྫོགས་པ་ལགས།། སམཐའི་འཁྱམ་པོ་ནས་ཟླ་ཚེས་ལ།
མདོ་སྨད་ཀྱི་ཁ་སྐད་དམ་ཕལ་སྐད་དུའང་ཉན་མཁན་ཟེར་བ་ལས་ཉོན་མཁན་མི་ཟེར།ཚིག་འདི་དཔེ་མཚོན་ཙམ་རེད།ལ་དྭགས་པས་རང་གི་བོད་ཡིག་གི་ཤེས་ཚད་ཧ་ཅང་དམའ་བོ་ཡིན་པ་མ་ཤེས་པར།ནམ་རྒྱུན་མི་གཞན་ལ་ཆོས་སྐད་བཤད་ཀྱི་མི་འདུག་ཅེས་བསྙོན་འཛུགས་བྱེད་རྒྱུ་བཞག་ན་དགའ།ས་སྐྱ་ལེགས་བཤད་དུ།གཞན་ལ་ལྟ་བའི་མིག་ཡོད་ཀྱང་།།རང་ཉིད་བལྟ་ན་མེ་ལོང་དགོས།།ཞེས་གསུངས་ཡོད་པ་དེ་ལ་དྭགས་པ་ལགས་ཀྱི་སྙིང་གི་དཀྱིལ་དུ་བཞོག
སྤོབས་མཐས་ད་རེས་གཏམ་དཔེ་རྒྱུ་མཚན་ལྡན་པ་ཅིག་བཤད་འདུག འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ཀྱང་འབྲོག་པའི་སྐད་ནི་ཆོས་ཀྱི་སྐད་ཅེས་གསུངས་འདུག་པ་ཆོད་བསྡོམས་ཧ་ཅང་གནད་འགག་ཅིག་རེད་གདའ།
ལ་དྭགས་ལགས། ཁྱེད་ཀྱིས་ཕལ་སྐད་ཟེར་བ་དེ་ཅི་འདྲ་ཞིག་ལ་ཟེར་བཞིན་ཡོད། ཆོས་སྐད་ཡིན་ནམ་དེ་ཅི་ཞིག་ལ་ཟེར་བཞིན་ཡོད། དེ་གཉིས་ལ་འགྲེལ་བཤད་ཅིག་གྱིས་དང་།
ལ་དྭགས་པའི་ཆོས་སྐད་ཟེར་བ་དེ་ཕལ་ཆེར་བར་སྐབས་ལ་དྭགས་ནས་འཐོན་པའི་ལ་དྭགས་མེ་ལོང་དང་འབྲུག་གི་རྫོང་ཁ་ལྟ་བུ་ཅིག་ཡིན་ས་རེད།བོད་སྐད་ཀྱི་ཆ་ཤས་ཙམ་དུ་གཏོགས་པ་དེ་རིགས་ཡུལ་སྐད་ཀྱི་དབང་དུ་འགྲོ་ཆེས་པ་དང་།སུམ་རྟགས་ཀྱི་འགྲོས་དང་མི་མཐུན་པ་ཚབ་ཆེ་དྲགས་ཏེ་བོད་མི་སུམ་རྟགས་དག་གསུམ་ལ་ཐོག་པ་མེད་པ།བཀའ་བསྟན་དང་བོད་སྔ་ཕྱིའི་མཁས་པ་སུའི་གསུང་ཀློག་ནའང་དཀའ་ངལ་ཅུང་ཙམ་ཡང་མེད་པ་ཚོས་བཀླགས་ཀྱང་།ནང་དོན་རབ་རིབ་ཙམ་ལས་གོ་མི་ཐུབ།དེ་འདྲ་མིག་ལྟོས་ངན་པ་དང་རིག་གཞུང་རྩ་གཏོར་ཁོ་ནའོ།།
ལ་དྭགས་པས་མཚམས་རེར་ཆོས་སྐད་ཡིན་ནམ་ཞིག་མ་གཏོགས་མ་འབྲི་ཟེར། མཚམས་རེར་བཀའ་བསྟན་གྱི་སྐད་ཡིན་ནམ་ཞིག་མ་གཏོགས་མ་འབྲི་ཟེར། རིག་གནས་གསར་བརྗེའི་སྐབས་སུ་རྒྱ་མིས་བོད་ཀྱི་ཡི་གེ་འདི་བླ་མའི་ཡི་གེ་རེད་ཟེར་མྱོང་བ་དང་མཐུན་པ་འདུག རྒྱ་སྐད་བོད་སྐད་ཟེར་བ་ཡོད་པ་མ་གཏོགས་ཆོས་སྐད་ཟེར་ན་ག་རེ་རེད། བཀའ་བསྟན་གྱི་སྐད་ཟེར་ན་ག་རེ་རེད། ང་ཚོས་བོད་སྐད་འབྲི་དགོས་གི་ཡོད་རེད། ཡུལ་སྐད་ཡིན་ཡང་ལེགས་ཆ་བླངས་ནས་བོད་ཁྱོན་ཡོངས་ལ་གོ་ཐུབ་པའི་སྤྱི་སྐད་ཅིག་ཆགས་པར་འབད་པ་བྱེད་བཞིན་ཡོད་རེད། ལ་དྭགས་པ་ལྭ་བ་དམར་མདོང་མདོང་ཅན་་gas cylinder རེས་གོམ་པ་སྤོ་གི་ཡོད་པ་འདྲ་བ་འདི་ཚོ་ཚུད་པའི་བོད་མི་ཚང་མས་སྤྱི་སྐད་དེ་ཤ་ར་ར་འབྲི་ཤེས་པ་ཞིག་ཡོང་བར་འབད་དགོས། རྒན་ལ་དྭགས་པས་ཀྱང་བོད་སྐད་འདི་བཀའ་བསྟན་ཟེར་བའི་ལོ་སྟོང་གི་གོང་གི་བསྒྱུར་ཡིག་འཁྲེགས་པོ་དེ་དང་ཕར་བསྟུན་དགོས་ཟེར་བ་ལས་ལྡོག་སྟེ་ཡིག་རྙིང་དེ་ཚོ་དེང་རབས་བོད་སྐད་དང་མཐུན་པའི་སྐད་གསར་བཅད་རེ་བཟོ་བའི་དགོངས་ཚུལ་རེ་གསུངས་རོགས་གྱིས། སྔོན་བོད་ཀྱི་རྒྱལ་བློན་ལོ་པན་རྣམས་རྣམ་དཔྱོད་ཆེ་སྟབས་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ནང་ལ་བཀའ་བསྟན་ཚུད་པའི་ཡིག་ཐོག་གི་རིག་གཞུང་ལ་སྐད་གསར་བཅད་ཐེངས་གསུམ་བྱས་འདུག དེང་དུས་སུ་སྟབས་མ་ལེགས་པ་ཞིག་ལ་རྒན་ལ་དྭགས་པ་དང་དེ་འདྲ་བའི་ཤེས་ཡོན་ཅན་འདི་ཚོས་བོད་སྐད་འདི་དེང་རབས་ཅན་དང་། ཡོངས་ཁྱབ་ཅན། མང་ཚོགས་ཀྱིས་བེད་སྤྱོད་ནུས་པ་ཞིག་ཡོང་བར་འབད་ལས་ལྡོག་པའི་སྐད་ཆ་ཤ་སྟག་བཤད་ནས་བོད་སྐད་འདི་ཁ་འདོན་འདོན་སྤྱད་ཙམ་གྱི་ས་རུ་ལུས་བསྡད་ཡོད་པ་རེད།
ཁྲི་རལ་པས་གསུངས་པ་དེ་ལ་མོས་མཐུན་ཡོད། བོད་ཀྱི་སྤྱི་སྐད་ལ་གཏོར་བཤིག་ཚབ་ཆེ་ཤོས་བྱེད་མཁན་དེ་ལ་དྭགས་པའི་ནང་ན་ཡོད། ལ་དྭགས་མེ་ལོང་ཟེར་བ་འདི་འདྲ་འདོན་མ་ཡོང་རོགས།
འོན་ཀྱང་།ལ་དྭགས་པ་ཁྱེད་ཀྱི་བོད་ཆིག་སྒྲིལ་གྱི་བསམ་བློ་དེར་ཡི་རངས་ཆེན་པོ་ཡོད།ཉིད་ལ་བོད་ཞེན་དེ་འདྲ་ཡོད་ན་ལ་དྭགས་སུ་སོང་སྟེ་ཡུལ་མི་ཚོར་ཁ་བརྡ་བསླབ་བྱ་ཡག་པོ་ཅིག་བྱེད་རན་གདའ།ངོས་རང་ལ་དྭགས་སུ་ཐེངས་མང་སོང་ནས་ཡུལ་དེར་རྒྱུས་མྱོང་ཡག་པོ་ཡོད།རྩ་བའི་ལ་དྭགས་མི་ཚོ་སྐད་ལུགས་གོམས་གཤིས་གང་ཅིའི་ཆ་ནས་མདོ་སྨད་ཨ་མདོའི་མི་ཚོ་དང་ཁྱད་པར་ཅུང་ཙམ་མ་གཏོགས་མི་འདུག་མོད།ལ་དྭགས་སུ་བོད་མི་སྐྱབས་བཅོལ་བ་ཚོར་སྡང་ཟུག་དང་དབྱེ་འབྱེད་ཧ་ལས་པ་ཆེན་པོ་བྱེད་ཀྱི་འདུག
ལྷག་པར་བོད་ནས་གསར་འབྱོར་ཅིག་ཡིན་ཕྱིན་ཧ་ལམ་རྒྱ་ནག་གི་སོ་པ་ཡིན་རྐྱང་ལྟ་བུར་ངོས་འཛིན་གྱིས་ལ་དྭགས་པ་དཔོན་རིགས་ཚོས་དམ་དྲག་ཧ་ཅང་ཆེན་པོ་རེད།དེ་བས་ཁྱེད་རང་བོད་ཞེན་ཅན་ཅིག་ཡིན་ན་དེ་ཚོར་དོ་སྣང་ངེས་པར་བྱེད་དགོས་པ་དང་།བསྒྱུར་བཅོས་གཏོང་ཐབས་སུ་འབད་དགོས་པ་ཅིག་རེད་གདའ།
བར་ལམ་ཅིག་ནས་བཙན་བྱོལ་ནང་ཤེས་ཡོན་ཅན་མཁྲེགས་འཛིན་པ་སྐོར་ཅིག་གིས་བོད་ནང་གི་གཞོན་སྐྱེས་རྩོམ་རིག་པ་ཚོར་ཕྲག་པ་དོག་སྟེ།སྟོད་ལ་དྭགས་ནས་སྨད་དར་མདོ་བར་གོ་ཐུབ་པའི་ཡིག་སྐད་འབྲི་གི་མི་འདུག་ཅེས་དགེ་ཆོས་ཀྱི་དེབ་དཀར་ནང་གི་ཚིག་རེ་དྲངས་ཏེ་སྡུག་སྐད་བརྒྱབ་ཀྱི་ཡོད་མོད།རཀ་རའི་དགེ་ཆོས་ཀྱི་ལོ་རྒྱུས་ནང་དགེ་ཆོས་རང་གི་ཞལ་ནས།བོད་ཀྱི་ཡུལ་ལུང་སོ་སོའི་སྐད་ལུགས་གང་ལའང་སྣང་ཆུང་གཏན་ནས་བྱེད་མི་རུང་།ཡུལ་སྐད་དེ་རིགས་ལ་བསམ་བློ་ཞིབ་མོར་གཏོང་སྐབས་ངེས་པར་རྒྱུ་མཚན་ལྡན་པ་དང་ཡིག་སྐད་ཀྱི་བརྡ་རྙིང་གང་རུང་དང་འབྲེལ་བསྡད་པ་ཅིག་ཏན་ཏན་རེད་ཅེས་གསུངས་འདུག་པ་དེས།ཡུལ་སྐད་ཚད་ཐུབ་གང་མང་བསྒྲིགས་ན་ཡིག་སྐད་ཕྱུག་པོར་འགྱུར་རྒྱུ་ཡིན་ངེས་གཏན་རེད།
དཔེར་ན།ལ་དྭགས་པའི་ཡུལ་སྐད་ཀྱི་དབང་དུ་བཏང་ན་གསར་པ་ལ་(སོ་མ་)ཟེར་གྱི་འདུག་པ་དེ་ཨ་མདོའི་ས་ཁུལ་དང་ཁམས་ཁུལ་གྱི་ཨམ་སྐད་བཤད་སའི་འབྲོག་ས་གང་དུའང་བདེ་བླག་ཏུ་གོ་ཐུབ་པ་ཅིག་ཡིན་པས།ཚིག་དེ་ལྟ་བུ་ད་ལྟ་ཡུལ་སྐད་དུ་བཞག་སྟེ་དེ་ཙམ་ཡིག་ཐོག་ཏུ་འབྲི་བཞིན་མེད་ནའང་།དོན་དམ་དུ་བོད་ཀྱི་སྤྱི་སྐད་ཚད་ལྡན་ཅིག་རེད་གདའ།ཡང་ལ་དྭགས་དང་ཟངས་དཀར་དུ་སང་ཉིན་ལ་(ཐོ་རེས)ཞེས་འབོད་པ་ལྟ་བུའང་ཨམ་སྐད་ཀྱི་ས་ཁོངས་མང་ཆེ་བར་གོ་ཐུབ་པ་གོང་མཚུངས་རེད།
དེ་འདྲ་གང་མང་ཡིག་ཐོག་ཏུ་བཀོད་དེ་བོད་ཡིག་ཆ་ཚང་བ་དང་བོད་སྐད་བཤད་པའི་ས་ཁོངས་སྤྱི་ལ་ཁྱབ་པ།ཡུལ་སྐད་དང་ཡིག་སྐད་བར་ཁྱད་པར་མེད་པའི་ལམ་དུ་ཞུགས་དགོས་པ་མ་གཏོགས།ག་དུས་ཡིན་ན་བཀའ་འགྱུར་བསྟན་འགྱུར་ནང་མེད་པའི་ཚིག་ཅིག་བྱུང་དུས་ཁས་མི་ལེན་པར་མཁྲེགས་འཛིན་བྱས་ན།བོད་ཡིག་འདི་རིམ་པས་འབྲོག་པའི་རྟ་ཟོག་ལུག་གསུམ་ཚང་རྩིས་བྱེད་པ་ཙམ་དུའང་བེད་སྤྱོད་མི་ཐུབ་པའི་ཡི་གེ་ཐེབས་ཆག་ཅིག་ཆགས་རྒྱུ་རེད།
ཁ་ཏོག་ནག་པོ་དང་དབྱིབས་འབུར་པོ་ཞིག་གློ་བུར་དུ་འགུལ་ཡོང་ན་དེ་རྐུན་མ་ཡིན་ངེས་་་་་་་་་་་་་་་་་་་་་ཧཧ། བཀླགས་ཟིན། བདེན་དོན་ལ་གཞོལ་འདུག
མཁས་པས་བཤད་ན་ཅི་ཡང་བདེན་ཞེས་པའི་དཔེ་ལྟར། གཏམ་དཔེ་དེར་འགྲེལ་བཤད་ཡག་ཐག་ཆོད་གནང་འདུག།
ཀོ་གྱོང་ལག་པས་མཉེད་རྩིས་བྱེད་མཁན་དང་། རྦབ་ཆུ་གྱེན་དུ་འདྲེན་རྩིས་བྱེད་མཁན་དག་ནི་དོན་དངོས་ཐོག་རང་ཉིད་ངལ་བའི་རྒྱུ་ཁོ་ན་ལས་བྱ་བ་དེར་གྲུབ་འབྲས་ཐོན་སྲིད་དམ།
སྤོབས་པ་མཐའ་ཡས་དང་ཁྲི་རལ་སོགས་ཀྱིས་ལྭ་དགས་བློ་བཟང་ལ་གསལ་འགྲེལ་གྱི་ངལ་བ་བརྟེན་པ་ནི་དཔེ་དེ་དང་གཅིག་མཚུངས་ཡིན།
ཁ་བརྡའི་ནང་བོད་པ་བརྒྱ་ལས་ལྷག་པའི་བོད་རིགས་ལ་དྭགས་རྒན་བློ་བཟང་མཆོག་ལ་གུས་པ་ཡོད། ཁོང་ནི་ཁ་བརྡའི་ནང་གི་མཆན་བུ་བ་ལོ་ན་མཐོ་ཤོས་དང་། བོད་ཀྱི་སྐད་ལ་དོ་སྣང་དཔེ་མེད་གནང་མཁན་དེ་རེད། ཁོང་གིས་དུས་རྟག་ཏུ་བོད་སྐད་དེ་བརྡ་སྤྲོད་དང་མཐུན་པར་དགོས་པའི་ཨུ་ཚུགས་དང་སེམས་ཤུགས་ཀྱིས་དཔེ་མཚོན་དང་ཁུངས་སོགས་ཅི་ཐུབ་ཀྱིས་གནང་བཞིན་པ་ལ་དངོས་གནས་རྗེས་སུ་ཡི་རངས་མི་ཞུ་ཐབས་མེད་ཆགས་སོང་། ལ་དྭགས་མེ་ལོང་གིས་བོད་སྐད་ལ་གནོད་ཅི་ཡང་བྱས་མེད་དེ། དེ་ཁྱོད་ཚོས་ཟེར་བཞིན་པའི་ཡུལ་སྐད་སྤྱི་སྐད་ལ་ཆགས་ཐབས་ཀྱི་འབད་བརྩོན་རེད། དེས་གནོད་ན་བརྡ་དག་དང་མི་མཐུན་པའི་ཡོད་ནི་རེད་ཟེར་བ་ལྟ་བུ་ཡང་མ་འགྲིག་པ་རེད། དེས་ན་ལ་དྭགས་པས་མ་འགྲིག་པ་ཡོད་མེད་གཞི་ནས་དཔྱད་རྒྱུ་ལ་གལ་ཏེ་ལ་དྭགས་པར་སྐྱོན་ཡོད་ན་རྒན་བློ་བཟང་གི་མགོ་རུ་འཇོག་རྒྱུ་འདི་བོད་པ་སྐྱག་གཟན་ཚོའི་རང་གཤིས་བསྟན་པ་རེད། ལ་དྭགས་ནང་བོད་པ་ཚོ་རང་དབང་ངང་བོད་དར་ཆེན་པོ་འཕྱར། ཚོང་ཁང་བཙུག་ནས་ཅ་དངོས་ཚོ་ཉོ་མི་ཐུབ་པའི་གོང་ཆེན་དེ་འདྲ་་་་རྒྱབ་ནས་ཡུལ་མིའི་བཅོམ་ཡང་༧གོང་ས་བླ་མའི་བཀའ་འབངས་སུ་བསམ་སྟེ་ལ་དྭགས་པས་དགའ་དགའ་སྤྲོ་སྤྲོས་ཁུར་བཞིན་འདུག་པ་ངས་དངོས་སུ་མཐོང་མྱོང་། ལར་ནས་བསམ་བློ་གཏོང་གིན་གཏོང་གིན་བོད་པ་ཟེར་བ་དེ་ཡ་རབས་དང་བསམ་བཟང་ཞེ་པུ་ཡོད་ཅེས་༧གོང་ས་མཆོག་གིས་ཡང་ཡང་བཀའ་སྩལ་པ་འདི་དྲང་དོན་ཡིན་ན་མ་གཏོགས་བོད་པའི་སྤྱོད་པ་ལ་ལྟ་དུས་རྒྱ་མི་ལ་དད་པ་སྐྱེས་དགོས་པ་དེ་འདྲ་འདུག དཔེར། བོད་པ་སྐྱག་པ་སྒོག་པ་གསུམ། འདྲེས་ཤིང་འདྲེས་ནས་ཇེ་སྡུག་རེད། ཅེས་པ་འདི་ལ་ཡིད་ཆེས་རྙེད་སོང་། སྤྲོས་པས་ཆོག་གོ
མཁས་དབང་ལ་དགས་པར་སྨད་མི་རུང་། ང་ཁོང་ལ་ཆ་རྒྱུས་ཅི་ཡང་མེད་འོན་ཀྱང་ཁོང་ནི་སུམ་རྟགས་ལ་ལེགས་པོ་ཡོད་པ་ངས་བརྗོད་ཐུབ་ཀྱི་ཡོད། ངས་རྩོམ་ཁ་ཞིག་ལའང་མཁས་དབང་ཁོང་གིས་དག་བཅོས་ལེགས་པོ་བྱས་སོང་བས་རྗེས་སུ་ཡི་རངས་ཡོད། རྒན་ལ་དགས་པ་ལ་རྒྱབ་སྐྱོར་ཡོད། སྤོབས་པས་བྲིས་པའི་གཏམ་དཔེར་ལ་འགྲེལ་བྱེད་ལེགས་པོ་རྒྱབ་འདུག་པས་རྗེས་སུ་ཡི་རངས་ཡོད། ངས་ཁྱེད་གཉིས་ཀྱི་རྩོད་གཞི་ཀློགས་རྒྱུ་མ་བྱུང་ཡང་རྒན་ལ་དགས་པ་ཕར་ཆར་ནོར་མི་སྲིད་སྙམ་མོ། །
ཝ་ཁྱིའི་གཏམ་དཔེ་སྙན་པོ་བྱུང་ཡང་་་་་་་་
བོད་པས། ག་བ་འགྲོ་གེ
ལ་དྭགས་པས། ག་རུ་བསྐྱོད།
སོ་མ་ཟེར་བ་བོད་སྐད་རེད། ཨ་མདོ་དང་འབྲུག་པའི་སྐད་ཅང་མ་རེད། ཨ་མདོའི་བྱི་ལི་འདི་ཚོ་་་་
ངའི་ཕ་ཡུལ་ནས་༼ཝ་མི་བརྒྱལ་ཀ་མེད་འདྲེ་ཡིས་འགྲམ་ལྕག ཁྱི་མི་ཟུག་ཀ་མེད་རྐུན་མས་སྒོ་བརྡུངས་༽ཟེར་།
ལ་དྭགས་པ་སྤྱི་དང་བྱེ་བྲག་ལ་སྨད་ཅང་མེད། ལ་དྭགས་པ་འདིས་ཆོས་སྐད་མ་གཏོགས་མ་འབྲི་ཟེར་བ་དང་བཀའ་བསྟན་གྱི་ན་མེད་པ་མ་འབྲི་ཟེར་བ་འདི་རིགས་ལ་མོས་མཐུན་ཅང་བྱེད་ཐུབ་གི་མི་འདུག བསམ་ཚུལ་དང་སྐད་ཆ་འདི་རིགས་ཀྱིས་བོད་ཀྱི་སྐད་ཡིག་འཕེལ་རྒྱས་ཀྱི་འགོག་རྐྱེན་རེད་བསམ་གི་འདུག ལ་དྭགས་པ་འདིས་བོད་ཡིག་སྦྱངས་ཡོད་ན་ཡང་སྤྱིར་བོད་སྐད་ལ་ཆ་རྒྱུས་ཆུང་ཆུང་ཡིན་པའི་དོ་སྣང་བྱུང་སོང་། ངས་གོ་གི་མི་འདུག་ཟེར་བ་མ་གཏོགས་རྒྱུ་མཚན་ནི་ཅང་མི་འདུག འབྲུག་པ་ཚོར་བཀའ་བཀྱོན་དེ་ལས་ཆེ་ཞིག་གཏོང་རྩིས་ཡོད། མེ་ཏོག་དཀར་པོ་ཁྱེད་ཀྱིས་སྒུག་སྡོད་ད།
འདི་ན་ལ་དྭགས་ལ་ཕྱོགས་ལ་ཆ་རྒྱུས་ཅན་མང་པོ་ཡོད་འདུག སྔོན་མ་ལ་དྭགས་ཀྱི་ས་ཆ་ཞིག་ཏུ་གྲྭ་བ་གཅིག་གཉིས་ཤིག་མཚན་མོ་ཞིག་ལ་མེ་མདའ་བརྒྱབ་ནས་བསད་སོང་བ་དེ་དགོན་པ་གང་རེད། ངས་སྔོན་མ་ཤེས་ཡོད་མོད་རྗེས་སུ་བརྗེད་སོང་འདུག
རེད། བཀའ་སྐྱོན་གཏོང་། སུས་ཁ་ལ་ཆུ་དང་། ལག་ལ་རྩམ་པ་སྤྲོད་མཁན་དེ་ཚོ་ལ་བཀའ་སྐྱོན་གཏོང་། ཕ་ས་འཕྲོག་མཁན་ལ་ཤི་མིག་ཙམ་ཡང་ལྟ་མི་ནུས།
རང་མགོ་མ་འཐོན་རོ་མགོར་ཅ་ཅོ་སྒྲོགས། ཟེར་བ་ལྟར་བཟང་ཚད་བོད་ཀྱི་ཡིན་ཁུལ་བྱས། ངན་ཚད་གཞན་གྱི་ཡིན་ཁུལ་བྱས། ཧ་ཅང་དགོད་བྲོ་བ་རེད། ༼ ཐོ་རེས༽ ཟེར་བ་ཨ་མདོའི་སྐད་ཡིན་ནོ་ལོ། ཐོ་རེངས་དང་ཐོ་རངས་གདམ་ཀའི་ཐོག་འབྲི་རྒྱུ་ཡོད་ཐོག་སྒྲ་ཉམས་ཏེ་ཐོ་རེས་ཟེར་བ་ཙམ་ལས་བོད་སྐད་དྭངས་མ་ཡིན་པའང་མ་ཤེས། ད་ལྟའང་འབྲས་ལྗོངས་སུ་སང་ཉིན་གྱི་དོད་ལ་ཐོ་རངས་ཟེར་ལ་ལ་དྭགས་སུ་ཐོ་རེས་ཟེར།
ཆོས་སྐད་དང་བཀའ་བསྟན་གྱི་སྐད་གང་ཟེར་རུང་བརྡ་དག་དང་མཐུན་དགོས་པ་རེད་མ་གཏོགས། ཨ་མདོའི་སྐད་བཙན་ཁྲིད་བྱས་ཏེ་བོད་སྤྱི་སྐད་དུ་བསྒྱུར་ཐབས་བྱེད་པ་འདི་མ་རབས་ཀྱི་ལས་ཀ་རེད། ཡུལ་སྐད་དེ་གལ་ཆེན་ཡིན་པས་ངེས་པར་ཡིག་ཐོག་ཏུ་འབྲི་དགོས་ན་ཨ་མདོ་ལས་གཞན་པའི་ཡུལ་སྐད་་མེད་པ་རེད་དམ། སུའི་ཡུལ་སྐད་དེ་ཚད་མར་བྱེད་དགོས་སམ། ༼ འོ་ཛི། ཨ་ནི་དཔེ་ཡ། འདུས་སེ་བྱས་དུས་ཁྱེད་རང་གི་ཡ་ཁ་པར་བཏང་མ་སོང་ང་། རང་ནི། ཡ་ཡུད་ཚ་ལ། ང་འདེ་ལ་ཡ་༽སོགས་ལྟ་བུ་འབྲི་ན་འགྲིག་གམ། མ་འགྲིག་ན་རྒྱུ་མཚན་གང་རེད་དམ།
སྤོབས་པ་མཐའ་ཡས་བྱོན་པ་ལེགས། ཁུག་མའི་ནང་གི་སྐད་བེད་སྤྱོད་མ་བྱེད་ཅེས་འབོད་སྐུལ་ཞུ་འདོད་བྱུང་། སྤྱིར་བཏང་བོང་བུའི་སྐད་ཀྱང་ཡི་གེར་ཕབ་ནུས། སྤོབས་པ་དོན་ལྡན་ཡིན་དགོས། བཀུར་འོས་ལ་ཐགས་པ་བློ་བཟང་འཇམ་དཔལ་གྱི་བསླབ་བྱ་ཉན་དགོས་མ་མཐར་ཡང་ཡ་རབས་ཅེས་པའི་དངོས་པོ་འདི་དྲྭ་ཐོག་ཏུ་མེད་སོང་ན་མ་འདོད། འཇམ་མགོན་བླ་མ་ཙོང་ཁ་པས་ཨམ་སྐད་མ་ཤེས་པ་རེད་མ་འདོད། ང་ཚོས་གང་ཐུབ་ཀྱི་ཁྱབ་ཆེ་བ་ལོངས་སྤྱོད་ཞོར་དུ་གང་ནུས་ཀྱི་ཁུག་མའི་ནང་འཛུལ་མི་རིགས། ཞོལ་ནས་བཀུར་འོས་ལ་ཐགས་པས་གཏན་ནས་མི་འདོད་པའི་དངོས་པོ་དེར་ཁྱེད་ཀྱིས་གཟིགས་རོགས། འབྲུག་མི་ལྷག་བསམ་ཅན་ཚོས་འདི་ལས་ཡར་ཡོང་བར་སྨོན་ལམ་འདེབས་ཀྱི་ཡོད་པ་ཡང་མཁྱེན་དགོས།
ད་རིས་ལས་ ཚོགས་རྒྱན་འགོ་དཔོན་ཚུ་ རང་སོའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་འགྱོ་ནི།
༢༠/༤/༢༠༡༣ ༉ རྒྱལ་ཁབ་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༢ པ་ འགོ་འདྲེན་འཐབ་ནི་དེ་ ད་རིས་ལས་རྩིསཝ་ད་ ཉིནམ་༣ ལས་བརྒལ་མེདཔ་ཨིན་པས།
བཙག་འཐུ་དེ་ རང་མོས་རྣམ་དག་གི་ཐོག་ལས་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཁ་ཙ་ དབང་འདུས་ཕོ་བྲང་ བ་འཇོ་འབྲིང་རིམ་སློབ་གྲྭ་བར་མ་ནང་སྦེ་ ཚོགས་རྒྱན་འགོ་དཔོན་ཚུ་ལུ་ བཙག་འཐུ་གི་ བྱ་སྒོའི་ལམ་ལུགས་སྐོར་ལས་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
བཙག་འཐུ་གི་ ཁ་གསོའི་སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ ཚོགས་རྒྱན་འགོ་དཔོན་ཚུ།
རྫོང་ཁག་ནང་ གསང་བའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་༤༧ ཡོད་མི་ཚུ་གི་དོན་ལུ་ ཚོགས་རྒྱན་འགོ་དཔོན་༢༨༢ བགོ་བཀྲམ་འབད་ནི་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ རང་སོའི་ས་ཁོངས་ནང་ བཙག་འཐུ་དེ་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ནིའི་དོན་ལུ་ འབད་ཆོག་དང་མ་ཆོགཔ་ དེ་ལས་ བཙག་འཐུ་འགོ་འདྲེན་འཐབ་ཐངས་ཚུ་ འགྲེམ་སྟོན་ཐོག་ལས་ སྦྱོང་བརྡར་འབད་ཡི།
ཉིནམ་༡ འབད་མི་ སྦྱོང་བརྡར་ལས་རིམ་གྱི་སྐབས་ རྫོང་ཁག་བཙག་འཐུ་འགོ་དཔོན་གཙོ་འཛིན་ རྫོང་བདག་ལྷུན་གྲུབ་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་དེ་ མཐར་འཁྱོལ་ཅན་སྦེ་ བཟོ་དགོ་པ་ཅིན་ ཚོགས་རྒྱན་འགོ་དཔོན་ཚུ་ལུ་ཡང་ རག་ལསཔ་ཨིན་ཟེར་ཨིན་པས།
དེ་ཡང་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ ལམ་ཁར་ཕྱད་མི་ཚུ་ ག་ར་ཨིན་རུང་ གསང་བའི་ཚོགས་རྒྱན་བཙུགས་དགོ་པའི་སྐོར་ལས་ གོ་བ་བཤད་བྱིན་པ་ཅིན་ མང་ཤོས་ཅིག་གིས་ གསང་བའི་ཚོགས་རྒྱན་གྱི་སྐོར་ལས་ ཧ་གོ་ནི་ལུ་ ཕན་ཐོགས་འོང་ནི་ཨིནམ་ལས་ ཚོགས་རྒྱན་འགོ་དཔོན་ཚུ་ རང་སོའི་ས་ཁོངས་ནང་འགྱོ་བའི་སྐབས་ མི་ཚུ་ལུ་ གོ་བ་བརྡ་སྤྲོད་ལེགས་ཤོམ་སྦེ་ འབད་དགོ་ཟེར་ཨིན་པས།
དེ་ཡང་ ཚོགས་རྒྱན་འགོ་དཔོན་ཚུ་ དཔྱེ་བལྟ་སའི་ ཡུལ་བཟུམ་ཅིག་ཡང་ཨིནམ་ལས་ མི་ཚུ་གི་གདོང་ཁར་ དཔེ་ལེགས་ཤོམ་སྟོན་པ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁོང་ལུ་བལྟ་སྟེ་ ལཱ་འབད་བའི་སྐབས་ དམངས་གཙོའི་རིང་ལུགས་ཀྱི་ཁྱད་ཆོས་ཚུ་ འགྲུབ་ཚུགས་ཟེར་བའི་ གོ་སྐབས་ཡོདཔ་ད་ དེ་འགྲུབ་ནིའི་འགན་ཁག་དེ་ འབྲུག་མི་ག་ར་ལུ་ ཕོག་ཟེར་ཨིན་པས།
དབང་འདུས་རྫོང་ཁག་ནང་ ཁྱད་ལྡན་གྱི་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ཆོག་མི་༡༧,༦༧༣ ཡོད་མི་ཚུ་གི་དོན་ལུ་ འདེམས་ཁོངས་༢ ལུ་ ཁག་དབྱེ་སྟེ་ཡོདཔ་བཞིན་དུ་ ཨ་ཐང་དང་ ཐད་ཚོ་རྒེད་འོག་གི་དོན་ལུ་ རྒེད་འོག་༨ ཡོད་སར་ གསང་བའི་ཚོགས་རྒྱན་བཙུགས་སའི་ས་ཁོངས་༢༡ ཡོདཔ་ད་ ཉི་ཤོ་དང་སྲས་ཕུག་འདེམས་ཁོངས་ནང་ རྒེད་འོག་༧ གྱི་དོན་ལུ་ གསང་བའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་༢༦ ཡོདཔ་ཨིནམ་ བཞིན་དུ་འདེམས་ཁོངས་༢ ལུ་དབྱེ་མི་དེ་ བཙག་འཐུའི་ཉིནམ་ལུ་ ལྟ་རྟོག་ལེགས་ཤོམ་སྦེ་ འབད་ཚུགས་ནིའི་དོན་ལུ་ཨིན་པས།
གསང་བའི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་ལས་ ཨམ་སྲུ་༩,༥༢༤ དང་ ཕོ་སྐྱེས་༨,༡༤༩ ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་ལས་བཅད་པ་ཅིན་ རྫོང་ཁག་གི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་༡,༤༡༣ བཏང་མི་ལས་༡,༡༡༤ ངོས་ལེན་འབད་ཡོདཔ་ལས་ ལྷག་ལུས་ ཆ་མེད་བཏང་ཡོདཔ་ ངོས་ལེན་འགོ་དཔོན་ ཀུན་ལེགས་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱན་ཤོག་ནང་ བརྡ་དོན་ཚུ་ཚངམ་སྦེ་མེད་མི་ཚུ་ ཆ་མེད་གཏང་དགོཔ་ཐོན་ཡི་ཟེར་ཨིན་པས།
ད་རིས་ལས་ ཚོགས་རྒྱན་འགོ་དཔོན་དང་ ཁོང་གི་སྡེ་ཚན་ཚུ་ རང་སོའི་ས་ཁོངས་ནང་འགྱོ་ནི་འགོ་བཙུགས་ཡོདཔ་ད་ ཁོང་ཆ་ཁྱབ་ སྤྱི་ལོ་༢༠༠༨ ལུ་བཟུམ་སྦེ་མེན་པར་ རྫོང་ཁག་བདག་སྐྱོང་གིས་ སྣུམ་འཁོར་༡༨ གྲ་སྒྲིག་འབད་མི་ཚུ་གིས་ སྐྱེལ་འདྲེན་འབད་ནི་ཨིན་པས།
ཨིན་རུང་ ས་ཁོངས་༤ དེ་ཅིག་ནང་ སྣུམ་འཁོར་གྱིས་ ལང་མི་ཚུགས་ནི་ཨིནམ་ལས་ དེ་ཁར་ སྒེར་གྱི་སྣུམ་འཁོར་ཚུ་ ལག་ལེན་འཐབ་བཅུག་འོང་ཟེར་ བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་ཡོདཔ་ད་ སྒེར་གྱི་སྣུམ་འཁོར་ཚུ་ ལག་ལེན་འཐབ་མ་བཅུག་མི་དེ་ མར་ཁུའི་འཐུས་ མར་ཕབ་འབད་ནི་ལུ་དམིགས་ཏེ་ཨིནམ་ད་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་སྐབས་ མར་ཁུའི་ཟད་འགྲོ་ སྦོམ་སྦེ་ར་ གནས་ཡོདཔ་ཨིན་པས།
ཨིན་རུང་ ཚོགས་རྒྱན་འགོ་དཔོན་༢༨༢ ལུ་ ཉིན་འཐུས་དང་འགྲུལ་འཐུས་རྐྱངམ་གཅིག་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢ ལྷགཔ་ཅིག་གནས་ཡི་ཟེར་ རྫོང་ཁག་བཙག་འཐུ་འགོ་དཔོན་ ཨྱོན་ཆོས་སྒྲོན་གྱིས་ སླབ་ཨིན་པའི་གནས་ཚུལ།
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།
མེ་ཏོག་དཀར་པོ་ཁྱེད་ལ་མོས་མཐུན་ཡོད། ཁྲི་རལ་པའི་ཚིག་རྩུབ་ལ་ཧོན་ཐོར་བྱུང་། ངོ་མ་སོ་སོའི་ཚོར་བ་སྣོན་པོ་དེ་མ་གཏོགས་བོད་དོན་ཐོག་ལ་དྭགས་པ་གཅིག་ལས་སྐྱོ་བ། ཐུགས་རྗེ་གཟིགས། ད་བར་བོད་དང་ལ་དྭགས་པ་གཉིས་མཐུན་སྒྲིལ་ཧ་ལས་པ་ཡོད། མི་རེ་ཟུང་གི་གནས་ཚུལ་ཐོག་སྤྱི་ཚོགས་ཀྱི་མིང་བེད་གཅོད་མ་བྱེད་ན་བཟང་།
གསར་འགྱུར་མེ་ལོང་དེ་ལ་དྭགས་པ་སྤྱིའི་བསམ་ཚུལ་ཡིན་པ་བརྗོད་མི་ཐུབ། མ་ཟད་ལ་དྭགས་ནང་ནས་ཀྱང་དེ་ལ་སྐྱོན་བརྗོད་བྱས་པ་ཡོད།
ཤེས་ཡོན་ཅན་དང་གྲོས་གླེང་བྱེད་པ་ལས་ཤེས་ཡོན་ཅན་གྱི་ལར་ཞེན་ལ་དོ་འཕོག་གཏོང་མེད་རུང་། རྒན་འཇམ་དཔལ་ལགས་བོད་ཡིག་ལ་རྩི་མཐོང་དང་བསྲུང་སྐྱོབས་གནང་མཁན་ཞིག་ཡིན་པ་ངོས་ནས་གསལ་པོ་ཤེས།
མེ་ཏོག་དཀར་པོའི་གསུང་༼ཆོས་སྐད་དང་བཀའ་བསྟན་གྱི་སྐད་གང་ཟེར་རུང་བརྡ་དག་དང་མཐུན་དགོས་པ་རེད་མ་གཏོགས། ཨ་མདོའི་སྐད་བཙན་ཁྲིད་བྱས་ཏེ་བོད་སྤྱི་སྐད་དུ་བསྒྱུར་ཐབས་བྱེད་པ་འདི་མ་རབས་ཀྱི་ལས་ཀ་རེད།༽ འདི་ཤིན་ཏུ་བདེན། ཨ་མདོ་བའི་ཁྲོད་ན་བོད་ཀྱི་བརྡ་སྤྲོད་སྐོར་ལ་གུ་ཡངས་ཅན་ཞིག་ཡོད་པ་དག་ཡིག་གསར་སྒྲིག་རྩོམ་མཁན་སྡི་ཚ་བ་བསམ་གཏན་རེད། དེ་མིན་མང་ཆེ་ཤོས་ཀྱིས་ཁོང་ཅག་གི་ཁ་སྐད་དེ་མ་གཏོགས། གཞན་གང་ཡང་དག་མོ་མ་རེད་ཟེར་ནས་བཤད་མཁན་རྐྱང་ཡིན། ཐ་ན་ཁོང་ཚོའི་ཁྲོད་ནས་ཀྱང་དེང་སང་མགོ་ལོག་པ་ཁ་ཤས་ཀྱིས། ཨ་མདོའི་ཡུལ་ལུང་གཞན་གྱི་སྐད་དག་མོ་མ་རེད་ཟེར་ནས་སྐད་ཅོར་རྒྱག་བཞིན་པ་ལྟ་བུ་ནི་མཚོན་ཙམ་ཡིན། ཁོང་ཚོའི་རྣ་ལམ་ལ་ཡུལ་ལུང་དེ་ཀའི་སྐད་མ་གཏོགས་གོ་མྱོང་མེད་པས། བོད་སྐད་ཟེར་ན་དེ་མ་གཏོགས་ངོས་འཛིན་ཐུབ་ཐབས་མེད།
རྒན་ལ་དྭགས་འཇམ་དཔལ་ལ་མཚོན་ན། དེ་འདྲ་གཏན་ནས་མིན། བོད་ཆོལ་ཁ་གསུམ་འགྲིམ་མྱོང་ཡོད་ལ། བོད་ཆོལ་ཁ་གསུམ་གྱི་མི་རྣམས་དང་ལྷན་དུ་སློབ་སྦྱོང་བྱས། ལྷག་པར་ཏུ་ཆུང་ཆུང་སྐབས་ནས་བོད་བཀྲིས་ལྷུན་པོར་སློབ་སྦྱོང་བྱས། དེ་བཞིན་དུ་སྐུ་ཚེ་གང་བོར་བོད་གངས་ཅན་པའི་ཆོས་དང་རིག་གཞུང་སྦྱི་དང་། ལྷག་པར་ཏུ་བརྡ་སྤྲོད་པའི་ཕྱོགས་ལ་ཕྱག་ལས་གནང་བ་ཡིན་པས། སློབ་སྦྱོང་དང་། ཕྱག་ལས། ཉམས་མྱོང་དང་བྱས་རྗེས། ལྷག་བསམ་དང་འཇོན་ཐང་གང་ཐད་ནས། གུས་བཀུར་བྱ་འོས་པ་ཞིག་ཡིན།
མཐར་རྒན་འཇམ་དཔལ་མཆོག་དགོངས་ལོ་བརྒྱད་ཅུ་ཁར་སླེབས་ན་ཡང་། བོད་གངས་ཅན་གྱི་བྱིས་པ་རྣམས་དང་ལྷན་ཏུ་དྲ་ལམ་ན་རིག་གཞུང་གི་རོལ་རྩེད་བྱེད་བཞིན་པར་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ་ཞུ། སྐུ་ཚེ་རྟག་བརྟན་ངོས་ཐེ་ལན་གཙུག་ལག་སློབ་གྲྭའི་སྐྱ་སེར་ཀུན་ལ་བོད་ཀྱི་ཆོས་རིག་གི་བདུད་རྩི་འཇོ་བཞིན་མཛད་འཕྲིན་རྒྱས་པར་སྨོན།།་
གསར་འགྱུར་མེ་ལོང་ཐད་ལ་སྔོན་ཆད་ངས་ཀྱང་རྒན་འཇམ་དཔལ་ལ་ངོ་ལོག་གདོང་ཐུག་བྱས་མྱོང་། ཡིན་ན་ཡང་འདི་ནས་མི་ཁ་ཤས་ཀྱིས་ངོ་ལོག་བྱེད་སྟངས་དང་གཏན་ནས་མི་འདྲ། འདི་ན་དོན་དངོས་མ་ཤེས་པར་དགག་གི་འདུག རྒན་འཇམ་དཔལ་གསར་འགྱུར་མེ་ལོང་ལ་དགག་པ་རྒྱག་མཁན་གྲས་རེད། ཁོ་ཚོ་རྒན་རབས་པ་ཁ་ཤས་ཀྱིས་དགག་པ་རྒྱབ། དེ་ཡང་བོད་གངས་ཅན་གྱི་བརྡ་སྤྲོད་དང་མཐུན་གི་མི་འདུག་ཟེར་ནས་དགག་པ་བརྒྱབ། དེའི་ཉེར་ལེན་ཡིན་ན་གང་ལྟར་རྗེས་སུ་གསར་འགྱུར་དེ་སྒོ་བརྒྱབ་པ་ཡིན་རེད། ངས་རྒན་འཇམ་དཔལ་ལ་ངོ་ལོག་བྱེད་དོན་ཡང་དེ་ཡིན། ཁྱོད་ཚོ་རྒན་རབས་པ་ཁ་ཤས་ཀྱིས་ཡོད་པ་མེད་པར་བཟོ་བ་ལས། མེད་པ་ཡོད་པར་བཟོ་རྩིས་མི་བྱེད་པ་འདི་ཅི་རེད་ཟེར་བ་དེ་ཡིན། ངས་བསམ་ཚུལ་བྱས་ན་མེད་པ་ལས་བརྡ་སྤྲོད་དང་ཆ་ཡོངས་སུ་མ་མཐུན་ན་ཡང་། ཡོད་པ་ཡག་གི་རེད། ཡོད་པ་དེ་རིམ་བཞིན་ཡར་རྒྱས་གཏོང་ཆོག་གི་རེད། ལྷག་པར་དུ་ཚིག་སྟེགས་ཁ་ཤས་བརྡ་སྤྲོད་དང་མ་མཐུན་ན་ཡང་། བོད་ཁྱོན་ཡོངས་ནས་གོ་པར་ཕན་ཐོག་པར་མ་ཟད། གཞོན་སྐྱེས་ཚོས་དོ་སྣང་སླེབས་པར་ཕན་ཐོག་གི་རེད་ཟེར་ནས་བཤད་པ་ཡིན། ཡིན་ན་ཡང་ཚགས་པར་དེ་སྒོ་བརྒྱབ་པ་དོན་རྐྱེན་གཞན་ཞིག་ཡིན་པ་འདྲ་འདུག
སྲོང་བཙན་གྱིས་མདོ་དང་སྨད་ལ་བཏང་བའི་མདོ་སྨད་པ། ལ་དང་ཐོད་ལ་བཏང་པའི་ལ་ཐོག་པ། སྐད་གཅིག་པ་ཡོད་ན་ཡོད་དགོས་བྱུང་། དམག་ཁྱུ་གཅིག་གི་ཆད་ཁོངས་རེད།
མ་ཁོངས་གཏུག་ས་ཡོད་པ་དང་སྒྲ་ཟུར་ཉམས་ཡོད་ཚད་ཡིག་ཐོག་དུ་ཕབ་ན་བཟང་། དེ་ནི་སྐད་ཡིག་གི་ཉམས་པ་སླར་གསོ་ཡིན།
དེང་དུས་དང་མཐུན་པའི་མིང་ཚིག་གསར་བཟོ་དང་མིང་གི་སྒྲ་བསྒྱུར་ཡོད་ཚད་གཏན་ལ་ཕབ་ན་བཟང་། དེ་ནི་སྐད་ཡིག་གི་མིང་བརྡ་གོང་འཕེལ་ཡིན།
དེ་མིན། ཅིག་འབྲི་མི་ཉན། མྱུག་འབྲི་མི་ཉན། ཁྱེད་རང་ཚོས་ག་རེ་ཤེས་འི་ཡོད།
འབྲིག་སྐད་དང་ཨམ་སྐད་སྦྱོར་སྟངས་ཡང་འདྲ་པོ་ཡོད། ཉིནམ། ཡོདཔ། ལྟ་བུ་ལ་བསམ་ན། ཨམདོ། བཞིབརྒྱ། དཀོམཆོག ལྟ་བུ་འོ། ཁ་རྡུང་གཏང་མ་ཡོང་ཨ། ཁོ་རེ་ཚོ།
རྒན་ལ་དྭགས་པར་རྗེས་སུ་ཡི་རངས་དང་དགོངས་ལོ་མཐོན་པོ་དེ་འདྲ་ཞིག་ཁ་བརྡའི་ནང་དུ་ཕེབས་བཞིན་བརྡ་སྤྲོད་ཀྱི་སྐོར་ལ་བསམ་ཚུལ་ཤོད་པ་ནི་ངོ་མ་བོད་ཀྱི་རིག་གཞུང་ལ་ལྷག་བསམ་རྨ་མེད་པར་མཚོན་པ་རེད། འོན་ཀྱང་འགའ་ཞིག་ལ་ང་ཡང་མོས་འདུན་མེད། དཔེར་ན། རོགས་་་་་་ཟེར་བར་ངེའ་པར་དུ་་་་གྲོགས་ཞེས་བཅོས་དགོས་པའི་ཨུ་ནན་གནང་བ་ལྟ་བུ་རེད།
གང་ལྟར་སྤ྄ོབས་མཐའ་ལས་སོགས་འགའ་ཞིག་ནས་ཁ་བརྡུང་གཏོང་སྟངས་དེར་མོས་པ་མེད་ལ་ངོ་རྒོལ་ཡོད། ཁ་སྔོན་་་སྤོབས་མཐས་རྒན་ལ་དྭགས་པ་སྒུགས་ཨ་་བཟོ་བཏའ་བཟོ་རྒྱུ་ཡོད་་་་ཝ་མི་བརྒྱལ་ཁ་མེད། འདྲེ་ཡིས་འགྲམ་ལྕག ཁྱི་མི་ཟུག་ཁ་མེད། རྐུན་མའི་ནག་འབུར། ཅེས་ཟེར་ནས་ད་བྱེད་རྒྱུ་རེད་དྲན་ཡོད་དེ། རྩོམ་སྐྱག་དེར་་་གཏམ་དཔེ་ཝ་སྐད་ཅིག་་དྲངས་ནས་བཞག་གཏོང་ཅི་ཡང་མི་འདུག ཆུ་ཀླུང་ཆུང་ཆུང་འུར་སྒྲ་ཆེ། ཡོན་ཏན་ཆུང་ཆུང་སྤོབས་པ་ཆེ། ་་ང་རྒྱལ་ཆེ་་་ཟེར་བ་ཅིས་མི་བདེན།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་གྱིས་བརྡ་སྤྲོད་ཡག་པོ་མི་མཁྱེན། བརྡ་སྤྲོད་ཀྱི་ཞུ་དག་གཅིག་ཀྱང་མེད། ཁོ་རང་གིས་བྲིས་བར་བརྡ་ལོག་མང་པོ་ཡོད།
མིང་ཚིག་གི་ཞུ་དག་མང་པོ་ཡོད། དེའི་ནང་ན་བློ་ལ་འགྲོ་བ་ཡང་མང་པོ་ཡོད།
རྒན་གྱིས་ཨམ་སྐད་གོ་ཐོས་མེད་པའི་རང་མཚང་ཡང་ཡང་སྟོན།
རྒན་གྱི་དགོངས་ན་ཆུང་རྒྱུ་ན། ངས་ས་གཙང་ས། ཆུ་ཞིམ་ས། གནས་སྐྱིད་ས། སྐད་སྙན་ས། ཡུལ་ཨ་མདོའི་འབྲོག་རུ་ཆེན་མོ་ཞིག་ལ་ཁྲིད་ས་རེད། ཡིན་ན་ཡང་། ང་ལ་རྒྱུ་མེད། ཁྱེད་ལ་ཁོམ་མེད། དེ་རེ་ཡོང་ས་མ་རེད།
གང་ལྟར་རྒན་ལ་གུས་པའི་གཤིས་ལུགས་ཡོད། ཕ་མ་བཟང་པོའི་ལྟ་སྐྱོང་ཡོད། ཡ་རབ་ཕྱོགས་ལ་མིག་ལྟ་ཡོད། རྒན་གྱི་སྐུ་ཚེ་བརྟན་པ་དང་། བཞེད་དོན་བསམ་དོན་འགྲུབ་པར་ཤོག།
བདེན་པ་ལ་བདེན་པར་ངོས་འཛིན་ཅིང་བདག་གི་བྱ་བར་རྒྱབ་སྐྱོར་མཛད་པ་པོ་ཡོངས་ལ་བཀའ་དྲིན་ཆེ།
དྲ་གྲོགས་ཤིག་གི་མཆན་ན། “རྒན་དྭགས་པ་ཏག་ཏག་བཟོ་གི་ཡིན་ཅེས་བཤད་སོང་་་་་ད་བྱེད་དུས་གཏམ་དཔེ་འདི་ཡིན་པ་འདྲ། གཏམ་དཔེ་འདིས་རྒན་ལ་དྭགས་པ་ཏག་ཏག་ཇི་ལྟར་བྱས་ཏེ་བཟོས་ཡོད་མེད་ཤེས་མ་སོང་།” དེ་ལས་གོ་ལྡོག་སྟེ། བདག་གི་བདག་གི་མཆན་ལ་བརྟེན། སྤོབས་པ་མཐའ་ཡས་མཆོག་གིས་བོད་སྤྱིའི་སྐད་དུ་བྲིས་པས། བདག་གིས་རྩོམ་ཡིག་ཀློག་པ་ན། མིང་ཚིག་གཅིག་མ་གཏོགས་ཚང་མ་གོ་རྟོགས་བྱུང་བས་དེ་ལྟར་བྲིས་པ་ལ་ངོ་མཚར་ཆེ་ཞུ་འོས། “འཁོན་པ་བསྡུམས་པའི་གྱོད་བཤད་དུས།”གྱོད་ཅེས་པ་ཡིན། ཚིག་མཛོད་གཅིག་ལ་བལྟས་པ་ལྟར་། ཁྲིམས་ལ་གོ་དགོས་པར་མཐོང་། དེ་ལྟར་མ་ཡིན་ན། གསལ་བཤད་ཅིག་མཛོད།
ལ་དྭགས་པའི་སྐད་དུ་གཏམ་དཔེ་སྙན་པོ་དེ་འདྲ་མཆིས་ཏེ། “མི་ངན་ཞིག་ལ་རེ་བ་ལས་བྲག་བཟངས་ཤིག་ལ་འཁྲིལ་ན་རྒྱལ།”
ཁྲི་རལ་པ་ནས།
“མདོ་སྨད་ཀྱི་ཁ་སྐད་དམ་ཕལ་སྐད་དུའང་ཉན་མཁན་ཟེར་བ་ལས་ཉོན་མཁན་མི་ཟེར།ཚིག་འདི་དཔེ་མཚོན་ཙམ་རེད།ལ་དྭགས་པས་རང་གི་བོད་ཡིག་གི་ཤེས་ཚད་ཧ་ཅང་དམའ་བོ་ཡིན་པ་མ་ཤེས་པར། ནམ་རྒྱུན་མི་གཞན་ལ་ཆོས་སྐད་བཤད་ཀྱི་མི་འདུག་ཅེས་བསྙོན་འཛུགས་བྱེད་རྒྱུ་བཞག་ན་དགའ།”
ཞེས་བྲིས་ཡོད་པ་ལས། བོད་ཡིག་གི་ཤེས་ཚད་ཧ་ཅང་དམའ་བོ་ཡིན་པ་བདག་རང་གིས་ཤེས། འོས་ཤིང་འཚམས་པ་ཞིག་བྲིས་པ་ལ་སྐྱོན་བརྗོད་མི་རུང་། བོད་ཡིག་མིང་བརྡ་རྣམས་རྒྱ་མཚོ་དང་འདྲ་བས། ད་དུང་ཤེས་གང་ཐུབ་ཀྱིས་སྦྱོང་བ་ལ་བརྩོན། ཁྱོད་ཀྱིས་བདག་གི་ཞུས་དག་པའི་མིང་ཚིག་ཅིག་འདི་འགྲིག་མི་འདུག་ཅེས་བསྟན་ཐུབ་ན། ངའི་རྨོངས་མུན་སེལ་བ་ལ་ཕན། དེ་མིན་ང་བཀྱལ་མེད་ན་ལེགས།
“ང་ཉོན་མཁན་གྱིས་ཉོན་བདེ་བ་ཞིག་མི་འདུག” ཅེས་སྤོབས་པ་མཐའ་ཡས་ཀྱིས་འདི་ལྟར་བྲིས་པ་ལ། ངེད་ཀྱིས་“ཁྱེད་ཀྱི་ཕལ་སྐད་དུ། ཉོན་མཁན་ཟེར། ངའི་ཕལ་སྐད་དུ། ཉན་མཁན་ཟེར།” ཁྲི་རལ། ཁྱོད་ཀྱི་མིག་ཕྱོགས་ཞེན་གྱི་ལིང་ཏོག་གིས་བསྒྲིབས་མེད་ན། བརྗོད་པ་འདི་དག་ཀློག་ལ་གོང་གི་རང་གི་བརྗོད་པ་དང་གོ་བསྡུར་གྱིས་ལ་ལྟོས། ནོར་བ་སུས་བྲིས་འདུག
ལ་དྭགས་པས་བོད་པ་ལ་ཅི་ལྟར་བྱས་དང་བྱེད་པ་བཟང་ངན་ནི་སོ་སོའི་ལྟ་ཚུལ་ལས་འབྱུང་། རྒྱལ་བ་ཀརྨ་མཆོག་ལ་རྒྱ་གར་གཞུང་གིས་དངུལ་མང་ཡོད་པ་ལ་སྐྱོན་འཛུགས་པ་ན། ལ་དྭགས་ཡུལ་མིས་ཁྲོམ་བསྐོར་བྱས་ཏེ། ང་ཅག་གི་བླ་མ་སྐྱོན་མེད་ལ་སྐྱོན་འཛུགས་བྱས་ཞེས་མི་མངས་ཀྱི་ནང་ན་འགའ་ཞིག་་མིག་ཆུ་གཏོང་མཁན་ཡང་ཡོད་པ་ཐོས། འདི་ཁྲི་རལ་ལ་མཐོང་ཐོས་མེད་པཪ་མངོན། ངས་ཐོས་ཀྱང་མིག་མཐོང་མེད། བོད་པ་ཞིག་གིས་ང་ཚོས་བོད་དུ་ཐོས་པའི་དྷ་ས་དེ་ད་ལྟ་དྷ་རང་དུ་སླེབས་དུས་རེད་མི་འདུག་ཅེས་དྷ་སའི་བོད་ཡིག་གསར་ཤོག་ན་བཀླགས། དེ་མིན་པ་མི་རིགས་གཅིག་གིས་གཅིག་ལ་སྐྱོན་བརྗོད་བཀླགས་ཀྱང་། འདིར་སྨོས་པ་ལ་དགོས་པ་མེད། ལ་དྭགས་བརྒྱུད་ནས་ཚོང་པས་རྒྱུ་གར་དུ་བསད་པའི་སྟག་གི་མགོ་རུས་བོད་དམ་རྒྱ་ནག་ཏུ་གཏོང་བ་གཉེན་རྟོག་པས་ལ་དྭགས་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་དུ་འཛིན་བཟུང་བྱས་པ་ཐོས། ཚོང་པ་རེ་ཟུང་གིས་བྱས་པ་ལ་དྭགས་པ་དང་། བོད་པ་ལ་གནོད།
སྤོབས་མཐས། “ལ་དྭགས་ལགས། ཁྱེད་ཀྱིས་ཕལ་སྐད་ཟེར་བ་དེ་ཅི་འདྲ་ཞིག་ལ་ཟེར་བཞིན་ཡོད། ཆོས་སྐད་ཡིན་ནམ་དེ་ཅི་ཞིག་ལ་ཟེར་བཞིན་ཡོད། དེ་གཉིས་ལ་འགྲེལ་བཤད་ཅིག་གྱིས་དང་།”
་
འདི་ལ་བརྗོད་པར་བྱ་སྟེ། བོད་རིག་གཞུང་གི་སྐད་ཉམས་པར་བྱེད་པ་དེ་ཕལ་སྐད་དམ་ཁ་སྐད་ཀྱི་དབང་གིས་འབྱུང་། དེ་འདྲའི་སྐད་ཀྱི་རིགས་འགོག་པར་བྱེད། དཔེར་ན། བྱེད་པར་མ་ཟད་ལ། བྱེད་པ་མ་ཟད། གསལ་པོར་བསྟན་ལ། གསལ་བོར་བསྟན། ཉམ་ཆུང་ལ། གཉོམ་ཆུང་། རྒྱུ་འབྲས་ཀྱི་འབྲེལ་པ་ལ། རྒྱུ་འབྲས་ཀྱི་འབྲེལ་བ། ཕན་ཚུན་ལ། ཕུན་ཚུན། ལན་ལ། ཐེངས། ཁ་སྐད་ཀྱི་དབང་གིས་དེ་འདྲ་བྱུང་དང་འབྱུང་བཞིན་པ་བཞིན་པ་ཡིན། ཁྱེད་ལ་ངས་འདོན་པའི་ཁ་སྐད་དམ་ཕལ་སྐད་མ་གོ་ན། ཨིན་སྐད་ལ། spoken/ colloquial language/ slang/ ཞེས་པ་དག་ཡིན།
ཁྲི་རལ་དང་། སྤོབས་མཐས། ལ་དྭགས་མེ་ལོང་གིས་བོད་ཡིག་མེད་པར་གཏོང་བ་ཞེས་བཤད་པ་ནི། ཕྱོགས་ལྷུང་གི་གཏམ་ཏེ། ཕལ་སྐད་དམ་ཕལ་སྐད་ཡོངས་ཀྱིས་བོད་ཡིག་འཇིག་པར་བྱེད་པ་ལ་འདྲ་བར་ངོས་འཛིན་དགོས། འོན་ཀྱང་ལ་དྭགས་མེ་ལོང་ལ་དྭགས་པ་ཆོས་སྐད་དམ་་རིག་གཞུང་སྐད་ལ་གཅེས་པ་དག་གིས་སྐྱོན་བརྗོད་ཀྱིས་མེད་པར་སོང་ཡོད། ང་ནི་བློ་གྲོས་དམན་པ་ཞིག་ཡིན། ཡིག་ནོར་བཟོས་ཡོད་པ་དག་ལས་གང་པོ་མ་བྱུང་ན་ཡང་གཅིག་གཉིས་སྟོན་པ་པོ་ལ་དགའ་བསུ་སྙིང་དག་པ་ནས་ཞུ། དེ་མིན་ཁྱོད་ཀྱིས་དེ་ལྟར་མཚམས་འཇོག་དགོས་ཟེར་བ་དག་ལ་ང་མི་ཉན་ཐག་ཆོད་ཡིན། ཁྱེད་ལ་གནོད་ན་ཡང་མང་པོ་ཞིག་ལ་ཕན་ཐོགས་ཡོད་པ་ཐོས།
ལ་ལས་ལོ་བརྒྱར་སྦྱངས་པ་ཡང་།
ལ་ལས་ཡུད་ཙམ་ཉིད་ལ་ཤེས།
བློ་ལྡན་ཙམ་དུ་མཚུངས་ན་ཡང་།
བློ་གྲོས་མཆོག་གི་ཁྱད་པར་ལྟོས།།
ཞེས་བོད་ཀྱི་མཁས་པ་ཆེན་པོ་སི་ཏུ་པཎ་ཆེན་གྱིས་གསུངས་པ་རང་གི་དྲན་རྟེན་དུ་བྲིས།
བྱིས་པ་ནས་བཟུང་བོད་ཀྱི་སྐད་བཟང་པོར།
ཐོས་བསམ་བྱེད་པའི་སྐལ་བཟང་ཐོབ་པར་སྤྲོ།
རང་གིས་གང་ཤེས་གཞན་ལ་ཕན་སེམས་ཀྱིས།
བཀོད་པའི་དགེ་བས་བོད་སྐད་མི་ཉམས་ཤོག།
༼ང་ནི་བློ་གྲོས་དམན་པ་ཞིག་ཡིན། ཡིག་ནོར་བཟོས་ཡོད་པ་དག་ལས་གང་པོ་མ་བྱུང་ན་ཡང་གཅིག་གཉིས་སྟོན་པ་པོ་ལ་དགའ་བསུ་སྙིང་དག་པ་ནས་ཞུ། དེ་མིན་ཁྱོད་ཀྱིས་དེ་ལྟར་མཚམས་འཇོག་དགོས་ཟེར་བ་དག་ལ་ང་མི་ཉན་ཐག་ཆོད་ཡིན། ཁྱེད་ལ་གནོད་ན་ཡང་མང་པོ་ཞིག་ལ་ཕན་ཐོགས་ཡོད་པ་ཐོས།༽ རྒན་ཕྱག་འཚལ། ཉེ་རང་གིས་ཨི་བཙུག་མོལ་བཅས་སྦོ་འདི་སྨ་བདེ་མོ་རག སྨ་འཐད་པོ་རག ཐུགས་རྗེ་ཆེ། རྒན་ལེ།
རྒན་ལགས་ལ། དངོས་གནས་གུས་འདུད་ཡོད། བྷོ་ཊིའི་སྐད་ཡིག་ལ་ཐུགས་གཅེས་གནང་བར་དགའ་བསུ་དང་མུ་མཐུད་ཁ་བརྡར་བྱོན་ཏེ་ངེད་ཅག་ལ་སློབ་སྟོན་སྩོལ་འོས།
སྤོབས་མཐས་ལ་དྭགས་ན་གྲྭ་པ་ཁ་ཤས་མེ་མདས་བསད་པ་ཐོས་པ་ལྟར་ངས་ཀྱང་༧ཞི་བདེའི་དེད་དཔོན་གྱི་ཞི་བའི་གྲོང་གི་ཉེ་འདབས་སུ་གྲྭ་པ་ཁ་ཤས་ཀྱིས་གྲྭ་པ་གཉིས་གྲིས་བཙག་ནས་བསད་ཅེས་ཐོས་སོ།།
གོང་གི་གཏམ་དཔེ་འདི་འདྲ་བ་བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་མང་པོ་འདུག
ད་དུང་རྩོམ་འདི་དང་འབྲེལ་ཡོད་ཀྱི་གཏམ་དཔེ་ཞིག་ནི། མཆོད་བརྟེན་མགོ་རྟིང་སློག་ཀྱང་། བང་རིམ་སྐེད་པར་ཞུགས་འདུག་ཟེར། སྤྲང་པོའི་རྒྱུག་པར་མགོ་མཇུག་དང་། སྤྲང་ཁྱིའི་སོ་ལ་དགྲ་གཉེན་ཡོད་ཟེར།
ང་ཚོ་ན་གཞོན་ཚོས་རྒན་རབས་པ་རྣམས་ལ་བགྲོ་གླེང་བྱེད་སྐབས། གུས་ཞབས་ཟེར་བ་འདི་ངེས་པར་དུ་དགོས་འདུག རྒན་ལ་དྭགས་པ་གུང་ལོ་མཐོན་པོར་ཕེབས་ཤིང་། རང་གི་འཚོ་བ་དང་མཚན་ཤས་དང་བཀུར་བསྟི་དང་སྟི་སྟངས་ཀྱི་ཆེད་དུ་འདིར་ཕེབས་པ་མ་ཡིན་ཏེ། ངེད་ཚོར་ཤ་ཚ་དང་ལམ་སྟོན་ཆེད་འདི་ཕེབས་ནས། བོད་མིའི་རིག་གཞུང་གི་རྩ་བ་ཞིག་ཏེ། རྒན་པས་གཞོན་ལ་བསླབ་བྱ་ཅེས་པ་འདིའི་དགོས་པས་འདིར་ཕེབས་ནས་ང་ཚོ་མཉམ་དུ་བགྲོ་གླེང་མཛད་སྐབས། དང་པོ་ཁོང་ལ་གུས་ཞབས་ཀྱི་ཚུལ་ཞིག་ངེས་པར་སྟོན་དགོས་སྙམ།
དེ་བཞིན་ཁོང་གིས་གསུངས་པའི་སྐད་ཆ་དེ་ཚོ་ཡང་རྩ་བ་ནས་གོ་རྒྱུ་དང་རྒྱུ་མཚན་མེད་པ་མ་རེད་སྙམས།
རྒན་ལ་དྭགས་པ་མཆོག་དང་ཁོང་གི་སློབ་མ་དག་གིས་དབྱིན་ཡིག་ནང་ལ། བྱང་ཆུབ་སེམས་པའི་ས་དང་། དེ་བཞིན་ཕྱག་དཔེ་རྙིང་པ་འགའ་ཤས་བསྒྱར་གནང་མཛད་པ་དང་། དེ་བཞིན་ཀོ་ལོམ་སྦི་ཡའི་སློབ་ཆེན་ལ་ལོ་མང་པོ་སློབ་ཁྲིད་མཛད་ནས་ད་ཆ་སློབ་མ་མང་པོ་གསོ་སྐྱོང་མཛད་ནས། ཁོང་གི་མཚན་སྙན་ཨ་རིའི་ནང་ཆོས་ཞིབ་འཇུག་པ་ཚོའི་ནང་ལ་ཁྱབ་པ་ཆེ། ལྷག་པར་དུ་ཨ་རིའི་ནང་ཆོས་ཞིབ་འཇུག་པ་གྲགས་ཅན་སྦོབ་ཐར་མན་ལ་རོགས་པ་མཛད་ནས་ཁོང་ལ་ཞིབ་འཇུག་གི་རོགས་རམ་ཆེན་པོར་མཛད། ཕྱི་ཚུལ་ལ་དེ་གསང་བ་མཛད་ནས་སྦས་པའི་རྣལ་འབྱོར་གྱི་ཚུལ་མཛད་པ་ངོ་མཚར་བའི་རྣམ་ཐར་ཞིག་རེད་སྙམས།
ཐུགས་རྗེ་ཆེ།
ང་མི་ཉན་ཐག་ཆོད་ཡིན། འདི་ཅི་རེད། ངས་མི་ཉན་ཟེར་དགོས་བ་མ་རེད་དམ།
བདག་གི་བདག་གི་མཆན་ལ་བརྟེན། འདི་ཅི་རེད། བདག་གིས་ཟེར་དགོས་བ་མ་རེད་དམ།
བྱས་དང་བྱེད་པ་བཟང་ངན་ནི། འདི་ཅི་རེད། བྱེད་པའི་བཟང་ངན་ཟེར་དགོས་བ་མ་རེད་དམ།
ངས་ཐོས་ཀྱང་མིག་མཐོང་མེད། འདི་ཅི་རེད། མིག་གིས་མཐོང་ཟེར་དགོས་པ་མ་རེད་དམ།
རྒན་གྱི་བརྡ་སྤྲོད་འབྲི་སྟངས་ཀྱིས་ང་འཁྲུག་ཏུ་འཇུག་ས་རེད། གསལ་བཤད་ཞིག་ཡོད་ན་ཕན།
མེ་ཏོག་དཀར་པོ་ཟེར་བ་དེ་མི་དཀྱོག་ལོག་དང་སེམས་གཏིང་ནས་ཨ་མདོ་བ་ཚོེར་འཁོན་འཛིན་ཡོད་མཁན།བོད་མིའི་རིག་གཞུང་རང་དབང་དང་བཅས་པར་ལྷག་བསམ་དང་བློས་གཏོང་ཆེ་ཤོས་བྱེད་མཁན་ཨ་མདོ་བ་ཚོར་ཕྲག་དོག་ཆེན་པོ་བྱས་ཏེ།ཨ་མདོའི་སྐད་བོད་སྐད་མིན་པ་དང་ཨ་མདོ་བོད་མིན་པར་སྒྲུབ་བྱེད་གང་ཐུབ་གཏོང་བའི་དཀྲུག་ཤིང་བྱེད་མཁན་ཅིག་རེད་འདུག
དེ་མ་གཏོགས་གོང་དུ་ཨ་མདོ་མཁས་དབང་སྤོབས་པ་མཐའ་ཡས་དང་ཁྲི་རལ་སོགས་ཀྱིས་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པ་བྱས་ཏེ།བོད་སྤྱིའི་ཡུལ་སྐད་ཡིག་སྐད་ཅན་དུ་བསྒྱུར་དགོས་ལུགས་ཤིག་གསུངས་འདུག་པ་མ་གཏོགས།ཨ་ན་ཨུ་ཚུགས་བྱས་ཏེ་ཨ་མདོའི་སྐད་བརྡ་སྤྲོད་དང་བསྟུན་མི་དགོས་པར་ཁ་སྐད་ཇི་བཞིན་འབྲི་དགོས་པ་ཅིག་གསུངས་མི་འདུག།འོན་ཀྱང་།ཕྱིན་ཅི་ལོག་པ་མེ་ཏོག་དཀར་སྐྱག་ཞར་མས་ཉ་དང་ཉུང་མ་བསྲེས་ཏེ་དཀྲུག་ཤིང་བྱེད་བཞིན་པ།གཡམ་རྒྱུགས་པ་རྒྱ་མ་བོད་གཞོན་ནུ་ཟླ་མེད་སོགས་ཀྱིས་ཤེས་ན་ཡག་པོ་རེད།
ད་ངས་འདི་ནས་རྒན་ལ་དྭགས་པ་ལ་ལ་དྭགས་པའི་ཡུལ་སྐད་དུ་སྐད་ཆ་ཞིག་བཤད་རྒྱུ་ཡིན།
རྒན་ལགས། བྱོན་ལེགས། ཉིད་རང་གིས་ང་ཅག་དགོངས་ཚུལ་ལ་ང་མ་ནི་ཐད་ར། མ་ཡག་མོ་ར། ཅིག་བརྒྱལ་ལ་གསུངས་འདུག ཡུར་མི་ཁ་ཅིག་གིས་ཉིད་རང་ལ་དགག་པ་རྒྱག་འདུག་པས་ང་ནི་མ་ནི་མ་འཐད། རྒན་ཉིད་རང་གི་ཆོས་སྐད་ནི་མ་རྒྱལ་ལ་རེད་བསམ་ར། ཧུ་ཤ་ཆེས་ཨེ། བྱོན་ལེགས།
ཨ་མདོ་བོད་རེད་ལ་ཨ་མདོ་བ་བོད་པ་རེད། ཡིན་ནའང་ཨ་མདོ་སྐད་བོད་སྐད་རེད་འདོད་ན། སྟོད་སྐད་བོད་སྐད་རེད་ལ། རྒྱ་རོང་སྐད་བོད་རེད། གཞིས་ཆགས་སྐད་བོད་སྐད་རེད་ལ་རྡ་སའི་སྐད་ཀྱང་བོད་སྐད་རེད། དེས་ན་བོད་སྐད་ཅེས་མཛུབ་མོ་བཙུག་ས་འདུག་དང་མིན་འདུག་ཁྱོད་རང་གིས་བསམ་བློ་གཏོང་། ངེད་ཅག་གིས་ཨ་མདོར་མ་སྡང་མོད། ཨ་མདོས་རང་སྐད་ཁོ་ན་བོད་སྐད་དུ་རློམ་པར་སྣང་ཚུལ་ལ་མགོ་མི་བསྒུར་རྒྱུ་དམ་བཅའ་ཡིན། དེ་སྣང་བ་མ་འགྲོ་ན་པུས་མོར་སོ་རྒྱབ་ནས་སྡོད། དེ་མིན་ཐབས་ཤེས་མེད།
གཏམ་དཔེ་དེ་ངེད་ཅག་གི་ཡུལ་ནའང་དར་སོ་ཆེ། འདིར་སྤོབས་པས་འགྲེལ་བཤད་ཁམས་གཙང་ཞིག་གནང་བར་བཀའ་དྲིན་ཆེ།
དེ་ནས་སྤོབས་པས་གཙོས་པའི་མང་པོ་ཞིག་གིས་རྒན་ལ་དྭགས་པར་མང་པོ་མང་པོ་ཞིག་བརྗོད་ཀྱིན་འདུག་ཀྱང་། ང་ནི་རྒན་ལ་དྭགས་པའི་རྗེས་འབྲངས་ཤིག་དང་ཁོང་གི་གསུང་ལ་གུས་བཀུར་ཞུ་མཁན་ཞིག་ཡིན། གོང་ནས་དྲྭ་གྲོགས་མང་པོ་ཞིག་གིས་གསུངས་པ་ལྟར་ཁོང་ནི་དགུང་ལོ་མཐོ་བ་དང་ཕྱག་ལས་བྲེལ་བ་སོགས་ལ་མ་འཛེམས་པར་འདིར་ཕེབས་དོན་ནི། རང་རེ་ཐོས་ཤེས་འཇོན་གསུམ་གྱིས་དབུལ་བའི་གསར་བུ་བ་དག་ལ་ཨེ་ཕན་དང་། བོད་ཀྱི་སྐད་ཡིག་གི་སྲོག་རྩར་དགོངས་ནས་ཕེབས་པ་དེར་ང་ཚོས་ངེས་པར་དུ་ཤེས་དགོས།
དེས་ན་ཁྱེད་ཅག་ནས་དགོས་མེད་དོན་མེད་ཉེ་རིང་ཆགས་སྡང་གི་སྐད་ཆ་སོགས་ཀྱིས་ནམ་ཞིག་ཁོང་ཐུགས་སུན་ནས་ཁ་བརྡ་དྲ་བ་དང་གཏན་བྲལ་བྱས་སོང་ན་མི་མང་པོ་ཞིག་དང་བོད་ཀྱི་སྐད་ཡིག་ལ་གྱོང་རྒུད་ཤིན་ཏུ་ཆེན་པོ་བཟོས་པ་ཡིན་པས་དེ་དོན་ཁྱེད་ཅག་གིས་མཁྱེན་པར་མཛོད་ཅིག
མཐའ་དོན་རྒན་ལགས་ནས་ཅོལ་ཆུང་རེ་གཉིས་ཀྱི་སྐད་ཆ་དེ་ཚོ་ཐུགས་ལ་མི་འཇོག་པར་ཁ་བརྡ་དྲ་བར་རྒྱུན་དུ་བཞུགས་ནས་ངེད་ཅག་གསར་བུ་ཚོ་ལ་ལམ་སྟོན་དང་སྐུ་ཚེ་རྒྱལ་མཚན་བརྟན་པའི་སྨོན་འདུན་ཞུ།
མེ་དཀར་སྐྱག་ཞར་མས་སྐད་ཆ་བཤད་སྟངས་དེ་བྱིས་པ་ཆུང་ཆུང་ལ་མགོ་སྐོར་གཏོང་སྟངས་དང་གཅིག་མཚུངས་རེད།མི་ས་ཡ་གཉིས་དང་འབུམ་དྲུག་ལྷག་ཡོད་པའི་ཨ་མདོ་བ་ཚོ་བོད་པ་ཡིན་པ་ཁས་བླངས་སོང་མོད།ཁྱེད་ལྟར་ན་མི་དེ་ཚོའི་སྐད་ཆ་བོད་སྐད་མ་རེད།དེའི་སྟེང་རྒྱ་གར་གྱི་བོད་གཞིས་ཁག་དང་བོད་ནུབ་ཕྱོགས་ཀྱི་སྟོད་པའི་སྐད་ཀྱང་བོད་སྐད་མ་རེད་ཅེས་བཤད་འདུག དེ་ནས་འབྲུག་པའི་སྐད་དེ་བོད་སྐད་མིན་པ་ཁྱེད་རང་ནས་མཆན་སྔ་མ་ཁག་ཅིག་ནང་གསལ་འདུག ད་ཁྱེད་ལྟར་ན་བོད་སྐད་ཟེར་བ་དེ་དབུས་གཙང་དང་ཁམས་ཙམ་ཨེ་རེད།དེ་འདྲ་དགོད་བྲོ་བ་ལ།
ང་ཚོ་ལྟར་ན་སྟོད་ལ་དྭགས་ནས་སྨད་རྒྱ་བོད་ས་མཚམས་དར་རྩེ་མདོ་བར་གྱི་མིའི་སྐད་ཆ་བོད་སྐད་ཡིན་པས།དེ་ལུགས་ཀྱི་ཡུལ་སྐད་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པ་ཚོ་ཡིག་སྐད་ནང་བཅུག་སྟེ།ཨིན་ཇིའི་སོགས་ཀྱི་སྐད་ཡིག་ལྟར་ཡུལ་སྐད་དང་ཡིག་སྐད་བར་ཁྱད་པར་མེད་པ།བོད་མི་སུའི་ཁ་ནས་བཤད་པ་ཡིག་ཏུ་ཕབ་ན་ཀུན་གྱིས་རྟོགས་ཐུབ་པ་ཅིག་དགོས་ཞེས་བཤད་བཞིན་དེ་རེད།
དེ་ལ་གོ་བ་ལོག་སྒྲུབ་བྱེད་པ་ནི་བསམ་བཞིན་དུ་ཁོག་ནག་དང་བོད་མིའི་ཆིག་སྒྲིལ་དང་བོད་ཡིག་ཡར་རྒྱས་བཀག་འགོག བོད་ཡིག་ཉམས་རྒུད་དུ་གཏོང་བཞིན་པ་རེད།
བཀྲ་མ་ཤིས། འོ་དགོངས་དག བཀྲ་ཤིས་མིང་ཅན་རྣ་བ་གཏོད་ལ་ཉོན་ཅིག ཨ་མདོའི་ང་རྒྱལ་དེ་མ་བྱེད་ཅིག ཁམས་སྐད་ལའང་ཉག་རོང་། སྡེ་དགེ། ས་ངན། གོ་འཇོ། ནག་ཆུ། དཔལ་ཡུལ་སོགས་དང་དབུས་ལ་ལྷོ་ཁ། ལྷ་ས། མལ་གྲོ། གཙང་ལ་གཞིས་རྩེ། རྒྱང་རྩེ། སྟོད་ལ་དིང་རི། པུ་ཧྲང་སོགས་ཡུལ་སྐད་དེ་དག་ཡུལ་དེའི་མིས་བཤད་པ་གཞན་གྱིས་མི་གོ་བ་ཁོ་ན་ཡིན། ད་འོ་ན་སུའི་ཁ་སྐད་དེ་བོད་སྐད་རེད་དམ། ཨ་མདོའི་ཨེ། སྣང་བ་མི་འགྲོ་བའི་སྐད་ཆ་རང་རེད། ཡིན་ན་རྙིང་མ་མ་དག་རྙང་མ་དག ཅེས་དག་ཡིག་འདྲ་འབྲི་དགོས་ཐུག་གི་རེད།
ལར་ནས་བོད་སྐད་ལ་གསར་པ་འདྲེན་ཞིང་རྙིང་པ་སྲུང་དགོས་པ་ནི་དུས་ཚོད་ཀྱི་ལས་ཞིག་རེད་མོད། རང་མོས་སྙན་ངག་ལྟར་མཚན་ཉིད་མེད་པར་རང་སྣང་གང་ཤར་ཨ་མདོ་མགོ་སྟོང་ཚོས་བྱེད་པ་ལྟར་ཡིན་ན་འགྲིག་ཐབས་གཏན་ནས་མེད།
དེ་རིང་མེ་དཀར་ལ་ཁྱི་སྨྱོན་གྱིས་དམུར་ཡོད་པ་འདྲ་བོ་འདུག། ཧ་ཧ།
ཁ་བཙུམ་ནས་འདུག་གི་མིན།
ཨོ་ཡ་མེ་ཞར་མ།ད་ཁྱོད་ཀྱིས་ཁམས་སྐད་ཀྱང་བོད་སྐད་མིན་པར་སྒྲུབ་སོང་ང་།དེ་ནས་སུའི་སྐད་བོད་སྐད་རེད།ཁྱོད་ལྟར་ན་ཕལ་ཆེར་འཇིག་རྟེན་རིལ་མོ་འདིའི་སྟེང་ཁྱོད་རང་མ་གཏོགས་ཕལ་ཆེར་བོད་སྐད་སྨྲ་མཁན་ཅིག་ཡོད་མ་རེད་ད།ཧཧཧ།ཁྲོམ་པའི་ནང་གི་སྦལ་བ།དེ་འདྲ་དགོད་བྲོ་བ་ལ།ཁྱེད་ཀྱི་ང་རྒྱལ་དང་གནག་སེམས།སྐད་ཆ་དྲང་མོ་བཤད་ཀྱང་དཀྱོག་དཀྱོག་ཏུ་འཐེན་གང་ཐུབ་བྱེད་པའི་གཤིས་ཀ་དེ་སྡོམ་སྐམ་ནང་བཅོས་ཐབས་ཡོད་ས་མ་རེད།འོན་ཀྱང་མཐར་ཐུག་ཁྱེད་རང་གི་སེམས་འཁོང་འཁྲུག་དང་ང་རྒྱལ་དྲག་པོས་འཚིག་འགྲོ་བ་ཆོས་ཉིད་རེད།
བོད་སྐད་ནི་སུམ་རྟགས་དང་ཚད་ལྡན་གཞུང་ལུགས་དང་མཐུན་པའི་སྐད་དེ། དཔེར་ན།
སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས།།
མཇུག་མ་མེད་ཅེས་བཞད་གད་བྱེད།། ཅེས་པ་དང་མཐུན་པ་སུས་བཤད་ན་དེ་བོད་སྐད་རེད།
གཞན་ས་ཡ་གཉིས་ཡོད་ཟེར་ནས་ངན་པ་དཔུང་སྒྲིག་ནས་རྫིག་རྫིག་ཇི་ཙམ་གཏོང་ཡང་སྐྱག་པའི་གྲལ་ལའང་-འཇོག་གི་མིན།
ཁྱོད་ཚོས་ཅིག་འབྲི་གི་ཡོད་པ་དེ་ངའི་རྩོམ་ལ་འབྲེལ་བ་ཡོད་མེད་ལ་ཡང་བསམ་བློ་རེ་གཏོང་རོགས། རང་རང་གིས་ཡི་གེ་ཀྱག་ཀྱོག་རེ་འབྲི་ཀློག་ཤེས་པ་དེ་འཕྲོ་བརླགས་སུ་བཏང་ནས་ཅི་བྱེད། མི་གཞན་གྱི་ལས་ཀ་ཡང་གུས་བཀུར་རེ་ཞུ་རོགས།
མཁས་དབང་སྤོབས་པ་ལགས།ཁྱེད་དགོངས་མ་འཚོམ་ལགས།འདིར་མེ་ཞར་མས་ཆུ་ཐུར་རྒྱུགས་ལ་ཟམ་འཕྲེད་བརྒྱགས་རྐྱང་བྱས་བསྡད་པར་ལན་རེ་ཐལ་སོང་།།
སུ་ལའང་མགོ་སྒུར་དགོས་མེད། སྐྱག་དྲི་འཐུལ་བའི་སྐད་ཆ་ལ་ཡ་ལན་མེད་པ་མི་སྡོད་ཁོ་ཐག་ཡིན། མགོ་སྟོང་ང་རྒྱལ་ཅན་ཚོ་ཤོག
སྤོབས་པ་མཐའ་ཡས་འདི་དངོས་གནས་སྣང་བ་འགྲོ་བའི་མྱི་དགའ་ས་ཞིག་རེད། ངོ་མ་རྩོམ་རྩལ་ངར་གི
མ་ཟད་ཆོས་ཕྱོགས་ནས་ཀྱང་ཚད་མཐོ་གི ལོ་རྒྱུས་དང་ངག་རྒྱུན་གཙིགས་སུ་འཛིན་མཁན་ཞིག་རེད།
མེ་ཞར་རྐུབ་རལ་མས་ཁ་གྲགས་ཙམ་ནས་རྐུབ་ནས་སྐྱག་པ་བརྡོལ་ཡོང་གི་འདུག་ག
མཁྱེན་ལྡན་མ་མེ་དཀར་དང་མཉམ་དུ། བཀྲ་ཤིས་རྒྱལ་མཚན་གྱིས་ས་ཡ་གཉིས་གླེང་པ་ནི་ངོ་ཚ་དགོས་དགོས་པ་ཞིག་རེད། གྲངས་ཀས་རྫིག་མདོག་སྟོན་པ་ནི་མི་གླེན་པའི་བྱེད་སྟངས་ཉིད་རེད། མ་གཞི་ནས་ས་ཡ་གཉིས་ཟེར་ན་རྒྱ་མི་དང་མཉམ་དུ་ལོ་གསར་བཏང་མཁན་དེ་ཚོ་རེད་པ། སྲུང་དགོས་པའི་ས་མཚམས་མི་སྲུང་བར་གཞུང་གིས་བདག་སྐྱོང་བྱས་མ་སོང་རབས་བཤད་མཁན་དེ་ཚོ་རེད་པ།
མཁྱེན་ལྡན་མས་ང་རྒྱལ་ཡིན་ན་ཅིག་ཞེ་ས་རང་རེད། ང་རྒྱལ་མ་རེད་འདི་ཚོས་སྡུག་སྐད་བཏོན་པ་རེད། སངས་རྒྱས་ཆོས་ལུགས་ཀྱིས་མ་བྱུང་རབས་ཡང་འདི་ཚོས་གླེང་གི་རེད། རྒྱལ་བ་རིན་པོ་ཆེའི་ཨམ་སྐད་མི་འཇོན་རབས་ཡང་འདི་ཚོས་གླེང་གི་རེད། རྩ་ཆེན་རྩ་མེད་ཡིན་རབས་ཡང་འདི་ཚོས་བགྲང་གི་ཡོད། ནག་འབུར་དྲིས་ན་བསམ་ནག་ཡིན་རབས་ཀྱི་བཟོ་གྲྭ་འདྲ་ཞིག་འཛུག་གི་འདུག
འདི་འདྲ་དཔེ་སྲིད་དོན་མེད།
ཨོ།ས་ཡ་གཉིས་ཟེར་བ་དེ་དེང་སང་རྒྱ་ནག་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་མཁན་བརྒྱ་ཆ་དགུ་བཅུ་དེར་བཤད་ཀི་ཡོད་ས་རེད།
བློན་ངན་དྲན་ཀ།མེ་ཞར་མས་བོད་ས་གང་གི་སྐད་ཆའང་བོད་སྐད་མ་རེད་ཅེས་བཤད་ཡོད་རེད་ད།མེ་ཞར་མའི་སྐད་ཆ་ངོ་མ་འདི་འདྲ་རེད་ལྟོས་དང་།༼ཁམས་སྐད་ལའང་ཉག་རོང་། སྡེ་དགེ། ས་ངན། གོ་འཇོ། ནག་ཆུ། དཔལ་ཡུལ་སོགས་དང་དབུས་ལ་ལྷོ་ཁ། ལྷ་ས། མལ་གྲོ། གཙང་ལ་གཞིས་རྩེ། རྒྱང་རྩེ། སྟོད་ལ་དིང་རི། པུ་ཧྲང་སོགས་ཡུལ་སྐད་དེ་དག་ཡུལ་དེའི་མིས་བཤད་པ་གཞན་གྱིས་མི་གོ་བ་ཁོ་ན་ཡིན། ད་འོ་ན་སུའི་ཁ་སྐད་དེ་བོད་སྐད་རེད་དམ། ༽མེ་ཞར་མ་ལ་མཚོན་ན་བོད་ཆོལ་ཁ་གསུམ་གྱི་སྐད་ཆ་དེ་བོད་སྐད་རེད་མི་འདུག ད་འོ་ན་སུས་སྐད་ཆ་བོད་སྐད་རེད་དམ།ཁོ་རང་གཅིག་པུའི་འདྲེ་སྐད་གཞན་གྱིས་མི་གོ་བ་དེ་བོད་སྐད་ན་ཅིག་ཡིན་ས་རེད།ཧཧཧ།དེ་འདྲ་དགོད་ཁ་བྲོ་བོ།
བཀྲ་ཤིས་རྒྱལ་མཚན་ལགས།
མེ་དཀར་འབྲུག་པ་རེད། ཁམས་པ་མ་རེད། འདི་དངོས་བྱུང་གསལ་བཤད་ཅིག་ཡིན། བྱས་ཙང་འབྲུག་པ་དང་ཨ་མདོའི་རྙོག་འདྲ་རེད། ཁམས་པ་དང་འབྲེལ་བ་མེད། ཆོས་གསུམ་ཆིག་སྒྲིལ་གྱི་དམ་བཅའི་འོག་ལ། ཁམས་དང་ཨ་མདོའི་བར་ལ་དམ་ཚིགས་རྩ་བ་ནས་མ་ཤོར་བ་གནོངས་རོགས།
ང་ཁམས་པ་ཡིན། ཨ་མདོ་བ་ཚོ་ངའི་སྙིང་གི་སྤུན་ཟླ་ཡིན། ཤི་གསོན་མཉམ་གནས་ཀྱི་སྤུན་ཟླ་ཡིན། ང་ཚོ་ཁམས་པ་ཚོས། ཤ་གཉེན་ཟེར་ལེ་རེད། ཁྱོད་ཨོ་མདོ་ཚོ་ཅི་སྡུག་མི་རེ་གོ ཚོང་མ་བཟོང་སྤུན་ཟླ་ཡིན་ནོ།
རྒད་པོ་ལགས།ཐུགས་རྗེ་ཆེ།
ངས་གོང་དུ་བཤད་ཟིན། བརྡ་དག་མཐུན་པ་ངས་བྲིས་པ་ཁྱོད་ཀྱིས་གོ ཁྱོད་ཀྱིས་བྲིས་པ་ངས་གོ་བ་དེ་ལ་བོད་སྐད་ཟེར།
མང་དུ་མི་ཟློས།
ཨ
ཁྱོད་ཀྱིས་ཟེར་དགོས་སར་ཁྱོས་འདྲ་བྲིས་ཏེ་རང་འཕོངས་དམར་ལྗེན་དུ་བསྟན་རེ་ད་དུང་གཞན་ལ་གཤེ་བ་འདི་ཚོ་ཨ།
འོན་ཀྱང་།མེ་དཀར་གྱི་མཆན་སྔ་མ་ཁག་ལ་གཟིགས་དང་།ཁོས་བོད་ཆོལ་གསུམ་སྤྱི་ལ་མཐོང་ཆུང་ཁྱད་བསོད་མང་པོ་བྱས་འདུག་ག བོད་པ་མི་གཤིས་ངན་པ་སྐྱག་པར་ཡང་མི་དོ་ལུགས་བཤད་འདུག་ག དེ་ཚོའི་ནང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཚུད་ཡོད་རེད་ད།
ངས་གྱང་ཆབ་སྲིད་མི་ཤེས་པའི་རྩ་མེད་ཅིག་རེད་དྲན་ཡོད། སེམས་ཅན་གྱི་དོན་དུ་གཤེགས་པའི་འདས་པོའི་ཚོའི་ངོ་སོའི་ངོར་ཁ་རྩོད་ལས་རྒྱལ་ཐབས་བྱེད་མཁན་མི་ལྐུགས་པ་དེ་འདྲ་རེད་ཤག
སྤོབས་པས། ༼ལ་དྭགས་པ་ལྭ་བ་དམར་མདོང་མདོང་ཅན་་gas cylinder རེས་གོམ་པ་སྤོ་གི་ཡོད་པ་འདྲ་བ་འདི་ཚོ་༽ཟེར་བ་དང་། ཁྲི་རལ་པས། ༼ལ་དྭགས་སུ་བོད་མི་སྐྱབས་བཅོལ་བ་ཚོར་སྡང་ཟུག་དང་དབྱེ་འབྱེད་ཧ་ལས་པ་ཆེན་པོ་བྱེད་ཀྱི་འདུག
ལྷག་པར་བོད་ནས་གསར་འབྱོར་ཅིག་ཡིན་ཕྱིན་ཧ་ལམ་རྒྱ་ནག་གི་སོ་པ་ཡིན་རྐྱང་ལྟ་བུར་ངོས་འཛིན་གྱིས་ལ་དྭགས་པ་དཔོན་རིགས་ཚོས་དམ་དྲག་ཧ་ཅང་ཆེན་པོ་རེད།༽ ཟེར་སྡེ་ཞོ་བཞིན་ཆགས་པ་ཁྲག་བཞིན་དཀྲུག་པའི་ཚིག་ངན་འདི་དག་བཀྲ་ཤིས་ཀྱི་མིག་ལམ་དུ་མངོན་མ་སོང་ངམ། ཁྱོད་ཨ་བ་རེ་ལ་སྙིང་རེ་རྗེ།
ཨོ་བློན་ངན་དྲན་ཀ།ཁྱོད་ཆབ་སྲིད་ལ་མཁས་པ་ཆེན་པོ་ཅིག་ཡིན་ས་རེད།མང་པོ་བཤད་མི་དགོས་ཉེ་བའི་ལོ་ཤས་ནང་བོད་སྤྱིའི་བདེ་སྡུག་ཆེད་དུ་རྒྱ་དམར་གྱིས་ཨ་མདོ་བ་བརྒྱ་ཕྲག་མང་པོ་བཙོན་འཇུག་བྱས།བཅུ་ཕྲག་མང་པོ་དམར་གསོད་བཏང་།བརྒྱ་ཚོ་ཙམ་གསོན་པོར་མེར་བསྲེགས་བྱས་པར་བསམ་བློ་ཅུང་ཙམ་ཡང་མི་གཏོང་བར།ཨ་མདོ་ཡོངས་རྫོགས་ལ་རྒྱུགས་པ་ལེབ་རྡུང་བྱས་ཏེ་ཚིག་ངན་གང་དྲན་བཤད་པ་ཁྱེད་ཆབ་སྲིད་ལ་མཁས་རྟགས་རེད།དེ་འདྲ་བཤད་ན་བོད་ཆོལ་གསུམ་མཐུན་སྒྲིལ་གང་འདྲ་སེ་ཡོང་གི་རེད།དེ་འདྲ་ལས་རྒྱུ་འབྲས་ལ་མི་འགྲོ་བའི་སྐད་ཆ་བཤད་ན་རྐང་པའི་འོག་གི་འབུ་སྲིན་ཡིན་རུང་འཕག་འཚག་བརྒྱབ་ཀི་རེད་ད།
རྒྱུགས་པ་གཟེད་མི་ཐུབ་པའི་མི་མེ་འདའི་ཁར་བླངས་ཐུབ་ཀྱི་མ་རེད། རྒྱུགས་པ་གཟེད་སྟངས་སློབ། དེ་ནས་མང་པོ་བཤད་དགོས་སར་མང་པོ་ཉུང་ཉུང་དགོས་སར་ཉུང་གི་ལན་འཚོལ། ངས་གྱང་དང་པོ་ནས་སྡུག་སྐད་རྒྱགས་མཁན་རེད་ཅེས་ཞུས་ཡོད།
མེ་ཏོག་དཀར་པོ་འདི་འབྲུག་པ་ཕོ་གསར་དོར་མ་མེད་མཁན་sexyཆགས་ཉམས་ཅན་དེ་འདྲ་རེད་པས།
འབྲུག་མོའི་མགོ་ན་སྐྲ་མེད། འབྲུག་ཕོའི་རྐུབ་ན་དོར་མ་མེད།
ཞི་མི་མེད་པའི་ཚོམས་ཆེན་དུ། །
ཙི་ཙིའི་ལོག་གཡེམ་བག་མེད་འདི། །
ཚོགས་ལ་མཐོང་ཆུང་ཁྱད་གསོད་དང་། །
དཀོན་མཆོག་ཁྲོས་པའི་གཞི་མ་ཡིན། །
སྣ་བརྒྱ་མེ་ཏོག་རབ་མཛེས་པའི། །
ཁ་བརྡའི་སྐྱེས་ཚལ་གླིང་ཀ་ན། །
རྣ་ལ་གཟན་ཞིང་མི་བཟོད་པའི། །
ཁྱི་སྤྱང་ཀུ་ཅོ་འདོན་པ་སུ། །
བཀུར་འོས་ཁ་བརྡ་ཚང་ལགས།
ཁྱེད་དྲ་དཔོན་ནས་འཛིན་རྒྱུ་རྐུན་མ་མི་འཛིན་པར། མི་འཛིན་རྒྱོ་ར་མདའ་འཛིན་དགོས་དོན་གང་ཡིན་ནམ།
ཆོལ་གསུམ་ལྷན་འཛོམས་ཚོགས་ཀྱི། །
ཚོམས་ཆེན་འདུ་ཁང་ནང་དུ། །
ཞི་མི་མེད་ཀི་བསམ་ནས། །
ཙི་ཙི་ཕོ་མོ་ཁག་ཅིག །
ཚང་ལ་འགྲོ་ཐལ་ཆེ་བ། །
ཁ་བརྡའི་ཁྲིམས་དང་མཐུན་ནམ། །
ཁ་བརྡའི་སྤྱི་གླིང་དབུས་སུ། །
བློ་ཆུང་བྱིས་པ་འགའ་ཡིས། །
རྣར་གཟན་ཝ་སྐད་ཁྱི་སྐད། །
ཀུ་ཅོ་འདོན་རྒྱུ་མང་བས། །
ཆོལ་གསུམ་འདུས་པ་ཡོངས་ཀྱི། །
མཉམ་བཞག་ཏིང་འཛིན་སྒོམ་ཆེན། །
དཀྲོག་པའི་ངེས་པ་འདུག་གམ། །
ཆོལ་གསུམ་ལྷན་འཛོམས་ཀྱི་ཚོམས་ཆེན་འདུ་ཁང་ནང་དུ་ཞི་མི་མེད་ཀི་བསམ་ནས་ཙི་ཙི་ཕོ་མོ་བསམ་མེད་ཁག་ཅིག་ཚང་ལ་འགྲོ་རྒྱུ་ཐལ་དྲག་པའི་བྱེད་ཚུལ་དེ་རྣམས་ཁ་བརྡའི་རྩ་འཛིན་དང་མཐུན་གྱི་འདུག་གམ།
ཁ་བརྡའི་ཚོམས་ཆེན་དུ་ཝ་སྐད་ཁྱི་སྐད་ཀྱི་ཀུ་ཅོ་གང་བྱུང་མང་བྱུང་དུ་བརྒྱབ་དྲག་ན་ཆོལ་གསུམ་འདུས་ཚོགས་ཡོངས་ཀྱི་མཉམ་བཞག་ཏིང་ངེ་འཛིན་ཟབ་མོ་མགྲིན་བཟང་བོང་བུའི་སྐད་ཀྱིས་མི་དཀྲོག་པའི་ངེས་པ་འདུག་གམ།
ཁྱེད་ཚང་ལའང་དམིགས་ཡུལ་དང་རྩ་འཛིན་ཞིག་ཡོད་པ་མ་ཡིན་ནམ།
འབྲུག་ཕོའི་རྐུབ་ན་དོར་མ་མེད།
འབྲུག་མོའི་མགོ་ན་ལན་བུ་མེད།
བོད་པ་དག་ལ་ཕ་ཡུལ་མེད།
ཕ་རོལ་གནད་དུ་འབིགས་པའི་ཚིག
དགྲ་བོ་ལ་ཡང་སྨྲ་མི་བྱ།
བྲག་ཆ་བཞིན་དུ་་་་་་དྲན་མ་སོང་།
སྤོབས་པ་མཐའ་ཡས་ལགས་ལ་འདྲི་རྒྱུར།
“བོད་མཐོ་སྒང་དུ་འཚོ་བའི་སྤུར་རྒྱལ་བོད་ཀྱི་མི་རིགས་འདི་ནི་གནའ་བོའི་ཤེས་རིག་གི་དཔལ་ཡོན་དར་བའི་ལོ་རྒྱུས་ཅུང་རིང་བའི་ཚོ་སྡེ་ཞིག་ཡིན།” ཁུངས་གང་ཡིན།
“དེ་ཡང་བོད་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་དཔེ་ནི་བརྗོད་བདེ་བ། ཚིག་ཉུང་ལ་དོན་འདུས་པ། གཏན་ཚིག་གི་རང་བཞིན་ལྡན་པ། བོད་མཐོ་སྒང་གི་མིའི་རིགས་ཀྱི་སྤྱི་ཚོགས་དང་། མི་ཚེ། ཆོས་ལུགས་དད་མོས། རང་བྱུང་ཁམས་སོགས་ལ་བཅངས་པའི་ལྟ་སྟངས་མཚོན་ནུས་པའི་བརྗོད་ཚིག་སྙན་པོ་ཤ་སྟག་ཡིན།” ཁུངས་སྐྱེལ་ཇི་ལྟར་བྱེད།
“དེ་དག་ནི་མང་ཚོགས་ཀྱི་མི་ཚེའི་ཉམས་མྱོང་ལས་བྱུང་བའི་བསྡུས་ཚིག་དུམ་བུ་མང་པོ་ངག་ནས་ངག་ཐོག་བརྒྱུད་དེ་རྒྱུན་འཛིན་བྱས་པ་ཞིག་ལས་རྩོམ་པ་ཞིག་གིས་གསར་བཏོད་དང་དར་རྒྱས་སུ་བཏང་བ་ཞིག་མིན།” ཁུངས་གང་ཡིན།
དཀོན་མཆོག་གསུམ། ཕ་བླ་མ་བསྟན་འཛིན་རྒྱ་མཚོས་མཁྱེན་ནོ། དགེ་རབ་འདིས། གཅིག་བཙིར་ཡོང་དུས། ང་ཚོ་ཚང་མ་ཁ་བརྡ་འདིར་འགྲོ་མ་ཕོད་པ་བཟོས་ཤག ཡིན་ནའང་། རྒན་དགེ་རབ་ལགས། ཁྱོད་ཀྱིས་བོད་མི་ས་ཡ་དྲུག་གི་ནང་ནས་སྤོབས་པ་གཅིག་པུ་བཙིར་དགོས་དོན་འདི་ལ་ཡང་ཁུངས་ཞིག་གཏན་གཏན་ཡོད་སྲིད། སྤོབས་པས་བྲིས་པའི་བསྟོད་པ་དེ་ཚོ་བོད་ནང་གི་རྩོམ་པ་པོ་མང་ཆེ་བས་དགའ་མོས་ཆེ་ཤོས་བྱེད་པའི་གཏན་ཚིགས་ཤ་སྟག་རེད།
ཁྱེད་རྒྱལ་བ་རིན་པོ་ཆེ་གསུང་ཆོས་གསོན་དང་། མང་ཆེ་བ་འདི་ལྟ་བུའི་མི་རིགས་ཀྱི་སྤོབས་པ་སྤེལ་བའི་སྐུལ་ཚིག་མང་པོ་ཡོད། དེ་ཀློག་པ་པོ་ཚོར་སྤྲོ་བ་གཏད་པའི་ཆེད་དུ་མིན་འགྲོ་སྙམས། ཡིན་གཅིག་མིན་གཅིག་ཁུངས་གཅིག་ཨེ་དགོས།
ཡིན་ནའང་ཡག་པོ་འདུག རྒན་ཁྱེད་ཀྱིས་ང་ལ་སྤོབས་པ་གཅིག་སྦྱིན་སོང་། རྗེས་མ་རྒྱལ་བ་རིན་པོ་ཆེ། “ང་ཚོ་ནང་ཆོས་འདི་སེམས་ཁམས་ཀྱི་ཚན་རིག་གཅིག་ཡིན།”གསུངས་ན། ངས་འོག་འདི་ནས། “རྒྱལ་བ་རིན་པོ་ཆེ། ཁྱེད་རང་ལ་ཁུངས་ག་རེ་ཡོད།”ཅེས་འདྲི་ཚིག་སྟོན་གྱི་ཡིན། དེ་ནས་ཡང་རྒྱལ་བ་རིན་པོ་ཆེས། “ཤུགས་ལྡན་འདི་རྗེ་བླ་མའི་བསྟན་པར་གནོད་ཀྱི་འདུག་ཟེར་ན།” ངས་འོག་འདི་ནས། “རྒྱལ་བ་རིན་པོ་ཆེ། རྒན་རབ་གསལ་ལགས་ཀྱིས་ཁྱེད་ལ་ཁུངས་ག་རེ་ཡོད་གསུང་གི་འདུག་”ཟེར་རོ།
འདི་མེ་ཞར་མའི་སྐད་ཆ་རེད།བོད་པ་ཚོས་ལྟོས་དང་༼ལར་ནས་བསམ་བློ་གཏོང་གིན་གཏོང་གིན་བོད་པ་ཟེར་བ་དེ་ཡ་རབས་དང་བསམ་བཟང་ཞེ་པུ་ཡོད་ཅེས་༧གོང་ས་མཆོག་གིས་ཡང་ཡང་བཀའ་སྩལ་པ་འདི་དྲང་དོན་ཡིན་ན་མ་གཏོགས་བོད་པའི་སྤྱོད་པ་ལ་ལྟ་དུས་རྒྱ་མི་ལ་དད་པ་སྐྱེས་དགོས་པ་དེ་འདྲ་འདུག དཔེར། བོད་པ་སྐྱག་པ་སྒོག་པ་གསུམ། འདྲེས་ཤིང་འདྲེས་ནས་ཇེ་སྡུག་རེད། ཅེས་པ་འདི་ལ་ཡིད་ཆེས་རྙེད་སོང་། སྤྲོས་པས་ཆོག་གོ༽འདི་ལ་བལྟས་ན་ཕལ་ཆེར་ཁོང་གུང་བྲན་གྱི་སོ་པ་ཅིག་ཡིན་པ་ཐག་ཆོད།
གད་མོ་རྐུབ་ནས་ཤོར་ཡ་རེད།
གོང་དུ་བོད་པ་དང་རྒྱ་གར་བར་དཀྲུག་ཚིག་དྲ་མ་གཉིས་པོ་དེར་བསམ་འཆར་མེད་པར་ངས་རང་གིས་རང་ལ་འུ་ཐུག་བཤད་པ་སོ་པར་དོགས་པ་འདི་གཟིགས་དང་། ༼ བོད་དོགས་པས་ཕུང་༽ ཟེར་བ་བདེན་པར་གདའ།
སྤོབས་པ་མཐའ་ཡས་ལགས། ཝ་མི་བརྒྱལ་ཀ་མེད་ཅེས་པའི་གཏམ་དཔེ་འདི། མདོ་ཁམས་འབྲོག་པ་མ་གཏོགས་མེད་པ་མ་རེད། གཏམ་དཔེ་འདི་སྟོད་མངའ་རིས་ཀྱི་འབྲོག་པ་སྒེར་རྩེ་དང་འབྲོང་པ། དགེ་རྒྱས་སོགས་ཀྱི་གཏམ་དཔེ་དེ་གཅིགས་མཚུངས་བཤད་པ་ཐོས་མྱོང་། ལར་ནས་གཏམ་དཔེ་བཤད་རེས་བྱས་ཚུལ་བོད་ཀྱི་འབྲོག་པའི་ལུགས་སྲོལ་ཡིན་པ་འདྲ། ངའི་ལྟར་ན་སྟོད་མངའ་རིས་ཀྱི་འབྲོག་པ་དང་། བྱང་རིགས་ཧོར་འཚོའི་འབྲོག་པ། ཁམས་ནང་ཆེན་དང་རྫ་ཆུ་ཁ་སོགས་ཀྱི་འབྲོག་པ། ཨ་མདོ་མཚོ་སྔོན་སོགས་ཀྱི་འབྲོག་པ་ཚང་མ་culture གཅིག་པ་ལྟར་འདུག
་་་་་་ དེ་བཞིན་སྲིད་ཁྲིམས་ཀྱི་ཆ་ནས་ཡུལ་མདོ་ཁམས་ཀྱི་རྒྱུད་ཕལ་མོ་ཆེ་ནི་དུས་ཡུན་རིང་པོའི་རིང་ལ་ཡར་བོད་དབུས་གཙང་གི་ཆབ་སྲིད་སྒྲིག་འཛུགས་ཁག་གི་ཁྲལ་བསྡུ་ཁྲིམས་གནོན་གྱི་འོག་ལ་ཡང་མ་ཆུད། མར་རྒྱ་ནག་གི་གོང་མ་རིམ་པའི་ཁྲིམས་ཀྱི་སྟངས་འཛིན་འོག་ལ་ཡང་མ་ཆུད་པར་བར་མ་དོ་རུ་སིལ་བུར་ལུས་པས་རྩིད་རྐུད་མགོ་བྲེག་པ་ལྟ་བུར་གྱུར། ཁྲིམས་མེད་ལུགས་མེད་དུ་གྱུར་པས་དགྲ་རྐུན་ཇག་གསུམ་གྱི་འཇིགས་སྣང་ཆེ་བས་རྒྱུན་དུ་རྐུན་མར་དོག་ཟོན་བྱེད་དགོས་པ་བསྟན་ཡོད། ་་་་་་ཟེར།
ཀ་རྡོ་ལགས། ཁྱོད་གོང་གི་ཚིག་དུམ་འདི་ལ་དེ་འདྲ་དོ་སྣང་བྱུང་དོན་གང་ཡིན་ལགས།
མཁས་དབང་ལ་དྭགས་པས་གྱོད་ཟེར་བའི་དོན་དེ་མ་མཁྱེན་པ་མ་ཟད་ཚིག་མཛོད་དུ་ཡང་ཏག་ཏག་ཅིག་རྙེད་མི་འདུག ད་ངས་གྱོད་ཀྱི་འགྲེལ་བཤད་རིང་པོ་ཞིག་འབྲི་གི་ཡོད།
མཁས་དབང་སྤོབས་པ་མཐའ་ཡས་ལགས་ཀྱིས་མུ་མཐུད་རྩོམ་ཡིག་རིན་ཐང་ལྡན་དེ་རིགས་སྤེལ་རོགས་གནོང་སྐུ་མཁྱེན།ཀློག་འདོད་ཀྱི་སྤྲོ་བ་ཤིན་ཏུ་ཆེ།
སྤོབས་མཐའ་ལགས།
ང་ཆུང་དུས་བོད་ལ་དགྲ་རྐུན་ཇག་གསུམ་མང་པོ་ཡོད་པའི་སྒྲུང་མང་པོ་གོ་ཐོས་བྱུང་ཡང་འཇིགས་བགྱིན་འཇིགས་བགྱིན་ལ་ཡིད་ཆེས་བྱེད་འདོད་མེད། ང་རང་བོད་ཡིན་ཙང་བྱས་པ་འདྲ། ད་ཡིད་ཆེས་སྐྱེ་ཡོང་བགྱིད།
ལོ་གྲངས་མང་པོའི་སྔོན་ལ་ཨིན་སྐད་དུས་དེབ་སྐད་གྲགས་ཅན་ནེ་ཤོན་ནལ་ཇོག་རོ་ཕིག་ནང་ལ། འཇམ་གླིང་ནང་ལ་མི་སྡུག་ཤོས་དེ། བོད་མི་ཇག་ཀུན་ཚོ་རེད་ཅེས་བྲིས་འདུག་པ། ངས་འབྲི་མཁན་དེ་ལ་ཁོང་ཁྲོ་སྐྱེས་མྱོང་ཡང་། ད་བྱས་ན་ཁོ་བདེན་པ་ཡིན་པ་འདྲ། ང་ཚོས་རང་སྐྱོན་ཁས་བླངས་ནས་ཡར་རྒྱས་གཏོང་དགོས་འདུག དེ་མིན་ན་ང་ཚོ་ཚན་རིག་རྗེས་ལུས་སྒང་ལ་མི་རབས་རྗེས་ལུས་ཐེབས་བགྱིད་རེད།
མི་བུ་རིགས་ཅིག་་་་་་ཆོས་ལུགས་ཀྱི་ཆགས་སྡང་རྨོངས་གསུམ་གྱིས་གཞན་གྱི་ཆོས་ལུགས་ལ་སྐུར་བ་བསམ་ཡུལ་ལས་འདས་པར་བཤད་རྗེས། ད་ཆོལ་ཁ་དང་མི་རིགས་དབར་ལ་ཁྲག་ལྟར་དཀྲུགས་འདོད་ཀྱི་མགོ་བརྩམས་སོང། རྩོམ་དེ་རིགས་ཀློག་འདོད་མེད། སེམས་པ་དུག་ཡིན་ན་ལུས་ངག་གི་ལས་ཀུན་དུག་ཏུ་འགྱུར་བའོ།
བན་དེ་བ་ལགས།སུས་ཆོལ་ཁའི་ཆགས་སྡང་དང་དཀྲུག་ཤིང་བྲིས་འདུག འདིའི་སྟེང་རྩོད་གཞི་བྱུང་ས་གཙོ་བོ་བོད་ས་སྟོད་སྨད་བར་གསུམ་ཀུན་གྱི་ཡུལ་སྐད་བརྡ་སྤྲོད་དང་བསྟུན་པ།ངག་ཏུ་བརྗོད་བདེ་བ།གོ་དོན་བདེ་མོར་རྟོགས་ཐུབ་པ་ཁག་ཡིག་ཐོག་ཏུ་ཕབ་ཅི་ཐུབ་ཀྱིས་བོད་ཡིག་ཕྱུག་པོ་བཟོ་དགོས་ཞེས་སྤོབས་པ་དང་ཁྲི་རལ་སོགས་ཀྱིས་བཤད་པར།མེ་དཀར་གྱིས་ཨུ་ཚུགས་བྱས་ཏེ་ཁ་བསྒྱུར་ནས་འབྲེལ་མེད་ཀྱི་སྐད་ཆ་ཨམ་མདོའི་སྐད་བོད་སྐད་ནང་བཞག་ན་མོས་མཐུན་མེད་ལུགས་སོགས།ཁོང་ཚོའི་སྐད་ཆ་དང་འབྲེལ་བ་ཁོ་རང་མེད་པ་ཞེ་གཅིག་སྤེལ་ནས་དཀྲུག་ཤིང་འཕངས་པ་རེད།དེ་མ་གཏོགས་གོང་གི་མཁྱེན་ལྡན་ཚོ་དང་ང་རང་ཚུད་སུས་ཀྱང་བོད་ཆོལ་ཁ་གསུམ་གྱི་སུ་ལའང་ཡག་སྡུག་ཚིག་ཟུར་ཙམ་ཡང་བཤད་མེད།
བན་དེ་ཁྱེད་རང་མེ་ཏོག་དཀར་པོའི་མགོ་བསྐོར་འོག་ཚུད་པ་རེད།མེ་ཞར་མ་བོད་ཆོལ་གསུམ་སུའི་ཁོངས་ཀྱིའང་མ་རེད།
སྐྱབས་གནས་བསླུ་མེད་དཀོན་མཆོག་རྩ་བ་གསུམ།།
ཁྱད་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས།།
རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང་།།
གསོལ་བ་འདེབས་སོ་བོད་པ་བདེ་བར་མཛོད།།
འདི་ཡི་སྐབས་སུ་མདའ་མོ་འཕེན་ས་མེ་དཀར་མིན། མདའ་མོ་ཀླད་ལ་བསྐོར་ནས་བར་སྣང་སྟོང་པར་འཕེན་ཡོད། དེ་སུ་ཡི་སྐེ་ལ་འཁོན་པ་དེ་ཉིད་འདི་ཡི་འབེན་དུ་གྱུར།
དྲྭ་ཐོག་གི་ཀུན་སྤྱོད་ལ་གཟབ་ནན་ལྡན་པའི་སྤོབས་པ་བྱོན་པ་ལེགས།
ཁྱེད་ཀྱིས་ཝ་མི་བརྒྱལ་ཁད་མེད་འདྲེ་ཡི་འགྲམ་ལྕག། ཁྱི་མི་སུག་ཁད་མེད་རྐུན་མའི་ནག་འབུར་ཞེས་མ་བྲིས་པར་ཝ་མི་བརྒྱལ་ཀ་མེད་འདྲེ་ཡི་འགྲམ་ལྕག། ཁྱི་མི་ཟུག་ཀ་མེད་རྐུན་མའི་ནག་འབུར་ཞེས་འབྲི་དོན་ཅི་ཡིན།
འབྲི་ན། ཝ་མི་བརྒྱལ་ཁག་མེད། འདྲེ་ཡིས་འགྲམ་ལྕག ཁྱི་མི་ཟུག་ཁག་མེད། རྐུན་མའི་ནག་འབུར། ཞེས་འབྲི་དགོས།
བན་དེ་བྱོན་པ་ལེགས།
ཁྱེད་ཀྱི་ཡི་གེར་ལྷག་བསམ་བཅིངས་པ་བདག་གིས་གོ ཡིན་ན་འང་གཏམ་དཔེ་འདིའི་གཏིང་ཟབ་ས་ནས་གླེང་ན་དེ་ཙམ་གྱིས་ག་ལ་ཆོག མི་འགྲོ་ཁད་མེད་ལྟ་བུར་དེའི་མཐུས་གྱང་། འགྲོ་ལ་ཁད་དང་། འདུག་ལ་ཁད་ཀྱི་མཚོན་པའི་མང་པོ་མང་པོ་ཞིག་ལ་དེའི་མི་མཐུས། བདག་ནི་སྤོབས་པའི་བསམ་ཚུལ་ལ་སྒུག་ནས་ཡོད།
བན་དེ་དང་དྲན་ཀ་སོགས་རང་གི་ཡིག་ནོར་ཙམ་ལའང་བདག་པོ་མི་ཐུབ་པར།གཞན་ལ་སློབ་གསོ་འཕྱ་སྤྱོས་བྱེད་ཁུལ་བྱེད་པ་ནི་བགད་མོ་ཤོར་གཞི་རེད།ཁྱེད་ཚོས་ཡི་གེ་འཁྱར་ར་འཁྱོར་རེ་ཅིག་འབྲི་ཐུབ་ཙམ་འདི་གཞན་ལ་སྡིག་དམོད་གཏོང་བར་དགེ་རྒན་གྱིས་བསླབས་ཨེ་རེད།
བན་དྲན་སོགས་ཤི་དུར་ཁུངས་ནས་བསྐྱར་ལོག་གི་བན་བོན་གྱི་ཤི་འདྲེ་ཚོེས་འདིར་གཞན་ལ་གནོད་པ་མི་བྱེད་པར་རང་རང་གི་གནས་སུ་ཕྱིར་ལོག་ཅིག གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་ཡིས་ཁྱེད་ཅག་གི་མགོ་བོ་ཚལ་བ་བརྒྱར་འགས་ངེས་སོ།།
དང་པོར་བན་བོན་ཚོས་བཏག་པའི་མིང་དེ་གཡུག་ཞོག དེ་ནས་དོལ་ཕྲུག་ཡིན་ན་ཏང་ཡིན་བལྟ་ཆོག
དྲྭ་ཐོག་གི་ཀུན་སྤྱོད་ལ་གཟབ་ནན་ལྡན་པའི་སྤོབས་པ་བྱོན་པ་ལེགས།
ཁྱེད་ཀྱིས་ཝ་མི་བརྒྱལ་ཁད་མེད་འདྲེ་ཡི་འགྲམ་ལྕག། ཁྱི་མི་ཟུག་ཁད་མེད་རྐུན་མའི་ནག་འབུར་ཞེས་མ་བྲིས་པར་ཝ་མི་བརྒྱལ་ཀ་མེད་འདྲེ་ཡི་འགྲམ་ལྕག། ཁྱི་མི་ཟུག་ཀ་མེད་རྐུན་མའི་ནག་འབུར་ཞེས་འབྲི་དོན་ཅི་ཡིན།
བཀྲ་མཚན་ཀྱིས་དྲན་སྐུལ་བྱུང་པ་བཞིན་སུག་བཅོས་ཡོད།
ཀ་རྡོ་ལགས། national geography ནང་དུ་བོད་མི་ཇག་རྐུན་སྡུག་ཤོས་ཡིན་པའི་དེབ་དེ་ངོ་སྤྲོད་གནང་རོགས། ལར་ནས་དགྲ་ཇག་རྐུན་གསུམ་རྒྱབ་མཁན་་Asia ནང་དུ་མང་ཆེ་བ་འབྲོག་པ་རེད། དཔེར་ན་སོག་པོ། ཊར་ཀི། དབུས་ཨེ་ཤེ་ཡ། ཨབ་གྷན། བོད་ཀྱི་འབྲོག་པ་དེ་ཚོ་ཚང་མ་རེད། བོད་པ་གཅིག་པུ་ཡིན་གྱི་མ་རེད།
སྤོབས་པ་མཐའ་ཡས་དང་ཨ་རིག་དགེ་མཐོང་ཁྲི་རལ་བ་སོགས་མི་གཅིག་རེད་སྙམ་པའི་དོགས་པ་འདུག
ངའི་བསམ་ཚུལ་ཙམ་ཡིན།།
བཀྲས་རྒྱལ་འདིས་མིང་ལ་་་་་བཀྲ་ཤིས་་་་ཟེར་་འཆང་ནས་་་་་་ལྟས་ངན་ཝ་སྐད་མང་པོ་རྒྱབ་དོན་གང་ཡིན་ནམ། སྤོབས་ཁྲིའི་ཕོ་ཉ་ཞིག་ཡིན་ས་རེད།
སྤོབས་པ་མཐའ་ཡས་བྱོན་པ་ལེགས།
ཁྱེད་ཀྱིས་ཝ་མི་བརྒྱལ་ཁད་མེད་འདྲེ་ཡི་འགྲམ་ལྕག། ཁྱི་མི་ཟུག་ཁད་མེད་རྐུན་མའི་ནག་འབུར་ཞེས་མ་བྲིས་པར་ཝ་མི་བརྒྱལ་ཀ་མེད་འདྲེ་ཡི་འགྲམ་ལྕག། ཁྱི་མི་ཟུག་ཀ་མེད་རྐུན་མའི་ནག་འབུར་ཞེས་འབྲི་དོན་ཅི་ཡིན། རྒྱ་མི་ཡིག་རྩལ་ཅན་ཚོས་འབྲོག་སྐད་ལ་ཁྱད་གསོད་བྱས་པ་མང་རབས་འདུག་གོ ཡི་གེ་ལྷག་བསམ་ཅན་ཚོས་གཟིགས་ཨ།
ཡི་གེ་ལ་ལྷག་བསམ་ཅན་ཚོས་གཟིགས་ཨ་ཞེས་བཅོས་རོགས།
ད་ལྟ་ཆེད་དུ་བརྗོད་པའི་ཚོམས་ལེའུ་ཉེར་དྲུག་པ་ཀློག་པ་ན། སྟེས་དབང་གིས་གཤམ་གསལ་ཚིགས་བཅད་འདི་མཇལ།
་
ཚིག་རྩུབ་ཅི་ཡང་སྨྲ་མི་བྱ།
སྨྲས་ན་སླར་ཡང་སྨྲ་བར་བྱེད།
འཐབ་གཅུགས་ཚིག་གིས་སྡུག་བསྔལ་ཞིང༌།
དེ་ལ་ཕྱིར་ཡང་ཆད་པས་གཅོད།། ༣ །།
1.ཝ་མི་བརྒྱལ་ཀ་མེད་འདྲེ་ཡི་འགྲམ་ལྕག ཁྱི་མི་ཟུག་ཀ་མེད་རྐུན་མའི་ནག་འབུར།
2.ཝ་མི་བརྒྱལ་ཁད་མེད་འདྲེ་ཡི་འགྲམ་ལྕག། ཁྱི་མི་ཟུག་ཁད་མེད་རྐུན་མའི་ནག་འབུར།
3.ཝ་མི་བརྒྱལ་ཁག་མེད་འདྲེ་ཡི་འགྲམ་ལྕག། ཁྱི་མི་ཟུག་ཁག་མེད་རྐུན་མའི་ནག་འབུར།
གང་དག་པ་འདུག་གམ།
དཔྱད་པ་གནང་བར་དགའ་བསུ་ཡོད། ཡིག་རྩལ་ཙམ་མིན་པར་འབྲོག་སྐད་ལ་ཡང་རྒྱུས་ཡོད་ཀྱི་སྒོ་ནས་སྐད་ཡིག་ཡར་རྒྱས་དང་། སྐད་ཀྱི་བྱེ་བྲག་ལ་ཞིབ་དཔྱོད་ཅིག་ཡོང་པའི་རེ་བ་ཡོད། བཀུར་འོས་ཀྱི་ལམ་སྟོན་ལ་ཡང་དད་གུས་ཤུགས་དྲག་དང་བཅས།
ཀརྡོ་ལགས་ཕྱི་མ་དེ་དག་པར་འདུག
དེ་རང་ཁས་ལེན་རོགས།